༄༅།།ཀྲུའུ་ཝེ་ཆུན་གྱིསསྐུ་ཞབས་རྒྱ་རི་བློ་གྲོས་ཀྱིས་རྒྱུ་མཚན་གསལ་འགྲེལ་བྱས་པའི་ཐོག་ནས་ཏཱ་ལའི་ཡིས་རྫུན་གཏམ་ལབ་པ་ར་སྤྲོད་བྱས་འདུག་ཅེས་གསུངས་པ།
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་(http://www.tibet.cn)ཀྱི་འཕྲིན་གསར། ཟླ༡༢པའི་ཚེས༡༧ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་ཏཱ་ལའི་བླ་མའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་ཀྱིས་ཟླ༡༢པའི་ཚེས༡༠ཉིན་བཏོན་པའི་གསལ་བསྒྲགས་ཀྱི་ཐད་ནས་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་གཤམ་གསལ་ལྟར།
གསར་འགོད་པས། ཟླ༡༢པའི་ཚེས༨ཉིན་ཁྱེད་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་སྐབས་འདི་སྐད། ཏཱ་ལའི་བླ་མས་ཀྲུང་དབྱང་གི་འཐུས་མིས་མཇལ་འཕྲད་གྲོས་མོལ་གནང་བའི་ཐད་དཀྲོག་གཏམ་བཟོས་ཤིང་། ཁྱེད་ཀྱིས་“ཏཱ་ལའི་བླ་མས་བོད་རང་བཙན་བྱེད་པའི་རེ་འདོད་མེད”ཅེས་པའི་སྐད་ཆ་ཞིག་རྩ་བ་ནས་བཤད་མ་མྱོང་བ་དང་། ཏཱ་ལའི་ཡིས་འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་རྫུན་གཏམ་བརྗོད་བཞིན་འདུག་ཅེས་བསྟན་པ་རེད། ཁྱེད་ཀྱི་ཐེངས་འདིའི་བཅར་འདྲིའི་གླེང་མོལ་ལ་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག ཕྱི་རྒྱལ་གློག་འཕྲིན་ཚན་པས་བསྒྲགས་པ་ལྟར་ན། ཟླ༡༢པའི་ཚེས༡༠ཉིན་ཏཱ་ལའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་ཀྱིས་ཕྱིའི་ཡུལ་དུ་གསལ་བསྒྲགས་ཤིག་སྤེལ་ཏེ་ཏཱ་ལའི་བླ་མའི་ཕྱོགས་ཀྱི་རྒྱུ་མཚན་གསལ་འགྲེལ་བྱས་ཡོད་པ་རེད། ཁྱེད་ཀྱིས་གསལ་བསྒྲགས་དེ་ལ་ལྟ་ཚུལ་ཅི་ཞིག་འཛིན་ནམ།
ཀྲུའུ་ཝེ་ཆུན་གྱིས་འདི་སྐད། ངས་ཟླ༡༢པའི་ཚེས༨ཉིན་དོན་དག་དེ་བརྗོད་སྐབས་གནས་ཚུལ་དེའི་སྔ་གཞུག་གི་གོ་རིམ་ཧ་ཅང་ཁ་གསལ་བ་རེད། སྔར་ཡིན་ན་ད་དུང་མུ་མཐུད་དུ་བརྗོད་རྒྱུའི་འཆར་གཞི་མེད་མོད། ཡིན་ནའང་རྒྱ་རི་བློ་གྲོས་ཀྱི་གསལ་བསྒྲགས་མཐོང་བ་ལས། གལ་ཏེ་སྐད་ཆ་རེ་མ་བཤད་ན་རྒྱ་རི་བློ་གྲོས་ཀྱི་ཤ་ཚ་བའི་གཏམ་དེ་སྣང་མེད་དུ་བཞག་སོང་སྙམ་ནས་བློ་བདེ་བོ་མི་འདུག་ཞེས་གསུངས་པ་རེད།
