བོད། ལྷ་ཀླུ་གཉན་གསུམ།
(རྒྱང་རིང་གི་ཁོ་མོར་བྲིས། )
སྙན་པོ་ཞིག ངས་སྔ་ས་ནས་ཁྱེད་རང་ལ་བཤད་རྩིས་མ་བྱས
ཉིན་མོ་དེར་ང་རང་དུར་ས་སྙེགས་པའི་ལམ་ཕྲན་སྟེང་དུ་ཡོད
ཡིན་ཡང་ ཁྱེད་རང་གི་ཆེད་དུ
ངས་གང་ཡང་བསམ་མ་འཕོད
དེ་ལྟར ངས་ཧམ་སེམས་ནི་ཀོར་ཐིགས་ཤིག་དང་རྩིས་ཀྱི་མི་ལོངས་པ་ཞིག
ཁྱེད་ལ་ཡང་གྲངས་ཀ་མ་བཤད
གཞན་གྱིས་ཀྱང་འུ་གཉིས་ལ་མ་དྲིས
དེ་ལྟར་བུད་སོང་ཐལ ལོ་ཟླའི་འུ་གཉིས་ལ་མེད་མུག་བཏོན
ཆུ་དང་གཙང་བོའི་འུ་གཉིས་ཀྱི་མྱ་ངན་གྱེར
ཙག་དང་སེར་བས་འུ་གཉིས་ལ་ན་ཟུག་བྱིན
ངོ་མ་བཤད་ན སྙན་ངག་ནི་རང་གི་ལུས་ངག་ཡིད་གསུམ་དུ་བསྒོམ་དུས
ཁྱེད་རང་ངའི་སྙན་ངག་དུ་གྱུར་སོང་
སེམས་བསམ་པའི་གཏིང་རིམ་ནས་ཁྱེད་རང་བཞེངས
ཁ་ཞེ་མེད་པར་ཁྱེད་ཉིད་ཁོ་ན་གླེང་
འཇགས་མི་སྲིད་པའི་དབྱངས་རྟ་ཞིག་ཀྱང་བརྩམས་ཁུལ་བྱས
མི་ཚོགས་ཤིག་གིས ག་ལེར་ང་རང་བརྒྱུད་དེ
ཐག་མི་རིང་བའི་ཁྱེད་ཀྱི་ཉེ་སར་བཅར
མིག་ཟུང་ཀེམ་ཀེམ་གྱིས ཁྱེད་ལ་བལྟས
ཧ་ལས་པའི་ངང་ ཧོན་འཐོར་བའི་ཚུལ་དང་ཉམས་འགྱུར་དེ་ནི
འཇིག་རྟེན་འདིས་སྟེང་ལ་མེ་ཏོག་གསར་བ་ཞིག་བཞད་པ་ལྟར
གློ་བུར་ཏུ གནམ་སའི་བར་ན་ཁྱེད་ལ་གདམས་པ་ཞིག་གིས
དུས་བརྟན་དུ་ལག་གཡུགས་ཁོ་ན་བྱས