རྩོམ་པ་པོ་འཇམ་དབྱངས་ནོར་བུ།
མང་རའི་གངས་ཐིགས་ཀྱིས་བསྒྱུར།
གཞུང་འབྲེལ་གྱི་དབུ་མའི་ལམ་ལྟ་གྲུབ་ཀྱི་ངོ་གདོང་ཐོག་ནས་བོད་དེ་རང་བཙན་ཅན་ལ་གྱུར་ན་ཁམས་ཀྱི་ས་ཆ་མང་ཆེ་ཤོས་དང་ཨ་མདོ་ཡོངས་རྫོགས་གང་ལྟར་ཡང་ངོ་མཚར་ཆེ་བའི་འཕེལ་རྒྱས་འདིའི་ཁྲོད་ནས་ཕྱིར་སྐྲོད་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ངེས་རེད། འདི་ནི་དམིགས་བསལ་གྱིས་བསམ་རྒྱ་ཆུང་ཞིང་བློ་སྦུག་དོག་པའི་མི་སྣ་རིགས་ཀྱི་ལོ་རྒྱུས་ཀྱི་ཚོད་དཔག་བརྫུས་མ་འབའ་ཞིག་ལ་འདྲ་ངེས། བདེན་བདེན་འདྲ་བའི་ཐོབ་ཐང་རྩོད་ལེན་ཀྱི་བརྗོད་ཚུལ་འདིའི་གཏིང་རིམ་ནི་ནོར་འཁྲུལ་ཞིག་དང་རིགས་པ་ཉི་ཚེ་བ་ཞིག་རེད།
ཡིན་ནའང་། འདི་ནི་ཁམས་པ་དག་དངངས་འཚབ་སློང་བ་ལ་སྤྱོད་ཀྱི་ཡོད་ཅིང་། ལྷག་པར་དུ་ཨ་མདོ་བ་ཚོ་ལ་རང་དབང་འཐབ་རྩོད་མཚམས་འཇོག་ཡོང་བར་འདི་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། འགྲེལ་བརྗོད་འདིའི་གནོད་འཚེ་ཆེ་བ་ཞིག་ནི་སྔོན་མའི་ལྷ་སའི་སྲིད་གཞུང་གིས་ཁམས་དང་ཨ་མདོ་སྐོར་ལ་སེམས་ཁྲལ་གཏན་ནས་བྱས་མེད་པ་རེད་ཟེར་བ་དང་། སྡུག་ཤོས་ཤིག་ནི་ངན་པ་ཁོག་བཅངས་ཀྱི་རྩོད་གླེང་འདིས་ལྷ་སས་ས་ཁུལ་འདི་གཉིས་བཙོངས་པ་རེད་ཟེར་བ་དེ་རེད། འདི་ཡིས་ཡང་ཡང་ལྷ་སའི་སྐུ་དྲག་ཚོས་ལྷ་ལྡན་གྲོང་ལ་གནས་མཇལ་དུ་ཡོང་མཁན་གྱི་ཁམས་པ་དང་ཨ་མདོ་བ་ཚོར་བཤུ་གཞོག་གཏོང་གི་ཡོད་པ་དང་ཨ་མདོ་མཁས་པ་ཚོའི་རིག་སྟོབས་ཀྱི་བརྩམས་ཆོས་དག་བརྐུས་ཁྱེར་དང་ལྷག་པར་དུ་“དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས”་བརྐུས་ཁྱེར་གྱི་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད། འདི་དག་ཟིན་བྲིས་འདིའི་ཀློག་པ་པོ་དག་གིས་རྩོམ་ཡིག་འོག་གི་དཔྱད་མཆན་ཉུང་ཤས་ཤིག་གི་ནང་དུ་ཡོངས་སུ་རྟོགས་ཡོད་ཀྱི་རེད།
༡༩༥༠སྔོན་གྱི་ལྷ་ས་སྲིད་གཞུང་ནི་དུས་འཛོལ་སྐབས་ལ་འཁེལ་བ་དང་། སྐྱོ་པོ། ལན་མང་ལྐོག་ཟ་རུལ་སུངས་ཅན་གྱི་སྲིད་གཞུང་ཞིག་ཏན་ཏན་རེད། འོན་ཀྱང་། ཁམས་དང་ཨ་མདོ་བཙོང་བ་རེད་ཟེར་བ་དངོས་ཡོད་མ་རེད། དེས་ས་ཁུལ་འདི་ཚོའི་ཐོབ་ཐང་རྩོད་ལེན་གཏན་ནས་དོར་མེད། དོན་དངོས་སུ་ལྷ་སའི་སྲིད་གཞུང་གིས་ག་དུས་ཡིན་ཡང་རང་གིས་ཐུབ་ཚོད་ཀྱིས་ཕྱི་འབྲེལ་མི་སྣའི་འདུ་འཛོམས་དང་གནས་ཚུལ་འདྲ་མིན་དག་གི་ནང་དུ་དེ་ཚོར་བདེན་པ་དག་སྐྱེལ་བྱས་ཡོད།
(༡༨༩༣ལོར་བློན་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་རྡོར་གླིང་དུ།)
༡༩༡༣ལོའི་ཟླ་༡༠པའི་ཚེས་༡༠ཉིན་རྒྱལ་གཅེས་པ་ཆེན་པོ་དང་བོད་ཀྱི་སྲིད་བློན་བཤད་སྒྲ་སིམ་ལའི་ལྷན་ཚོགས་སྟེང་ལ་ཁོང་གི་རྒྱུན་སྲོལ་གོ་གནས་ཡིག་ཆ་བསྣམས་ནས་ཕེབས་ཏེ་བོད་རང་བཙན་གྱི་ཞིབ་ཕྲའི་གཏམ་བཤད་ཅིག་སྤེལ་ཡོད་པ་རེད། སིམ་ལའི་ལྷན་ཚོགས་ནི་ང་ཚོའི་ཕྱི་འབྲེལ་མི་སྣའམ་བོད་རང་བཙན་གྱི་རྒྱལ་སྤྱིའི་བསྒྲགས་གཏམ་ལ་ཆ་འཇོག་བྱེད་ཆོག་ངེས་ཡིན། བཤད་སྒྲས་ཁམས་དང་ཨ་མདོའི་ས་ཁུལ་དག་བསྒྲགས་གཏམ་འདིའི་ནང་དུ་བརྩིས་ཡོད་པ་རེད། ཐ་ན། ཁོང་གིས་རྒྱ་ནག་དང་ས་ཁུལ་འདི་ཚོའི་སྲོལ་རྒྱུན་གྱི་མཐའ་མཚམས་དག་གནད་དུ་འཁེལ་བའི་ཐོག་ནས་མིང་འདོན་བྱས་ཡོད་པ་གཤམ་གསལ་ལྟར།
“བོད་ཀྱི་བྱང་ཤར་ཕྱོགས་ནས་ཟི་ལིང་ནང་གི་རྨེ་རུ་སྒང་གི་རྡོ་རིང་བར་དང་། དེ་ནས་རི་བོ་རྨ་ཆེན་སྦོམ་ར་ནས་འབབ་པའི་ཆུ་བོའི་ཤར་ཕྱོགས་བར། དེའི་བར་ཆུ་བོའི་ཁུག་པ་ཆེ་ཤོས་དང་པོ་དེ་ཡོང་གི་ཡོད། དེ་ནས་ཅིན་ཐང་ནང་མཆོད་རྟེན་དཀར་པོ་ཞེས་པའི་ས་ཆ་དེའི་ལྷོ་ཤར་བར། ་་་་བྱང་ངོས་སུ་ཀུའུ་ལུང་རི་རྒྱུད་དང་ཨལ་ཏྱན་ཏག་རི་རྒྱུད། འབའ་ཁང་པོ་ཏོ་རི་རྒྱུད། དེ་ནས་མཚོ་སྔོན་པོའི་བྱང་ཕྱོགས་བར། དེའི་ནང་དུ་རྒྱ་ནག་ཀན་སུའུ་ཞིང་ཆེན་གྱི་ས་མཚམས་ནས་འབའ་ནག་ཁ་གསུམ་བར་འདུས། དེ་ནས་ལྷོ་ཕྱོགས་དང་ལྷོ་ཤར་གྱི་ནང་དུ་མགོ་ལོག་དང་ཧོར་ཁོག ཉག་རོང་། རྒྱ་རོང་།་་་་་་་་ལྕགས་ལ་དང་དར་རྩེ་མདོ་ལུང་པ་བཅས་འདུས། དེ་ནས་ཤར་ཕྱོགས་སུ་་་་་་་་སོགས་་་་་་་སོགས ”༼༡༽
གཏམ་བཤད་ལ་རྒྱབ་སྐྱོར་བྱེད་ཆེད་ཁོང་གིས་ལྷ་ས་ནས་“ཡིག་ཆ་ཕོན་ཆེན་པོ་ཞིག”་འཁྱེར་ནས་ཡོང་ཡོད་པ་རེད། ཐ་ན། ཡོངས་སུ་མཐུན་ལམ་མི་བྱེད་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་གྷིལ་བོ་ཌི་སི་ཊན་ལྟ་བུས་ཀྱང་ཁོང་གི་དེབ་ནང་དུ་“བཤད་སྒྲས་ཆབ་སྲིད་དང་མངའ་ཁོངས་ཀྱི་གནད་དོན་གཉིས་ཀའི་སྒང་ལ་ལངས་ཕྱོགས་བརྟན་པོ་ཞིག་བཟུང་ཡོད་ཅིང་། ཁམས་དང་ཨ་མདོ་ཡོངས་རྫོགས་འདུས་པའི་བོད་སྐད་བཤད་མཁན་མི་ཚང་མ་ཏཱ་ལའི་བླ་མའི་སྒྲིག་འཛུགས་འོག་ལ་བསྐྱར་དུ་གཅིག་སྒྲིལ་བྱེད་པའི་དགོས་འདུན་བཏོན་ཡོད།”༼༢ ༽་ཅེས་འབྲི་བཞིན་ཡོད།
བོད་མི་ཚོས་རང་གི་ཐོབ་ཐང་རྩོད་ལེན་དེར་རྒྱབ་གཉེར་བྱེད་པར་ཁུངས་སྐྱེལ་རྩ་འཛིན་ཡིག་ཆ་པོད་གྲངས་ལྔ་བཅུ་ང་དྲུག་མིག་ལམ་དུ་བསྟན་ཡོད་པ་རེད། ཡིག་ཆ་དེ་དག་གི་ནང་དུ་“མི་འབོར་ཞིབ་བཤེར་གྱི་མིང་གཞུང་དག དཔྱ་ཁྲལ་ཡོང་འབབ་ཀྱི་གཞི་རྩའི་ཐོ་གཞུང་དག ཁྲིམས་ཞིབ་ཟིན་ཐོ་དག ས་ཐོ་དག ཡུལ་སྡེ་ཁག་གི་འགོ་པ་དང་གཞུང་ཞབས་པ། གཙོ་བདག བླ་མ་དང་དགོན་པའི་འཛིན་སྐྱོང་བྱེད་པོ་བཅས་བསྐོ་བཞག་བྱེད་པའི་བཅའ་ཁྲིམས་དག དྲིལ་བསྒྲགས་དག སྤྱི་དམངས་གསལ་བསྒྲགས་དག དགོན་པའི་ཡོང་འབབ་ཀྱི་ཟིན་ཐོ་དག སྲུང་དམག་ཞབས་ཞུ་བསྡུ་རུབ་ཀྱི་ཡིག་ཆ་དག་དང་ཐམ་ཀ་དག་གི་འགྲེམས་སྟོན་བཅས་འདུས་ཡོད།”༼༣༽
བོད་པའི་སྤྱན་འབུལ་དེ་ཡིས་རྩོད་གཞི་ལ་རྒྱབ་གཉེར་བྱེད་པར་རྩ་འཛིན་ཡིག་ཆ་གཅིག་ཀྱང་མེད་པའི་རྒྱ་མི་ཚོ་དེ་སྔ་མི་བདེ་བ་ཞིག་བཟོས་ཡོད་ཅིང་། ཁོང་ཚོའི་འགོ་ཁྲིད་སྐུ་ཞབས་ཨེ་ཝན་ཁྲེན༼ཀྲེན་དབྱི་ཧྥན༽་གྱིས་“དངངས་འཚབ་ཀྱི་རྟགས་མཚན་མངོན་གསལ”་བསྟན་ཡོད་པ་སིར་ཧན་རེ་མེག་མོ་ཧན་གྱིས་བརྗོད་ཡོད་པ་རེད། ཁོང་ཚོའི་ཞན་ཆ་ལ་མ་ལྟོས་པར་རྒྱ་མི་ཚོས་ཐ་ན་བོད་པའི་དགོས་འདུན་དག་ལ་བསམ་ཞིབ་བྱེད་པར་མཐའ་གཅིག་ཏུ་དགག་བྱ་གནང་ཡོད་པ་མ་ཟད། བོད་ཡོངས་རྫོགས་རྒྱ་ནག་གི་ཆ་ཤས་ཡིན་པར་ཨུ་ཚུགས་མཐར་སྐྱེལ་བྱས་ཡོད་པ་རེད། རྒྱ་བོད་ས་མཚམས་ཀྱི་གནད་དོན་སྒང་ནས་ལྷན་ཚོགས་དེ་དུམ་བུར་གྱེས་ཡོད་པ་དང་ཐོག་མར་ཟིན་བྲིས་རྒྱག་མཁན་རྒྱ་མི་དེས་མཐའ་མའི་གྲོས་མཐུན་ལ་མིང་རྟགས་བཀོད་མེད་པ་རེད།
(༡༩༡༣ནས་༡༩༡༤ ལོའི་སིམ་ལའི་ལྷན་ཚོགས། གཡོན་ཕྱོགས་ནས་བརྩིས་ན་ལྔ་བ་དེ་སྐུ་ཤོགས་དབང་ཕྱུག་ཚེ་རིང་། སྐུ་ཞབས་བྷི་རུའུ་སི། སྐུ་ཞབས་ཨེ་ཝན་ཁྲེན། སིར་ཧན་རེ་མེག་མོ་ཧན། བློན་ཆེན་བཤད་སྒྲ། ཐའི་ཇི་ཁྲི་སྨོན་ནོར་བུ་དབང་རྒྱལ། སྣེ་མགྲོན་བསྟན་པ་དར་རྒྱས། མེག་མོ་ཧན་གྱི་རྒྱབ་ལོགས་སུ་འགྲེངས་ནས་སྡོད་མཁན་དེ་ཆཱ་ལེ་སི་བྷེལུ་ལགས་རེད།)
དབྱིན་ཇི་དང་བོད་དབར་ལ་གྲོས་མཐུན་བྱུང་བ་ཞིག་ནི་ལྷ་ས་སྲིད་གཞུང་གིས་བཟུང་བའི་མངའ་ཁོངས་དེ་“བོད་ཕྱི་ལོགས”་ཀྱི་ཆ་ཤས་སུ་གཏོགས་དགོས་པ་དང་རྒྱ་མིས་བཟུང་བའི་ས་ཁུལ་དེ་ཚོ་ལ་“བོད་ནང་ལོགས”་ཞེས་ཁུངས་གཏུགས་དགོས་པར་དེའོ།། བོད་མི་ཚོ་འདུམ་འགྲིག་འདི་ལ་དགའ་བོ་བྱུང་མེད་པ་རེད། ཡིན་ཡང་། དེ་བཙན་ཤུགས་ཀྱིས་ཁས་ལེན་བྱེད་དུ་བཅུག་ཡོད་པ་རེད། “ནང་ལོགས”་ཞེས་པའི་ཁྱད་ཆོས་འདི་མ་བསྣན་ག་མེད་བྱུང་ཡོད་ནའང་། གྲོས་བསྡུར་འདིའི་ཆེད་དུ་བོད་མི་ཚོས་ཁམས་དང་ཨ་མདོ་ཡོངས་རྫོགས་ལ་“བོད”་ཅེས་ངོས་འཛིན་བྱེད་དགོས་པར་ནན་སྐུལ་བྱས་ཡོད་པ་སྟོན་དགོས། དེ་ནི་ལྷ་སར་མཚོན་ན་གནད་འགག་ཆེ་ཤོས་སམ་མ་མཐའི་འཛིན་མཚམས་ཆགས་ཡོད། ལྷན་ཚོགས་འདིས་བོད་རྒྱའི་ས་མཚམས་ཀྱི་གནད་དོན་མ་ཟད། ད་དུང་དོན་དག་གཞན་དག་གི་སྐོར་ལའང་གླེང་མོལ་བྱས་ཡོད་པ་གདོན་མི་ཟ།
ཡིན་ཡང་། འདི་ཚོ་སྐབས་བབ་ཀྱི་བགྲོ་གླེང་འདིའི་བརྗོད་གཞི་མིན། ཆཱ་ལེ་སི་བྷེལ་ལི་ལགས་ཀྱིས་བརྗོད་པ་ལྟར་ན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཇུག་འབྲས་དེར་འདོད་བློ་ཚིམས་མེད་པ་དང་བློན་ཆེན་བཤད་སྒྲ་ལ་ཅུང་ཙམ་ཚུལ་དང་མི་མཐུན་པའི་ཐོག་ནས་གཤེ་གཤེ་ལྟ་བུ་ཞིག་བཏང་ཡོད་པ་འདྲ། བྷེལ་ལི་ཁོང་རང་ཉིད་ལ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་དེ་“ཕྱི་ལོགས”་དང་“ནང་ལོགས”་ཞེས་ཆ་སྒོས་བྱས་པའི་སྒང་ལ་དྲི་བ་དྲིས་དུས་ཁོང་གིས་རྒྱ་ནག་གིས་ཁམས་དང་ཨ་མདོ་ནི་རྒྱ་ནག་གི་“ཞིང་ཆེན”་ཞིག་ལ་ལྟ་སྟངས་འཛིན་འདོད་ཡོད་ནའང་།“་་་་་་་ང་ཚོས་ཁོང་ཚོར་བོད་ནང་ལོགས་ཞེས་འབོད་པར་གོ་སྒྲིག་བྱས་པ་ཡིན། ཚུལ་དེ་ལྟར་གནང་ན་བོད་ཀྱི་མིང་དེ་ཚོའི་སྒང་ནས་ཉར་ཚགས་བྱེད་ཀྱི་ཡོད། རྗེས་སུ། གལ་ཏེ་ཁྱོད་ཀྱི་དཔུང་དམག་གི་སྟོབས་ཤུགས་ཇེ་ཆེར་སོང་སྟེ་བོད་ཀྱི་ཐོབ་ཐང་དག་ལ་གོང་བཀུར་ཡོང་བར་ངེས་བརྟན་བཟོ་བའི་ནུས་ཤུགས་ལྡང་ན། ཁྱོད་ལ་བདག་དབང་ཡོད་པའི་ཁྱོད་ཀྱི་རྒྱལ་ཁབ་ཀྱི་ཆ་ཤས་འདི་སླར་ཡང་ཐོབ་སྲིད། ཡིན་ནའང་། དེ་ལྟར་མིན་ན། བོད་མིང་༼ཡང་ན། དེ་ལས་ལྡོག་སྟེ་“རྩོད་ལེན་གྱི་ཐོབ་ཐང་”། འཇམ་དབྱངས་ནོར་བུས།༽དེ་བརླག་ངེས་རེད།”ཅེས་འགྲེལ་བཤད་གནང་ཡོད་པ་རེད།༼༦༽
