ནམ་མཁའ་འདིར་ནག་ལ་ལྗིད་པའི་སྤྲིན་པ་འཁོར་འདུག
མུན་པ་དེའི་འོག་ཏུ།
བྱ་བྱེའུ་དག་ཀྱང་དབུགས་གཏོང་ལེན་བྱེད་རྒྱུར་དཀའ་ངལ་ཕྲད་འདུག
ལས་ཀ་ཤོར་བའི་ཨ་རི་བ་ཚོ།
རིན་གོང་དམའ་བའི་ཆང་ཁང་དག་ཏུ་འཛོམས་ནས།
འོད་མདངས་ཉམས་པའི་མིག་འོད་བརྡར་ཞོར།
སེམས་ངལ་ཡོད་ཚད་ཨ་རག་གི་བཟི་ཁ་དང་མཉམ་དུ་སྒོག་སྒོག་ཏུ་མིད་བཞིན་འདུག
སྙན་ངག་ཅིག་འབྲི་འདོད་ཀྱང་།
ཀློག་པ་པོ་ཅི་ཙམ་ཞིག་ཡོད་དམ།
སྒྲུང་གཏམ་ཞིག་སྤེལ་འདོད་ཀྱང་།
དཔྱད་བརྗོད་པ་ག་ཚོད་ཅིག་ཡོད་དམ།
ཐ་ན་ཕ་ཡུལ་དུ་འཕྲིན་ཡིག་ཅིག་བསྐུར་འདོད་ཀྱང་།
ཀློག་མཁན་ཅི་ཙམ་ཞིག་ཡོད་དམ།
དེ་བཞིན་ཁ་པར་ཞིག་བརྒྱབ་ཀྱང་།
ཉན་མཁན་ག་ཚོད་ཅིག་ཡོད་དམ།
དྲ་ངོས་སུ།
སྙིང་ཉེ་བའི་གྲོགས་པོ་སུ་ཡང་མེད་པར།
ཁ་ལ་འོ་མ་ལྡུད་ཞོར།
ཁོག་གི་སྙིང་ལ་སྙོབ་མཁན་དག་དང་།
ངའི་མིང་དང་སྐྱེས་ལོ་སྐྱེས་ཚེས།
ད་ལྟའི་སྡོད་གནས་སོགས།
ཆད་ལྷག་མེད་པར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་མཁན་ཡང་ཡོད་སྲིད།
དེ་རིང་།
མགོ་ཐོག་གི་ཉི་མ་འདི་ལ་དྲོད་ཁོལ་མི་འདུག
དེ་རིང་།
སེམས་ཁོང་གི་མེ་སྟག་འདི་ལ་གསོན་ཤུགས་མི་འདུག
དེ་རིང་གི་སྤྱི་ཚོགས་འདིར།
མི་ཞིག་གི་འཚོ་བ་སྐྱེལ་རྒྱུ་དང་།
མི་ཞིག་གི་སེམས་གཏམ་འཆད་རྒྱུ་དེ་ནི།
རང་གི་རོ་སྒམ་རང་གིས་བཟོ་བ་དང་།
རང་གི་མིག་ཟུང་རང་གིས་འབྲུ་བ་ཅི་བཞིན།
རང་གིས་རང་ཉིད་མུན་ནག་གི་ཁུང་བུར་འཇུག་པ་འབའ་ཞིག་རེད།
སྨད་འཚོང་མ་ཞིག་དང་ཁ་གྱེས་པ་བཞིན།
བརྩེ་དུང་གི་དྲན་ཤིང་ཅི་ཡང་མེད་པར།
རྩོམ་ཡིག་ཐར་ཐོར་རེ་སྤེལ་རྗེས།
འདོད་བློ་ཡོངས་སུ་ཚིམས་ནས་མི་ཚེ་ཕྱེད་ཀ་བསྐྱལ་རྗེས།
ཁུ་སིམ་མེར། འཆི་ན་འདོད།
ཁུ་སིམ་མེར། གཉིད་ན་འདོད།
དུས་གཏན་དུ།
དུས་ཁོམ་ཞིག་གིས།
ཡང་ན། དགའ་ཕྱོགས་ཤིག་གིས།
བོད་ཡིག་གི་དྲ་རྒྱ་ལས།
ཁ་ཐོར་དགུ་ཐོར་དུ་སོང་བའི་གངས་ཅན་པ་ཚོའི་སེམས་པ་འཚོལ་འདོད་བྱུང་།
མང་བོ་ཞིག་གིས་ཙོང་ཁ་བ་དྲན་སོང་ཟེར།
ཁོང་ཚོས་དྲན་པ་དེ་ཡང་བག་ཆགས་ཤིག་ཡིན་རྒྱུ་རེད།
