གནས་ཚུལ་མཁོ་འདོན་པ། དོལ་སྨྱོན།
ནུབ་ཕྱོགས་པའི་ཚན་རིག་པ་དང་ཞིབ་འཇུག་པས་ད་བར་ཤ་རྒྱགས་པའི་དཀའ་ངལ་སེལ་ཐབས་ལ་ལོ་མང་འཐབ་རྩོད་དང་ཞིབ་འཇུག་བྱས་པའི་རྗེས་ནུབ་ཕྱོགས་པའི་སྨན་དང་ཟས་སྤྱོད་ཀྱི་ཕན་ནུས་མ་ཐོན་པར་བརྟེན་ནས། ཁོང་ཚོས་ཤ་རྒྱགས་དྲག་པའི་དཀའ་ངལ་དེ་ནི་སྙིང་གི་ན་ཚས་རྐྱེན་བྱས་ཏེ་སྙིང་རྩ་འགག་སྟེ་ནད་པའི་ཚེ་སྲོག་ལ་གནོད་འཚེ་བཟོ་བའི་དཀའ་ངལ་དེ་སེལ་ཐབས་ལ་གནའ་བོའི་སྨན་བཅོས་ཀྱི་གཞུང་ལུགས་གཞན་ཞིག་འཚོལ་རྒྱུར་དུས་ཡུན་རིང་པོར་དཀའ་ལས་རྒྱབ་པའི་མཐར། ཉེ་ཆར་ཁོང་ཚོར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་གི་ཟས་དང་སྤྱོད་ལམ་དེ་ནི་ཤ་རྒྱགས་པ་སྐམ་དུ་གཏོང་བའི་སྨན་བཅོས་ལེགས་ཤོས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད།
ནུབ་ཕྱོགས་པའི་ཚན་རིག་པས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་དུ་གསུང་པའི་ཟས་དང་སྤྱོད་ལམ་གྱིས་ཤ་སྐམ་དུ་གཏོང་བའི་ཐོག་ལ་ཞིབ་འཇུག་བྱས་པ་དེ་ནི་ཧ་ལམ་ཐེངས་དང་པོ་ཡིན་ཞིང། ལྷག་དོན་མི་ཧ་ཅང་གི་ཤ་རྒྱགས་དྲག་པར་བོད་ཀྱི་གསོ་རིག་གཞུང་ལུགས་ནང་གསུངས་པའི་ཟས་དང་སྤྱོད་ལམ་གཉིས་ལམ་སྟོན་བྱས་ཏེ་ཕན་ནུས་ནི་ནུབ་ཕྱོགས་པའི་ཟས་དང་སྤྱོད་ལམ་གྱི་ལམ་སྟོན་གནང་བ་ལས་ཧ་ཅང་གི་མངོན་གསལ་དོད་པོའི་ནུས་པ་ཐོན་ཏེ་ལུས་ཀྱི་ལྗིད་ཚད་ཆགས་པ་མ་ཟད། ལྷག་དོན་སྙིང་གི་ན་ཚ་ཡོད་མཁན་ཁྲོད་ལ་ཕན་ནུས་ཆེན་པོ་ཐོན་ཡོད་པ་རེད།
ཞིབ་འཇུག་གི་ལས་དོན་དེའི་ནང་ནུབ་ཕྱོགས་པའི་སྨན་པ་བཞི་དང་བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་སྨན་རྩིས་ཁང་ནས་སློབ་ཐེངས་ལྔ་པའི་གྲས་སུ་ཐོན་གནང་བའི་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་ཟུང་འབྲེལ་གྱིས་གནང་བ་ཞིག་ཡིན་ཞིང། ཁོང་ཚོས་ཞིབ་འཇུག་གི་ལས་དོན་དེ་༢༠༠༨ ནས་༢༠༡༠ བར་ལོ་ངོ་གསུམ་རིང་ལ་ཤ་རྒྱགས་དྲག་པའི་ནད་པ་ཁྱོན་༥༢༤ ལ་ཞིབ་འཇུག་གནང་སྟེ་ཁག་ཅིག་ལ་ནུབ་ཕྱོགས་པའི་ཚན་རིག་ནས་གསུངས་པའི་ཟས་དང་སྤྱོད་ལམ་གྱི་ལམ་སྟོན་གནང་བ་དང་ཁག་ཅིག་ལ་བོད་ལུགས་གསོ་རིག་ནས་གསུང་པའི་ཟས་དང་སྤྱོད་ལམ་གཉིས་ལམ་སྟོན་གནང་སྟེ་ཕན་ནུས་ཆེ་ཆུང་ཐོན་མིན་ཞིབ་འཇུག་བྱས་པའི་ཁྲོད་བོད་ཀྱི་གསོ་རིག་གཞུང་ལུགས་ནས་གསུངས་པའི་ཟས་དང་སྤྱོད་ལམ་གྱི་ལམ་སྟོན་བྱེད་ཡུལ་གྱི་ནད་པ་ཚོར་དམིགས་བསལ་གྱི་ཤ་སྐ མ་དུ་འགྲོ་བར་ནུས་པ་ཐོན་པར་བརྟེན་ནས། ཉེ་ཆར་གནས་ཚུལ་དེའི་སྐོར་རྒྱལ་སྤྱིའི་སྨན་གྱི་དུས་དེབ་ཅིག་གི་ཐོག་བཀོད་སྤེལ་བྱས་ཡོད་པ་རེད།།
མཁོ་སྤྲོད་པའི་མཆན།
གནས་ཚུལ་འདི་འཛམ་གླིང་རྒྱལ་སྤྱིའི་གསར་ཤོག སྙིང་ཁམས་རིག་པའི་དུས་དེབ་གསར་ཤོག༼international journal of cardiology༽དེ་ནང་ཐོན་ཡོད་པ་རེད། དེ་ཡང་ཇར་མན་༼germany༽ སྨན་གྱི་མཐོ་སློབ་ཞིག་དང་མཉམ་འབྲེལ་བྱས་ནས་ཉམས་ཞིབ་བྱས་ཡོད་པ་དང་། དེར་ཞུགས་མཁན་གྱི་ཕྱི་ལུགས་སྨན་པ་བཞི་དང་བོད་པའི་སྨན་པ་གཅིག་བཅས་ཀྱིས་གནང་བ་རེད། ཞིབ་འཇུག་གནང་སྟངས་ནི་ཕྱི་ལུགས་ཀྱི་འགྲོ་ལུགས་ཁ་ཤས་ཡོད་པ་ལས། དེའི་ནང་ནས་ཞིབ་འཇུག་ཚད་མཐོ་ཤོས་དེ་བྱས་ཡོད་པ་རེད། ཞིབ་འཇུག་འདིའི་ནང་། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནས་བཤད་པའི་ཟས་སྤྱོད་ཀྱི་ལམ་སྟོན་གནང་མཁན་དེ་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་རེད།
ཞིབ་འཇུག་དེ་༢༠༠༨ ནས་མགོ་རྩམ་པ་དང་དེ་ནས་ལོ་གཉིས་ཙམ་མུ་མཐུད་ནས་ཉམས་ཞིབ་བྱས་པའི་གྲུབ་འབྲས་ཤིག་རེད་འདུག དེ་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སམ་བོད་ཅེས་པའི་ཐ་སྙད་ཡོད་རྐྱེན་རྒྱ་ཡི་སྨན་པ་རྣམས་ཀྱིས་ཆབས་སྲིད་ཀྱི་ལྟ་བ་འཁྲེགས་འཛིན་དབང་གིས་ལམ་སེང་དུས་དེབ་ནང་འདོན་མ་ཐུབ་ཀྱང་རིམས་པས་བཏོན་པ་རེད། སྤྱིར་བཏང་རྒྱལ་སྤྱིའི་དུས་དེབ་སོང་ཙང་རང་སྣང་གང་དྲན་གྱི་གནས་ཚུལ་རྩ་བ་ནས་འདོན་གྱི་མེད་པ་དེ་གསལ་པོ་རེད། དེ་མ་ཟད་གནས་ཚུལ་འདི་གསར་འགྱུར་རྒྱུད་ལམ་ཁག་མང་པོའི་ནང་དུའང་སྟོན་ཚར་ཡོད་རེད།
གནས་ཚུལ་འདི་ང་ལ་མཚོན་ན་གསར་བ་ཞིག་ཡིན། ཁྱེད་རྣམ་པས་དེ་སྔོན་གཟིགས་ཡོད་ནའང་ཅི་ཤེས།
རྒྱགས་པ་དེ་ཚོས་ངེས་པར་དུ་གཟིགས་དགོས་འདུག
