སེར་ཤུལ་རིན་ཆེན་དོན་གྲུབ།
དུས་རབས་འདི་ནི་ཆ་འཕྲིན་དང་འཕྲུལ་ལས་ཀྱི་དུས་རབས་ཤིག་ཏུ་འགྱུར་བཞིན་ཡོད། ཉིན་རེ་ནས་ཉིན་རེར་འགྱུར་བཞིན་ཡོད། དེ་ནི་དུས་རབས་ཀྱི་འགྱུར་བ་ཞིག་དང་། འགོག་མེད་ཀྱི་བསམ་བློའི་འགྱུར་བ་ཞིག་ཀྱང་རེད། སྐྱེ་བོ་སྒེར་གྱི་འདོད་མོས་ཡོད་མེད་ལ་མ་བལྟོས་པར་དུས་རབས་རང་བཞིན་གྱི་འགྱུར་བ་འདི་ནི་མུ་ནས་མུ་མཐུད་འགྱུར་ངེས་ཡིན་ལ། ང་ཚོ་ཀྱང་འགྱུར་བ་འདི་དག་དང་བསྟུན་ནས་འགྲོ་དགོས་པ་ལས་གནའ་བོའི་དུས་རབས་ལ་ཕྱིར་བཀྱེད་བྱེད་ས་གཏན་ནས་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་དེ་ནི་རང་ཉིད་ཀྱིས་རང་ཉིད་ལ་སྒོ་ལྕགས་བརྒྱབས་པ་དང་གཅིག་མཚུངས་རེད།
དུས་སྐབས་འདི་འདྲ་ཞིག་ལ་ང་ཚོས་ཀྱང་འཕྲུལ་ལས་དུས་རབས་ཀྱི་རྗེས་སུ་བསྙེགས་ནས་རྣམ་དཔྱོད་ཀྱིས་འཕྲུལ་ལས་བེད་སྤྱོད་བྱས་ཤིང་། འཕྲུལ་ལས་རིག་པའི་མདུན་ངོས་ནས་མི་རྣམས་ལ་འཚོ་བ་དང་། སྙིང་སྟོབས། སེམས་ཤུགས། བཟང་སྤྱོད། རེ་བ། མདུན་སྐྱོད་སོགས་ཀྱི་སྐུལ་སློང་བྱེད་དགོས་པ་ནི་འཕྲུལ་ལས་ལེགས་ཕྱོགས་སུ་སྤྱོད་སྟངས་ཡང་དག་ཅིག་ཡིན། དུས་སྐབས་འདི་འདྲ་ཞིག་ལ་བོད་ཕྱི་ནང་གི་བོད་མི་དོ་སྣང་ཅན་མང་པོ་ཞིག་གིས་དགའ་མོས་དང་དོ་སྣང་བྱ་ཡུལ་གཅིག་ནི་རླུང་འཕྲིན་དང་བརྙན་འཕྲིན་གཅིག་ཅར་གྱི་ལས་རིམ་ཨ་རིའི་རླུང་འཕྲིན་ཁང་འདི་ཡིན།
བར་ལམ་ཨ་རིའི་རླུང་འཕྲིན་ཁང་སྒོ་རྒྱག་མིན་གྱི་གནས་ཚུལ་སོགས་རིམ་པར་བརྒྱུད་མཐར་བར་ཆད་མཐའ་དག་ལས་ཐར་ཏེ་ཇེ་ལེགས་ཇེ་འཛོམས་ཀྱི་ཕྱོགས་སུ་བསྐྱོད་སོང་བ་ནི་བོད་མི་རིགས་ལ་མཚོན་ན་རྒྱལ་ཁ་ཞིག་ཀྱང་ཅི་ལ་མིན།
