མཁྱེན་ཡངས་རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་མཆོག་ལ། ཁ་བརྡ་དྲ་བའི་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༡ ཉིན་འཁོད་རྩོམ་ཡིག་<<༸སྐྱབས་མགོན་ལགས། སྐྱབས་སུ་མཆི། >>ཞེས་པའི་རྩོམ་བྱང་འཁོད་པ་ཞིག་བཀོད་འདུག་པར་རྩོམ་པ་པོའི་སྨྱུག་མིང་དུ་འབྲོང་དཀར་པོ་ཞེས་བྲིས་འདུག་ན་འདིར་གསལ་བཤད་ཞུ་རྒྱུར། གུས་པས་དེ་སྔོན་སྨྱུག་མིང་འབྲོང་དཀར་པོ་ཞེས་འཁོད་པའི་རྩོམ་ཡིག་འགའ་ཤས་ཤིག་བོད་ཀྱི་དུས་བབ་དྲ་བའི་ཐོག་ཏུ་འདོན་སྤེལ་བྱས་ཡོད་པ་གཤམ་གསལ། <འབྲོང་གི་གཏམ་གླེང་དྲི་ལན་དྲུག་མ།>དང་། <རང་བཙན་ཚོགས་འདུ་དང་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་ལས་འཕྲོས་པའི་གཏམ།>དང་། <ལྟ་གྲུབ་ཀྱི་གླེང་གཞིའི་ཁྲོད་དུ་མྱུལ་མའི་གསང་ལམ་འདུག>དང་། <འཇམ་དབྱངས་ནོར་བུ་རང་བཙན་འཐབ་རྩོད་པ་ཡིན་པའི་སྒྲུབ་བྱེད་ག་ཚོད་ཡོད་དམ།>ཞེས་སོགས་ཡིན། གུས་པའི་རྩོམ་ཡིག་འདི་དག་ལས་འགའ་ཤས་དེ་སྔོན་ཁ་བརྡ་དྲ་བའི་ཐོག་འགོད་རྒྱུར་རེ་བ་བྱས་ཀྱང་བཀོད་མ་བྱུང།
དེ་རིང་འདི་འཁོད་འབྲོང་དཀར་པོའི་རྩོམ་ཡིག་འབྲི་འགན་སུ་ཡིན་ཁ་བརྡ་དྲ་བའི་རྩོམ་སྒྲིག་པས་མཁྱེན་གྱི་ཡོད་ཀྱི་རེད། དེར་གུས་པས་རྩད་འཚོལ་བྱ་དགོས་གང་ཡང་མ་མཆིས། དེ་རིང་ཁ་བརྡ་དྲ་བའི་ཐོག་སྨྱུག་མིང་འདི་རང་འཁོད་པའི་རྩོམ་ཡིག་<༸སྐྱབས་མགོན་ལགས། སྐྱབས་སུ་མཆི།>ཞེས་པ་འདིའི་བརྗོད་བྱ་བརྗོད་བྱེད་ལ་ལེགས་ཉེས་ཀྱི་ཆ་གང་ཞིག་མཆིས་ཀྱང་ཁོ་བོ་གོང་གསལ་རྩོམ་ཡིག་ཁག་འབྲི་མཁན་དང་འབྲེལ་བ་གཏན་ནས་མེད་པ་མ་ཟད། སླད་ཀྱང་གུས་པས་འབྲོང་དཀར་པོའི་སྨྱུག་མིང་འོག་རྩོམ་ཡིག་གཅིག་ཀྱང་འབྲི་རྒྱུ་མིན་ན་དེ་དོན་ཀློག་པ་པོ་རྣམས་ནས་དགོངས་འཇགས་འཚལ། གུས་ནས་རྩོམ་ཡིག་དེའི་གཤམ་དུ་མཆན་བཀོད་དེ་གསལ་བཤད་བྱས་ངོས་ཀྱང་ཁ་བརྡའི་རྩོམ་སྒྲིག་པས་ངོས་བཞེས་གནང་མི་འདུག་པས་གསལ་བཤད་འདི་བྱ་དགོས་བྱུང། གུས་པ་འབྲོང་དཀར་པོ་སྔ་མ་ནས།
ཕྱི་ལོ་༢༠༡༣ ཟླ་༩ ཚེས་༡༣ ལ་ཕུལ།།
ཨ་ལེ་་་ད་བྱས་དུས་དུས་བབ་ནང་གི་འབྲོང་དཀར་པོ་དེེ་མིན་པ་རེད། འབྲོང་རྫུན་ཞིག་ཡིན་པ་རེད།
འབྲོང་དཀར་པོ་གཉིས་ཀྱིས་རྭ་རྩེད་ཞིག་མ་བྱས་ན་ཡོང་ནི་མ་རེད། གཡག་གི་རྭ་རྩེད་ལ་ལྟད་མོ་ཡོད་ས་ན། འབྲོང་ད་བཤད་ཅི་དགོས། གསལ་བཤད་འདྲ་བྱས་ནས་འདུག་ཚུལ་ཞིག་གང་ན་ཡོད། ད་ཧར་ཡ་ཧར་ཡ། མྱིང་དེ་མོ་ཡག་པ་ཟིག་ལུས་འི་ཐོང་གི་ནེ། གཡག་ཟིག་མ་རེད་འབྲོང་ཟིག་རེད། འབྲོང་ཡིན་པས་འབྲོང་ཚུགས་དགོས་ནི་རེད།
འབྲོང་དཀར་གཅིག་མ་གཏོགས་གཉིས་ཡོད་མི་ཆོག་པ་དེ་ཡ་མཚན་རེད།
ཁྲིམས་དེ་འདྲ་སུས་བཟོས་པ་རེད།
བོད་པའི་བུ་མོ་ལ་སྒྲོལ་མ་ཟེར་བ་ག་ཚོད་ཡོད་རེད།
ཆོད་མེད་པའི་སྐད་ཆ་རེད།
ཆོ་མེད་པ་མ་རེད་ཡོད་པ་རེད་་་རྩོམ་ཡིག་ཞིག་གི་རྩོམ་པ་པོ་དེ་སུ་ཡིན་གསལ་པོ་དགོས་་་མ་འདྲེས་པ་དགོས་་ཉ་དང་ཉུང་མ་འདྲེས་ན་ག་ལ་རུང་། ངས་ནས་དངོས་མིང་བེད་སྤྱོད་བྱས་ནས་ཕྱི་གསལ་ནང་གསལ་དང་གླེན་པ་གདོང་མཆོང་རང་བྱེད་བཞིན་ཡོད་་ཧཧཧ
རྩྭ་ཐང་སྟེང་འབྲོང་དཀར་པོ་ཁྱུ་དང་ཁྱུ་བྱས་ནས་འགྲོ་འདུག