ཐེ་བོ་སངས་རྒྱས།
ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་ཆི་ཆེན་ཨེ་ཐྲི་རྫ་(Chichen Itza, ཁྲོན་པའི་ཁ་ར་)ནི་རྩོད་མེད་ཡོངས་གྲགས་སུ་ས་སྟེང་ངོ་མཚར་ཅན་བདུན་གྱི་ནང་བརྩི་ལ། ཚོང་འདུས་དེའི་འཆར་འགོད་པའི་ཆགས་བཀོད་ས་ཐིག་ལྟར་མེག་སི་ཁོ་རྒྱལ་ཁབ་ཀྱི་ཡུ་ཁ་ཐྲན་Mexico, Yucatan, ཉེ་བའི་གླིང་ཕྲན་དུ་རྩིག་རྨང་བཏིང་། དེ་ཡི་མ་རྩའི་རྒྱུ་ནོར་ནི་མངའ་འབངས་སྤྱི་སྙོམས་ལ་བསྡུས་ཤིང་དུས་རབས་བདུན་པ་ནས་བཅུ་བའི་བར་མ་ལག་རེ་རེ་བཞིན་བསྐྲུན་པར་སྣང་། མཱ་ཡ་བའི་Mayan, ཆོས་ལུགས་ལས་གནས་ཆེན་དེ་དང་ལས་བཟོ་བ་དག་ལྷས་ལུང་བསྟན་པར་མ་ཚད་ཨི་ཐྲི་རྫའི་ཁྲོན་པ་རུ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གནས་ཆུ་བརྡོལ་བར་བཤད། འདི་ལ་མེག་སི་ཁོའི་ལྟེ་བར་བརྗིད་པའི་ལྷ་ཡུལ་ལྟ་བུའི་གྲོང་ཁྱེར་ཆེན་མོ་གཅིག་པུར་འབོད།
འདིའི་ནང་རྟོགས་དཀའ་བའི་འཛུགས་སྐྲུན་གྲགས་ཅན་ཁག་གསུམ་ཡོད་དེ། དང་པོ། ཨི་ཁཱ་སི་ཐྲིལ་ལོའི་EI Castillo, དྲན་རྟེན་ཁང་གི་ཆ་ཤས་བྱང་གི་སྡིངས་ཆ་ཆེན་མོ་the Great North Platform, དང་། ཝཱར་རི་ཡོར་སི་ལྷ་ཁང་། Temple of Warriors, སྤོ་ལོ་ལྟ་བུའི་ཁྱམས་ར་ཆེན་མོ་ the Great Ball Court, སོགས་ཡིན།
གཉིས་པ། ཨོ་སར་རིའོ་ཞེས་པའི་ཚན་པ་the Osario Group,ལས་བང་སོ་དག་ལས་གཞན་སོག་ཐྲོ་ལོག་ལྷ་ཁང་ the Temple of Xtoloc.རྣམས་ཡིན།
གསུམ་པ། དབུས་ཀྱི་ཚན་པ་ལས་ཁཱ་ར་ཁོལ་the Caracol,དང་། ལཱ་སི་མོན་ཇའ་སི། Las Monjas, ཨ་ཁབ་རྫིབ་ Akab Dzib,བཅས་སོ།
གནའ་དུས་སུ་འདི་མངའ་སྡེའི་རྒྱལ་ས་བྱས་མྱོང་སྟབས་མཱ་ཡ་བའི་བྱང་ཕྱོགས་གཤོངས་འདབས་ཀྱི་ཆབ་སྲིད་དང་། ཆོས་ལུགས། ལེགས་བྱང་། དཔལ་འབྱོར། བཟོ་ཡི་སྒྱུ་རྩལ་སོགས་ལ་གསོན་ཤུགས་རྒྱས་ས་ཡིན་སྟབས་མཁར་ཤུལ་དེའི་གསེང་ན་གནའ་བོའི་མཱ་ཡའི་Maya,དཔལ་ཡོན་དག་ལྷང་ངེར་འཚེར་གྱིན་པར་མ་ཟད། མཱ་ཡ་བའི་མཁར་བརྩིགས་ལག་རྩལ་འཕེལ་རིམ་ཡང་རྟོགས་པའི་ཤུལ་བཞག་གི་ལྡེ་མིག་ལྟར་ཆགས་ཡོད། སྟབས་ཉེས་པ་ཞིག་ལ་དེའི་གཅེས་ནོར་མང་པོ་དུས་རབས་བཅུ་གསུམ་པའི་ནང་རོལ་ཏུ་ཇག་པས་བཅོམ་པ་དང་། 1526 ལོར་སི་ཕན་ Span, གྱི་དབང་སྒྱུར་བ་མོན་ཐྲེ་ཇོ་ Francisco de Montejo, ཡིས་གོང་མར་སྙན་ཞུ་ཕུལ་ཅིང་། དབང་སྡུད་དམག་དཔུང་དང་བཅས་ཡུ་ཁ་ཐྲན་ནང་བཙན་འཛུལ་དབང་བསྒྱུར་གྱིས་བཅའ་ཁྲིམས་གཏན་འབེབས་བྱས། 