ཨ་རིའི་རླུང་འཕྲིན་ཁང་བརྒྱུད་ནས་མི་མང་པོ་ཞིག་ལ་འཛམ་གླིང་དང་། ཨ་རི། རྒྱ་ནག བོད་སོགས་ཀྱི་གནས་ཚུལ་མང་པོ་ཞིག་མཁོ་སྤྲོད་བྱས་ཡོད་པ་དང་། ལྷག་པར་དུ་བོད་དོན་དཔྱད་ཞིབ་དང་། གལ་ཆེན་གྱི་གནས་ཚུལ་གང་མང་ཐོག་གནད་ཡོད་མི་སྣར་དྲི་བ་དྲིས་ལན། དྲ་རྒྱ་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་སོགས་ནི་ད་ལྟའི་དུས་རབས་དང་། བོད་མིའི་སྤྱི་ཚོགས་ཀྱི་དགོས་ངེས་རང་བཞིན་གྱི་ལས་བྱ་དག་ཡིན་པས་བསྔགས་པར་འོས་པ་ཞིག་རེད། ལྷག་པར་དུ་འདྲ་མཉམ་དང་། ཀུན་ཁྱབ་ཀྱི་འདུ་ཤེས་ཤིག་གི་ཐོག་ནས་གསར་འཛུགས་ཞུས་པའི་དྲ་བརྙན་གླེང་མོལ་ནི་ད་ལྟའི་བོད་ཀྱི་འཚོ་གནས་ཀྱི་དོན་དངོས་རང་བཞིན་དང་། སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བར་ཉེ་ཞིང་། ཆེན་པོ་དང་། མཁས་དབང་། རྫིག་པོའི་མིང་འཛིན་པ་རྐྱང་རྐྱང་གི་གར་སྟེགས་ཤིག་ཏུ་མ་བསྒྱུར་བར་མཐོ་དམན་བར་གསུམ་དང་། རྒན་དར་གཞོན་གསུམ། སྤྲང་ཕྱུག་དབྱེར་མེད་ཀྱི་ཐོག་ནས་རང་རང་གི་འཚོ་བའི་གནས་སྟངས་ནས་བཟུང་སྟེ་ཉམས་མྱོང་དང་། ཆེད་ལས་ཀྱི་དགོས་མཁོ། དཀའ་ངལ་གདོང་ལེན་ཇི་བྱས། སེམས་ཤུགས་དང་སྤོབས་པ་ཇི་ལྟར་སླེབས་པ་ལ་སོགས་པའི་བརྗོད་གཞི་སྣེ་མང་གི་ཐོག་ནས་གླེང་མོལ་བྱས་པའི་སྙིང་གཏམ་གླེང་སའི་གར་སྟེགས་ཤིག་རེད།
གར་སྟེགས་འདི་ནི་ཉམས་མྱོང་བརྒྱུད་འགྲེམས་ཀྱིས་སེམས་ཤུགས་དང་། སྤོབས་པ། རེ་བ། སྐུལ་འདེད་སོགས་སྦྱིན་པའི་བརྒྱུད་ལམ་ལེགས་པོ་ཞིག་རེད་ལ་ང་ལ་མཚོན་ན་གླེང་མོལ་འདི་དག་གིས་དངོས་ཡོད་འཚོ་བར་རྒྱུས་ལོན་དང་། སེམས་ཤུགས་མཐོར་འདེགས། མདུན་སྐྱོད་ལ་སྐུལ་འདེད་སོགས་ལན་མང་བྱས་བྱུང་། དེ་བཞིན་དུ་བོད་ཕྱི་ནང་གི་ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ་གསན་གཟིགས་གནང་མཁན་ཚོར་ཡང་དེ་ལྟ་བུའི་ཚོར་བ་ཞིག་དང་། འཚོ་བ་དངོས་མ་ཞིག་གི་མྱོང་བྱང་སྤྲོད་བཞིན་ཡོད་ངེས། བཅར་འདྲིའི་ཁྱབ་ཚད་དང་། སྣ་མང་རང་བཞིན་སོགས་ད་དུང་ཡང་ལེགས་བཅོས་དང་། གོང་འཕེལ་དུ་བཏང་སྟེ་དུས་དང་མཐུན་ཞིང་། འཚོ་བར་ཉེ་བའི་ལས་རིམ་འདི་དག་མུ་མཐུད་དེ་མདུན་སྐྱོད་དང་། བདེ་ལེགས་ཡོང་བའི་སྨོན་འདུན་ཞུ། །