དེ་ནི་བྷེལ་ལི་ཡིས་ཏཱ་ལའི་བླ་མ་མཆོག་ལ་འགྲེལ་བརྗོད་བྱས་པ་ནང་བཞིན་ལས་སླ་མོ་ཞིག་མིན་པ་བརྗོད་ག་ལ་དགོས། ཡིན་ཡང་། གལ་ཏེ་བྷེལ་ལི་ཡི་བསླབ་བྱ་ནི་བདེན་དོན་“དམར་རྗེན་པ”་ཞིག་ཡིན་ན། དེར་དགོས་གལ་ཆེན་པོ་ཞིག་ཡོད་པ་རེད། ཕྱི་འབྲེལ་སྲིད་བྱུས་ལམ་ལྷོང་གི་དཔེ་མཚོན་ཡོངས་རྫོགས་ཧ་ལམ་དམག་དོན་གྱི་རྒྱལ་ཁ་དང་ནུས་སྟོབས་ཀྱི་རྗེས་འབྲས་ཤིག་རེད། གལ་ཏེ་ཁྱོད་ཀྱི་དཔུང་དམག་དག་གིས་༡༩༡༨ལོར་ཨོ་ཊོབ་མན་གོང་མའི་རྒྱལ་ཁབ་ Ottoman Empire ཕམ་པར་བརྒྱབས་པ་ཡིན་ན། དེའི་རྗེས། ཁྱོད་ཀྱིས་ཝིན་སུ་ཊིན་ཆཱར་ཆི་ཡིས་༡༩༢༡ལོར་བསྒྲུབས་པ་ནང་བཞིན་གོང་མའི་རྒྱལ་ཁབ་ཀྱི་ས་ཁུལ་ཆ་ཤས་ཤིག་བླངས་ཏེ་སྔ་ན་མེད་པའི་རྒྱལ་ཁབ་ཅིག་བསྐྲུན་ནས་དེར་ཊི་རན་སི་ཇོར་དན་ Trans-Jordan ༼རྗེས་སུ་ཇོར་དན།༽ཞེས་འདོགས་ཆོག་པ་རེད།
“གཟའ་ཉིན་མའི་ཕྱི་དྲོ་ཞིག་ལ་ཡུལ་ཁའེ་རོ་ Cairo ནང་སྙུག་གུས་འབྲི་ཐེངས་གཅིག་གིས”་ཞེས་བ་བཞིན་ད་དུང་ཁྱོས་དེ་བསྒྲུབས་པ་ཡིན་ཞེས་ངོམ་སོ་བྱེད་ཆོག་གི་རེད། ཝིན་སིན་ཆཱར་ཆཱི་ནི་ཧྥ་རཱན་སིའི་ཨ་རག་ཁྱམ་ཕཱན་ champagne ལ་དགའ་ཞེན་ཆེ་སྟབས་ཉིན་གུང་གསོལ་ཚིགས་སྐབས་སུ་ཨ་རག་ཝེ་སི་ཁའེ་ཤེལ་དམ་གཅིག་གམ་གཉིས་འཐུང་ཡོད་འདུག ཁོང་གི་ཉིན་གུང་གི་འབད་རྩོལ་དྲག་པོ་དག་གིས་ངེས་མེད་ཀྱི་མཐའ་མཚམས་ཤིག་ཁ་ཚོན་བཅད་ནས་བསྐྲུན་ཡོད་པ་རེད། དེའི་བྱས་འབྲས་ད་དུང་ཡང་དེང་སྐབས་ཀྱི་ས་ཁྲ་དག་གི་སྟེང་དུ་མཐོང་ཐུབ། ཇོར་དན་དང་ས་དི་ཨ་རབ་བྷེའི་དབར་གྱི་ཁྱད་མཚར་པོའི་ཀྱག་ཀྱོག་གི་མཐའ་མཚམས་དེར་“ཝིན་སུ་ཊིན་གྱི་ཨིག་ཀ”་ཞེས་ཚིག་སྙན་པོའི་ཐོག་ནས་ཁུངས་གཏུགས་ཀྱི་ཡོད།
ལོ་ངོ་ཁ་ཤས་སྔོན་དུ་སྦྱོང་བརྡར་མེད་པའི་དམག་མི་དག་གིས་གཙང་བོའི་ཆུ་རགས་ལ་བརྟེན་ནས་གཞིས་ཀ་རྩེ་དང་ལྷ་ས་རུ་རྒྱ་མི་དཔུང་དམག་ཚོ་ཕམ་པར་རྒྱག་མཁན་གྱི་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དམག་སྤྱི་དག་དང་ལས་བྱེད་པ་ཚོས་དཀའ་སྡུག་གིས་བསགས་པའི་ཁོང་ཚོའི་ཉམས་མྱོང་ལས་དྲག་པའི་དམག་ཤུགས་ཀྱི་སྟོབས་ཤུགས་རིན་ཐང་ཤེས་ཡོད། བོད་རང་བཙན་ཡིན་པའི་འགོ་སྟོད་ཀྱི་ལོ་ངོ་དེ་ཚོ་ནང་ཁོང་ཚོས་དེང་རབས་ཀྱི་དཔུང་དམག་ཅིག་བསྐྲུན་པར་འབད་རྩོལ་བྱས་ཡོད་པ་རེད། ༡༩༡༨ལོར་ཁམས་ནང་གི་དེང་རབས་ཀྱི་དཔུང་དམག་འདིའི་སྙན་གྲགས་ཆེ་བའི་རྒྱལ་ཁ་དེས་ཆབ་སྲིད་ཀྱི་གནད་འགག་ཧ་ཅང་གལ་ཆེན་ཞིག་བཟུང་ཡོད་ཅིང་། ཕལ་ཆེར་ལོ་ངོ་སྟོང་ཕྲག་གི་དུས་ཡུན་ནང་བོད་དམག་གིས་ཐག་ཆོད་པོའི་ཐོག་ནས་རྒྱ་དམག་བཙན་འཛུལ་བ་ཚོ་ཐེངས་དང་པོར་ཕམ་ཉེས་བཏང་ཡོད། འདི་ངས་བྲིས་པའི་“དེབ་ཐེར་ནག་པོ”་ཞེས་པའི་བསྐྱར་ཞིབ་རྩོམ་ཡིག་དེའི་ནང་གི་“ཆ་མི་ཚང་བའི་དམག་འཁྲུག”་ཅེས་པའི་སྡེ་ཚན་ནང་དུ་ཅུང་ཙམ་རྒྱས་བཤད་གནང་ཡོད། གལ་ཏེ་ཀློག་པ་པོ་ཚོས་སོ་སོའི་དྲན་པ་གྲུང་པོ་བཟོ་འདོད་ན་དེབ་ཐེར་ནག་པོ་དེར་ཞིབ་བཤེར་གནང་ཆོག་གི་རེད།
(འདི་ནི་༡༩༡༨ལོར་བོད་ཀྱི་དཔུང་དམག་གི་རྣམ་པར་རྒྱལ་བའི་དམག་དཔུང་བཀའ་བློན་བླ་མ་བྱམས་པ་བསྟན་དར་རེད།)
དེ་ནི་བོད་མི་ཚོས་བསམ་པ་ནང་བཞིན་གྱི་ཆ་ཚང་བའི་རྒྱལ་ཁ་ཞིག་མ་རེད། དབྱིན་ཇིས་བསྐྱར་དུ་ང་ཚོར་རྩེད་མོ་མགོ་གཉིས་མ་ཞིག་རྩེས་ཡོད་པ་རེད། ཡིན་ཡང་། ཆབ་མདོ་དང་བྲག་གཡབ། ས་ངན། གོ་འཇོ། སྨར་ཁམས། དཔལ་ཡུལ། འདན་ཁོག་དང་སྡེ་དགེ་ཡོངས་རྫོགས་བཅས་རོང་བ་ཚ་ས་མཚམས་བར་དུ་བཅིངས་འགྲོལ་བཏང་ཡོད་པ་རེད། ས་མཚམས་དེར་ཆིངས་ཡིག་ཅིག་བཞག་ནས་མཇུག་སྡུད་ཡོད། ཁམས་པ་མང་ཆེ་ཤོས་ཀྱིས་༡༩༡༨ལོའི་རྒྱལ་ཁ་ནི་ཁོང་ཚོའི་ལོ་རྒྱུས་ནང་གི་དཀྱོགས་མཚམས་ཤིག་ལ་ཚོར་ཡོད། གང་ཡིན་ཞེ་ན། ཁོང་ཚོས་དེར་བསྐལ་པ་ས་རྟ་ལོ་འམ ་“ས་རྟ་ལོའི་བསྐལ་པ་གསར་པ”་ཞེས་ཚིག་གྱོང་པོ་ཞིག་གིས་ཞིབ་འབྲི་གནང་གི་ཡོད་པ་རེད། དེ་ནི་དམག་འཁྲུག་ཙམ་མ་རེད། རྒྱལ་ཡོངས་ཀྱི་བཅིངས་འགྲོལ་ཞིག་རེད། ༡༩༡༨ལོའི་རྒྱལ་ཁ་ནི་ད་དུང་སྦྱོང་བརྡར་ཐོབ་པའི་བོད་དམག་དཔུང་སྡེ་ཞིག་གིས་རྒྱ་ནག་གི་དྲག་རྒོལ་ལ་ཁ་གཏད་བཅག་ནས་རང་ཉིད་ཀྱི་ས་མཚམས་སྲུང་སྐྱོབ་བྱེད་ནུས་པའི་བདེན་དཔང་གསལ་པོ་ཞིག་ཀྱང་རེད།
ཡིན་ཡང་། རྗེས་ཀྱི་ལོ་ཟླའི་ནང་ཁམས་དང་ཐ་ན་ཨ་མདོ་ནང་གི་ལྷ་སའི་དཔུང་དམག་གི་མངོན་འདོད་དག་༼གིས་༽རང་གི་ཤེད་ཤུགས་དང་ཐོན་ཁུངས་དག་བེད་སྤྱོད་པར་འདང་མེད་པ་རེད། ༡༩༣༡་ལོར་ཆབ་མདོ་རུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དེ་ཏྲེ་ཧོར་ནང་གི་དགོན་པ་གཉིས་དབར་གྱི་རྩོད་རྙོག་ཅིག་གི་ནང་ལ་ཚུད་པར་གྱུར་ཡོད་པ་དང་དཔུང་དམག་དག་དམག་འཁྲུག་མཚམས་འཇོག་ས་མཚམས་བརྒལ་ནས་བཏང་ཡོད། འགོ་སྟོད་དུ་བོད་མི་ཚོ་ཧ་ཅང་ལམ་ལྷོངས་བྱུང་སྟེ་དཀར་མཛེས་ཀྱི་རྫོང་ཁོངས་མང་ཆེ་ཤོས་བདག་བཟུང་བྱས་ཡོད་པ་དང་ཐ་ན་ཉག་རོང་ཡང་བཟུང་ཡོད། རྒྱ་མི་ཚོས་དམག་འཁྲུག་མཚམས་འཇོག་ཡོང་བའི་རེ་བ་ཞུས་ཡོད་པ་དང་གལ་ཏེ་བོད་མི་ཚོས་སྐབས་འདིར་དེར་མོས་མཐུན་བྱས་ཡོད་ན་ཁོང་ཚོས་ཞྭ་སྒབ་པས་ང་ཚོར་བརྗོད་བཞིན་པ་ལྟར་ཁོང་ཚོས་“མངའ་ཁོངས་མི་ཉུང་བ”་འདི་བདག་བཟུང་བྱེད་ཐུབ་ཡོད་ངེས་རེད།
འོན་ཀྱང་། བོད་མི་ཚོ་ཉིན་ཉུང་ཤས་ཤིག་གི་གོམ་བགྲོད་རིང་དར་རྩེ་མདོ་ལ་ཁྱབ་ཚར་ཡོད་ཅིང་གླེན་རྟགས་ཚ་བོའི་ཐོག་ནས་རྒྱ་ནག་གི་རེ་འབོད་དེར་ངོས་ལེན་མི་བྱེད་པའི་ཐག་གཅོད་བྱས་ཡོད་འདུག ལོ་དེའི་རྗེས་མར་གཞི་རྒྱ་ཆེ་བའི་རྒྱ་མི་བཙན་རྒོལ་དཔུང་དམག་གིས་ཕྱིར་འབུད་རྒྱག་བཏང་ཡོད་པ་རེད། ཐ་ན་སྡེ་དགེའི་ཤར་ཕྱོགས་ཀྱི་ས་ཁུལ་ཕྱེད་ཀ་བཙན་བཟུང་བྱས་ཡོད།
དེའི་ལོ་རྗེས་མར་ལམ་སྟོན་ངན་པའི་བོད་མི་རྣམས་སྐྱེ་རྒུ་མདོ་ནང་ལ་མདུན་སྐྱོད་བྱས་ཡོད་པ་རེད། སྐབས་དེར་དེ་ནི་མཱ་པོ་ཧྥང་གི་དབང་སྒྱུར་འོག་ཡོད་ཅིང་མཱ་པོ་ཧྥང་སྟེ་ཁ་ཆེ་ནི་ཨམ་མདོ་ས་ཁུལ་གྱི་དམག་འཁྲུག་མངའ་བདག་རེད། བོད་མི་ཚོས་དམག་འཁྲུག་དེའང་སྡུག་ཅག་ངང་མཇུག་རྫོགས་ཡོད།
ཕམ་ཁ་འདི་ཚོ་ནི་སྟབས་མ་ལེགས་པ་རེད་ལ་ཐ་ན་རྐྱེན་ངན་གོད་ཆགས་ཀྱི་རང་བཞིན་ཞིག་ཀྱང་རེད། ངས་འདི་ཚོ་བཤད་ཀྱིན་དངོས་ཡོད་བདེན་པ་ཞིག་ནན་པོ་བཟོ་གིན་ཡོད་སྟེ། དེ་ནི་ལྷ་ས་ལ་ངོ་རྒོལ་བྱེད་མཁན་ཚོས་གཏམ་གླེང་བྱེད་པ་ནང་བཞིན་ལྷ་ས་སྲིད་གཞུང་གིས་ཁམས་དང་ཨ་མདོ་བློས་གཏོང་བྱས་མེད་པ་རེད། དེའི་གཞུང་ཞབས་ཚོས་ཀྱང་རྒྱལ་སའི་ནང་དུ་རྫོགས་མཐའ་མེད་པའི་སྤྲོ་སྐྱིད་བཏང་ཡོད་པ་མ་རེད་ཅེས་པའོ།། དབུས་གཙང་གི་གཞུང་ཞབས་དང་དམག་མི་༼ཁམས་པ་ཡུལ་སྡེ་སྲུང་དམག་དག༽མང་པོ་དམག་འཁྲུག་འདི་ཚོའི་སྐབས་སུ་ཤི་ཡོད་པ་རེད། ༡༩༡༨ནང་གི་དམག་འཐབ་སྐབས་སུ་དམག་སྤྱི་གསུམ་བསད་ཡོད་པ་རེད། སྤྱི་ཁྱབ་དམག་སྤྱི་རྒན་པ ༼༡༩༣༡_༣༢༽ ་ང་ཕོད༼ངག་དབང་འཇིག་མེད་མ་རེད།༽་བཀྲོངས་ཡོད་པ་རེད། ཕལ་ཆེར་འཁྲུག་རྩོད་ཀྱི་གནོན་ཤུགས་འོག་སྙིང་ལ་སྐྱོན་ཞུགས་པ་འདྲ།༼ཞྭ་སྒབ་པས་“ཁོང་གི་རླུང་གི་འབྱུང་བ་འཁྲུགས་འདུག”༽
ལྷ་ས་ནང་གི་གཏམ་འཁྱལ་ཞིག་ནི་ཁོང་གིས་རང་ཉིད་ཀྱི་ཕམ་ཁའི་བློ་ཕམ་འོག་རྡོ་རྗེ་ཕ་ལམ་ཞིག་ཁྱུར་མིད་བཏང་སྟེ་རང་སྲོག་བཅད་པ་རེད་ཟེར།
(མགྲོན་གཉེར་ཆེན་མོ་བསྟན་པ་དར་རྒྱས།༼ཨ་དཀར་མགྲོན་གཉེན་ཆེན་མོ་“ཨབ་སོག”།༽)
༡༩༡༨ནང་བོད་པའི་དམག་དོན་གྱི་སྟོབས་ཤུགས་ཆེས་རྩེ་མོར་སླེབས་ཡོད་པ་ནས་ཉམས་རྒུད་དུ་ཕྱིན་ནས་༡༩༢༠ལོའི་འགོ་འཛུགས་སྐབས་གཞུང་ཞབས་དགེ་འདུན་པ་བསྟན་པ་དར་རྒྱས་(མགྲོན་གཉེར་ཆེན་མོ་“ཨབ་སོག”) ཀྱིས་དབུ་ཁྲིད་དེ་“ཆེས་རྙིང་ཞེན་ཅན”་གྱི་དགོན་སྡེའི་ཚོགས་འདུ་ཆེན་མོ་འཚོགས་ཡོད་ཅིང་། དེར་ལུང་ཤར་གྱིས་རྒྱབ་སྐྱོར་གནང་ཡོད། འདིས་ཚ་རོང་གིས་དབུ་ཁྲིད་པའི་དམག་དོན་གྱི་ལས་བྱེད་ཚོ་དང་གཞུང་ཞབས་པ་དག་གི་སྟོབས་ཤུགས་གསར་པའི་ཕྱོགས་ཁག་༼འདིས“དེང་རབས་ཅན་དུ་བསྒྱུར་བར་ཁས་ལེན་དམ་བཅའ་བཞག་ཡོད་པ་རེད།”༽༼༧༽ དེར་སྣང་ཆུང་གཏོང་བའི་ངན་ཇུས་བཤམས་ཡོད་པ་རེད། འདི་དག་གིས་བོད་པའི་ཕམ་ཁ་དེར་འགྲེལ་བཤད་གཏིང་ཟབ་པ་ཞིག་རྒྱག་ཐུབ།
དེའི་རྗེས་ཀྱི་ལོ་ཟླ་དག་གི་ནང་དེང་རབས་ལྷ་སའི་སྐོར་སྲུང་བའི་དཔུང་ཚོགས་དེ་གཏོར་ཡོད་པ་རེད། དམག་དོན་གྱི་འགྲོ་སོང་ཇེ་ཉུང་དུ་བཏང་བ་དང་དམག་མི་ལས་བྱེད་ཚོའི་གོ་གནས་མར་ཕབ་ཡོད། དགོན་པ་དག་དང་བླ་མ་ཚོའི་ཡོང་འབབ་འཕེལ་རྒྱས་ལ་བཏང་ཡོད་པ་རེད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་པའི་རྗེས་སུ། དེའི་རྗེས་ཐོག་གི་དབང་སྒྱུར་བ་བླ་མ་རྒྱལ་ཚབ་གཉིས་ཀ་ལྐོག་ཟ་རུལ་སུངས་ཅན་དང་ངོ་ལོག་པ་ཡིན་ཞིང་། དམར་ཤོག་རིང་ལུགས་པའི་༡༩༥༠ལོའི་བཙན་འཛུལ་སྔོན་ལ་ཁོང་གཉིས་ཀས་བོད་པའི་དམག་དཔུང་གི་གྲངས་འབོར་དང་ནུས་པ་འཕྲི་གཅོག་བྱས་ཏེ་ཆ་གྲངས་ཤིག་གི་ཚད་ལ་བསྐྱལ་བཞག་ཡོད་པ་རེད།
