གནས་ཚུལ་གཏོང་མཁན། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།
ཕྱི་ལོ་༢༠༡༣ ཟླ་༨ ཚེས་༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩་༣༠ ཐོག་དཔལ་འབྱོར་རིགས་པའི་མཁས་དབང་གི་གཟེངས་རྟགས་བཞེས་མཁན་ལོཊ་མེག་ནཊི་དེ་ས་ཡིས་(lord meghnad desai)མཆོག་དང་མཇལ། ཁོང་ནི་སྤྱིར་རྒྱ་གར་ཡིན་ཡང་ཨིན་ཇི་མི་སེར་གྱི་ལག་ཁྱེར་ཡོད་པ་དང་། ད་ལྟ་ཨིན་ཇི་གྲོས་ཚོགས་ཀྱི་འཐུས་མི་དང་། ཨིན་ཇི་དང་། རྒྱ་གར། འབྲུག་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་སློབ་སྟོན་པ། དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་སོགས་འཛམ་གླིང་གི་གྲགས་ཅན་མི་སྣ་ཁག་གཅིག་ལ་དཔལ་འབྱོར་སྐོར་སློབ་སྟོན་གནང་བཞིན་ཡོད་འདུག རྒྱ་གར་གྱི་སྙན་གྲགས་ཅན་གྱི་གཟེངས་རྟགས་པདྨ་བྷུ་ཤོན་(padma bhushan)ཀྱང་ཁོང་ལ་ཕུལ་བ་དང་། ཨི་ཊ་ལིའི་རྒྱལ་ས་ནས་ཚོགས་ཆེན་ཞིག་གི་སྐབས་༸གོང་ས་མཆོག་དང་མཇལ་འདུག་པས་ཁོང་གི་བཀའ་སློབ་དང་མཛད་འཕྲིན་ལ་ཡི་རང་དང་དད་གུས་ཆེན་པོ་ཞུ་མཁན་ཞིག་རེད།
ང་ཚོས་མཇལ་དར་དང་ཕྱག་རྟགས་སོགས་ཕུལ་ནས་བོད་དོན་སྐོར་གྱི་གནས་ཚུལ་སྤྱི་དང་། བྱེ་བྲག་སྐུ་ལུས་མེར་སྲེག་སྐོར་སོགས་ཞིབ་ཕྲ་ཞུས། ཁོང་གིས་རྒྱལ་ཁབ་ཀྱི་ཆགས་འཇིག་ཟེར་བ་ཡོང་ངེས་ཅན་ཡིན་པ་དང་། བོད་ལ་ཡང་ཉིན་ཞིག་གོ་སྐབས་ཡོད་ངེས་རེད། གཙོ་བོ་དབུས་བྱང་གི་ཨ་རི་སོགས་དེ་སྔོན་དེ་ཙམ་འབྲེལ་བ་མེད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་དགོས་པ་དང་། ལྷག་པར་ཡུ་རོབ་ཕྱོགས་ལ་འབྲེལ་བ་བཟང་པོ་འཇོག་རྒྱུ་གལ་ཆེན་རེད། གང་ལགས་ཟེར་ན་ཡུ་རོབ་ཕྱོགས་ཀྱི་རྒྱབ་སྐྱོར་དེ་ཁ་ཡོད་ལག་ཡོད་དང་མངོན་གསལ་དོད་པོ་ཡོད་རེད་ཅེས་གསུངས།
