ཀླུ་སྨྱོན་ཧེ་རུ་ཀ
དུས་ཚོད་ནམ་གུང་ཏག་ཏག་ཅིག་ལ།
ངས་གཙང་པོ་ཞིག་བརྒལ་པ་ཡིན།
གཙང་འགྲམ་དུ་ཉ་གྲུ་འགའ་འགུལ་མེད་དུ་སྣང་ཞིང་།
གཙང་ངོས་སུ་སྐར་ཚོགས་ཁྲ་ཆེམ་མེར་འཚེར།
བསིལ་རླུང་གིས་གཙང་པོའི་ངོས་སུ་རླབས་རིས་རབ་རིབ་ཅིག་འབྲི་བཞིན་འདུག
གཙང་པོའི་སེམས་པ་སྐྱོ་བ་འདྲ།
ང་གཙང་པོ་བརྒལ་མ་ཐག
གཙང་པོ་ངུས་བྱུང་། བྱིས་པ་ཞིག་དང་འདྲ་བར། བུད་མེད་ཅིག་དང་མཚུངས་པར།
གཙང་པོའི་སེམས་པ་གསོ་ཆེད།
ང་གཙང་ངོགས་དེར་མཚན་གང་བོར་བསྡད་པ་ཡིན།
ངས་གཙང་འགྲམ་ནས་མེ་བུས་ཤིང་ཞོགས་ཇ་བསྐོལ་པ་ཡིན།
གཙང་པོའི་སེམས་པ་མྱ་ངན་ཞིག་ལས་གྲོལ་བ་འདྲ།
གཙང་ངོགས་སུ་ཉ་འཛིན་གྲུ་གཟིངས་ཚོ་ཡར་བཞུད་མར་བསྐྱོད་བྱེད།
ཉི་མ་དམར་པོ་ཞིག་ཀྱང་རྒྱང་རིང་ནས་གཙང་པོའི་ངོས་སུ་འཕྲོས་ཡོང་།
ངའི་བསམ་བློ་འགྱུར་ལྡོག་བྱུང་།
ངས་གཙང་འགྲམ་ནས་རང་ཤོང་གི་སྤྱིལ་བུ་ཞིག་བརྩིགས།
ངས་རང་གི་མི་ཚེའི་ལྷག་མ་ཡོད་ཚད་གཙང་འགྲམ་ནས་སྐྱེལ་རྒྱུའི་དམ་བཅའ་བཞག
ཨ་ཁུ་ཁྱེད་ལ་དམ་བཅའ་མང་།།
དམ་སྡོམ་ཤོར་བ་གྲང་མང་ཡིན།
ཐོབ་ཤོར་བར་གྱི་བླ་ཁོ་ཁྱོད།
བཀུར་ནི་གཅིག་པོ་ང་རང་རེད།
གཙང་འགྲམ་སྤྱིལ་བུ་བརྩིགས་པའི་སྒོམ་ཆེན་ཞིག
དམིགས་པ་ཆུ་ལ་གཏད་པའི་སྒོམ་ཆེན་ཞིག
གསོལ་ཚིགས་ཉ་ལ་དགོངས་པའི་སྒོམ་ཆེན་ཞིག
ཉ་པ་སྡུག་གསོད་བྱས་པའི་སྒོམ་ཆེན་ཞིག
ཉ་པ་ཐར་པར་མཐོང་བའི་སྒོམ་ཆེན་ཞིག
ཉ་རྒྱ་སྐེ་ལ་བཏགས་པའི་སྒོམ་ཆེན་ཞིག
ཐར་ཕྱིར་མཐའ་ལ་མཆོངས་པའི་སྒོམ་ཆེན་ཞིག
ཐ་མར་ངང་སེར་སྐྱེས་པའི་གཏམ་རྒྱུད་ཡོད།
རྩོམ་ཉམས་འདིར་ང་ཧ་ཅང་དགའ།
ཡིན་ཡང་ངས་འདི་འདྲ་འབྲི་ཤེས་ཀྱི་མེད།
ཧ་ཧ་ཧ་་་་་་་་་་་་་་་་་་་་་་་་་་་་་།
གཙང་པོ་དེ་བརྒལ་རྗེས་ཧང་ཀང་དང་ཐེ་ལྦན་ལ་སླེབས་ནི་རེད།དེ་ན་རྒྱ་མོ་དམར་ཧྲེང་མ་ཚོས་ལག་ལ་མོའོ་ཙི་ཏུང་རྟགས་ཅན་གྱི་ཤོག་སྒོར་བམ་པོ་རེ་བཟུང་ནས་རིགས་རྒྱུད་ཅིག་སྤེལ་བའི་གསོལ་བ་བླ་ལྷག་ཏུ་འདེབས་བཞིན་འདུག་ན། ཀླུ་སྨྱོན་ཀྱིས་མིག་ཤེལ་ནག་ལེབ་ཏེ་སྣ་མགོ་ལ་འདེད་ཙམ་བྱེད་ནས་རྒྱ་མོ་ལོ་ཆུང་ལ་ཞིག་ལ་གསང་བ་སྔགས་ཀྱི་མན་ངག་ཆད་མེད་དུ་གནང་རྒྱུ་ཡིན་པ་ཞལ་གྱིས་བཞེས། ད་དུང་རྒྱ་མོ་ལོ་ཆུང་དེ་ལ་ཉ་ཤའི་ཁུ་བ་མང་ཙམ་བསྐོལ་དགོས་པའི་བཀའ་བསྩལ་བཞིན་རྒྱ་མོ་དེའི་བྲང་དང་རྐུབ་བརླ་ཤ་དག་ལ་ཡིད་ཚིམས་པ་ཞིག་བལྟས་རྗེས་ཨེ་ཏི་ཏ”Adidas”རྟགས་ཅན་གྱི་ཚོང་ཁང་ཞིག་ལ་སྐྱ་ཆས་སྤུས་ལེགས་ཤིག་ཉོ་བར་ཕེབས་སོ།