༢༠༡༣/༩/༢༢/ལ་བྲིས།
གར་སྟེགས་འདི་ནི་ཉམས་མྱོང་བརྒྱུད་འགྲེམས་ཀྱིས་སེམས་ཤུགས་དང་། སྤོབས་པ། རེ་བ། སྐུལ་འདེད་སོགས་སྦྱིན་པའི་བརྒྱུད་ལམ་ལེགས་པོ་ཞིག་རེད་ལ་ང་ལ་མཚོན་ན་གླེང་མོལ་འདི་དག་གིས་དངོས་ཡོད་འཚོ་བར་རྒྱུས་ལོན་དང་། སེམས་ཤུགས་མཐོར་འདེགས། མདུན་སྐྱོད་ལ་སྐུལ་འདེད་སོགས་ལན་མང་བྱས་བྱུང་།
ཟེར།
ཁྱེད་རང་ལ་ཐོབ་པའི་འབྲས་བུ་དང་་ཚོར་སྣང་ཅིག་འབྲི་ཐུབ་ན་ཡག་པོ་འདུག
ཡ་འ་ད་ཨ་རིའི་རླུང་འཕྲིན་དང་དྲ་བརྙན་ལ་བསྔགས་པ་བྱས་ན་དྲང་པོ་བྱུང་ཨེ་ཡོད་ན། ཨེ་ཞི་རླུང་འཕྲིན་གྱི་དྲ་བརྙན་འདུག
རྡ་སའི་དྲ་བརྙན་འདུག དེ་ཚོ་ལས་དོན་ཅི་གྲུབ་བཞིན་ཡོད་ན། ཨ་རོ་ཚོ་སྙིང་གཏམ་ཡོད་ན་བཤད་པར་འཚལ།
མདུན་སྐྱོད་ལ་སྐུལ་འདེད་སོགས་ལན་མང་བྱས་བྱུང་། ཞེས་པར་ཐེངས་མང་། ཞེས་མེད་པར་ཡར་རྒྱས་ཡོད་པའི་བོད་སྐད་ཀྱི་མིང་ཚིག་བཀོལ་བར་དགའ་བསུ། གསར་དུ་འཐོན་པའི་རིག་གནས་སོགས་སྦྱོང་བ་ལ་སྤོབས་པ་དགོས། ཨ་རིའི་གྲོང་ཁྱེར་དག་ཏུ་སྔར་གྱི་ལམ་ལུགས་ལ་ཞེན་པ་དག་གིས་གློག་ཀླད་སྦྱོང་དགོས་བཤད་པ་ལ་བདག་གིས་བྱ་བ་ཐམས་ཅད་མཛུབ་གནོན་ཡོ་བྱད་ཀྱིས་བྱེད་ཐུབ་ཅེས་གློག་ཀླད་འཕྲུལ་ཆས་སྦྱོང་གི་མ་ཡིན་ཞེས་བཤད་པ་ཐོས། དེ་ལྟར་ངའི་ལོ་མཉམ་བོད་མི་མང་པོས་གློག་ཀླད་འཕྲུལ་ཆས་སྤྱོད་སྟངས་མ་ཐུབ་མཁན་མང་དུ་ཡོད་སྙམ་པ་ལགས་སོ།
གྲོགས་པོ་སེལ་ཤུལ་ལགས་་་་་ཡག་པོ་བྲིས་འདུག་་་་ཐུགས་རྗེ་ཆེ་་་་་་་་