དོན་དངོས་ཀྱི་གནད་དོན་ཐོག་ནས་བརྗོད་ན། ༡༩༥༠ནང་ལ་བོད་རང་བཙན་ཤོར་བ་གཅིག་པུ་མ་རེད། ཐ་ན། དུས་རབས་དགུ་བའི་ནང་བོད་པའི་རྒྱལ་ཁམས་སིལ་བར་འཐོར་བ་དང་དེའི་རྗེས་ཀྱི་ཨ་མདོ་དང་ཁམས་ཀྱི་ས་ཆ་མང་ཆེ་ཤོས་ཤོར་བ་དེ་དག་ཐད་ཀར་སྟོབས་ཤུགས་ཅན་གྱི་སེར་མོ་བ་དང་དགོན་པའི་ཕྱོགས་ཁག་གི་བོད་པའི་ཆབ་སྲིད་སྒང་ལ་ལེ་བདའ་བྱེད་ཆོག རིག་གཞུང་གང་རུང་གི་རྩོད་གླེང་ལས་བརྒལ་ཡོད་པ་ཞིག་ནི་ནང་པའི་དགེ་སློང་ཞིག་གིས་བོད་པའི་རྒྱལ་པོ་ལྷ་སྲས་༼༨༽དར་མ༼༨༣༨ནས་༨༤༢༽་ལྐོག་གསོད་བྱས་པ་དེ་རེད། དེ་ནི་“བོད་པ་ཚོར་མཚོན་ན་ཚབས་ཆེའི་གནོད་སྐྱོན་ཞིག་ཡིན་པ་རེད། གང་ཡིན་ཞེ་ན། དེ་ཡིས་རིམ་གྱིས་བོད་པའི་ནང་ཁུལ་ལ་ནང་འཁྲུག་ཅིག་ཤོར་དུ་བཅུགས་ཡོད་པ་དང་རྒྱལ་ཁབ་ཧྲིལ་པོ་ཁ་ཐོར་དུ་བཏང་ཡོད།”༼༩༽
(ལྷ་སྲས་དར་མ། རྡོ་བརྐོས་ཡི་གེ་ནི། ཁྲི་དར་མ་འུ་དུམ་བཙན། སྐུ་འབུམ་རྒྱང་རྩེ། པར་བདག མཁར་རྨེའུ་བསམ་གཏན་ལ་ཡོད། ༡༩༨༩)
བོད་པ་མཁས་པ་གྲགས་ཅན་མཁར་རྨེའུ་བསམ་གཏན་གྱིས་དོན་རྐྱེན་འདི་ལ་དཔེ་ཟླ་བྲལ་བའི་ཞིབ་འཇུག་ངོ་མ་ཞིག་གནང་སྟེ་དགོན་པའི་དྲིལ་བསྒྲགས་གྱི་ལྡོག་ཕྱོགས་ནས་ཡིད་ཆེས་བསྐྱེད་ནུས་པའི་དངོས་དོན་ཞིག་གླེང་འདུག ཁོང་གི་གསུང་དོན་ལྟར་ན། བཙན་པོས་ནང་པ་ཚོར་སྡུག་སྦྱོང་གནོད་འཚེ་བཏང་མེད་པ་དང་། དེ་ལས་ལྡོག་སྟེ་ཁོང་གིས་དགེ་འདུན་སེར་མོ་བ་སྡེ་ཡིས་འོས་འཚམས་བཟོས་པའི་ཁེ་དབང་དག་དང་ཆབ་སྲིད་ཀྱི་དབང་ཆ་བཅས་ཐུན་མོང་མ་ཡིན་པ་ཞིག་གི་ལམ་ནས་བཟུང་བར་འབད་རྩོལ་གནང་ཡོད་པ་རེད། སེར་མོ་བའི་སྡེ་དེ་ཁོང་གི་སྤུན་རྒན་པ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་སྐབས་ཕྱག་འོག་ནས་སྟངས་འཛིན་བྱེད་ཐབས་བྲལ་ཡོད། དགེ་འདུན་སེར་མོ་སྡེ་དེས་བོད་པའི་དམག་དོན་གྱི་སྟོབས་ཤུགས་ཇེ་ཞན་དུ་བཏང་ཡོད་པ་དང་མི་སྐྱ་གཞུང་ཞབས་པ་དག་དང་དམག་སྤྱི་དག་ལ་འབྲེལ་ལམ་རྒྱང་ཐག་རིང་དུ་བཏང་ཡོད་པ་རེད། འོན་ཀྱང་། རྒྱལ་པོའི་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་ཁོང་གི་འཛིན་སྐྱོང་ཆོས་ལུགས་རིས་མེད་བཟོ་བའི་འབད་རྩོལ་དག་ལ་བརྟེན་ནས་ལྷ་སྲས་དར་མ་ནང་པའི་དགེ་འདུན་པ་ཞིག་གིས་ལྐོག་གསོད་བྱས་ཡོད་པ་རེད། དེའི་རྗེས་ནས་བོད་པའི་ལོ་རྒྱུས་དང་རྟོག་སྒྲུང་ནང་དུ་ཡ་ང་སྙིང་རྗེ་མེད་པར་ཁོང་ནི་གདོན་གྱིས་ཞུགས་པའི་མི་ཞིག་གི་ངོ་བོར་གཏན་དུ་བསྒྱུར་ཡོད།
དངོས་ཡོད་བདེན་པ་ཞིག་ནི་ནང་པ་སེར་མོ་བའི༼ཕལ་ཆེར་གྲྭ་པའི་ལྐོག་ཇུས་ཤིག་ལ་གཏན་དུ་ཁ་གྱེས་པ་ཡིན་སྲིད།༽་ཚོགས་མི་ཞིག་གིས་ལྐོག་གསོད་ཀྱི་བྱ་སྤྱོད་སྤེལ་བ་འདི་ནི་བོད་པའི་རྒྱལ་ཁམས་འཐོར་ཞིག་ཏུ་སོང་བའི་ཐད་ཀའི་རྒྱུ་རྐྱེན་ཡིན་ནོ།། དེ་ནི་རྩོད་གླེང་གི་ནང་དུ་མེད་ནའང་བོད་ཀྱི་རང་བཙན་ཅིིའི་ཕྱིར་ཤོར་བའི་ཆབ་སྲིད་བགྲོ་གླེང་གང་རུང་གི་སྟེང་ལ་གཏན་ནས་གླེང་མེད་པ་རེད། བསམ་གཏན་ལགས་ཀྱིས་ལྷ་སྲས་དར་མའི་སྲིད་དབང་དུས་སྐབས་སུ་གོང་མའི་རྒྱལ་ཁམས་ལ་སྐྱོན་ཆག་བྱུང་མེད་པ་དང་“ཀན་སུའུ་རུ་ཡོད་པའི་ཏུན་ཧོང་ལྟ་བུའི་མངའ་ཁོངས་ད་དུང་ཡང་བོད་ཀྱི་དབང་སྒྱུར་འོག་ཡོད་པ་རེད”་ཅེས་ཐ་ན་རྒྱ་ཆེན་པོར་ཆགས་པ་གསལ་སྟོན་བྱེད་ཀྱིན་ཡོད། དེར་བརྟེན། ལྷ་སྲས་དར་མ་ལྐོག་གསོད་མ་གནང་བར་དུ་ཨ་མདོ་ཡོངས་རྫོགས་དང་ཁམས་ནི་དེ་སྔ་བོད་ཀྱི་ཆ་ཤས་ཡིན་ངེས་པ་རེད།
མངའ་ཁོངས་འདི་ཚོ་ཤོར་བ་དེ་ཞག་ཚུགས་གཅིག་གི་རིང་ལ་བྱུང་བ་ཙམ་མིན་པ་བརྗོད་ག་ལ་དགོས། ཡིན་ཡང་ལྷ་སས་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་དང་དབང་ཆ་བཟུང་ཐུབ་ཡོད་པ་རེད། དེའི་རྗེས་ཀྱི་དུས་རབས་དག་གི་ནང་དེ་དག་ཇེ་ཆུང་དུ་གྱུར་ཡོད། འོན་ཀྱང་། ད་ལྟའི་བགྲོ་གླེང་འདིའི་ཆེད་དུ་ཉམས་རྒུད་འདིའི་རྒྱུ་རྐྱེན་འགྲེལ་བཤད་ཞིབ་ཕྲ་གླེང་དགོས་དོན་མི་འདུག
དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། ༡༧༢༥ནང་ཟི་ལིང་དུ་སོག་པོའི་འཕྲད་དར་དག་དང་ཨ་མདོ་བོད་པའི་རུས་སྡེའི་ཚོ་པ་ཚོའི་སྒང་ལ་མན་ཇུ་གོང་མའི་སྐུ་ཚབ་༼རྒྱལ་པོའི་དོན་གཅོད༽་ཅིག་བསྐོ་བཞག་གནང་བ་དེ་ནི་ས་ཁུལ་འདིའི་ནང་དུ་བོད་པའི་ཤུགས་རྐྱེན་མཇུག་བསྒྲིལ་བའི་བདེན་དཔང་དུ་ཡང་ཡང་ལུང་འདྲེན་གནང་གིན་ཡོད་པ་རེད། ཡིན་ཡང་། དངོས་ཡོད་ལག་ལེན་ནང་ཟི་ལིང་གི་དོན་གཅོད་དེར་དོན་དངོས་ཀྱི་དབང་ཆ་ཉུང་ངུ་ལས་མེད་པ་རེད། མགོ་ལོག་རུས་སྡེ་ཚོ་པ་ཚོའི་གནད་དོན་ནང་ལ་ཤུགས་རྐྱེན་གཏན་ནས་མེད་པ་མངོན་གསལ་དོད་པོ་རེད། འདི་ནི་ཕོབ་ལི་ ནེ་ཊོབ་སི་ཁེ་ Paul Nitupski ཡིས་ཉེ་ཆར་གྱི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་ཡོད།༼༡༠༽ དེར་མ་ཟད། དབྱི་ཐ་ལེའི་མཁས་པ་ལུའུ་སེའི་ནོ ཕེ་ཊེ་ཆི Luciano Petech ་ཡིས་གསུང་བ་ལྟར་ན། “ཕལ་ཆེར་དུས་རབས་བཅུ་དགུའི་དུས་དཀྱིལ་བར་དུ་སྒར་དཔོན་ཟེར་བའི་དོན་གཅོད་ཅིག་ཡོད་པ་རེད། ཁོང་གི་ལས་དོན་གལ་ཆེ་ཤོས་ནི་ཚོང་འབྲེལ་དང་ས་གནས་ཀྱི་དགོན་པ་དག༼༡༡༽་ལ་སྟངས་འཛིན་བྱེད་རྒྱུ་དེའོ”་ཞེས་ལྷ་སས་ཨ་མདོ་ནང་མཉམ་གཤིབ་ཀྱི་སྒྲིག་འཛུགས་ཤིག་རྒྱུན་མཐུད་ཡོད་འདུག སྒར་དཔོན་དེ་ནི་མན་ཇུ་ཨམ་བན་ལྟར་ས་ཁུལ་གྱི་ཆབ་སྲིད་འཛིན་སྐྱོང་བྱེད་པའི་དོན་དངོས་ཀྱི་དབང་ཆ་ཉུང་ངུ་ལས་མེད་པར་མངོན།
ཡིན་ཡང་། དུས་རབས་བཅུ་དགུ་པའི་དུས་མཇུག་ནས་བཟུང་ཁ་ཆེ་དམག་འཁྲུག་གི་མངའ་བདག་མཱ་ཁུ་ལན་གྱིས་རིམ་པས་ཨམ་མདོ་ས་ཁུལ་མང་ཆེ་ཤོས་དབང་སྒྱུར་བྱས་ཡོད་པ་རེད། ཕྱི་ལོ་༡༩༢༨ལོའི་དུས་མཇུག་ཙམ་ནས་ཕྱི་ལོ་༡༩༤༩བར་ཨ་མདོ་དེ་སྔོན་མཚོ་སྔོན་ཞིང་ཆེན་ནང་ལ་མཉམ་དུ་བསྲེ་ཡོད་པ་དང་དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཆ་ཤས་ཤིག་ཡིན་པ་རེད།
ཡིན་ཡང་།ཐ་ན་ཉེ་ཆར་གྱི་དུས་སྐབས་འདིར་ཡང་ཨ་མདོ་དང་ལྷ་ས་དབར་གྱི་འབྲེལ་ལམ་གཙོ་ཆེ་ཤོས་དགོན་སྡེའི་གཞི་རྒྱ་ཆེ་བའི་ཆོས་ཕྱོགས་ཀྱི་དྲ་ཚིགས་འདི་དང་ཤེས་རིག་སློབ་གསོ། རིག་གཞུང་། ཐ་ན། དངུལ་རྩིས་དང་ཚོང་ཟོག་གི་འབྲེལ་ལམ་དག་བརྒྱུད་ནས་ཆབས་ཅིག་ཏུ་བསྒྲིལ་ཡོད་ཅིང་། འདི་དག་གིས་ཚོགས་སྡེ་འདི་ཚོ་མང་ཆེ་ཤོས་དང་བླ་མ་དག ཁོང་ཚོའི་མི་སྐྱ་རྗེས་འཇུག་པ་ཚོ་བོད་པའི་ནང་པའི་འཇིག་རྟེན་ལ་སྔ་ཕྱི་བར་གསུམ་དུ་མཉམ་གཅིག་ཏུ་སྦྲེལ་གྱི་ཡོད། ཨ་མདོ་མཁས་པ་པདྨ་འབུམ་གྱིས་ཨ་མདོ་མི་དམངས་ཀྱིས་དུས་རྒྱུན་དུ་ལྷ་ས་ནི་ཁོང་ཚོའི་དཔལ་ཡོན་གྱི་དཀྱིལ་སྙིང་ཞིག་ལ་ཆ་འཇོག་གནང་གིན་ཡོད་པ་དང་། ཁོང་ཚོས་དེར་“སྟོད་ཉི་མ་ལྷ་ས”་དང་ཡང་ན་“ངས་མིག་ཟུང་བཙུམ་དུས་དབུས་གཙང་མཐོང”་ལྟ་བུའི་སྲོལ་རྒྱུན་གྱི་ལེགས་བཤད་དེ་འདྲ་སྤྱད་ནས་ཁོང་ཚོའི་རིག་གཞུང་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་དག་ལ་ཁོང་ཚོའི་ཚོར་བ་མཚོན་གྱི་ཡོད་པ་ང་ལ་བརྗོད་བྱུང་། དེ་བཞིན་དུ་མཁས་པ་ཆེན་པོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེངས་ཤིག་ང་ལ་ཨ་མདོ་ནང་གི་སློབ་གསོ་དང་ཆོས་ལུགས་ཀྱི་བསྟི་གནས་གལ་ཆེ་ཤོས་དག་སྟེ། དཔེར་ན། བླ་བྲང་བཀྲ་ཤིལ་འཁྱིལ་དང་གཞན་པ་ལྟ་བུ་དག་གིས་ཁོང་ཚོས་ཁོང་ཚོར་“ལྷ་ས་གཉིས་པ”་ཞེས་ཞིབ་འབྲི་བྱས་ནས་བོད་ཀྱི་དཔལ་ཡོན་གྱི་འབྱུང་གནས་དང་ཁོང་ཚོའི་བར་གྱི་བློ་ཐག་ཉེ་བའི་འབྲེལ་ལམ་དེ་སྟོན་ངེས་རེད་ཅེས་གསུངས་སོང་།
ལྷ་ས་སྲིད་གཞུང་གིས་ཀྱང་ག་དུས་གོ་སྐབས་རག་ན་དེ་སྤྱད་ནས་ལྷ་ས་དང་ཨ་མདོ་དབར་གྱི་གནའ་རབས་ཀྱི་འབྲེལ་ལམ་དག་སྲ་བརྟན་དུ་བཏང་ཡོད། སྟག་འཚེར་རིན་པོ་ཆེས་ཁོང་དེ་སྔ་སྐུ་འབུམ་དགོན་པའི་མཁན་པོ་ཡིན་དུས་བོད་ཤར་ཕྱོགས་ཀྱི་སྤྱི་ཁྱབ་དམག་དཔུང་ལྷ་ཀླུ་ས་དབང་གི་ཕྱོགས་ནས་ཁོང་ལ་འཆར་ཅན་གྱི་གཏོང་ཡིག་འབྱོར་སོང་། དམིགས་བསལ་དུ་དམར་ཤོག་རིང་ལུགས་པའི་བཙན་འཛུལ་མ་གནང་གོང་གི་ལོ་དེར་ཡི་གེ་འབྱོར་སོང་ཞེས་ང་ལ་གསུངས་བྱུང་།
༡༩༢༦ལོར་བོད་གཞུང་གིས་མགོ་ལོག་གི་བླ་ན་མེད་པའི་འགོ་བ་གཙོ་བོ་ཨ་སྐྱོང་གོང་མ་ཚང་གི་སྤྲུལ་སྐུ་བསྟན་གྲགས་ལ་གཞུང་འབྲེལ་གྱི་གོ་གནས་རིམ་པ་བཞི་པ་གནང་ཡོད། ཁོང་ནི་རུས་མང་ཚོ་པའི་འགོ་པ་རེད།༼༡༢༽ གཞན་སེར་ཤུལ་འབྲོག་སྡེའི་འགོ་དཔོན་རིན་ཆེན་དབང་གི་རྒྱལ་པོ་ལའང་རྫ་ཆུ་ཁར་མཛད་སྒོ་འཚོགས་སྐབས་སུ་གཞུང་འབྲེལ་གྱི་གོ་གནས་ཤིག་དང་ཆོས་གོས་གནང་ཡོད་པ་རེད། རྗོབ་སེ་ཧྥུ རོབ་ཁུས་ Joseph Rock ཁོང་༡༩༢༦ལོར་མགོ་ལོག་ས་ཁུལ་བརྒྱུད་ནས་འགྲུལ་བཞུད་བྱེད་སྐབས་ཁོང་ལ་མགོ་ལོག་ཚོ་པའི་“ཆེས་ཆེ་ཤོས་དང་གལ་ཆེ་ཤོས”་ཀྱི་རུས་མང་ཚོ་པའི་འགོ་གཙོ་ཨ་སྐྱོང་སྤྲུལ་སྐུ་ཁོང་གི་དམག་སྒར་ནང་དུ་མེད་པ་དང་། ཁོང་“་་་་་བོད་གཞུང་གི་དབང་སྒྱུར་དང་ལེན”་༼༡༣༽བྱེད་པར་འགྲོ་སོང་བ་ཁོང་ལ་བརྗོད་སོང་ཞེས་རྗོད་ཀྱིན་འདུག