1527ལོར་ཁོས་དཔུང་ཤེད་ལ་བརྟེན་ནས་ཡུལ་དེའི་མི་སེར་བཅུ་ཆའི་གཅིག་སྡེབས་གསོད་བཏང་། དེ་ནས་ཡུ་ཁ་ཐྲན་དང་ཐག་ཉེ་བའི་སག་མན་ཧ་Xaman Ha,ནས་བཙན་རྫོང་ཆུང་ངུ་ཞིག་བརྩིགས། 1531 ལོར་མོན་ཐྲེ་ཇོ་ཕྱིར་ཡུ་ཁ་ཐྲན་ལ་སླེབས་སྐབས་དཔུང་སྣོན་དང་འབྲེལ་ཁོའི་སྒར་གཙོ་བོ་ནུབ་ཀྱི་མཚོ་ངོགས་ཁམ་ཕེ་ཆེ་ Campeche, རུ་བཏབ། 1532 ཀྱི་ལོ་མཇུག་ཏུ་མོན་ཐྲེ་ཇོས་ཁོ་རང་གི་བུ་ཡུ་ཁ་ཐྲན་ནང་དབང་བསྒྱུར་བར་མངགས་པ་དེས་ཨེ་ཐྲི་རྫ་རྒྱལ་སར་འཛུགས་བསྐྲུན་གྱིས་མིང་ལ་སེའུ་ཌ་ཌེ་རེལ་Ciudad Real,ཞེས་གསར་དུ་བཏགས།
ཕྱིས་སུ་མཱ་ཡ་བ་དག་གྱེན་ལོག་གིས་དགྲ་བོའི་མཐའ་བསྐོར་ཅིང་དྲག་རྒོལ་དང་འབྲེལ་མཁོ་སྒྲུབ་སྦྱོར་མཚམས་བཅད། གྲོང་ཁྱེར་ཆི་ཆེན་ཨི་ཐྲི་རྫ་འཐབ་རའི་བཙན་རྫོང་ལ་བསྒྱུར་ཏེ། 1534-1535 ལོའི་བར་སི་ཕན་གྱི་མི་ཡོད་ཚད་ཡུ་ཁ་ཐྲན་ནས་མཐར་སྐྲོད་བཏང་བ་ལས་མཁར་རྩིག་དེར་ཉམས་དམས་ཚབས་ཆེ་བ་བྱུང་། དུས་རབས་ཉི་ཤུ་བའི་མགོ་སྟོད་མེག་སི་ཁོ་གསར་བརྗེ་དུས་སྐབས་དང་འཛམ་གླིང་དམག་ཆེན་དང་པོའི་དུས་འགྱུར་ཁྲོད་ཨི་ཐྲི་རྫའི་ལས་གཞི་རྣམས་གནས་སྐབས་རིང་ཕྱི་བཤོལ་བྱ་དགོས་ཐུག་ཀྱང་ཕྱིས་སུ་རིམ་པས་བསྐྱར་གསོ་དང་སྲུང་སྐྱོབ་བྱས་ཡོད། ཨི་ཐྲི་རྫ་ཁྲོན་པའི་ཁ་ར་ན་ཡ་མཚན་གྱི་ལྟད་མོ་ཐང་མར་བརྡལ་བས་མེག་སི་ཁོའི་གནའ་ཤུལ་དག་ལས་ཡུལ་སྐོར་སྤྲོ་འཆམ་པ་ཆེས་མང་ས་དེ་ཡིན་ཞིང་ཧ་ལམ་ལོ་རེར་མི་གྲངས་ས་ཡ་གཅིག་ལྷག་ཡོང་གི་ཡོད། 1988 ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས(UNESCO) འདི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་གྲས་སུ་བཞག་པ་བཅས་སོ།།
ལྷ་གནས་འདི་དག་དང་འབྲེལ་ཡོད་ལས་ཆེ། མེ་སེཀ་ཀོར་གནས་པའི་སྔོན་མི་དག་ལ་ལོག་རྟོག་འཚབས་ཆེན་ཞིག་ཡོད་འདུག དེ་ནི་གལ་ཏེ། གལ་ཏེ་ལྷ་མཆོད་དུ་མི་གསོད་ཁྲག་གསོལ་མ་བྱས་ན། ལྷས་འཇིག་རྟེན་སྟོངས་པར་བྱེད་པའི་ལོག་ལྟ་མཆིས། ཐོག་མར་སླེབས་པའི་ཡུ་རོབ་ཀྱི་མི་སྟོང་ཕྲག་མང་པོ་བསད་ནས་ལྷ་གསོལ་བྱས། བསད་པའི་མིའི་རོ་སྦས་པ་ཀུན་ཕྱིས་སུ་རྙེད་བརྟག་དཔྱད་བྱས། ཡུ་རོ་པའི་མི་རིགས་ཡིན་པ་ངོས་འཛིན་བྱས་པའི་གནས་ཚུལ་བཤད། བྱ་བ་ངན་པ་དེ་དག་གི་རྐྱེན་ལས་དིང་སང་རྩིག་པ་འདི་དག་གི་སྒོ་ནས་སྔ་སྲོལ་ཆོ་ག་བྱེད་མཁན་མེད་པར་ཆགས་པ་ཡིན་ནམ་སྙམ་དུ་སེམས་སོ།
ཟིན་ཐོ་ཡག་པོ་བྲིས་གནང་འདུག བཀའ་དྲིན་ཆེ།