གངས་ལྡོམ་གྱིས་བསྒྱུར།
ཉི་ཧོང་གི་ས་གནས་མང་ཆེ་བ་ཕྱུག་པོར་མཐོང་གི་འདུག་ཅེས་བཤད་ན་ཕེལ་ཆེར་མི་འགྲིག་རྒྱུ་མེད། མི་མང་ཆེ་བས་དེ་བདེན་པ་ཡིན་པ་བརྗོད་ཀྱི་ཡོད། ཡང་ན། མ་མཐར་ཡང་སྔོན་ཆད་ཕྱུག་པོ་རེད། མི་གྲངས་འཕེལ་བ་ལ་བརྟེན་ནས་དེང་སང་ཁོང་ཚོ་ངེས་གཏན་ཐོག་ཕྱུག་པོ་མ་རེད། དཔལ་འབྱོར་རང་སོར་གནས་པ་དང་ལས་ཀ་བརྟན་པོ་མེད་པའི་ལོ་བཅུ་ཕྲག་འགའི་རིང་། ཁྲོམ་ར་ཡིས་ལུང་པ་དེ་གཏན་དུ་འགྱུར་བ་བཏང་ཡོད་པ་ཁུངས་སྐྱེལ་བྱས་ཡོད།
འཚོ་བའི་ཐད་ལ་སྔོན་མར་ལས་ཀའི་སྲུང་སྐྱོབ་ཅིག་ཡོད་པ་དེ་ད་ལྟ་ཡུན་རིང་ཞིག་ལ་མཐོང་རྒྱུ་མེད་པར་གྱུར་ཞིང་། དེའི་ཚབ་ཏུ་ཞོར་ལས་དང་གནས་སྐབས་ཀྱི་གོ་བབ་ཀྱི་གྲངས་འབོར་ཆེན་པོར་ཆགས་པའམ། ཡང་ན་མུ་མཐུད་ནས་གྲངས་འབོར་འཕེལ་ནས་འགྱུར་བ་བཏང་ཡོད། ཚེ་སྲོག་ས་ཡ་གྲངས་མེད་ཅིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས། ༼ང་ཚོ་ཚང་མར་དཔལ་འབྱོར་འབྲིང་ཙམ་ཡོད་༽ཅེས་སྟོང་བརྡ་དཀྲོག་པའི་སྔོན་མའི་སྐད་ཆ་བསྐྱར་བཟློས་བྱེད་བཞིན་ཡོད་པ་སོགས་ནི་རྐྱེན་ཡིན།
གང་ལྟར་ཀྱང་། ལས་བཟོ་བ་སྐྱོ་པོའི་གྲངས་འབོར་འཕར་བ་གཅིག་པོ་མ་ཡིན་པར་ཁོང་ཚོ་ཤིན་ཏུ་ཉམ་ཐག་ཀྱང་རེད། ཉམ་ཐག་འདི་དག་གིས་ཉི་ཧོང་གི་རྒྱལ་ས་ཁྲོའོ་ཁུག་ཡོབ་Tokyo ནང་ཁྱིམ་མེད་པའི་གྲངས་འབོར་མང་དུ་འཕེལ་བཞིན་པ་སྟོན་གྱི་ཡོད། གྲོང་ཁྱེར་གྱི་གླིང་ག་དང་རི་ལིའི་ས་ཚིགས་ཀྱི་ཉེ་འགྲམ། ཟམ་པའི་འོག་སོགས་སུ་སྤྲང་པོའི་གྲངས་འབོར་མང་དུ་འཕེལ་བཞིན་ཡོད་པ་ལ་གསལ་པོར་ལྟ་བར་མི་གཟོད་པས། ཐབས་ལམ་མང་པོ་ལས་གསར་འགྱུར་འདི་ལྟ་བུ་ནི་དགོས་པ་མ་མཆིས།
ལོགས་སུ་ཕྱེས་པའི་མི་འདི་ཚོ་ཉི་མའི་དྲོད་ལ་དོ་སྣང་ཤིན་ཏུ་ཆེ་ཞིང་། ཐེངས་ཤིག་སྤྱི་ཚོགས་འདིའི་ཆ་ཤས་ཡིན་པ་ལས་ད་ལྟ་ཧ་ཅང་ཆུང་ངུ་གྱུར།
http://www.wordpress.tokyotimes.org/?p=9758 མ་རྩོམ་གྱི་དྲ་ཐག་འདི་ཡིན།