(གཡོན་ཕྱོགས་ནས་བརྩིས་ན། མགོ་ལོག་ཨ་སྐྱོང་གོང་མ་ཚང་། དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས། སྡེ་དགེའི་མངའ་སྡེའི་སྤྱི་ཁྱབ་ཏྲེ་མཐོང་འགྱུར་མེད་རྒྱ་མཚོ། རྒྱང་རྩེའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་རིན་ཆེན་དབང་གི་རྒྱལ་པོ། ༡༩༢༦ལོར་རྫ་ཆུ་ཁ།)
འདི་ཚོ་དང་དེའི་རྗེས་ཀྱི་མགོ་ལོག་གི་འགོ་བ་གཙོ་བོ་དག་ལྷ་སར་ལྟ་སྐོར་འགྲོ་དུས་ཁོང་ཚོས་མཛད་སྒོའི་ཆོས་གོས་གྱོན་ངེས་ཤིང་། ཁོང་ཚོར་འགྲོ་ལུགས་དང་མཐུན་པའི་སྣེ་ལེན་བྱེད་པ་དང་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་གནང་དུས་གོ་བབས་ཀྱི་སྣེ་ལེན་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད། ངས་བསམ་ན་ཐེར་འདོན་བྱེད་དགོས་པ་ཞིག་ནི་ཁམས་དང་ཨ་མདོ་བ་ཡོངས་རྫོགས་བོད་གཞུང་གི་མངའ་ཁོངས་ལ་ཡོང་དུས་གཞུང་འབྲེལ་གྱི་ལམ་ཡིག༼ཕྱི་བསྐྱོད་ལག་འཁྱེར༽་ཅིག་དགོས་ཀྱི་མེད། ཡིན་ཡང་། རྒྱ་དཀར་ནག་གི་མི་རྣམས་དང་ནུབ་ཕྱོགས་པ་ཚོར་དགོས་པ་གདོན་མི་ཟ།
(༡༩༥༡ལོར་རྒྱ་ནག་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མའོ་ཀྲུའུ་ཞི་གཉིས་༡༩༥༡ལོར་པེ་ཅིན་དུ་བསྒྲོན་པའི་པར།)
ཨ་མདོ་དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་ནང་པའི་མཁས་པ་སྙན་གྲགས་ཅན་ཞིག་རེད། ཡིན་ཡང་། ཁོང་གོ་མིན་ཏང་གི་ལས་ཚབ་པ་རུ་གྲགས།༼རྗེས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཚབ་པ།༽ ཐ་ན། ཕྱི་ལོ་༡༩༤༤ལོའི་ཟླ་༥པའི་ནང་ཁོང་དང་རྒྱ་མི་“སློབ་མ”་ལྔ་བཅུ་རྒྱ་ནག་ནས་ལག་རྟགས་དང་དྲིལ་བསྒྲགས་རྒྱུ་ཆ་ཧ་ཅང་ཕོན་ཆེན་པོ་ཞིག་འཁྱེར་ནས་བོད་ལ་འཛུལ་བར་འབད་རྩོལ་བྱས་པའི་སྐབས་སུ། བོད་གཞུང་གིས་དགེ་བཤེས་ལགས་བོད་ནང་ལ་འཛུལ་བའི་ཆོག་མཆན་སྤྲོད་ངེས་པ་དང་། ཡིན་ཡང་ཁོང་གི་རྒྱ་མི་“སློབ་མ་ཚོ”་འཛུལ་ཆོག་གི་མེད་ཅེས་གསལ་བསྒྲགས་བསྐྱངས་ཡོད་པ་རེད། དམར་ཤོག་རིང་ལུགས་པའི་ལས་ཚབ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་ཕྱི་སྐྱོད་ལག་འཁྱེར་མེད་པར་བོད་ལ་ཧ་ཅང་རང་དབང་ལྡན་པའི་ཐོག་ནས་འཛུལ་ཡོད། ཁོང་གིས་རང་ཉིད་ཀྱི་རང་རྣམ་ནང་དུ་དོན་དངོས་སུ་དབུས་གཙང་མི་དམངས་དང་སྐུ་དྲག་ཚོས་སྣེ་ལེན་མི་ཆུང་བ་ཞིག་བྱས་སོང་ཞེས་རྗོད་ཀྱིན་ཡོད། ཐ་ན། ཧ་ཅང་རྙིང་ཞེན་ཅན་གྱི་བཀའ་ཤག་གིས་ཁོང་གིས་བོད་ལ་བསྒྱུར་བཅོས་ཡོང་བར་བྲིས་པའི་སྙན་ཞུ་ཡི་གེ་དེའང་ངོས་ལེན་བྱས་ཡོད་པ་རེད།
༡༩༥༦ནང་ཁམས་སུ་རྒྱ་ཆེ་བའི་གྱེན་ལངས་ཐེངས་དང་པོ་བྱུང་རྗེས། ཨ་མདོ་ནས་མི་ཉུང་ཤས་ཤིག་དང་ཁམས་ནས་སྐྱབས་བཅོལ་བ་སྟོང་ཕྲག་༼ཏཱ་ལའི་བླ་མས་མི་དམངས་༡༠༠༠༠ལས་བརྒལ་ཡོད་པ་གསུང་གིན་འདུག༽མང་པོ་ལྷ་ས་ལ་བླུགས་ནས་ཡོང་དུས་ལྷ་ས་སྲིད་གཞུང་གིས་ཁོང་ཚོ་སུའང་ཕྱིར་ལ་འཁོར་བཅུགས་མེད་པ་རེད། དབུས་བོད་ལ་སྔོན་ཚུད་ནས་བཟའ་ཆས་མ་འདང་བའི་དཀའ་ངལ་ཞིག་ཡོད་པ་རེད། གང་ཡིན་ཞེ་ན། ང་ཚོས་རྒྱ་མི་བཙན་འཛུལ་དཔུང་དམག་མི་གསོ་ག་མེད་བྱུང་ཡོད། ཡིན་ནའང་། ལྷ་ས་མི་དམངས་ཀྱིས་སྐྱབས་བཅོལ་བ་ཚོར་སྙིང་རྗེ་དང་རྒྱབ་སྐྱོར་ཁོ་ན་བསྟན་ཡོད་པ་རེད། རྒྱ་མི་དབང་འཛིན་མི་སྣ་ཚོས་བཀའ་ཤག་ལ་བོད་དམག་ལྷག་མ་དང་ལྷ་ས་སྐོར་སྲུང་བའི་དཔུང་ཚོགས་སྤྱད་ནས་སྐྱབས་བཅོལ་བ་ཚོ་བསྡུ་རུབ་བྱས་ཏེ་ཁོང་ཚོ་ཕྱིར་རང་གནས་སུ་གཏོང་དགོས་པའི་བཀའ་རྒྱ་ཕེབས་ཡོད་པ་རེད།
ཟུར་ཁང་ཞབས་པད་འོག་གི་བཀའ་ཤག་སྟོབས་མེད་ནུས་མེད་ཡིན་ནའང་དེ་ལྟར་སྒྲུབ་པར་ངོས་ལེན་གནང་མེད་པ་རེད། ད་ལྟ་ང་ཚོར་དེ་ནི་ཆེན་པོ་ཞིག་མིན་སྲིད། ཡིན་ཡང་། ང་ཚོས་སེམས་ལ་འཛིན་དགོས་པ་ཞིག་ནི་ནཱ་རྫི Nazi ་བཙན་འཛུལ་དབང་འཛིན་པས་དེ་ལྟར་སྒྲུབ་དགོས་པའི་བཀའ་བརྒྱ་བཏང་དུས་ཧྥ་རཱན་སི་བེ་ཆེ་Vichyསྲིད་གཞུང་གིས་ཐེ་ཚོམ་མེད་པར་མི་རྒྱུད་རྗེའུ་མི་རིགས་ཡིན་པའི་རང་ཉིད་ཀྱི་མི་སེར་དག་བློས་གཏོང་བྱས་ཡོད་པ་དེ་རེད། དོན་དངོས་སུ་ཧྥ་རཱན་སི་སྲིད་གཞུང་དང་སྐོར་སྲུང་བས་འདུན་པ་ཆེན་པོའི་ཐོག་ནས་ནཱ་རྫི་དཔུང་དམག་ལ་མཉམ་རུབ་བྱས་ཏེ་ང་ཚོའི་ཧྥ་རན་སིའི་རྗེའུ་མི་རིགས་སྟོང་ཕྲག་མང་པོ་བསྡུ་རུབ་བྱས་ནས་ཁོང་ཚོ་མཚོ་གྲུ་བརྒྱུད་འཇར་མན་གྱི་འཆི་བདག་སྡོད་སྒར་དག་ལ་བསྐྱལ་ཡོད་པ་རེད། གནས་སྟངས་གཅིག་ནང་དགེ་སི་ཊེབ་པོས་ Gestapo རེ་བ་བཏོན་མེད་ཀྱང་ཧྥ་རན་སི་སྐོར་སྲུང་བས་མ་སྐུལ་དྭང་བླངས་ཀྱིས་བྱིས་པ་༤༠༥༡་ཚུད་པའི་རྗེའུ་མི་རིགས་༡༣༡༥༢འཛིན་བཟུང་བྱས་ཡོད།
ཚེ་རིང་ཤཱཀྱ་ལགས་ཀྱིས་ལེགས་པར་བསྒྲུབས་པའི་ཁོང་གི་དེང་རབས་བོད་ཀྱི་ལོ་རྒྱུས་ཞེས་པའི་དེབ་ནང་རྒྱ་ནག་གིས་བོད་གཞུང་ལ་རང་གི་སྐམ་དམག་ཉུང་ཤས་ཤིག་ཡོད་པ་དེ་བེད་སྤྱད་ནས་“ཁམས་པའི་གྱེན་ལངས་ལ་བཙན་གནོན”་བྱེད་དགོས་པའི་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲད་ཡོད་པ་དང་། ཐ་ན། ལས་ཀ་དེའི་ཆེད་དུ་འགན་འཁུར་གཙོ་བོ་ལེན་པར་རྗོད་ཀྱིན་ཡོད། བཀའ་ཤག་དང་ཚོགས་འདུ་༼ཚོགས་འདུ་ཆེན་མོ༽ལྷན་དུ་བསྡོངས་ནས་ཐབས་ཇུས་ངན་བཅངས་བྱེད་པོ་ཞིག་གི་རྒོལ་ལན་གྲོས་འཆར་ཞིམ་མངར་ལྡན་པ་ཞིག་ཐག་གཅོད་བྱས་ཡོད། ཁོང་ཚོས་རྒྱ་མི་ལ་ཐོག་དང་པོར་བོད་གཞུང་གིས་རང་ཉིད་ཀྱི་སོར་གནས་དཔུང་དམག་གི་ཁྱབ་རྒྱ་ཇེ་ཆེར་གཏོང་དུ་འཇུག་པ་དང་། གཞན་ཡང་། དེར་དེང་དུས་ཀྱི་གོ་མཚོན་དག་དང་ཡོ་ཆས་མཁོ་སྤྲོད་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད། དེ་ནས་རྒྱ་ནག་གིས་གནད་དོན་དེ་བསྐྱུར་ཡོད་པ་རེད།
རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཕྱོགས་ལ་ཞིབ་འཇུག་དང་གྲོས་བསྡུར་ཅུང་ཙམ་བྱས་པ་དང་ལྷན་དུ་ངས་ཁམས་དང་ཨ་མདོ་ནི་རང་དབང་རང་བཙན་ལྡན་པའི་བོད་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ཆ་འཇོག་བྱེད་དགོས་པར་ནུས་པ་ལྡན་པའི་གྱོད་གཞི་ཞིག་བཟོ་ཐུབ་ཀྱི་རེད་བསམ་གྱི་ཡོད། ལོ་རྒྱུས་བསྐྱར་འབྲི་བྱེད་མི་དགོས་པའམ་ང་ཚོའི་གནད་དོན་འུད་སྒྲོབ་ཤོད་མི་དགོས་ཤིང་། ཐ་ན། དུས་སྐབས་ངེས་ཅན་ཞིག་གི་རིང་ལ་ལྷ་ས་སྲིད་གཞུང་གིས་དཔྱ་ཁྲལ་དག་བསྡུ་མེད་པ་དང་ཁོང་ཚོ་མང་ཆེ་ཤོས་ཐད་ཀར་འཛིན་སྐྱོང་བྱས་མེད་ནའང་། ང་ཚོས་བོད་གཞུང་གིས་དུས་ཀུན་ཏུ་ཁམས་དང་ཨ་མདོ་མི་དམངས་རྣམས་བོད་མི་ཡིན་པ་དང་། རང་ཉིད་ཀྱི་མི་རིགས་ཡིན་པར་ཆ་འཇོག་དང་ལྟ་སྟངས་བཟུང་ཡོད་པ་གཏན་འབེབས་ཏན་ཏན་བྱེད་ཐུབ་ཀྱི་རེད། དེའི་མཚུངས་སུ་ང་ཚོས་ཁམས་དང་ཨ་མདོ་མི་དམངས་ཀྱིས་ལྷ་ས་ནི་ཁོང་ཚོའི་སྐད་ཡིག་དང་རིག་གཞུང་། ཆོས་ཀྱི་དཔལ་ཡོན་གྱི་རྒྱལ་ས་བཞིན་ཆ་འཇོག་བྱས་ཡོད་པ་དང་། གཉན་འཕྲང་ཆེ་བའི་དུས་ཡུན་ནང་ཨ་འབྲུག་ཚང་མགོན་པོ་བཀྲ་ཤིས་དང་ཤར་ཕྱོགས་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་ལྷག་གིས་ལོ་རབས་ལྔ་བཅུ་བའི་ནང་དུ་ལྷ་ས་ནི་ཁོང་ཚོའི་ཆབ་སྲིད་ཀྱི་དཀྱིལ་སྙིང་ཞིག་ལ་ཆ་འཇོག་བྱས་ཡོད་པ་བཞིན་དེ་དག་ཏག་ཏག་སྟོན་ཐུབ་ཀྱི་ཡོད། ད་དུང་། ཁས་ལེན་མི་བྱེད་ཐབས་མེད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ནི་ཁམས་དང་ཨ་མདོ་ཡོངས་རྫོགས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཤིག་གི་སྔོན་ལ་བོད་རྒྱལ་ཁབ་ཀྱི་རྩོད་མེད་གྲུབ་ཆ་དག་ཡིན་པ་དེའོ།།
ཁྱད་མཚར་པོ་འདི་དང་རྒྱལ་སྤྱིིའི་ཁྲིམས་ལུགས་ཀྱི་རྦད་དེ་ནོར་འཁྲུལ་ཅན་གྱི་དོན་འགྲེལ། གཅིག་བྱས་ན། ཐ་ན་ལོ་རྒྱུས་ཀྱི་རྒྱུད་རིམ་རང་གི་ཐོག་ནས་དབུ་མའི་ལམ་གྱི་མགོ་ཁྲིད་ཚོ་དང་ཕྱོགས་འཛིན་པ་ཚོས་དང་དུ་བླངས་ཡོད་པ་འདྲ། འདི་ནི་ངས་སྟོན་འདོད་པའི་ཕྱོགས་དེ་ཡིན། དབུ་མའི་ལམ་གྱི་མགོ་ཁྲིད་ཚོ་དང་ཕྱོགས་འཛིན་པ་ཚོས་“ཚད་བཀག་ཁྲིམས་ཡིག”་འདྲ་ཞིག་དང་ལོ་རྒྱུས་ཀྱི་དུས་རིམ་ནང་འགོག་མཚམས་ ༼ཕལ་ཆེར་ལོ་ངོ་ལྔ་བཅུ་ནས་བརྒྱ༽་འདྲ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་འདྲ། དེ་ལས་བརྒལ་ན་རྒྱལ་ཁབ་ཅིག་གིས་རང་གི་རང་བཙན་ཤོར་ན་ཁྲིམས་མཐུན་གྱི་ཐོག་ནས་དེའི་སྔོན་གྱི་གནས་བབ་དེར་བདག་དབང་བསྐྱར་རྩོད་གཏན་ནས་བྱེད་མི་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་པར་སྣང་། དེར་བརྟེན། དབུ་མའི་ལམ་གྱི་རྩོད་པ་ནི་གལ་ཏེ་བོད་རང་དབང་རང་བཙན་ཞིག་ལ་འགྱུར་ན་དེ་ནས་༡༩༥༠༼ལོ་༦༣་སྔོན༽ནང་གི་ལྷ་ས་སྲིད་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་མངའ་ཁོངས་ཁོ་ན་བོད་ཀྱི་ཆ་ཤས་ལ་ཆ་འཇོག་༼མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆ་འཇོག་བྱེད་གི་རེད་དམ། དྲང་བདེན་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཆ་འཇོག་བྱེད་ཀྱི་རེད། སུ་ཞིག་གིས་ཆ་འཇོག་བྱེད་ཀྱི་རེད།༽ བྱ་ངེས། ཡིན་ཡང་། ཨ་མདོ་དང་ཁམས་གྱི་ས་ཁུལ་ལྷག་མ་དག་དགའ་ལྡན་ཕོ་བྲང་གིས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་ཐད་ཀར་འཛིན་སྐྱོང་བྱས་མེད་སྟབས་བོད་ཀྱི་ཆ་ཤས་ལ་འོས་འཛིན་བྱེད་པའི་ཁྱད་ཆོས་ཚང་གི་མེད།