དོལ་སྨྱོན་ལགས་ནས་གནས་ཚུལ་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། བྱུང་ན་བོད་ལུགས་ཀྱི་སྨན་གྱི་གཞུང་ནས་གསལ་བ་ལྟར་ཟས་བཅུད་བསྟེན་སྟངས་ལ་བརྟེན་ནས་ཤ་རྒྱགས་པ་སྐམ་པོ་བཟོ་ཚུལ་གསལ་པོ་ཞིག་འགྲེལ་བརྗོད་གནང་ན་དགེ་མཚན་ཆེན་པོ་ཡོང་ས་རེད་ཞུ།
སྤྱིར་བོད་ཀྱི་སྨན་གཞུང་ནང་ཟས་སྤྱོད་ཀྱི་ལེའུའི་སྐབས་དག་ན་དེ་དག་གི་སྐོར་མང་དུ་གསུངས་ཡོད། འོན་ཀྱང་གུས་པས་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་དང་ཞལ་མཇལ་བྱུང་ན་དེ་དུས་ཁོང་གིས་ཟས་སྤྱོད་བསྟེན་ཚུལ་གྱི་ཉམ་མྱོང་རྣམས་ལ་བཀའ་འདྲི་ཞུས་ནས། དེ་དག་ཕྱོགས་བསྡོམ་བྱས་ཏེ་དྲ་ལམ་དག་ན་འགོད་རྒྱུའི་འཆར་གཞི་ཡོད་ལགས།
དོལ་སྨྱོན་ལགས། བོད་ཀྱི་གསོ་བ་རིག་པའི་ལམ་ལུགས་འདི་རྒྱ་གར་དབུས་གཞུང་གིས་ངོས་ལེན་གནང་བ་རེད་ཟེར་ནས་ལབ་གླིང་ཞིག་འགྲོ་བཞིན་འདུག། ཡིན་ནའང་ཁ་གསལ་གཏིང་གསལ་ཡིག་ཐོག་ལ་བཀོད་པ་དེ་འདྲ་ད་བར་་མཐོང་མ་སོང་། གཅིག་བྱས་ན་མི་ཁ་ཤས་ཅིག་གིས་མ་གཏོགས་ཤེས་མི་ཆོག་པའི་གསང་བ་འདྲ་ནི་ཡོད་ཀྱི་མ་རེད། ལྷག་དོན་དུ་ཁྲིམས་ལུགས་རྩ་འཛིན་གྱི་མིང་ཚིག་ག་འདྲ་ཞིག་གི་ཐོག་ནས་ངོས་ལེན་གཏན་འབེབས་བྱས་ཡོད་པ་ཡིན་ནམ། དོན་ངོ་མ་བོད་ཀྱི་གསོ་བ་རིག་པའི་ལམ་ལུགས་འདི་ལ་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ག་འདྲ་ཞིག་གནང་ཡོད་མེད་བཅས་ཀྱི་སྐོར་ལ་ཁྱེད་ཀྱིས་་མཁྱེན་གྱི་ཡོད་ན་གཡས་ལྷུང་གཡོན་ལྷུང་མེད་པར་རྨོངས་སེལ་གསལ་བཤད་ཅིག་ཡོད་པ་མཁྱེན། ཡང་ན་དྲྭ་རྒྱ་འདྲ་ཡོད་ན་རྒྱུས་སྟོན་གནང་རོགས། ། འོར་ཆེ། །
དེང་སྐབས་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གཞུང་གི་རྩ་ཁྲིམས་སྟེང་ངོས་ལེན་ཡོད་པ་དངོས་ཡོད་རེད། དེ་ལ་སྨན་རྩིས་ཁང་དང་ཝརྣ་དེ་བཞིན་སྨན་པའི་ལྷན་ཚོགས་བཅས་ནས་མཉམ་རུབ་བྱས་པའི་འབྲས་བཟང་ཞིག་རེད། འོན་ཀྱང་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་༼གསོ་བ་རིག་པ་༽ ཞེས་པ་ལས་བོད་ཀྱི་གསོ་བ་རིག་པ་ཞེས་ཡུལ་མིང་བྲིས་མེད་པ་རེད། དེ་ནི་རྒྱ་ནག་གི་མནོན་ཤུགས་སམ་ཡང་ན་ཆབས་སྲིད་ཀྱི་གནས་དོན་ཞིག་ཡིན་པ་འདྲ། གང་ལྟར་ངས་འདིའི་སྐོར་ལ་དེ་ཙམ་ལས་དཔྱིས་ཕྱིན་པ་ཞིག་མི་ཤེས་པས་དགོངས་དག
