ཕུན་ཚོགས་བསྟན་དར།
ས་མཐོ་མཁའ་རླུང་གཙང་བའི།།
སྐྱིད་པའི་ཕ་ཡུལ་ཡོད་ཀྱང་།།
ཁྱིམ་གཞིས་སྟོངས་པ་ཇི་བཞིན།།
གཞན་ཡུལ་འགྲིམ་དགོས་ཆགས་སོང་།།
དཀར་དཀར་སེམས་རྒྱུད་དཀར་བའི།།
མི་རིགས་བཟང་པོ་ཡིན་ཡང་།།
ཉེས་ཅན་གཏེ་པོ་འདྲ་བའི།།
ནག་ཉེས་འཁྱེར་དགོས་བྱུང་སོང་།།
དྲིན་ཆེན་མེས་པོས་བཟོས་པའི།།
སྐད་ཡིག་སྤུས་དག་ཡོད་ཀྱང་།།
བུ་ཕྲུག་ངོ་ཚ་མེད་པས།།
བེད་སྤྱོད་མེད་ཅེས་དོར་ཐལ།།
རེ་འདུན་གཅིག་ལས་མེད་པས།།
མཐུན་ལམ་རྡོག་རྩ་གཅིག་སྒྲིལ།།
ཕུགས་བསམ་གཅིག་རང་ཡོད་དེ།།
བོད་རིགས་སྤུན་ཟླ་མཉམ་འཛོམས།།
རང་གིས་རང་ལ་གཅེས་ན།།
རང་རིགས་བརྩེ་བས་སྐྱོངས་དགོས།།
རང་ལ་ཕ་གཞིས་འདོད་ན།།
གཞན་ཡུལ་པང་དུ་མ་ལེན།།
ལེགས་པར་བྲིས་ཤིས་སྙིང་དོན་ལྡན་པར་བཤད་དོ།
ས་འཐོ་མཁའ་རླུང་གཙང་བའི། །ཕ་ཡུལ་གཞན་ལ་ཤོར་ཀྱང་། །ལ་བརྒྱ་སྙིང་བསྟོད་མ་ཞན། །ལོན་པའི་དུས་ཤིག་ཡོད་ངེས། ། ཉེས་མེད་ས་མཐའ་འཁྱམ་ཡང་། །དོན་སྙིང་སྤུས་ཀ་ལྡནཔའི། །བོད་ཡིག་རྒྱུད་འཛིན་བྱས་ན། །སྤེལ་པའི་དུས་ཤིག་ལོས་ཡོད། །