འདི་ནི་ཆོ་མེད་བྱབ་ཆུང་ཞིག་ཡིན་པ་ཨ་ཅང་ཅང་། ལོ་ངོ་༢༠༠རིང་གི་དབྱིན་ཇིའི་དབང་སྒྱུར་གྱི་རྗེས་ནས་རྒྱ་གར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་གྱུར་ཡོད་པ་དང་གཞན་མོ་གྷལ Moghuls ་འོག་ནས་ལོ་༣༠༠་རིང་བསྡད་པ་རེད། རྗེའུ་མི་རིགས་ཀྱིས་ཁོང་ཚོའི་ཕ་ཡུལ་བརླགས་ནས་ལོ༢༠༠༠་འགོར་བའི་རྗེས་སུ་རང་བཙན་ལྡན་པའི་ཨེ་ཟི་རེལ་འཛུགས་སྐྲུན་བྱས་པ་རེད། བོད་མི་ཚང་མས་མ་མཐའ་ཡང་རྗེའུ་མི་རིགས་ཀྱི་ལོ་རྒྱུས་སྐོར་ལ་འདི་ཙམ་ཤེས་ཀྱི་རེད། སཱི་ཁཱོ་ཊི་ལན་ཊི་ཡི་རྒྱལ་པོས་དབྱིན་ཇིའི་སྲས་མོ་ཞིག་དང་ལྷན་དུ་གཉེན་བསྒྲིགས་བྱས་པ་དང་ཁོང་གི་སྲས་རྗམ་སཱི James ་ནི་སཱི་ཁྲོ་ཊི་ལན་ཊི་དང་དབྱིན་ཇི་གཉིས་ཀའི་རྒྱལ་པོར་གྱུར་སྐབས། སཱི་ཁོ་ཊི་ལན་ཊིའི་མི་དམངས་ཀྱིས་ཁོང་ཚོའི་རང་བཙན་ལོ་ངོ་༣༠༠རིང་ལ་བརླགས་པ་རེད། སཱི་ཁོ་ཊི་ལན་ཊི་མི་དམངས་ཀྱི་རང་བཙན་གྱི་འཐབ་རྩོད་དེ་བོད་དང་བསྡུར་ན་ཁ་གསལ་གཏིང་གསལ་ཧ་ཅང་ཉུང་བ་ཡོད་པ་རེད། སཱི་ཁོ་ཊི་ལན་ཊི་ཡི“སྙིང་སྟོབས་ཆེན་པོ”་“Braveheart” ཞེས་པའི་གློག་བརྙན་ལ་དགའ་མཁན་གྱི་བོད་པ་ཚོས་ཁོང་ཚོའི་དཔའ་བོ་དེའི་ལོ་རྒྱུས་ནི་སཱི་ཁོ་ཊི་ལན་ཊིའི་ལོ་རྒྱུས་ནང་གི་ལེའུ་གཅིག་རང་ཁོ་ན་ཡིན་པ་སེམས་ལ་བཟུང་དགོས།
ཡིན་ནའང་། ད་ལྟ་སཱི་ཁོ་ཊི་རྒྱལ་ཡོངས་ཚོགས་པས་སཱི་ཁོ་ཊི་ལན་ཊི་“མཉམ་འབྲེལ”་ལས་ཁ་བྲལ་ན་འདོད་ཀྱི་ཡོད་པ་རེད། དེའི་སྐོར་ལ་རྒྱལ་ཡོངས་རང་བཞིན་གྱི་བགྲོ་གླེང་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་ཨ་ཅང་ཅང་། བགྲོ་གླེང་བྱེད་དགོས་ངེས་རེད། ཡིན་ཡང་། མི་སུ་ཞིག་གིས་ཀྱང་སཱི་ཁོ་ཊི་ལན་ཊི་མི་དམངས་ལ་“དགོངས་དག བྱིས་པ་ཚོ། ཁྱོད་ཚོས་དེ་གཡུགས་ནས་ལོ་འགོར་དྲགས་པ་རེད། ཁྱོད་ཚོ་ཁྱོད་ཚོའི་འགན་ལེན་དུས་ཡུན་ལས་བརྒལ་འདུག”་ཅེས་རྗོད་ཀྱིན་མེད། སཱི་ཁོ་ཊི་ལན་ཊི་རང་བཙན་ནི་དངོས་ཡོད་གྱི་གནད་དོན་ཞིག་རེད། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན་དེ་དངོས་ཡོད་ཀྱི་གནད་དོན་ཅིག་ལ་བཟོ་དགོས་ཤིང་རྒྱལ་སྤྱིའི་སྒང་ནས་ཚ་ཚ་འུར་འུར་ཞིག་བཟོ་དགོས། དེ་ནི་བོད་མི་ཚོས་ངེས་པར་དུ་ག་རེ་སྒྲུབ་དགོས་དེ་རེད། དེ་ནི་གོམ་སྟབས་དང་པོ་རེད།
རང་བཙན་གྱི་ཐོབ་ཐང་རྩོད་ལེན་བྱེད་ཆེད་ཁྱོད་རང་ལ་རྒྱུན་མ་ཆད་པའམ་བར་མ་ཆད་པར་ཉེ་བའི་རང་སྐྱོང་ self-rule གི་ལོ་རྒྱུས་ཤིག་ངེས་པར་དུ་དགོས་དོན་མེད། དོན་དངོས་སུ། ཐ་ན་ཁྱོད་རང་ལ་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཤིག་ཀྱང་ངེས་པར་དུ་དགོས་དོན་མེད། ངས་བསམ་ན་མཉམ་འབྲེལ་རྒྱལ་ཚོགས་འོག་གི་རྒྱལ་ཁབ་མང་པོ་ཞིག་༼གལ་ཏེ་མང་ཆེ་ཤོས་མིན་ན༽ལ་མི་སེར་སྤེལ་མཁན་རྒྱལ་ཁབ་ཚོས་དབང་སྒྱུར་མ་གནང་གོང་ཁོང་ཚོར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་ཤིག་མེད་པ་རེད་ཅེས་བརྗོད་ན་བདེ་འཇགས་ཡིན་ངེས། དཀྱིིལ་ཤར་ནང་གི་རྒྱལ་ཁབ་མང་ཆེ་ཤོས་ནི་ཞིང་ཆེན་ཙམ་རེད། ཨོ་ཊོབ་མེན་གོང་མའི་རྒྱལ་ཁམས་ Ottoman Empire ཀྱི་བཱེལཱ་ཡེད་ཚི་ vilayets དེ་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་དག་གིས་ཁོང་ཚོ་སོ་སོའི་དམིགས་ཡུལ་དག་གི་ཆེད་དུ་ལུང་པ་དེ་དུམ་བུར་བཅད་ནས་ད་ལྟའི་ཨེ་རག་དང་སི་རི་ཡ། ལའེ་བྷ་ནོན། ཇོན་དན་སོགས་ལ་བཟོས་པ་རེད།
ཐ་ན། པ་ལི་སི་ཐིན་གྱི་གནད་དོན་དེ་ཕྱོགས་གཅིག་ནས་ཡང་ན་ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་བརྒྱུད་ལམ་དག་གི་ཁྲོད་དུ་བར་ཆད་མེད་པར་ཐོན་གྱིན་ཡོད། པ་ལི་སི་ཐན་ནི་དེ་སྔ་ཨོ་ཊོབ་མེན་གོང་མའི་རྒྱལ་ཁབ་ཀྱི་རྫོང་ཁོངས་(sanjaks) ཉུང་ཤས་ནང་གི་གཅིག་རེད། འདི་དང་འདི་ལྟ་བུའི་དཔེ་མཚོན་དག་བགྲངས་ནས་ད་ལྟའི་བར་ཐོན་ཐུབ་ཀྱི་རེད། དེང་སྐབས་གྱི་དཔེར་ན། ཤར་ཐི་མོར་ East Timor དང་ཁོ་སོ་བོ་ Kosovo ལྟ་བུའོ།། ངས་བསམ་ན་ངས་གདེང་ཚོད་ཀྱི་ཐོག་ནས་བརྗོད་ཐུབ་པ་ཞིག་ནི། གལ་ཏེ་གནད་དོན་དེ་ནི་ལོ་རྒྱུས་ཁོ་ནའི་སྐོར་ཡིན་ན། དེ་ནས། བོད་ཆོལ་ཁ་གསུམ་ལ་གོང་ནས་བརྗོད་ཟིན་པའི་རྒྱལ་ཁབ་གང་རུང་དང་བསྡུར་ན་རང་དབང་རང་བཙན་གྱི་གྱོད་གཞི་ཡག་པོ་ཞིག་ཡོད་པ་རེད། ལོ་རྒྱུས་ནི་གལ་ཆེན་པོ་ཏན་ཏན་རེད། ཡིན་ཡང་རྒྱལ་ཁབ་ཅིག་རང་དབང་རང་བཙན་ལ་འགྱུར་དང་མི་འགྱུར་གྱི་མཐར་ཐུག་ཐག་གཅོད་བྱེད་ཀྱི་ཆ་རྐྱེན་དག་ལས་ལོ་རྒྱུས་ནི་དེའི་ནང་གི་གཅིག་ཁོ་ན་རེད།
རང་ཐག་རང་གཅོད self-determination ་ཀྱི་ཐོབ་ཐང་ནི་དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་གི་རྩ་དོན་གཙོ་ཆེ་ཤོས་ཤིག་རེད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་ལ་བཀོད་བཞག་ཡོད་ཅིང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཡོངས་རྫོགས་ཁྲིམས་ལུགས་འདིས་བཀག་སྡོམ་བྱས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གན་རྒྱའི་གཉིས་ཀའི་ནང་ལ་དོན་ཚན་དང་པོ་ཞེས་རེ་རེ་བགྲངས་ཡོད། རང་ཐག་རང་གཅོད་ཀྱི་འོག་ན་མི་ཚང་མར་ཕྱིའི་བཙན་ཤེད་དང་ཐེ་བྱུས་མེད་པར་ཁོང་ཚོའི་ཆབ་སྲིད་ཀྱི་གནས་བབ་རང་དབང་ལྡན་པའི་ཐོག་ནས་ཐག་གཅོད་པའི་ཐོབ་ཐང་ཡོད་པ་རེད། དེ་སྔ་རྩ་དོན་འདི་བརྒྱུད་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཧ་ལམ་རྒྱལ་ཁབ་གསར་པ་རེ་རེར་ཁོང་ཚོའི་རང་བཙན་གྱི་བདག་དབང་སྤྲད་ཡོད་པ་རེད། ཤོག་ཁག་གང་ལ་ཁྲིམས་མཐུན་གྱི་ཐོག་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་ལེན་ཐག་གཅོད་བྱེད་པར་ངེས་ཚིག་འགྲེེལ་བརྗོད་དང་ཁྲིམས་ཐོག་གི་ཚད་གཞི་ཐད་རྙོག་འཛིངས་ཡོད་པ་རེད། ཞོར་དུ། རྩ་དོན་རང་གི་ཐད་ནས་རྩོད་རྙོག་གཅིག་གམ་གཉིས་ཡོད་པ་རེད། ཡིན་ཡང་། དེ་ནི་དོན་དངོས་སུ་དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་རྩ་དོན་གཙོ་བོ་ཡིན་པའི་ཐད་ལ་རྩོད་གླེང་མེད། དོན་དངོས་སུ། རྩ་དོན་འདི་ནི་གཞི་རྩའི་ཐོབ་ཐང་ཞིག་ལ་ཆ་འཇོག་དང་། དེ་ནི་དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་“མཐའ་མའི་ཚད་གཞི”་(juscogens)ཡིན་པ་འཛམ་གླིང་ཡོངས་ཁྱབ་ཀྱིས་ཁས་ལེན་གནང་ཡོད་པ་རེད།
བོད་མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེས་ནང་གྲོས་ཆོད་གསུམ་གྱིས་ཁ་གསལ་གཏིང་གསལ་ཐོག་ནས་ངོས་ལེན་བྱས་ཡོད་པ་རེད། གྲོས་ཆོད་གསུམ་ནི་༡༩༥༩ལོར་༡༣༥༣(XIV)། ༡༩༦༡ལོར་༡༧༢༣(XVI)། ༡༩༦༥ལོར་༢༠༧༩(XX)་བཅས་སོ།། དེ་དག་གིས་རྒྱ་ནག་ལ་ཐོབ་ཐང་འདིར་བརྩི་བཀུར་བྱེད་པའི་འབོད་སྐུལ་གནང་ཡོད་པ་རེད། དེར་བརྟེན། ང་ཚོ་ཚང་མས་འདི་དྲན་དགོས་པ་གལ་ཆེན་པོ་རེད། དམིགས་བསལ་དུ་དབུ་མའི་ལམ་ལ་ཡིད་ཆེས་བྱེད་མཁན་དང་རྗེས་སུ་འཇུག་མཁན་ཚོས་དྲན་དགོས་པ་གལ་ཆེན་པོ་རེད།
རྒྱལ་སྤྱིའི་ཚོགས་ཆེན་གྱིས་་་་་་“བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་དང་རང་དབང་དག་འཕྲོག་པར་བྱེད་པའི་དོན་དངོས་ལག་ལེན་དག་མཚམས་འཇོག་ཡོང་བར་རང་གི་འབོད་སྐུལ་ལ་དོ་གལ་ཆེན་པོའི་ཐོག་ནས་བསྐྱར་གསོ་བྱེད་ཀྱིན་ཡོད།” ‘འདི་ནི་༡༩༦༡ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་༡༧༢༣(XVI)རེད།
ཐེར་འདོན་བྱེད་དགོས་པ་ཞིག་ནི་གྲོས་ཆོད་དེ་མི་སུ་ཡི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྐོར་ལ་གྲོས་བསྡུར་བྱས་པ་རྦད་དེ་གསལ་གསལ་ཐིང་ཐིང་རེད། གྲོས་ཆོད་འདིས་ཐ་ན་དྲི་བའི་ཁྲོད་ཀྱི་“མི་དམངས”་ཀྱི་དོན་ནི་༡༩༥༨ལོའི་སྔོན་གྱི་ལྷ་ས་སྲིད་གཞུང་གི་འོག་ན་འཚོ་བའི་མི་དམངས་དེ་ཚོ་ཁོ་ན་ལ་གོ་དགོས་ངེས་ཀྱི་བརྡ་སྟོན་གྱིན་མི་འདུག་ལ། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་འོག་གི་མི་སེར་ཁོ་ན་ལ་གོ་དགོས་པ་ཡང་སྟོན་གྱི་མི་འདུག གྲོས་ཆོད་དེས་སྟབས་བདེ་པོའི་ཐོག་ནས་“བོད་མི་དམངས”་ཞེས་རྗོད་ཀྱིན་འདུག འདིའི་འགྲེལ་བཤད་རྩོམ་ཡིག་འདིའི་དུམ་བུ་དང་པོའི་ནང་བསྟན་བཞག་ཡོད། ཐ་ན་རྒྱ་ནག་གིས་ཀྱང་བོད་མི་རིགས་ཡོངས་རྫོགས་“གྲངས་ཉུང་མི་རིགས་ས་ཁུལ་དག”་ཏུ་གྲགས་པ་དེའི་ནང་འདུས་པ་ངོས་ལེན་བྱེད་ཀྱི་ཡོད་པ་རེད། “གྲངས་ཉུང་མི་རིགས་ས་ཁུལ་དག”་ཅེས་པ་ནི་ཁམས་པ་དང་ཨ་མདོ་བ་ཡོངས་རྫོགས་ཀྱི་དོན་ཡིན་ངེས་རེད།