གཤམ་གྱི་སྐད་ཆ་དེ་ནི་རག་རྡོ་བློ་བཟང་བསྟན་འཛིན་མཆོག་ལ་གུས་པས་བཅར་འདྲི་བྱས་པའི་ནང་གི་ལེ་ཚན་ཐུང་ངུ་ཞིག་རེད།
༼ཡང་སློབ་གྲྭ་རང་ལ་མཚོན་ན་རྒྱ་གར་ནང་གི་གཙུག་ལག་སློབ་གཉེར་ཁང་ཞིག་ཆགས་སྡད་ཡོད་དུས། དེ་བརྒྱུད་ནས་ ༢༠༠༨ ལོར་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གཞུང་གི་རྩ་ཁྲིམས་ཐོག་ངོས་ལེན་ཡོང་ཐབས་ལ་འབད་བརྩོན་བྱས་པ་རྒྱུད་རྒྱ་གར་གཞུང་གིས་དེ་ངོས་ལེན་བྱས་ན་འགྲིམས་མིན་གྱི་བརྟག་དཔྱད་ཆེད། གཟིགས་རྟོགས་ཚོགས་ཆུང་ཞིག་ཟུར་དུ་བཙུགས་པ་རེད།
ལས་ཀ་བྱེད་མཁན་མང་པོ་ཡོད་རེད་དེ་ཐོག་མའི་མགོ་འཛུག་ས་དེ་ངེད་ཚོའི་སློབ་གྲྭ་ནས་ཡིན་པ་རེད། སློབ་གྲྭའི་ནང་དགེ་རྒན་དང་འཛིན་སྐྱོང་ལས་བྱེད་སོགས་མཁས་པ་མང་པོ་ཡོད་རེད། ཡིན་ནའང་ཁོང་རྣམ་པ་བོད་ཀྱི་གསོ་བ་རིག་པ་ལ་འབྲེལ་བ་དམིགས་བསལ་མེད་དུས། ང་རང་ལ་མཚོན་ན་དེའི་ཐད་ནས་རྒྱ་གར་གཞུང་གི་མཁས་པ་དེ་ཚོ་ལ་བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད་བྱེད་རྒྱུ་དང་། དེའི་རྒྱབ་ལྗོངས་ཀྱི་གཞུང་དང་འབྲེལ་བ་ལྟ་གྲུབ་དང་ལོ་རྒྱུས་སོགས་མང་པོ་ཞིག་ངོ་སྤྲོད་བྱེད་རྒྱུའི་གོ་སྐབས་ཡག་པོ་བྱུང་བ་རེད།
རྒྱ་གར་གཞུང་གིས་བཙུགས་པའི་རྟོག་ཞིབ་ཚོགས་པའི་མི་སྣ་དག་ཀྱང་བློ་གཟུ་བོར་གནས་པ་མཁས་པའི་དབང་པོ་ཉམས་མྱོང་ཡོད་པ་དེ་འདྲ་ཤ་སྟག་རེད། དེ་འདྲ་བྱས་ནས་རྒྱ་གར་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཟིགས་ནས་དུས་ཚོད་ཡུན་རིང་མ་འགོར་བར་བོད་ཀྱི་གསོ་བ་རིག་པའི་རིང་ལུགས་དེ་ཁྲིམས་ཐོག་ནས་ངོས་ལེན་ཐོབ་པ་རེད།
གཞུང་ལུགས་དེ་ཁྲིམས་ཐོག་ནས་ངོས་ལེན་ཡོད་དུས་རིམ་པས་སློབ་གཉེར་བྱེད་སའི་སློབ་གཉེར་ཁང་དང་། སྨན་སྦྱོར་རིག་པ་དག་ཀྱང་ཁྲིམས་ཐོག་ནས་ངོས་ལེན་བྱེད་ཆོག་པ་བཅས་གང་ལྟར་དེའི་ཐད་ནས་ལས་འགན་གལ་ཆེན་ཞིག་བསྒྲུབས་པ་ཡིན་བསམ་གྱི་ཡོད། ང་ལ་མཚོན་ན་ཚོགས་པ་དེའི་ནང་དུ་མིང་འཁོད་བཞག་པ་དེ་འདྲ་ཡོད་མ་རེད། ཡིན་ནའང་འབྲེལ་ཡོད་ཀྱི་ཆ་ནས་ཁོང་རྣམ་པར་སྙན་ཞུ་འབུལ་བ་དང་། ངོ་སྤྲོད་བྱེད་པ་སོགས་སྤྱིར་བཏང་མི་མང་པོ་ཞིག་དང་འབྲེལ་བ་ཡོད་རེད་དེ། ང་རང་རྒྱུས་ཡོད་ཀྱི་ཆ་ནས་དམིགས་གསལ་གྱི་ཕན་ཐོགས་པོ་བྱུང་སོང་བསམ་གྱི་ཡོད།༽