གསར་འགོད་པས། རྒྱ་རིས་གསལ་བསྒྲགས་ཁྲོད་དུ་ད་དུང་། ཁོ་ཚོས་སྔོན་ཆད་ “ཕྱོགས་གཉིས་ཀས་གྲོས་མོལ་གྱིས་གསལ་བསྒྲགས་ལ་མིང་རྟགས་འགོད་པའི་གྲོས་གཞི་བཏོན”མྱོང་ཞིང་། ཁོ་ཚོས་ད་དུང《བོད་མི་རྣམས་ལ་ངེས་པ་དོན་དུ་རང་སྐྱོང་ཐོབ་ཕྱིར་བཞག་པའི་དྲན་ཐོ》ཞེས་བྱ་བ་ཞིག་སྤྲད་མྱོང་མོད། འོན་ཀྱང་ཀྲུང་དབྱང་གིས་མངགས་པའི་འཐུས་མིས་སྐབས་འཕྲལ་ཁས་མི་ལེན་ཟེར་བའི་གནས་ཚུལ་དེ་བདེན་ནམ།
ཀྲུའུ་ཝེ་ཆུན་གྱིས། སྐུ་ཞབས་རྒྱ་རིས་ལྐོག་ངན་ཡིད་ལ་བཅངས་ནས་ཏཱ་ལའིས་རྫུན་བཤད་ཀྱིན་ཡོད་དམ་ཞེས་པ་ལྟ་བུའི་བརྗོད་པར་བྱ་བའི་གཞི་གང་ཡིན་པ་དེ་དག་ལས་གཡོལ་ཅི་ཐུབ་བྱས་ཏེ། ཀུན་གྱི་བློ་ཁ་གཞན་ཕྱོགས་སུ་དཀྲི་ཅི་ཐུབ་བྱེད་ཀྱིན་འདུག འོན་ཀྱང་སྐད་ཆ་བཤད་མཚམས་འདིར་སླེབས་དུས། ངས་རྒྱ་རིའི་སྐད་ཆ་དེ་གཉིས་ལས་གནས་ཚུལ་དངོས་ཤིག་མཚོན་ཡོད་ཅེས་ཀྱང་བཤད་པ་ཡིན། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་གསལ་བོ་ཡིན་ལ་འགྱུར་མེད་ཀྱང་ཡིན། དེ་བས། རྒྱ་རི་ནི་ཁོ་ཚོ་མི་གཞན་པ་དག་ལས་གནས་ཚུལ་འདིའི་ཕྱོགས་ལ་གསལ་ཆ་ཆེན་པོ་ཡོད། སྐུ་ཞབས་རྒྱ་རིས་གལ་ཏེ་“རང་བཙན་ཕྱེད་ཀ”དང“རྣམ་པ་འགྱུར་བའི་རང་བཙན”ཞེས་པའི་བྱེད་ཐབས་བཀོལ་ནས་ཀྲུང་དབྱང་ལ་མགོ་སྐོར་གཏོང་འདོད་ཡོད་ཚེ། དེའི་མཇུག་འབྲས་ནི་སྔར་དང་མི་མཚུངས་པ་འགའ་ཡང་མེད། ཅེས་གསུངས་པ་རེད།
སྤེལ་དུས། 2009-12-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། རྩོམ་པ་པོ། |