ངས་མཉམ་འབྲེལ་རྒྱལ་ཚོགས་ནང་གནད་དོན་བྱེ་བྲག་འདིའི་སྒང་ལ་གོ་ལོག་གང་རུང་ཡོད་པར་བསམ་གྱི་མེད། མཉམ་འབྲེལ་རྒྱལ་ཚོགས་ནང་དུ་བོད་ཀྱི་སྒང་ལ་འཚོགས་པའི་བགྲོ་གླེང་དག་དང་། ད་དུང་། ཕྱི་ལོ་༡༩༥༩་དང་༡༩༦༠ལོའི་ཁྲིམས་ལུགས་མཁས་པའི་རྒྱལ་སྤྱིའི་ཚོགས་ཆེན་གྱི་སྙན་ཞུ་གཉིས་བཅས་ནི་བགྲོ་གླེང་པ་ཚོས་རྒྱ་ཆེན་པོའི་ཐོག་ནས་ལུང་འདྲེན་བྱས་ཡོད། གྲོས་བསྡུར་བྱུང་བའི་བོད་མི་དེ་ཚོའི་ཐོབ་ཐང་དག་གི་གནད་དོན་རྣམས་བོད་ཀྱི་སྲོལ་རྒྱུན་གྱི་ས་ཁུལ་གསུམ་ཡོངས་རྫོགས་ནས་ཡོང་བ་རེད། ངས་ལུང་འདྲེན་གནང་ན། ཨ་མདོའི་རེབ་གོང་། སྡེ་དགེ་རུ་ཡོད་པའི་རྫོང་གསར། ལི་ཐང་གི་ཐག་ཉེར་ཡོད་པའི་ར་བ། འབའ་རུ་ཡོད་པའི་སྣང་བཟང་། ཨ་མདོ་རུ་ཡོད་པའི་འཇམ་དབྱངས་བཞད་པའི་དགོན་པ་དང་བྱ་ཁྱུང་དགོན་པ། ཨ་མདོ་རུ་ཡོད་པའི་རྡོ་སྦིས་རྒྱ་ཚང་། ཁམས་སུ་ཡོད་པའི་དར་རྩེ་མདོ། ཨ་མདོ་རུ་ཡོད་པའི་བྲག་ཁང་སྣ་ཁ་དང་གཅན་ཚ་སོགས། དབུས་གཙང་དུ་ཡོད་པའི་རྫོང་ཁོངས་དག་དང་གྲོང་རྡལ་དག་ཀྱང་ཡོད་པ་རེད།
གལ་ཏེ་ཁྱོད་ཀྱིས་ཚོགས་འདུ་སྟེང་ནས་ཐག་ཆོད་བྱུང་བའི་ཡིག་ཆ་དག་བཀླགས་ན། འཐུས་ཚབ་ཚོས་ལྷ་ས་སྲིད་གཞུང་གི་ཁྲིམས་ལུགས་ཁྱབ་ཁོངས་འོག་ཡོད་པའི་མངའ་ཁོངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༡༩༥༠ནང་བཙན་འཛུལ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད། འོན་ཀྱང་། དེ་རུ་ལྷ་ས་སྲིད་གཞུང་གི་འཛིན་སྐྱོང་འོག་མེད་པའི་བོད་པའི་ས་ཁུལ་དག་ཡོད་པ་རེད། རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱི་གྱེན་ལངས་མང་ཆེ་བ་དེ་གར་བྱུང་ཡོད་ཅིང་། གནས་དེར་རྒྱ་ནག་གིས་“མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་དག”་སྤེལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབོད་སྐུལ་གནང་དུས་གྲོས་ཆོད་ཀྱི་དམིགས་ཡུལ་གང་ཡིན་ཧ་ཅང་གསལ་པོ་ཆགས་ཡོད་སྟེ“བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་༼ཁོང་ཚོའི་རང་ཐོག་རང་གཅོད་ཀྱི་ཐོབ་ཐང་ནང་དུ་འདུས༽དང་རང་དབང་དག་འཕྲོག་པར་བྱེད་པའི་དོན་དངོས་ལག་ལེན་དག་མཚམས་འཇོག་ཡོང་བའི་ཆེད་ཡིན་”ཞེས་བཀོད་ཡོད་པས་སོ།། ཁོང་ཚོ་ཞེས་པ་འདི་བོད་ཆོལ་ཁ་གསུམ་གྱི་མི་དམངས་ཡོངས་རྫོགས་ལ་གོ་གི་ཡོད།
བོད་ཆོལ་ཁ་གསུམ་གྱི་མི་དམངས་རྣམས་ཀྱིས་ཁོང་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་གསལ་གསལ་ཐིང་ཐིང་གི་སྒོ་ནས་བེད་སྤྱོད་བྱས་ཡོད་པ་དང་ཁོང་ཚོའི་འདམ་ག་ནི་རྒྱ་ནག་གི་དབང་སྒྱུར་ལ་ཁས་ལེན་མེད་པ་མིག་སྟོན་གསལ་བཤད་བྱས་ཡོད་པ་ཁོ་བོས་བསམ་གྱི་ཡོད། དཔེར་མཚོན་གཙོ་ཆེ་ཤོས་འགའ་ཞུས་ན། མཚོན་ཆ་སྤྲས་པའི་གྱེན་ལངས་ངོ་རྒོལ་མང་པོ་ཞིག་བྱུང་ཡོད་པ་ལས་༡༩༤༩ལོའི་ཕྱི་ཟླ ༡༢་པར་ཨ་མདོ་སྣང་ར་དང་ཧོར་མོ་ཁ་རུ་གྱེན་ལངས་ངོ་རྒོལ་བྱས་ཡོད། ༡༩༥༦ལོའི་ཕྱི་ཟླ་༢པའི་ནང་ལི་ཐང་དུ་ཁམས་པའི་གྱེན་ལངས་ཆེན་མོའི་དོན་རྐྱེན་གློ་བུར་དུ་བྱུང་ཡོད། ༡༩༥༩ལོའི་ཕྱི་ཟླ་༣པའི་ནང་ལྷ་ས་རུ་གྱེན་ལངས་ངོ་རྒོལ་བྱུང་ཡོད་པ་ལྟ་བུའོ།། ཁམས་དང་ཨ་མདོ་ནང་དུ་འབྱུང་བཞིན་པའི་རང་ལུས་གཞོམ་བསྲེགས་ཀྱི་གྲངས་འབོར་དེ་ད་ལྟ་༡༢༠་བརྒལ་གྱི་ཡོད་པ་རེད། དེ་དག་གིས་རྒྱ་ནག་གི་དབང་སྒྱུར་ལ་མི་དམངས་ཀྱིས་ངོས་ལེན་མེད་པ་ཁ་གསལ་གཏིང་གསལ་གྱི་ཐོག་ནས་མིག་སྟོན་གསལ་བཤད་གནང་གིན་ཡོད་པ་རེད། ཁོང་ཚོས་བོད་ཀྱི་བླ་ན་མེད་པའི་དབང་སྒྱུར་པ་ཏཱ་ལའི་བླ་མ་མཆོག་ཁོང་གི་གནའ་བོའི་རྒྱལ་ས་ལྷ་ས་རུ་ཕྱིར་ཕེབས་ནས་ཁོང་གི་སྲིད་གཞུང་གིས་གཅིག་ཏུ་བསྒྲིལ་ཞིང་རང་དབང་རང་བཙན་ལྡན་པའི་བོད་ཅིག་ལ་དབང་སྒྱུར་ཡོང་བའི་འབོད་སྒྲ་གསལ་གསལ་ཐིང་ཐིང་གིས་སྒྲོག་གིན་ཡོད་པ་རེད།
དབུ་མའི་ལམ་གྱིས་བོད་མི་ཚང་མར་ཁོང་ཚོའི་རང་བཙན་འཐབ་རྩོད་བློས་གཏོང་བྱས་ཏེ་“དྭང་བླངས”་ཀྱིས་ཐོག་ནས་རྒྱ་ནག་གི་མི་སེར་ཞིག་བྱེད་པར་འདམ་དགོས་པ་དང་“དྭང་བླངས”་ཀྱིས་ཐོག་ནས་དམར་ཤོག་རིང་ལུགས་ཀྱི་དབང་སྒྱུར་འོག་གནས་དགོས་པར་རེ་སྐུལ་ཞུ་བཞིན་ཡོད་པ་རེད། འདི་ལྟར་སྒྲུབ་ན་དོན་དངོས་སུ་ཁོང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལས་དུས་ད་ལྟ་བར་དུ་ཐོབ་པའི་བོད་མི་ཚང་མའི་༼ཁམས་པ་ཚོ་དང་ཨ་མདོ་བ་དག་ཚུད་ཡོད།༽ཆེས་གལ་ཆེ་ཤོས་ཀྱི་ཁྲིམས་མཐུན་གྱི་གཏན་འབེབས་དེ་བློས་གཏོང་བྱེད་ཀྱི་ཡོད་པ་རེད། དངོས་འབྲེལ་ལ་ཁོང་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དོར་གྱི་ཡོད་པ་རེད། དོན་དངོས་སྟེང་ནས་བརྗོད་ན། ཁོང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འོག་“དྭང་བླངས”་ཀྱིས་འདུག་པའི་འདམ་ག་གནང་སྐབས་ཁོང་ཚོས་སོ་སོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་བློས་གཏོང་བྱེད་ཀྱི་ཡོད་པ་རེད། འདི་བོད་མི་ཚང་མས་ཤེས་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་ཁམས་པ་ཚོ་དང་ཨ་མདོ་བ་ཚོས་ཧ་གོ་དགོས་པ་གལ་འགངས་ཆེན་པོ་རེད།
ཁྱོད་ཀྱིས་ཨ་མེ་རི་ཁའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཞིག་གིས་ཕྱི་ལོ་༡༦༢༦ནང་མན་ཧྰ་ཐན Manhattan ་གླིང་ཕྲན་དེ་ཌྷ་ཆི་ Dutch་ལ་ཨ་སྒོར་༢༤རིན་གོང་དང་འདྲ་མཉམ་ཡིན་པའི་“ཕྲེང་རྡོག་དང་སྒྲོག་གུ གཞན་རིན་ཐང་ཆུང་བའི་སྔོ་ནེ”་བཅས་ལ་ཕྱིར་འཚོང་བྱས་པའི་སྐོར་གྱི་གཏམ་རྒྱུད་དེ་གོ་ཡོད་སྲིད། དེའི་སྐོར་གྲོང་ཚིག་དམར་རྗེན་གྱིས་སྤེལ་བའི་དམངས་ཁྲོད་གླུ་གཞས་ཤིག་གི་ནང་“བྷི་རོན་ཁུ་སཱི Bronx ་དང་སཱི་ཊེད་ཊན Staten ་གླིང་ཕྲན་གཉིས་ཀ་ཨ་རག་ཤེལ་དམ་གང་ལ་བརྗེས་སོང་ལོ།”ཞེས་བྲིས་ཡོད་པ་རེད། གཏམ་རྒྱུད་འདི་ནི་ཕལ་ཆེར་ཨིན་ཇི་མི་རིགས་རིང་ལུགས་པ་འགས་གདོད་མའི་ཚོ་པ་དེའི་མི་རྣམས་བླུན་པོ་གང་འདྲ་ཡིན་པར་མིག་སྟོན་གསལ་བཤད་ཆེད་བཟོས་པའི་རྟོག་སྒྲུང་རེད། ངས་མ་འོངས་བའི་རྒྱ་མི་མི་རིགས་རིང་ལུགས་པ་ཞིག་གིས་པེ་ཅིན་གྱིས་བོད་མི་ལྐུག་པ་འདི་ཚོ་ཇི་ལྟར་ལས་སླ་བོའི་ཐོག་ནས་རང་དབང་རང་བཙན་ལྡན་པའི་ཕ་ཡུལ་བོད་ཅིག་འཐབ་རྩོད་བྱེད་པའི་ཁོང་ཚོའི་ཐོབ་ཐང་དེ་ཨ་རག་ཤེལ་དམ་གང་ཕར་ཞོག རྒྱུ་རྫས་གང་ཡང་མེད་པ། ཐ་ན། ཕྲེང་རྡོག་དང་སྒྲོག་གུ་ཡང་མེད་པ་ཞིག་ལ་ཕྱིར་འཚོང་གི་མགོ་སྐོར་བཏང་བ་སྟོན་པའི་སྒྲུང་རིགས་གང་འདྲ་ཞིག་གསར་རྩོམ་བྱེད་ཀྱི་ཡིན་ནམ་སྙམ་ནས་ཡ་མཚན་སྐྱེ་གི་འདུག
མཇུག་རྫོགས།
དཔྱད་གཞིའི་ཡིག་ཆ་ཁག
[1] Anon. The Boundary Question between China and Tibet: A Valuable Record of the Tripartite Conference between China, Britain and Tibet held in India, 1913-14. Peking. 1940. pp.1-6.
[2] Goldstein, Melvyn C. A History of Modern Tibet, 1913-1951; The Demise of the Lamaist State. University of California Press, Berkeley, 1989. pp. 68-71.
[3] Shakabpa, Tsepon W.D. Bhod Kyi SeDon Gyalrap (Political History of Tibet) Vol II, Sherig Parkhang, Dharamshala, 1976.
[4] Premen Addy, Tibet on the Imperial Chessboard, Academic Publishers, Calcutta Delhi, 1984. p.279
[5] Wangchuk Tsering, was my great-grandfather from my father’s maternal side. He hailed from Amdo and received a Chinese education as a child. Starting off as an assistant he later became one of the two Manchu commissioners for customs at Yatung. He retired in Darjeeling and assisted the Thirteenth Dalai Lama during his exile there. The family still has a letter from His Holiness granting him the governorship of Markham in Eastern Tibet ¬– an honor which Wangchuk Tsering respectfully declined. JN.
[6] Bell, Charles. Portrait of the Dalai Lama, Collins, London 1946. pp 206-207.
[7] Goldstein, ibid.
[8] “Lang” or “Ox” Darma was the derogatory epithet used in subsequent clerical propaganda about the emperor Lhasay or “Heavenly Son” Darma.
[9] Samten G. Karmay, “King Glang Dar-ma and his Rule” The Arrow and the Spindle, Studies in History, Myths, Rituals and Beliefs in Tibet, Vol II. Mandala Publications, Kathmandu, 2005. p.15
[10] Paul Kocot Nietupski, Labrang Monastery: A Tibetan Buddhist Community on the Inner Asian Borderlands, 1709-1958, Lexington books, UK, 2011, p. 117.
[11] Luciano Petech, Aristocracy and Government in Tibet, p.13.
[12] Jamyang Norbu, “The Girl and the Golok Chiefs” http://www.phayul.com/news/article.aspx?id=8887&t=1
[13] Joseph Rock, The Amnye Machen Range and Adjacent Regions, Is.M.E.O., Roma, 1956.