བོད་སྨན་གྱི་ནང་ན་མགོ་སྨན་དང་སོ་སྨན་ཡོད་རེད་པས་
དོལ་སྨྱོན་ལགས། ཁ་གསལ་པོ་འདུག། བཀའ་དྲིན་ཆེ། །
དོལ་སྨྱོན་ལགས་གནས་ཚུལ་གསལ་པོ་མཁོ་འདོན་གནང་བར་བཀྲིན་ཆེ། ངས་གནས་ཚུལ་དེ་གསར་ཤོག་ནས་ཐོག་མར་མཐོང་བྱུང་ཡང་ཨིན་ཇི་ཡག་པོ་མ་ཤེས་པར་བརྟེན་གོ་དོན་རྟོགས་ཐུབ་མ་སོང། དེ་རྗེས་གོང་གི་ཁྱེད་ནས་མཁོ་འདོན་གནང་བའི་གསར་འགྱུར་དང་བཅར་འདྲི་བྱས་པ་ཞིག་ཨེ་ཞི་རླུང་འཕྲིན་དང་བོད་ཀྱི་དྲ་བརྙན་ནས་བཏང་སོང་བས་གཞི་ནས་གོ་དོན་རྟོགས་བྱུང།
དོན་སྨྱོན་གྱིས་ཟས་སྤྱོད་ལེའུ་ལྟར་ཕྲ་མོའི་ཆགས་ཐབས་ཀྱི་རང་སྦྱོང་གནང་རོགས།
དངོས་གནས་ཡག་པོ་རེད་འགྲུབ་འབྲས་འདི་ལྟར་ཐོན་ཡོད་ན། ད་ཆ་ཁ་བཤད་ཆུ་ཡི་ལྦུ་བ་གཏོར་བ་ལས། ལག་ལེན་དེབ་ཐོག་བཀོད་ན་ལེགས་པས། དོན་དངོས་ཡིན་ན་ཡིག་ཐོག་ནས་སྤྱི་ཚོགས་ཁྱོན་ཡོངས་ཁྱབ་སྤེལ་གནང་ཆེ།
ངས་སྨན་པ་ཁོང་དང་ཞལ་མཇལ་བྱུང་དུས་དེའི་སྐོར་ལ་ཁ་གསལ་ཞིག་ཤེས་རྟོགས་བྱེད་ངེས་ཡིན། མ་གཞི་སྨན་པ་ཁོང་གིས་དེ་དུས་ཀྱི་ཞིབ་འཇུག་རྒྱུད་རིམས་དག་ཡིག་ཐོག་ལ་བཀོད་ཡོད་ངེས་རེད།
གུས་པར་མཚོན་ན་སློབ་མཐར་ཕྱིན་མ་ཐག་པའི་སྨན་པ་གསར་བ་ཞིག་ཡིན་ཙང་། ལག་ལེན་གྱི་ཉམ་མྱོང་མང་པོ་མེད་དུས་གཞུང་ནས་གསུངས་པ་གཅིག་པུ་ཡིག་ཐོག་ནས་སྤེལ་བ་ཡིན་ན་དེ་ཙམ་ཕན་ཐོག་ཆེན་པོ་མི་ཡོང་སྙམ། རྗེས་ཕྱོགས་རིམས་པས་དེ་ཕྱོགས་སུ་གོམ་པ་སྤོ་ངེས་ཡིན།
ལྷ་རྗེ་དོལ་སྨྱོན་མཆོག་ལ་བན་དེ་བ་མཆོག་གིས་རེ་བསྐུལ་མཛད་པ་བཞིན་དུ། ལུས་པོའི་ཤ་སྐམ་པོ་ཆགས་སྟངས་དང་། ཤ་ལྗིད་ཆག་ཚུལ་བོད་ཀྱི་སྨན་གཞུང་ནས་གསུངས་པ་མདོར་བསྡུས་འབྲི་བར་མཛད་ན། ཀློག་པ་པོ་མང་པོ་བརྒྱུད་མི་མང་པོར་ཕན་ངེས། ཨ་རི་སོགས་ནུབ་ཕྱོགས་པའི་ཤ་རྒྱགས་པ་རྣམས་ཀྱིས་ཟས་ཉུང་དུ་གཏོང་བ་དང་། ལུས་སྦྱོང་བྱེད་པ་དང་། ཐ་ན་གཉིད་ལེགས་པར་ཁུག་པས་ཀྱང་། ལུས་པོ་ཡང་དུ་འགྲོ་ཚུལ་བྲིས་པ་ཀློག་མྱོང་བ་ལགས་སོ།