བསོད་ནམས་ནོར་བུ།
ལྗིད་ཏིག་གེའི་མགོ་བོ་སྔས་འབོལ་ལ་འགེལ་དུས
རྒྱབ་རི་ལྟ་བུའི་གྲིབ་གཟུགས་ཤིག་གིས་ནག་འཐོམ་མེར་གཉའ་ནས་མར་མནན
སྐབས་དེ་དག་ཏུ་ཅི་ཡང་དྲན་པ་མེད་པར གནམ་ས་གཉིས་ཁ་ཟུམ་པ་བཞིན
རྫི་མ་གཉིས་མར་པགས་ལ་དལ་གྱིས་འབྱར་རྗེས
ཤར་ནུབ་ཀྱི་གནམ་མཐའ་གཉིས་ཡུག་གཅིག་ཏུ་འདྲེས་ཤིང
ཁྲ་ཆིལ་ལེར་པད་མ་ཞིག་མངོན་ཆུང་གིས་འཛུམ་ཞིང་བཞད
འོད་ཆེམ་མེར་མར་མེ་ཞིག་ལྐོག་གྱུར་ཏུ་འབར་ཞིང་འཚེར
སྐད་ཅིག་ཉིད་ལ ཡོད་ཚད་དེ་དག་མིག་ལམ་ནས་གཏན་མེད་དུ་ཡལ་དུས
ཤེལ་ཆག་ལྟ་བུའི་ཆུ་ཐིགས་རྡོག་པོ་འགའ་མགོ་སྔས་སྟེང་འཐིམ་འགྲོ་བཞིན་ཡོད