༼དབུས་བོད་མིའི་སྒྲིག་འཛུགས་དྲ་ཚིགས་ནས་འདྲེནབཀོད་ཞུས།༽
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༩ ཉིན་བྷར་མའི་མང་གཙོ་དོན་གཉེར་བ་ལྕམ་སྐུ་ཨང་སང་སུ་ཀི་མཆོག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་མགྲོན་ཁང་དུ་ཆེད་བཅར་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་ལྕམ་སྐུ་མཆོག་ལ་བཀའ་སློབ་སྩལ་དོན། སྐུ་ཉིད་དང་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། སྐུ་ཉིད་ཀྱིས་སྙིང་སྟོབས་དང་ཆོད་སེམས་ལ་ངོས་ཀྱིས་བསྔགས་བརྗོད་ཞུ་བཞིན་ཡོད།
སྐུ་ཉིད་རང་གི་ཕ་དམ་པ་ལྟར་ཆོད་སེམས་བཅང་སྟེ་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ཆེད་ལྷག་བསམ་ཧུར་སྐྱེད་ཀྱིས་འབད་བརྩོན་དེར་བྱ་བ་ལམ་ལྷོང་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན། སླད་ཀྱང་སྐུ་ཉིད་དང་མཇལ་རྒྱུའི་རེ་བ་ཡོད་ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས། ༸གོང་ས་མཆོག་གིས་ལྕམ་སྐུ་མཆོག་ལ་མཇལ་དར་དང་སྟོན་པའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་གསོལ་རསསྩལ་ཡོད།
དེ་རྗེས་༸གོང་ས་མཆོག་གིས་ཝེ་སི་མིན་སི་ཊར་གཙུག་ལག་སློབ་ཁང་དུ་མང་གཙོའི་རིན་ཐང་དང་བོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་བཅས།།