འབོལ་རྩོམ་དང་བསྒྱུར་རྩོམ། ཐོལ་རྩོམ་སྐོར་གྱི་རྩོམ་བརྡ།
ང་ཚོས་མུ་མཐུད་དུ་སྤྱི་ཚོགས་ཀྱི་འཕེལ་ཁ་ཡངས་པོའི་ལམ་ཆེན་འདི་ནས། དུས་རབས་ཀྱི་ཀློག་པོ་དག་ལ་གཙང་སེལ་དང་བཤའ་བཅོས་ཀྱི་ལག་རྩལ་ཞིག་འདོན་སྤྲོད་དང་། བསམ་བློ་རྙིང་ཞེན་གྱི་བ་ཚྭ་དང་བསམ་བློ་གསར་བ་ཡི་བརྗེད་ཆུའི་ངོས་ནས་དུས་རབས་དང་འཚམ་པའི་སྨན་བཟང་བོ་ཞིག་བཟོ་སྐྲུན་བྱ་འདོད།
དོ་སྣང་བྱ་ཡུལ།
༡. བརྩམས་ཆོས་ཀྱི་ཁ་ཕྱོགས་ཡུལ་གཙོ་བོ་བསམ་བློ་དང་དགག་རྒྱག སློབ་གསོའི་སྐོར་ཏེ། ལྟ་བ་མཉམ་གླེང་གི་རྣམ་པ་ཞིག་ཆགས་པར་རེ་བ།
༢. བསྡུས་དེབ་འདི་ང་ཚོ་ལོ་རེའི་སྤྱི་ཟླ་དགུ་པའི་རྗེས་ཀྱི་ཁོམ་ལོང་ཆེ་བའི་དུས་སྐབས་ལ་དཔར་སྐྲུན་བྱེད་བཞིན་ཡོད་པས།འདིར་བསྐུར་ཡོད་པའི་རང་གོི་བྲིས་རྩོམ་དག་དཔར་སྐྲུན་མ་བྱེད་སྔོན་ལ། དེབ་གཞན་པ་དང་དྲ་ཐོག་སོགས་ལ་འགྲེམ་སྤེལ་མི་གནང་བར་ཞུ།
༣. རྩོམ་ལུས་འབོལ་རྩོམ་དང་བསྒྱུར་རྩོམ། ཐོལ་རྩོམ་གྱི་རྣམ་པ་ཡིན་ལ་བརྩམས་ཆོས་སྐུར་དུས་རང་གི་དངོས་མིང་ངམ་ཡང་ན་སྙུག་མིང་གསལ་བོ་ཞིག་འབྲི་རྒྱུ་གལ།
[ངེད་རྩོམ་སྒྲིག་ཁང་གིས་རྩོམ་པོའི་ལོ་ཚོད་དང་ལས་གནས། ཡང་ན་སྙན་གྲགས་ཡོད་མེད་སོགས་ཀྱི་ཁྱད་པར་མི་འབྱེད་པར། གཙོ་བོ་རྩོམ་མཁན་རང་གི་བརྩམས་ཆོས་ཀྱི་ནང་སྙིང་ལེགས་ཤོས་དང་ཀུན་༼སྤྱི་ཚོགས༽ལ་ཕན་ཤོས་ཤིག་ཡིན་ན་ནི། ཆུང་འབྲིང་གི་སློབ་མའི་བརྩམས་ཆོས་ཡིན་ཀྱང་དེབ་སྟེང་དུ་འགོད་རྒྱུ་ཡིན།]
བརྩམས་ཆོས་སྐུར་སའི་གློག་རྡུལ་ཡིག་ཟམ།
yaobianjibu@163.com ཡང་ན་ boomtashi@gmail.com བོད་ནས་རེ་སྐུལ་ལྟར་བཀོད་པ་ཡིན།
འབོལ་རྩོམ་ཡིན་ལ་ཐོལ་རྩོམ་མ་ཡིན་པ། ཐོལ་ཡིན་ལ་འབོལ་རྩོམ་མ་ཡིན་པ། འབོལ་རྩོམ་དང་ཐོལ་རྩོམ་གཉིས་ཆ་མ་ཡིན་པ། ད་དུང་སྙན་རྩོམ། ལྷུག་རྩོམ། སྒྲུང་རྩོམ། དཔྱད་རྩོམ། ཆོས་རྩོམ། ཆགས་རྩོམ། ཅིག་ཅིག། མུག་མུག། ག་རེ་ལབ་ན་ཡང་། ཞེ་ཚིག་ཡོད་མེད་དང་། མངོན་བརྗོད་ཡོད་མེད་ལ་ཚིག་མཚམས་གང་ནས་གཅོད་མི་གཅོད་ལ་རག་ལས་བ་ཞིག་ལས། དོན་གྱིས་དབྱེ་བ་ཞིག་ཞིག་ཨེ་ཡོད་ན།
ངས་ནི་ཚིགས་བཅད་ཚང་མ་ཚིགས་རིང་ལ་བྲིས་བཞག་ན་བལ་འི། ཚིགས་ལྷུག་ཚང་མ་ཚིགས་བཅད་ལ་བསྒྱུར་བཞག་ན་བལ་འི། ང་ལ་ནི་དབྱེ་བ་ཆེན་པོ་མི་གདའ།