དྲྭ་ནང་གི་བོད་་་ལས་ལྷག་པ་ཞིག་ཨ་རིའི་རླུང་འཕྲིན་ཁང་ལ་གང་ཡང་མི་འདུག། ངས་ནི་དེ་གཅིག་ཀྱང་མ་ཆད་པ་བྱས་ནས་ལྟ་གི་ཡོད། ཆོས་རིག་གི་ལེའུ་ཚན་་་དེར་བོན་པོའི་སྐོར་ཞིག་ནམ་ཐོན་ཡོང་ངམ་བསམ་ནས་བལྟས་བལྟས་པ་ཡིན་ད་བར་གཅིག་ཀྱང་མཐོང་མ་སོང་། ཀྱེ་མ་ཀྱེ་ཧུད། འཁོར་བ་པ་ཟེར་ན་འདི་འདྲ་འདྲ་ཞིག་ལོས་ཡིན། ད་དུང་་་སྟོད་མངའ་རིས་་་ཀྱི་ཡུལ་སྐད་དྭངས་མ་་་མ་པང་གཡུ་མཚོ་འདྲ་བ་ཞིག་ནམ་ཐོས་ཡོང་ངམ་བསམ་ནས་བསྒུགས་བསྒུགས་པ་ཡིན་ད་བར་ཕ་རིའི་སྤང་རྒྱན་རེད། །
དྲྭ་ལམ་འདི་ནི་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་་་་ཆོས་རིག་ལེའུ་ཚན་་་ཟེར་བ་དེ་རེད། http://www.voatibetan.com/archive/buddhism-culture/latest/2255/2624.html འདིར་གཅིག་གཟིགས་དང་བོད་རང་གི་བོན་ལུགས་གྲུབ་མཐའི་སྐོར་ལ་ད་བར་དྲི་བ་དྲི་ལན་བྱས་བཞག་པ་ཚིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མི་འདུག། བོན་པོ་ཚོས་འདི་འདྲའི་སྐོར་ལ་ཏོག་ཙམ་དོ་སྣང་ནན་པོ་གནང་དགོས་རྒྱུ་དེ་གལ་ཆེན་དུ་མཐོང་། ཅིས་ན་འགྲོ་སོང་ནི་ལོ་བཏུད་མར་ཨ་རི་གཞུང་གིས་གཏོང་གི་ཡོད་པ་རེད། དམིགས་ཡུལ་ནི་དྲང་བདེན་འདྲ་མཉམ་གྱིས་བོད་རྒྱ་ཆེའི་མི་དམངས་ལ་གོ་རྟོགས་སྤེལ་རྒྱུ་དེ་བཟུང་ཡོད་པར་ངེས། དེའི་ནང་དུ་བོད་རང་གི་བོན་ལུགས་བདག་པོ་རྒྱག་མཁན་བོད་ཀྱི་བོན་པོ་རྒྱ་ཆེའི་མང་ཚོགས་ཚོ་འཚུད་ལོས་ཡོད། གལ་སྲིད་ཨ་རི་གཞུང་གིས་བོན་པོ་ཚོ་འཚུད་མེད་ཟེར་ན་སྐད་ཆ་ཁག་ཁག་རེད། ཡང་མིན་ན་ཁྱེད་ཚོའི་མིའི་སྐྱིད་སྡུག་ནང་དུ་བོན་པོ་ཚོ་འཚུད་མེད་ཟེར་ནས་ཡང་སྐང་ཆ་ཁག་ཁག་ལོས་ཡིན། དེ་འདྲ་ཡིན་དུས་བོད་རང་གི་བོན་ལུགས་གྲུབ་མཐའི་སྐོར་ལ་ད་བར་་རྒྱ་ཆེའི་མང་ཚོགས་ལ་ཚིག་འབྲུ་གཅིག་རྐྱང་ཁྱབ་བསྒྲགས་བྱེད་མི་དགོས་པའི་རྒྱུ་མཚན་ཁྱེད་ཚོ་ལ་ཤོད་རྒྱུ་ཡོད་དམ། །