རེད། ངས་ཡང་དྲན་མྱོང་།
ད་ལྟའི་གོས་དམར་སེར་ཕྲ་ཅན་གྱི་སྤྲུལ་སྐུ་འདི་ཚོས།
ཆུང་མ་དང་བུ་ཕྲུག་གི་བླ་བྲང་ན།
འཁོར་ཞིང་འཁོར་བའི་འཇིག་རྟེན་ལ་རྒོལ་བའི་གྲྭ་བཙུན་ཚོ།
འཚོ་བ་ལ་སྙིང་བོ་མེད་ཚུལ་ནས་མངོན་པར་རྗོགས་པར་སངས་རྒྱས་བར།
ལག་གི་དྲིལ་སྒྲ་དང་མཉམ་གསུང་ཆོས་གནང་དུས།
ཙོང་ཁ་བའི་དཔུང་མཇུག་ལས་བསྐྱེད་པའི་བྱང་ཆུབ་འདི་ཚོ།
སྲོལ་འབྱེད་ལས་སྲོད་རྙིང་ལ་ཕྱོགས་པ་ན།
ཙོང་ཁ་བ་དྲིན་ནི་ཞིག་རེད།
ཁོར་ཡུག་དེས་བཅུན་པའི་ཞིང་ན།
ཡོད་ཚད་བག་ཆགས་ཤིག་དང་། ཡང་ན་དད་གདུང་ཞིག་གིས།
འོད་ལེབ་དེ་ལག་གི་མཆོད་སྐོང་ནང་གི་འབྲི་འོ་ལས་རྩིས་ཆེ་ལ།
སྤྲུལ་གཟིགས་དེ་རང་ལུས་ལས་འདང་ཆེ་བ།
རང་གི་ཤེས་སྟོབས་དེ་བླ་མའི་མངོན་མཁྱེན་དང་ཟླ་མེད་དུ་རློམ་པ།
ཐ་ན་དགེ་སློང་གི་སྡོམ་པ་རིན་པོ་ཆེ་དེ་ལ་རིན་ཐང་མཐོང་མི་ཤེས་བའི་བཙུན་པ་དེ་ཚོ།
ཁྲི་ལ་འགྱིང་བའི་སྤྲུལ་རྫུན་གྱི་འཁྲིས་ན་ཞུམ་ནས་ཞུམ་དུ་འགྲོ་བ་མཐོང་དུས།
ངས་ཀྱང་ཙོང་ཁ་བ་ངོ་མ་དེ་དྲན་ནི་ཞིག་རེད།
བཤད་ཀྱང་ཉན་མི་ཤེས་ལ། བཅོས་ཀྱང་སྙོམས་མི་ཐུབ་པའི་རྐྱེན།
མེ་རི་མེ་རི་ལྟར་མཆེད་ཅིང་། ཆུ་གཏེར་ཆུ་གཏེར་བཞིན་བསྐྱོམ་ནས།
སྐབས་འདི་ལ།
གཉོམ་ཞིང་གཉོམ་པའི་རིག་པ་འདི་ཚོའི་སྒྱུག་པ་གཞུས་ནས་དྲང་བོ་འཇོག་འདོད་ལ།
སྒུར་ནས་སྒུར་དུ་འགྲོ་བའི་དགེ་སློང་འདི་ཚོའི་རྣ་ཅོག་འཐེན་ཏེ།
སྤོབས་པའི་ལུས་དྲང་བོ་རྒྱུགས་དང་ཞུ་འདོད་བྱུང་།
ཨ་ཁུ་ད་རུང་ཞིང་ལ་ཕེབས་མི་ཉན་ཡྰ།
ཨ་ཁུ་ཨ་ནེ་ཆ་བོར་མཐོང་ཟིག་ཡོད་ནོ། །
ཨ་ཁུ་ཁྱོད་ཀྱི་བཀའ་དྲིན་ལོས་ཡིན་བསམ་ན། །
ཨ་ཁུ་ཁྱོད་ནི་ད་རུང་སྐུ་ཚེ་བརྟན་པའི། །
སྐྱབས་འཇུག་སྙིང་གི་དབུས་ནས་ཡང་ཡང་ཞུའོ། །
ཨ་ཁུ་ད་རུང་ཞིང་ལ་ཕེབས་མི་ཉན་ཡྰ།
ཨ་ཁུ་ཨ་ནེ་ཆ་བོར་མཐོང་ཟིག་ཡོད་ནོ། །
ཨ་ཁུ་ཁྱོད་ཀྱི་བཀའ་དྲིན་ལོས་ཡིན་བསམ་ན། །
ཨ་ཁུ་ཁྱོད་ནི་ད་རུང་སྐུ་ཚེ་བརྟན་པའི། །
སྐྱབས་འཇུག་སྙིང་གི་དབུས་ནས་ཡང་ཡང་ཞུའོ། །