སྐད་ཆ་ཚིག་གཅིག་ལ་ཡང་ལན་འདེབས་བྱེད་རྒྱུར་དུས་ཚོད་ཡོལ་དུ་མི་འཇུག་པའི་རྒྱའི་སྲིད་གཞུང་གི་དོ་ཟླ་བོད་སྐྱབས་བཅོལ་གཞུང་གིས་བྱེད་ཐུབ་དགོས་ཀྱི་ཡོད་ན་ནི། དུས་ཐོག་དུ་ལན་འདེབས་བྱེད་རྒྱུ་དེ་ནི་གནད་ཡོད་མི་སྣ་སུས་མིང་བཟུང་དེ་བཤད་ཡོད་པ་དེ་ཡི་ལན་འདེབས་གསལ་བོ་ཞིག་བྱེད་རྒྱུ་དེ་ནི་དངོས་ནས་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད་པ་རེད། དེ་མིན་རྒྱའི་སྲིད་གཞུང་གིས་སྐད་ཆ་དེ་ཚོ་ནི་གང་སར་འགྲེམ་སྤེལ་བྱེད་ཐུབ་བྱེད་ཀྱི་ཡོད་པ་དེར་ནུས་པ་ཡང་གང་ཙམ་ཞིག་སླེབས་མི་སྲིད་པ་གཏན་ནས་མིན།
ཀྲུའུ་ཝེ་ཆོན་གྱི་གདོང་པ་དེ་རྐྱལ་བའི་ནང་ལ་ཁྲག་བླུགས་པ་འདྲ་བོ་ཞིག་མི་འདུག་གེ དེའི་ཁྲག་དེ་དབུས་གཞུང་ནས་བླུགས་གི་བསྡད་ཡོད་པ་རེད།
ད་བོད་དོན་འདིར་བསམ་བློ་བཏང་གི་བཏང་ན་རྒྱ་ལོའི་རྒྱ་དང་རྒྱ་རིའི་རྒྱ། རྒྱ་ནག་གི་རྒྱ་ཚང་མ་གཅིག་འཕྲོར་གཅིག་གིས་སྦྲེལ་ཡང་རྒྱ་ནག་ཚང་གི་ཆེ་འདོད་ཀྱི་རྒྱ་དེ་གཙང་མ་བྱས་ནས་མ་བཞར་བར་དུ་ཁྱི་རྒན་རྒྱ་བོ་ཚོས་མགྲོན་གསར་བར་ཡག་པོ་བྱེད་གི་མ་རེད་འདོད།
རྒྱ་ལོ་རྒྱ་རི་རྒྱ་ནག་ཚང་ལ་འགྲོ།། རྒྱ་སྐད་ཐོག་ནས་རྒྱང་གཏམ་བསྒྲོགས་པ་དེའི།། རྒྱ་ཆེན་བོད་མིའི་སེམས་ཁོང་རྨོངས་སུ་བཅུག། རྒྱ་བོད་གྲོས་མོལ་སྟོང་བསམ་འཇའ་ལྟར་ཡལ།།
ད་ཁག་ཡོད་ནི་མ་རེད། ཡང་མི་འགྱངས་བར་སུམ་ཅུའི་དུས་སླེབས་གྲབས་ཡོད་པས་གཞུང་གནིས་ཀྱི་བར་དུ་གཅིག་གཙིག་ལ་ཁ་གཏོང་རེས་དང་གླེང་འདེབས་རེས་བྱེད་རན་དུ་སླེབས་སོང་བ་རེད། སུམ་ཅུའི་དུས་དྲན་ཚར་བའི་རྗེས་ནས་མི་འགྱངས་པར་རླུང་ཡན་དེ་ཡལ་འགྲོ་ཡི་རེད། འདི་འདྲ་ཞིག་ལ་ཁ་གཡར་ནས་བོད་ནང་དུ་དམ་དྲག་ཀྱང་མགོ་འཛུགས་ཀྱི་རེད།
རྒྱ་ལོའི་ལས་འཕྲོ་རྫོགས་རྒྱུ་མེད་པ་དེ།།
རྒྱ་རུ་བླ་མས་མཇུག་སྐྱོང་བྱས་པ་ན།།
རྒྱ་རྒན་ཚང་གི་རྒྱུ་མ་ཁོག་ནས་འགུལ།།
རྒྱ་ཆེའི་བོད་མིའི་རེ་བ་དེ་ལ་བཅོལ།།
སྙིང་དོན་གང་ཡང་མེད་པའི་འབྲེལ་བརྗོད་པ་མཁས་དབང་རྣམས་ཀྱིས་དགོངས་པ་ཐར་ཐུབས་ཏེ་རང་དང་གཞན་གྱི་དབྱི་བ་ཡོད་དང་མེད་། རྒྱ་བོད་གཉིས་ཀྱི་བཀའ་རྙོགས་ཏེ་ལས་ལྷ་པོ་ཡོད་ཀྱི་རེད་བསམ་གི་མེད་།