བཀླགས་ཟིན།
སྐད་ཆ་འདི་ཚོ་ཞིབ་ཚགས་པོ་བྲིས་མི་འདུག་ལ་དོན་ནོར་ཡང་མང་བོ་འདུག རྒྱུས་མེད་ཀྱི་སྐད་ཆ་ཡང་མང་ཙམ་བཤད་འདུག
དཔྱད་གཞི་ཙམ་ལས་ཚད་ལྡན་ཡིག་ཆ་ཞིག་ཏུ་འཛིན་མི་རུང་། ཁོས་སྐད་ཆ་གོ་ལྡོག་ནས་བཤད་འདུག
དེས་ན་ངས་ཀྱང་ཅིག་བཤད། ངས་ཀྱང་ཆབ་སྲིད་དང་ལོ་རྒྱུས་མང་བོ་མི་ཤེས། ཡིན་ན་ཡང་། རང་བཙན་ནི་དེང་སང་གི་བོད་རང་སྐྱོང་ལྗོངས་དང་དེའི་ཁྱབ་ཁོངས་ཀྱི་མི་སེར་གྱི་བདག་དབང་ཐོབ་ཐང་རྩད་ལེན་གྱི་ཆེད་དུ་རེད།
དབུ་མའི་དམིགས་ཡུལ་ནི་ཞིང་ཆེན་ནམ་ལྗོངས་ལྔའི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་ཡོངས་ཀྱི་ཞི་བདེ་མཉམ་གནས་ཀྱི་རང་དབང་རྩོད་ཀྱིན་ཡོད་པ་རེད། དེ་ཡང་མི་རིགས་དང་རིགས་གཞུང་སྲུང་སྐྱོབས་ཀྱི་ལག་པ་སྔ་ཕྱི་ལ་འབད་བཞིན་ཡོད་པར་སེམས།
དེས་ན་འཇམས་དབྱངས་ནོར་བུ་ནས་དོན་གནད་སྔ་ཕྱི་གཉིས་ལས་སྔ་མ་དེ་བདམས་པ་རེད། དབུས་གཙང་དང་ཁམས་པའི་ཟུར་གཅིག་མ་གཏོགས་བོད་སྤྱི་དཔྱང་བློས་བཏང་ཟིན་པ་རེད།
རང་བཙན་དང་དབུ་མ་གཉིས་འདམ་ཀ་ཞིག་ཡིན་པའི་དབང་དུ་བཏང་ན་འཇམ་དབྱངས་ནོར་བུས་རང་བཙན་བདམས་པ་རེད། དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན།
བོད་རང་ལྗོངས་ཟེར་བ་འདི་དང་་་་་་་་་བོད་མིའི་ས་ཁུལ་ཡོངས་རྫོགས་གཉིས་ལས་དེང་སང་གི་བོད་རང་ལྗོངས་བདམས་པ་དེ་རེད།
འདི་ངའི་བསམ་ཚུལ་བཤད་པ་ཡིན། ནོར་ཡོད་ན་དགོངས་དག་ཞུ།
འགྲིག་འདུག་ད་ཐེངས་ཡག་པོ་བྲིས་འདུག བརྒྱ་ཕྲག་འདིའི་ནང་༧སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་དང་ཀུན་གཟིགས་པན་ཆེན་ལགས་རྣམ་གཉིས་ཨ་མདོ་རུ་འཁྲུངས་པ་འདིའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བྱུང་ཡོད། འདིའི་ནང་ལྷ་སའི་མི་དྲག་དག་གིས་བརྩེ་་མི་བོད་བརྩེ་སེམས་ཡོད་པ་ཞུ་དགོས།
རྩ་མི་ཚང་བ་མ་འབྲི་ཡིད་ཆད་ནས་ཤི་བ།
དགེ་འདུན་རྒྱལ་ཚོ། ཁྱོད་བསམ་བློ་གཡོན་ཕྱོགས་ལ་གནས་ནས་འཁོན་འཛིན་ཡོད་པའི་རྣམ་པའི་ཐོག་ནས་གཅིག་བཤད་དགོས་པ་མ་རེད། ཡང་གཅིག་མིན་ན་མ་རྩོམ་མིག་ལྟ་ཙམ་ཡང་མ་བྱས་པར་གཅིག་བཤད་ཀྱིན་པ་འདྲ། དེ་མིན་ན་མ་རྩོམ་ནང་ཞིབ་འཇུག་གི་དཔྱད་གཞིའི་པར་རིས་དང་ཡིག་ཆ་ཁག་ལུང་འདྲེན་བྱས་འདུག་ལ་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་རང་བཙན་གྱི་སྒྲུབ་བྱེད་བཤད་ཀྱིན་འདུག། འོན་ཀྱང་། དངུལ་ཏཱ་ཡང་རྒྱ་དངུལ་ལྷད་མེད་རེད། དངུལ་ཏཱ་ཡང་ཆར་པ་བབ་བབ་རེད། རྒྱ་གུང་ཁྲན་དྲིན་ཅན་ཕ་མ་རེད། ཟེར་མཁན་རིགས་ཡིན་ན་ང་ལ་ཅང་བཤད་རྒྱུ་མེད།
ད་རེས་དྲན་དཀར་ལགས་ལ་རྒྱབ་བསྐྱོར་ཡོད། ༧རྒྱལ་པཎ་གཉིས་མདོ་སྨད་ལ་འཁྲུངས་ནས་དབུས་ཀྱིས་གདན་དྲངས་པ་མ་ཟད་མཚན་སྙན་ནམ་མཁར་ཁྱབ་པ་དེས་མདོ་ཁམས་གཉིས་ཀྱང་རྩོད་མེད་ནུས་ལྡན་གྱི་བོད་རྒྱལ་ཁབ་གཅིག་བདག་དབང་གསལ་པོར་མཚོན་ཐུབ།
དངོས་གནས་མཁས་དབང་རེད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་། བདེན་དཔང་གི་པར་རེས། གསལ་བཤད་ཀྱི་འབྲེལ་སོགས་ཡག་པོ་འདུག། ང་ཚོ་བོད་པ་ལ་ཁྱེད་འདྲ་བ་ནི་དུས་རབ་འདིར་གལ་ཆེན་པོ་ཞིག་རེད། འོན་ཀྱང་གུས་པས་ཐལ་མོ་སྦྱར་ནས་ཞུ་ཡག་གཅིག་པུ་ནི་རང་ཅག་བོད་འབང་ཡོངས་ཀྱི་སྐྱབས་གནས་ཅིག་པུ། ཕྱི་ཡི་ལྕག་རི། ནང་གི་ནོར་བུ། གོ་ལར་འདིར་བོད་པའི་མཚོན་རྟགས། ཚན་ཆོས་ཟུང་འབྲེལ་མཛད་པོ། དམན་ལ་ཅིག་ཏུ་རྩེ་་བ་རྒྱལ་བ་ཡིད་བཞིན་ནོར་བུ་ལ་ཟུར་ཟ་དང་མ་འདོད་པ་ཚིག་དེ་འདྲ་མ་གསུངས་རོག། ཁྱེད་ནས་དེ་ལྟར་ལབ་ན་ཁྱེད་ཀྱི་ཡོན་ཏན་དེས་བོད་པའི་སེམས་ལ་ཉར་མཁན་ཆེས་ཉུ་ངུ་ཞིག་ལས་ཡོང་ཐབས་མེད། དེ་ལས་ལྡོག་ཏེ་གོང་ས་མཆོག་ལ་ཆེད་སྟོད་སོགས་དང་འབྲེལ་བོད་པ་ལ་བཀའ་དྲིན་སོགས་ངེས་པར་བརྗོད་རོག། ཁྱེད་ཀྱི་བོད་རང་བཙན་ཡིན་པའི་ལོ་རྒྱུས་དང་ཡིག་ཆའི་རིགས་རྩ་ཆེན་པོ་དེ་ཚོ་ང་ཚོ་བོད་པ་དངུལ་us$10000000000000000000000000000000000འབུམ་འགྱུར་ལས་ལྷག་པ་རེད། བོད་ཀྱི་གཞོན་ནུ་ཚོགས་པ་གཙོས་བོད་མི་ཡོངས་ནས་དེ་དག་ཉར་ཚག་དང་ཤེས་པ་བྱེད་རྒྱུ་གལ་ཆེན་པོོའོ། རང་ཡུལ་བོད་པའི་རིགས་ལ་ཞེན་པ་དཀར་མོའི་མདངས་ཀྱི་ཉེར་བར་མཛེས་པའི་མཁས་དབང་འཇམ་དབྱང་ནོར་བུ་ལགས། འདིས་རིགས་མང་ཙམ་བོད་ཡིག་་ཐོག་ལ་སྤེལ་བའི་རེ་བསྐུལ་ཞུ་ཞུ་ཞུ། གུས་པའི་་གང་ཞུས་པ་འདི་སེམས་ལ་ལྷེད་མེད་པར་ཞུས་པས་གསན་ཕྱོགས་་མ་ལོག་པའི་རེ་བ་ཡོད།
མཁས་དབང་འཇམ་དབྱངས་ནོར་བུའི་རྩོམ་འདི་དོན་སྙིང་ལྡན་པ་ཞིག་འདུག། ངས་རྩོམ་འདི་ཉིན་ཤས་སྔོན་ནས་མ་རྩོམ་ནང་བཀླགས་ཟིན། མང་རིའི་གངས་ཐིག་གིས་ཀྱང་ཡག་པོ་བསྒྱུར་འདུག་ཐུགས་རྗེ་ཆེ།
དགེ་རྒན་དགེ་འདུན་རྒྱ་མཚོ་ལགས། སྐུ་ཉིད་ཀྱིས་ལོ་རྒྱུས་དེ་ཙམ་མཁྱེན་གྱིན་མེད་ན་འདིར་དགོངས་ཚུལ་ཡིན་གཅིག་མིན་གཉིས་དེ་འདྲ་གང་ཡང་གསུང་དགོས་ཀྱི་ཡོད་ས་མ་རེད་ལགས།
དྲན་དཀར་ལགས། བདེན་ཁ་དུ་མར་སྦྱིན་ནོ། དངོས་གནས་རྒྱལ་པན་རྣམས་གཉིས་ཨ་ཕྱོགས་ལ་འཁྲུངས་པ་དེས་བོད་པའི་རྩ་དོན་དང་སྡོག་ཙ་ཆིག་སྒྲིལ་ལ་བླ་ན་མེད་པའི་ཕན་རླབས་ཆེ་བའོ། སྙིང་རྗེ་ཚོང་པ་རྒྱག་པ་ཞེས་ཁ་གཏོང་བའི་མགོ་གཉིས་པའི་རིགས་དེ་ཚོ་བསམ་མེད་འདྲ་བའོ།
ཤར་པ་དང་གྲྭ་བ་རྒྱལ་བོས་ལོ་རྒྱུས་སྦྱོང་དགོས་པ་འདྲ། འགུལ་རིས་སམ་གློག་གི་རོལ་རྩེད་ལ་གཡང་པའི་བྱིས་པ་བསམ་མེད་འདྲ་ཡིན་ས་རེད། དེང་སྐབས་བོད་ནང་གི་དཀའ་ངལ་ནི་ལོ་རྒྱུས་མ་ཤེས་པའི་འཕྲད་ཀྱི་མེད།
ཆབ་སྲིད་བསམ་བློ་བ་ཟེར་བ་མི་འདྲ་གི བློ་སྒོ་ཕྱེས་སོང་།
བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ལ་ཐེ་ཚོམ་ཡོད་པ་མ་རེད་ལ་རྒྱ་ནག་གིས་ཀྱང་གནད་དོན་འདི་ཤེས་ཀྱང་མ་ཤེས་ཁུལ་བྱེད་བཞིན་ཡོད་པ་རེད་དེ་གཅིག་ཡིན། དེར་བརྟེན་དེ་སྒྲུབ་བསྡད་པ་ནི་ངལ་བ་ལྷག་མ་ཞིག་རེད། གཉིས་ནས་ཁམས་དང་ཨ་མདོ་གཉིས་རྒྱ་དམག་བོད་ལ་མ་ཡོང་སྔོན་ལ་དབུས་གཞུང་ངམ་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་མེད་པ་དེ་ཡང་བདེན་པ་རེད། མདོར་བསྡུས་ན་ཁམས་དང་ཨ་མདོའི་ཕྱོགས་སུ་ལོ་རྒྱུས་ཀྱི་ཚབ་མཚོན་མི་སྣ་དེ་དག་འཁྲུངས་མེད་ན་དེ་ཡང་ཉེན་ཁ་ཞིག་མ་རེད་ཟེར་མི་ཕོད།
ང་ཚོ་ལོ་རྒྱུས་མེད་པ་དང་ང་ཚོས་ལོ་རྒྱུས་མ་ཤེས་བའི་རྐྱེན་གྱིས་ཕོངས་བ་མ་རེད་འདོད། ང་ཚོ་མདུན་མཆོངས་བྱེད་མཁན་གྱིས་དཔའ་པོ་ཉུང་དྲག་པའི་རྐྱེན་གྱི་ཕོངས་བ་རེད་འདོད། ང་ཚོ་དེངས་རབས་ཀྱི་ཤེས་བྱ་དང་མཚོན་ཆ་མེད་པའི་ཕོངས་བ་མ་རེད་འདོད། ང་རྒྱབ་ནས་ཡིབས་མཁན་དང་མདུན་ལ་རྒྱུགས་མཁན་གཉིས་ལས་ཡིབས་མཁན་མང་བས་རྐྱེན་གྱི་ཕོངས་བ་རེད་འདོད། རྩོམ་པ་པོ་གྲགས་ཆེན་འཇམ་ནོར་ལགས་ཀྱིས་ཀྱང་མི་
ཚེ་ཧྲིལ་བོ་ལོ་རྒྱུས་རྐྱང་རྐྱང་བསྐྱར་བསྒྲིགས་ཡང་བསྒྲིགས་བྱེད་པ་ལས་མདུན་ཏུ་མཆོངས་ཏེ་སྣེ་ཁྲིད་ཞིག་བྱོས་དང། གང་ཞིག་ལ་རྒྱུགས་དགོས་བ་དང་གང་ཞིག་ཏུ་འདུག་དགོས་བ་ཁྱོད་ལ་ཁྲིགས་ཁྲིགས་རེད། ཕ་སྐད་ཙམ་ཡང་མི་ཤེས་བའི་ཕྱི་སྡོད་གཞོན་སྐྱེས་ཚོ་དང་དད་པ་ཙམ་ལས་ཕར་བརྒལ་མི་ཐུབ་པའི་རྒན་རྒོན་ཚོའི་མདུན་ནས་མཁས་བཤད་བྱས་བ་ཙམ་གྱིས་རང་བཙན་ཕར་ཞོག་མཐའ་ན་རང་ས་ཡང་མཐོང་དཀའོ།
བསམ་བློ་གཏོང་དགོས་པའི་དུས་རབས་ཀྱི་ལོ་རྒྱུས་ཤིག
བོད་རང་བཙན་ཡིན་པས་དཔང་རྟགས་རི་རབ་ཙམ་ཞིག་སྤུངས་ན་ཡང་ངལ་བ་འབྲས་མེད་ཙམ་ལས་དུས་ནམ་ཡང་གྲུབ་འབྲས་མེད་པར་གསལ་བཞིན་དུ་འུར་རྒྱག་ནས་ཅི་བྱེད། ཡང་ན་རང་བཙན་རྩོད་པར་ཁ་ཁོག་གཉིས་མེད་དང་། རང་རིགས་བཅངས་པས་བརྩེ་དུང་དང། ་ལྷག་བསམ་རྣམ་དག་གི་བློ་དཀར་གཞུང་དྲང་དང་། ཆོས་སེམས་དགོས་པ་ལས་ཁ་སྟོང་ཚིག་སྟོང་ཁོ་ནིའི་ཉིན་མ་གཅོད་རོགས་ཙམ་ལས་དགེ་མཚན་གང་ཞིག་ཡོད།
འཇམ་ནོར་གྱིས་ཞིབ་འཇུག་བྱས་པ་ཡག་གི འདི་ལྟར་རང་གི་རྣམ་དཔྱོད་བེད་སྤྱད་ནས་བོད་དོན་བཤད་པ་ཡག་གི གཞན་ཚོས་ཡས་བཤད་མས་བཤད་མང་པོ་བྱས་པས་ཅི་ཡང་མི་ཕན། ལོ་རྒྱུས་ཀྱི་བདེན་དོན་ནི་ཧ་ཅང་གལ་ཆེན་ཡིན་པ་དེ་བཞིན། རྒྱ་གཞུང་གིས་གལ་ཆེ་སའི་ལོ་རྒྱུས་ཁག་ལ་འཁྱོག་བརྗོད་དང་ལྷན་དུ་རང་གི་སྟོབས་ཤུགས་བེད་སྤྱད་དེ་བོད་ལ་བཙན་འཛུལ་བྱས་པ་ནི་དངོས་ཡོད་ཡིན།
འཇམ་ནོར་ལྟར་དངོས་ཡོད་ལོ་རྒྱུས་དཔང་བཞག་གིས་བོད་དོན་ཐད་ནས་བརྗོད་པ་ཡིན་ན། རྒྱ་དམར་འོག་ལ་མགོ་འབུལ་ལུས་འབུལ་ཆ་ཚང་བྱེད་དགོས་པའི་གནས་བབ་ཅིག་གཏན་ནས་མཐོང་གི་མི་འདུག
བསྟན་འཛིན་རྒྱལ་བོ་ལགས།
རང་སེམས་རང་གིས་གསོས་ཏེ་དགའ་བས་མ་ཚིམ་རོགས།
