<<འགྱུར་ལྡོག>>
ཆུང་།
རླུང་སྣེར་བཏགས་པའི་སེམས་པ
ཡང་ཡང་འགུལ ཡང་ཡང་འགུལ
སྟོན་དུས་ཁོ་ནར་སྨིན་པའི་སྟར་སིལ་བཞིན
ཙག་ལྡོམ་ནི་རང་བྱུང་གི་མཛེས་པ་ཞིག་རེད
རྨི་ལམ་གྱི་གཤོག་པ་ཞིག་ཀྱང་རེད
ཁྱེད་ནི་ང་དང་འདི་འདྲའི་ཁ་ཐག་རིང་དོན་ཅི
རྒྱུ་མཚན་མ་རྙེད་པའི་ཚིག་རྩོད་དེས
འུ་གཉིས་ཉེ་བར་བྱིན་ལ་སླར་ཡང་རིང་བར་གྱུར
༢༠༡༣ ༩ ༢༧ ས་དཀར་ཆུ་ཁོལ་ནས།
<<འགྱུར་ལྡོག>>
སྐྲན།
ཆུ་བུར་བཞིན་འཛུམ་ཞིང་།
ཚོམ་བུ་དང་ཚོམ་བུར་བགད་པ་འདིས།
ང་ཡི་རྨི་ལམ་ཞིག་དྲན་པར་བྱས།
སླར་ཡང་། སྟོན་རླུང་དང་བ་མོ་ཟེར་བ་དེས།
ཡང་བསྐྱར་ང་ཡི་རྨི་ལམ་ཞིག་འཇིག་པ་དྲན།
༢༠༡༣།༠༩།༢༥ ༠༩:༥༦སྟེང་རྡ་སར།