སླར་ཡང་ང་ཚོས་བོད་ལ་བདེན་པ་ཡོད་ཀྱང་། རྒྱ་ནག་ལ་དཔལ་འབྱོར་ཡོད་ཙང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐབས་རེ་བདེན་པ་ལས་དཔལ་འབྱོར་གལ་ཆེ་བར་འཛིན་པས་ང་ཚོ་ལ་གྱོང་རེག་པ་ཡོང་གི་འདུག རྒྱ་ནག་གི་དཔལ་འབྱོར་གནས་བབ་ལ་སྐུ་ཉིད་ཀྱི་གཟིགས་ཕྱོགས་ག་འདྲ་ཡོད་ཞུས་པར། རྒྱ་ནག་གི་དཔལ་འབྱོར་ཕུགས་འཕེལ་བ་ཞིག་མེད། དཔལ་འབྱོར་ཕྱི་ལ་བཏང་གང་ཐུབ་བྱས་ནས་ནང་གི་དཔལ་འབྱོར་གྱི་དཀའ་ངལ་ཐག་གཅོད་ཐུབ་ཀྱི་མེད། མ་ཟད་བཟོ་རིགས་མི་སྣ་གཙོ་བོར་གྱུར་པའི་མང་ཚོགས་ཀྱི་དཔལ་འབྱོར་ཐོབ་ཐང་ཇི་བཞིན་མ་རེག་པའི་དཀའ་ངལ་དང་སེམས་ཚོར་ཇེ་ཆེ་ཡིན་པས། དེ་ལ་གདོང་ལེན་མི་བྱེད་ཐབས་མེད་ཆགས་རྒྱུ་དང་། དེའི་ཚེ་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་རེད་ཅེས་དང་། གཞན་ཡང་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ཐོག་དཀའ་ལས་རྒྱག་མཁན་དང་ནུས་པ་ཡོད་མཁན་གྱི་མི་རབས་དེ་རྫོགས་འགྲོ་གི་ཡོད་པ་དང་། དེའི་རྗེས་འཛིན་མཁན་གྱི་མི་རབས་ཁག་པོ་ཆགས་ཀྱི་ཡོད་པར་མ་ཟད། མི་རབས་རྗེས་མ་ཚོ་མཐོང་རྒྱ་ཆེ་ཞིང་གུ་ཡངས་ཀྱི་བསམ་བློ་ཅུང་བཟང་བ་ཡོད།
སྤྱིར་རྒྱ་ནག་ནི་ཤེལ་གྱི་དཀར་ཡོལ་ཞིག་དང་འདྲ། མཁྲེགས་པོ་ཡོད་པ་དང་ལྟ་སྣང་སྙིང་རྗེ་པོ་ཡོད་ཀྱང་། ཆག་ཀྲུམ་ཤོར་ཡ་སླ་པོ་དང་ཆག་ཚར་ན་ཕྱིར་བཟོ་སྐྲུན་བྱེད་ཐབས་མེད། ད་ལྟའི་རྒྱ་ནག་གི་དཔོན་རིགས་ཁག་གི་ནང་ཁུལ་མི་མཐུན་པར་ཁག་གཉིས་སུ་གྱུར་ཡོད། དེ་ནི་དཀར་ཡོལ་ལ་སེར་ཁ་ཆེན་པོ་ཞིག་གས་པ་རེད་ལ། མི་མང་གིས་དཔོན་རིགས་ཁག་ལ་རྒྱབ་སྐྱོར་མེད་པས་མྱུར་དུ་གས་ཆག་འགྲོ་བའི་རྟགས་མཚན་མང་པོ་ཡོང་གི་ཡོད་པ་སོགས་རྒྱ་ནག་གི་གནས་ཚུལ་སྤྱི་དང་དཔལ་འབྱོར་སོགས་ཀྱི་སྐོར་དང། བོད་པར་གདུང་སེམས་མཉམ་བསྐྱེད་དང་ཤ་ཚའི་ལམ་སྟོན་སོགས་ཆུ་ཚོད་གཅིག་ཙམ་རང་བོད་དོན་ཐོག་བགྲོ་གླེང་བྱས་པ་དང་། གཞན་ཡང་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གྲུབ་ནས་དེ་རང་ཚེས་༢༩ ཉིན་མ་ཧ་ར་ཤི་ཊར་མངའ་སྡེ་ལ་འགྲོ་རྒྱུ་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་བཅས།
ཕྱི་ལོ་༢༠༡༣ཟླ་༨་ཚེས་༢༩ཉིན།། ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་ནས།