བོད་སྤུན་དྲ་གྲོགས་ཨ་ཁུ་ཀླུ་སྨྱོན་ལགས། ད་རིང་ཁྱེད་རང་འུ་ཐུག་ཤུགས་དྲག་གི་ཡིད་གདུངས་འདི་ལྟར་འབོད་དགོས་དོན་ཅི་ཞིག་བྱུང་བ་ཡིན་ནམ་ ཁྱེད་རང་ལས་སྣེ་ནས་གནས་དབྱུངས་བཏང་སོང་ངམ་
ཡང་ན་ཁྱེད་ཀྱིས་རྒྱུན་དུ་རང་གི་མིག་གི་ཀུ་ཤུ་འམ་ སྙིང་གི་ཚི་ལུ་མ་བརྩི་བས་དགའ་རོགས་དེས་དབྱུགས་སོང་ངམ་ དེ་མིན་ན་ད་འཇིགས་རྟེན་འཁོར་བར་རྙིང་པོ་མེད་པའི་སྐྱོ་ཤས་གཏིང་ནས་སྐྱེས་ཏེ་བློ་བུར་མྱུར་དུ་འཇིག་པའི་འཆི་བ་དྲན་པ་རེད་དམ་ མ་ཏོགས་ ལན་ཅིག་རྙེད་པའི་རྟེན་བཟང་མི་ལུས་འདི་ དལ་འབྱོར་དོན་ཆེན་གྲུབས་པར་མ་ཐུབ་ཡང་ བག་ཁང་ཞང་ཁང་ཆང་ཁང་ནང་ཕུངས་ནས་ དུས་མིན་འཆི་བསམ་གཏོང་དགོས་ཕོ་ཐབས་སྐྱོ་ ལྷ་རབས་བྱུང་ན་ཁྱེད་རང་སོན་པོར་བཞུགས་རོགས་ བོད་པ་གཅིག་ཉུང་དུ་སོང་ཡང་རང་བཙན་ཉིན་གཅིག་རིང་དུ་འགྲོ་ངེས་ལ་ངོས་དྲ་གྲོགས་རྣམས་ནས་ཀྱང་ཁྱེད་ལ་བརྟན་བཞུགས་འདེགས་ཆོག་ གལ་ཏེ་ཁྱེད་རང་འཇིགས་རྟེན་འདི་ནས་ཕྱིར་ཐོན་ཆེད་འགྱུར་བ་མེད་པ་སེམས་ཐག་གཙང་བཅད་ཡིན་ན་ རང་གི་མཛེས་ཞིང་གཅེས་པའི་ཕ་ཡུལ་བོད་དང་ སྡུགས་སྦྱོང་ཆད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་པར་ཕན་པའི་བྱས་རྗེས་ཞིག་ཤུལ་འཇོག་ཐུབ་ན་ཕོ་ལུས་ཐོབ་པའི་ཐོབ་གོ་མཆོད་ནི་རེད་ འོ་ད་དེའང་མེད་པར་ཨ་ཁུ་སླུ་སྙོན་བག་ཁང་ནང་ ཆང་སྣོད་སྟོང་པ་ལག་དུ་འཁྱེར་ནས་ཆང་དྲི་ཚུབ་བེར་ཕྱིན་ཞག་ཟེར་ན་དེ་སྡུག་ནི་རེད་ཡ་ དེ་མིན་ཆོས་ཐམས་གཅད་མི་རྟགས་པའི་གནས་འཇིགས་རྟེན་འཁོར་བའི་སྲིད་མཚོར་སྐབས་རེ་དགའ་དང་སྐབས་རེ་སྐྱོ་བ་རང་བཞིན་ཡིན་པར་ཁྱེད་འུ་ཐུག་པོ་འདི་ལྟར་བྱ་དགོས་ཅི་ ཁྱེད་ཨ་རི་ཡར་ཐོན་རྒྱལ་ཁབ་ན་བཟང་ཕྱོགས་ཀྱི་ཡོན་ཏན་ལེན་དགོས་པ་ལས་ རང་གཞན་གཉིས་ཕུང་གི་ངན་པའི་གོམས་གཤིས་འོག་ཤོར་མི་ཉན་ གང་བྱེད་ཀྱི་མ་རེད་སེམས་སྐྱིད་པོ་བྱོས་ མི་ལུས་རྩ་ཆེན་པོ་རེད་ མི་ལུས་ཐོབ་དཀའ་ནི་རེད་ མི་ལུས་འདི་དོན་ལྡན་པ་ཞིག་བྱེད་གལ་ཆེ་ནི་རེད་ ངས་ཅང་ཤེས་ནི་མ་རེད་དེ་བོད་རིགས་སྤུན་ཟླ་སུར་ཡང་ལུས་སེམས་ལ་དཀའ་སྡུག་འཕྲད་དུས་བཟོད་ནི་མ་རེད་ཡ་།