རས་པ།
མི་རྣམས་ཀྱིས་བེད་མེད་དུ་གྱུར་བ་ལ
ཤི་བོ་ཡིན་པའི་དོན་དངོས་ཀྱི་གླེང་སློང་བྱེད
དང་ལེན་བྱེད་ཐབས་མ་བྱུང་བའི
སེམས་ཁམས་ཤིག་ཀྱང་སྐྱེས་སྲིད
དུས་དེར་ངས་ཀྱང་ཁ་ཁུ་སིམ་པོར
ཡིག་ཚགས་མང་དག་ཅིག་གར་སོང་ཆ་མེད་བཏང
དེ་རིང་ལྟ་བུའི་ཉིན་མང་དག་ཅིག་ལ
ངས་སླར་ཡང ཅི་ཞིག་ལ་ཡང་བསྐྱར་བསམ་བློ་གཏོང་འདོད་ཀྱིས
དམ་ཕྲུག་འཁོད་པ་ཡོད་ཚད་ལ་མིག་བཤེར་བྱས
ཅི་ལྟར་ཡང བེད་མེད་དུ་གྱུར་བ་ནི་བེད་མེད་རང་ཡིན
ང་རང་སླར་ཡང་ཁ་ཁུ་སིམ་པོར
རང་ཉིད་བོར་བཞིན་པའི་ཡིག་ཚགས་དང་གྱེས་འདོད་བྱུང
༢༠༡༣།༩།༥