འབྲེལ་བཏུག་བྱ་ཡུལ། 8628858376
བོད་མི་མགོ་མཐོམ་དེ་ཚོས་ལོ་རྒན་༦༠ནང་ལ་ཀྱག་རྫུན་ཤོད་མཁན་མི་དེ་འདྲ་པོ་ཀྱང་ཀྱང་གི་ཁ་ལ་ཉོན་ནས་དུས་ཚོད་སྐྱལ་རེད་དོ།
མཐུས་མི་རྣམ་པ་བཀའ་དྲིན་ཆེ། ཁོང་གིས་ལམ་སྟོན་དང་དཔེ་དེ་ཡང་སེམས་གསོ་ཙམ་མིན་པར་བདེན་པ་འདྲ་བོ་འགའ་གསུངས་འདུག
ཤེལ་གྱི་ཕོར་བ་མ་ཚད་ཤོག་བུའི་ཕོར་བ་ཞིག་ཡིན་ཡང་རྡ་སའི་མགོ་རྡུང་བྱེད་དང་མཇུག་གཅོད་བྱེད་ལ་འཁྲེགས་ཐག་ཆོད་མ་རེད་དམ།
ཨ་རིའི་སྲིད་འཛིན་ཨོ་བྷ་མ་སོགས་འཛམ་གླིང་གི་མི་སྣ་གྲགས་ཅན་ཁག་ལ་དཔལ་འབྱོར་སྐོར་སློབ་སྟོན་གནང་གི་ཡོད་མེད་གང་ཤེས་ཏེ་ རྒྱ་ནག་ལ་དཔེ་ཡག་པོ་ཞིག་གསུང་འདུག་ ཡིན་ན་མཁས་དབང་ཁོང་གིས་བཀའ་མོལ་དེ་སེམས་སྟིང་ནས་གསུང་ཡོད་ཅི་ཤེས།
ཨ་རིའི་སྲིད་འཛིན་ཨོ་བྷ་མ་སོགས་འཛམ་གླིང་གི་མི་སྣ་གྲགས་ཅན་ཁག་ལ་དཔལ་འབྱོར་སྐོར་སློབ་སྟོན་གནང་གི་ཡོད་མེད་གང་ཤེས་ཏེ་ རྒྱ་ནག་ལ་དཔེ་ཡག་པོ་ཞིག་གསུང་འདུག་ ཡིན་ན་མཁས་དབང་ཁོང་གིས་བཀའ་མོལ་དེ་སེམས་སྟིང་ནས་གསུང་གི་ཡོད་མེད་ཅི་ཤེས། གང་ལྟར་སྤྱི་འཐུས་རྣམས་པ་ལ་དཀའ་བྲིན་ཆེ་ཞུ།
སྤྱིར་བཏང་མི་འདི་འདྲའི་ས་ནས་ལེགས་ཆ་ལེན་རྒྱུ་གལ་ཆེན་ཡིན་ཡང་འདི་ཚོས་ཐད་ཀར་བོད་ལ་ཕན་པའི་སྐད་ཆ་ཞིག་བཤད་གི་རེད་བསམ་པའི་རེ་ལྟོས་ད་ང་ཚོས་བཞག་ན་འགྲིག་པ་ལ་ཨང་།
རྒྱ་གར་བ་དེས་གཏམ་བཤད་ཡག་པོ་གནངས་འདུག་པས་རྗེས་སི་ཡི་རང་ཡོད། ཁོས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད། ཉིན་མ་གཅིག་སེར་ག་ཡོད་པའི་དཀར་ཡོལ་དེ་ཆག་གི་རེད། ནམ་ཞིག་རྒྱ་ནག་གུང་ཁྲན་ཏང་མགོ་རྟིང་སློག་ནས་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བར་གདོན་མི་ཟ། དེ་དུས་བོད་ལ་ཡང་རང་དབང་ཐོབ་སྲིད་པ་ལགས། འོན་ཀྱང་ང་ཚོས་ཤུགས་མ་རྒྱབ་ན་སུ་ཞིག་གིས་རམ་འདེགས་བྱེད་ནུས་མིན། །
བོད་དོན་རི་བོང་རྭ་དང་འདྲ་་་
ང་ཚོ་བཙན་བྱོལ་གཞུང་སྒྲིག་འཛུག་ལང་ཕྱོགས་ཡ་ཡ་ོ་འགྲོ་ཉན་ཆེ།
བགྲོ་གླེང་ཡག་པོ་གནང་འདུག་བཀའ་དྲིན་ཆེ་།