ཨ་མདོ་བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཡིན་ཚུལ་ལུང་རིག་གང་གིས་ཚུལ་ཅི་ལྟར་བསྒྲུབ། རྒྱལ་བ་རིན་པོ་ཆེས་དབུས་ལ་གདན་འདྲེན་ཞུས་སྐབས་མཱ་པི་ཧྥང་ལ་རྒྱུ་རྔན་བརྫངས་ནས་ཆོག་མཆན་ཞུ་དགོས་དོན་ཅི་ལ་ཐུག་པ་རེད། མཱ་པི་ཧྥང་གིས་མཚོ་སྔོན་ཀྱི་ས་ཆ་ཉུང་ཤས་ཞིག་ལ་དབང་བསྒྱུར་བ་བདེན་ཡང་ཨ་མདོའི་དཔོན་པོ་ཡིན་པར་བཤད་པ་ནི་འཇམ་ནོར་གྱི་རྫུན་གཏམ་རེད།
ཁོས་ས་མཚམས་བགོས་པ་ལ་ལྟོས་དང་། རྒྱུས་མེད་ཀྱི་རྒྱུས་གཏམ་མང་བོ་སྨྲས་མི་འདུག་གམ།
(༡༨༩༣ལོར་བློན་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་རྡོར་གླིང་ར་གླིང་དུ།)སྤེལ་བའི་བསྒྲགས་གཏམ་ནི་བསྒྲགས་གཏམ་རང་རེད། དེས་ང་ཚོ་ལ་ཕན་ག་རེ་ཐོག་སོང་། ཁོའི་བསྒྲགས་གཏམ་ལ་ཆ་འཇོག་བྱེད་ཡ་ཡོད་མ་རེད། བཤད་སྒྲས་གཡག་བཏང་བ་དང་གཅིག་པ་རེད། དེ་ལ་སུས་ཀྱང་ཉན་འཇོག་བྱས་ཡོད་མ་རེད།
དེ་འདྲ་ཞིག་གིས་ཕན་ཐོག་ཡོད་ན་བསྒྲགས་གཏམ་སྤེལ་ནས་ལོ་ངོ་ལྔ་བཅུ་སོང་ཟིན། ག་རེ་བྱས་ནས་བསྡད་པ་རེད་དམ། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྲིད་གཞུང་འདིས་གཅིག་སྒྲིལ་གྱིས་བཀའ་དྲིན་ལ་བརྟེན་ནས་ང་ཚོས་ཐབས་ལམ་ཞིག་བཙལ་ན་ནི་བཙལ་རན་རེད། དེ་མ་གཏོགས་ཡིག་ཆོག་དང་པར་རྙིང་འགའ་ཤས་ཞིག་བཤསམ་ནས་རང་བཙན་ལེན་མི་ཐུབ། འཇམ་དབྱངས་ནོར་བུ་ལྟ་བུས་བོད་མི་དམངས་ཀྱི་སྣེ་ཁྲི་མི་ཐུབ་ལ་། ཁོའི་རྩོམ་ཡིག་དེ་དག་གིས་བོད་རང་བཙན་ལེན་མི་ཐུབ་པར་ངས་མནའ་སྐྱེལ་ནས་བཤད་ཐུབ། ཁོའི་དམིགས་ཡུལ་ནི་བོད་གཞུང་ལ་སྒེར་འཁོན་རྩོད་རྒྱུ་དང་ན་གཞོན་མང་བོ་ཞིག་འུར་ལངས་ཀྱིས་ཁོ་ལ་རྒྱལ་སྐྱོར་ཡོང་ཐབ་རེད། ན་ནངས་ལོ་སྔོན་མར་པེ་ཅིན་ལ་་དུག་སྦྲང་བཏང་ནས་ཅི་ཡང་ཕན་ཐོག་མ་སོང་བ། དུག་སྦྲང་གང་ལ་བུད་སོང་ང་། ཉིས་སྟོང་བརྒྱད་ཀྱི་དོན་རྐྱེན་རིམ་པར་བྱུང་ན་ཡང་ཁྱོད་གར་སོང་གི་རྗེས་ཙམ་ཡང་མེད་པ། ད་ཡང་གོ་སྐབས་ཞིག་བཙལ་ནས་ལངས་ཡོང་གི་ཡོད་རེད། རང་བཙན་དང་དབུ་མའི་སྐད་ཆ་མང་དུ་འགྲོ་བའི་སྐབས་འདི་ཁྱོད་ཀྱི་གོ་སྐབས་རེད་འདུག་པ། ཁྱོད་ཀྱིས་གླེང་ཕྱོགས་ཅི་ཞིག་བཟོ་རྩིས་ཡོད་དམ། འགྲི་གི་རེད། འདས་པ་ནི་འདས་པ་རེད། ཕྱིར་འོང་ཡོད་མ་རེད། མ་འོངས་པ་གལ་ཆེན་པོ་རེད། ཁྱོད་ཀྱི་ཐབས་ལམ་དག་ཤོད་དང་། ཐབས་ལམ་ནི་ད་རེ་འདྲེ་ཤིག་གཏོང་རྒྱུ་ཡིན་སྲིད་པ་རེད།
ངས་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་མི་ཤེས། ཡིན་ཡང་བསྟན་འཛིན་རྒྱ་པོ་ཁྱོད་ལས་དྲག་གི་རེད།
ད་མང་བོ་མི་བཤད་བདེ་མོ།
དགོངས་དག་ཡིག་ནོར་འགའ་འདུག
སྔོན་མར་འཇམ་དབྱངས་ནོར་བུས་བོད་པའི་མང་གཙོ་དང་བོད་ཀྱི་དབུ་ཁྲིད་ཚོར་ཟུར་ཟའི་སྐད་ཆ་རིགས་ལ་ངས་དེ་ཙམ་མཐོང་སྤྲོད་མྱོང་མེད། དེང་སང་དབུ་ལམ་གྱིས་མངོན་འདོད་དང་ཁ་ཕྱོགས། དབུ་ལམ་གྱིས་མྱུར་སྐྱོབ་དང་གྲུབ་འབྲས། དབུ་ལམ་གྱིས་འཐབ་རྩོད་དང་ནང་དམེ། ད་དུང་ཡང་དབུ་ལམ་གྱིས་རྒྱར་མཐུན་དང་བོད་བོར། དེ་བཞིན་དབུ་རང་གཉིས་ལ་བོད་མྱུར་སྐྱོབ་ཀྱིས་ནུས་པར་ཆེ་ཆུང་གཏི་འབྲུ་ཙམ་མེད་པར་གསལ་ནས་གསལ་དུ་འགྲོ་བཞིན་དུ་དབུ་ལམ་ནི་བོད་མྱུར་སྐྱོབ་ཀྱི་ལམ་མཆོག་ཡིན་ཚུལ་སོགས་བདེན་དོན་མིན་པའི་གནས་ཚུལ་རིགས་ཀྱིས་འཇམ་དབྱངས་ནོར་བུར་རང་བཞིན་གྱིས་དོ་སྣང་དང་དགའ་ཞེན་འགའ་ཡོང་གིན་འདུག། གོང་དུ་འཇམ་ནོར་གྱིས་བཤད་པའི་སྐད་ཆ་དེ་ཚོར་བསམ་ཞིབ་དགོས་པ་མང་དག་ཞིག་འདུག་གོ།
ཚོར་བའི་རྗེས་འབྲངས་པ་ཚོའི་ཁ་རྡུང་ལས་རྩོམ་པ་པོའི་ལུང་རིག་གི་དཔྱད་ཞིབ་འདི་ཡག་པོ་འདུག མུ་མཐུད་དུ་དཔྱད་རྩོམ་འདི་འདྲའི་རིགས་གང་མང་མང་སྤེལ་བའི་རེ་བ་ཡོད།
༼གཞི་ལུས༽
གཞི་ལུས་བོད་མི་རྣམ་པ།
རྒྱ་ཡིས་བཙན་སྣོན་མ་བཟོད།
བྲོས་རྒྱུའི་བསམ་པ་ལྡན་ཀྱང་།
མཐའ་བཞི་དམག་གི་བསྐོར་ནས།
ཐར་པའི་ལམ་ཞིག་མེད་པས།
རང་སྲོག་མེ་ལ་སྒྲེན་ནས།
ཕྱི་མའི་ལམ་དུ་ཆས་སོང་།
༼བཙན་བྱོལ།༽
བཙན་བྱོལ་བོད་མི་རྣམ་པ།
ཕ་ཡུལ་དྲན་རང་དྲགས་ནས།
རྒྱ་ཡི་འོག་ཏུ་བསྡོད་རྒྱུར།
མཁས་ལེན་གཙང་མ་ཞུས་ཀྱང་།
གཡོ་ཅན་བསྟན་དགྲ་དམར་པོས།
བརྡ་ལན་མེད་པར་བཞག་དུས།
ཨོ་ལོའི་སེམས་པ་སྐྱོ་བྱུང་།
དུས་དེང་སང་རང་བཙན་རག་ཡག་མེད་པ་ནི་བཤད་མི་དགོས་མོད། ཡིན་ན་ཡང་རང་བཙན་གྱི་སྐད་ཅ་ཙམ་ཡང་བཤད་མི་ཆོག་པ་འདི་ཅི་ཞིག་ལ་ཐུག་པ་རེད། རང་བཙན་ལབ་ན་ཕ་རོ་ཟོ་ལབ་པ་ལས་སྡུག་གི་འདུག རང་བཙན་ལབ་ན་བོད་མིའི་གྲལ་ནས་ཕུད་ཡོང་གི་འདུག ད་གང་ཤེས། ཡག་རྟག་ཡིན་ནམ། གཙོག་རྟགས་ཡིན།
ད་ང་ཚོས་འཇམ་ནོར་གྱི་རྩོམ་ཡིག་འདིའི་དོན་སྙིང་གླེང་། ཡིག་ཕྲེང་མང་བོ་ཞིག་ནི་སྐད་ཆ་རྙིང་བ་བསྐྱར་བཟློས་བྱས་འདུག་པས་དེ་ཙམ་གྱི་དོན་སྙིང་ཡོད་པར་མཐོང་མ་སོང་། བརྗོད་དོན་གཙོ་བོ་ནི་ལྔ་བཅུའི་ཡར་སྔོན་གྱི་སྐུ་དྲག་ཚོ་ནི་ཡག་པོ་དང་དཀར་པོ་དཀར་རྐྱང་ཡིན་པ། ཁོ་ཚོའི་སྟེང་ན་ནག་ཐིག་གཅིག་ཀྱང་མེད་པ། ཨ་མདོ་དང་ཁམས་པ་ཚོས་ཅི་ཡང་ཤེས་ཀྱི་མེད་པ་དང་། ཁོ་ཚོས་ད་དུང་ཁམས་དང་ཨ་མདོ་ལ་སྐུ་དྲག་ཚོས་བདག་པོ་མ་བརྒྱབ་པ་དང་བཙོང་སོང་ཞེས་སྐུ་དྲག་ལ་གླེང་འདེབས་བཞིན་པ། སྐད་ཆ་དེ་ཚོ་ནི་དྲང་བདེན་མིན་པ། ཞོར་དུ་གླང་དར་བསད་པའི་ནག་ཉེས་ནང་བ་ཚོར་ཡོད་པ་དང་། གླང་དར་དཀར་འཏོན་བྱེད་དགོས་པ།
ལོ་རྒྱུས་སྟེང་ནས་བོད་དེ་སྔར་ནས་རང་བཙན་ཡིན་པ་དང་། དེང་སང་གི་ལམ་དབུ་མ་གླེང་མཁན་ཚོས་ཀྱང་ཅི་ཡང་ཤེས་ཀྱི་མེད་པ་དང་། དོན་ལ་དབུ་མའི་ལམ་དང་དབུ་མའི་ལམ་ལ་བརྟེན་ནས་བོད་མའི་རང་དབང་རྩོད་ལེན་བྱེད་མཁན་ཚོར་ཁ་་བརྡུང་དང་དམའ་འབབ་བྱེད་ཀྱི་ཡོད། འདི་ལྟར་། ཐ་ན་ལོ་རྒྱུས་ཀྱི་རྒྱུད་རིམ་རང་གི་ཐོག་ནས་དབུ་མའི་ལམ་གྱི་མགོ་ཁྲིད་ཚོ་དང་ཕྱོགས་འཛིན་པ་ཚོས་དང་དུ་བླངས་ཡོད་པ་འདྲ། འདི་ནི་ངས་སྟོན་འདོད་པའི་ཕྱོགས་དེ་ཡིན། ཟེར། ལམ་དབུ་མ་ལ་སྐྱོན་བརྗོད་བྱེད་རྒྱུ་ནི་རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོ་རེད་འདུག
དབུ་མའི་ལམ་གྱིས་བོད་མི་ཚང་མར་ཁོང་ཚོའི་རང་བཙན་འཐབ་རྩོད་བློས་གཏོང་བྱས་ཏེ་“དྭང་བླངས”་ཀྱིས་ཐོག་ནས་རྒྱ་ནག་གི་མི་སེར་ཞིག་བྱེད་པར་འདམ་དགོས་པ་དང་“དྭང་བླངས”་ཀྱིས་ཐོག་ནས་དམར་ཤོག་རིང་ལུགས་ཀྱི་དབང་སྒྱུར་འོག་གནས་དགོས་པར་རེ་སྐུལ་ཞུ་བཞིན་ཡོད་པ་རེད། ཟེར་།
ཁོས་ཕྱོགས་གཅིག་ལ་དགའ་མོས་བྱེད་པ་ལས་གཅིག་གཞན་དེ་མཐོང་གི་མེད། དབུ་མ་པ་ཚོས་ཕྱོགས་གཉིས་ཀ་མཐོང་ཡོད་པ་ལ་ཁོས་རྐང་བཙུགས་ནས་ལྡོག་ཕྱོགས་ནས་བཤད་ཀྱི་ཡོད། ངས་བསམ་ན་འཇམ་ནོར་ལ་དབུ་མའི་སྐོར་ཟབ་སྦྱོང་ཞིག་སྤྲད་དགོས་ཀྱི་འདུག དེ་མིན་ན་ནམ་ཡང་གཡག་ཞར་མས་རྩྭ་ཟ་བ་ལྟར་ཕྱོགས་གཅིག་ཁོ་ན་མ་གཏོགས་མཐོང་གི་མེད། ལམ་དབུ་མ་ཚོས་ཕྱོགས་གཉིས་ཀ་ཤེས་ཡོད་པ་རེད་ལ། བསམ་བློ་ཡང་བཏང་ཡོད་རེད། ངས་བསམ་ན་འཇམ་ནོར་གྱི་སྐད་ཆ་ནི་ཧ་ཅང་ཐལ་དྲག་པ་རེད།
བོད་ནང་གི་བོད་མི་ཚོས་རང་སྲོག་བློས་བཏང་གིས་ལས་འགུལ་སཔེལ་བ་ནི་རྒྱལ་བ་རིན་པོ་ཆེ་དང་བོད་བཙན་བྱོལ་སྲིད་གཞུང་ཞིག་ཡོད་པ་འདི་ཐུགས་ལ་བཟུང་ནས་ཡིད་ཆེས་དང་བློ་སྤོབས་སྐྱེས་པ་རེད་སྙམ། དེ་མ་གཏོགས་འཇམ་ནོར་སོགས་ཀྱིས་རང་བཙན་བཤད་ཀྱིན་འདུག་པས་དེ་ལ་བློ་གཏད་བྱས་པ་ཨེ་ཡིན། བོར་རང་བཙན་ནི་ལོ་རྒྱུས་ཀྱིས་ཁ་གྲགས་ཡོད་པས་འཇམ་ནོར་གྱིས་སྒྲུབ་ག་ལ་དགོས།་་་བོད་མི་ཚོར་གྲུབ་ཟིན་གྲུབ་པ་རེད། ཁོས་དམིགས་ཡུལ་ནི་དེང་སང་ན་གཞོན་སྐོར་ཞིག་གིས་དྲྭ་ཚུགས་གང་སར་དབུ་མ་དང་རང་བཙན་གྱི་སྐོར་བཤད་ཀྱི་ཡོད་པ་དང་ཁྱད་པར་དུ་ཀརྨ་ཆོས་འཕེལ་གྱི་སྐོར་གླེང་གི་ཡོད་པས་ཁོ་ན་མཚོན་ན་འདི་གོ་སྐབས་ཞིག་རེད།
སྐབས་འཚོལ་རང་ལུགས་པ་འདི་༢༠༠༨་ནས་གར་སོང་མི་ཤེས། ད་ཆ་གློ་བུར་དུ་ཡོང་དོན་དེས་རེད།
ད་དུང་ཁོས་ལྐོག་གཡོ་གཞན་ཞིག་འཐེན་པ་ནི། འདི་ལྟར་། དམངས་ཁྲོད་གླུ་གཞས་ཤིག་གི་ནང་“བྷི་རོན་ཁུ་སཱི Bronx ་དང་སཱི་ཊེད་ཊན Staten ་གླིང་ཕྲན་གཉིས་ཀ་ཨ་རག་ཤེལ་དམ་གང་ལ་བརྗེས་སོང་ལོ།”ཞེས་དབུ་མ་དང་དབུ་མའི་ལམ་ལ་སྐྱོད་མཁན་ཚོར་རྒྱལ་ཚོང་བའི་ཉེས་མིང་འགལ་འདོད་ཡོད་པ་དེ་རེད།
ཁོས་བཤད་པའི་སྐད་ཆ་ནི་མདོར་བསྡུས་ན་འདི་འདྲ་རེད།
རང་བཙན་ནི། གཞན་ཕམ་ཞིང་རང་རྒྱལ་བའམ་གཞན་ལས་རང་བཙན་པ། བཙན་དང་གཉོམ་གྱི་ཁྱད་པར་གྱི་ཐོག་ནས་རང་ཉིད་སྲུང་སྐྱོབ་བྱེད་སྟངས་ཤིག མདོར་ན་རང་བཙན་ནི་རྒྱལ་ཁབ་ཅིག་གམ མི་རིགས་ཤིག ཡང་ན་གྲལ་རིམ་ཞིག་གིས་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག ཡང་ན་གྲལ་རིམ་གཞན་ཞིག་ལ་གཉའ་གནོན་བྱེད་པའི་ཡོ་བྱད་ཡིན། དེ་ལྟ་བུ་ཞིག་ལ་རང་བཙན་ཟེར་གྱི་ཡོད། རང་བཙན་ནི་དམག་འཁྲུག་དང་། དམར་གསོད་ཀྱི་ཁྲོད་ནས་ཕྱོགས་གཅིག་ཁོ་ན་ལ་ཐོབ་པའི་རྒྱལ་ཁ་ཡིན། བདེན་པ་དང་གནས་ལུགས་ཀྱི་ཐོག་ནས་བདེན་རྫུན་གཟི་དབང་ལ་ཤན་འབྱེད་ཀྱིས་ཕན་ཚུན་གོ་བསྡུར་ལྟ་བུས་ཐག་ཆོག་གཅོད་ཅིག་འབྱུང་ཐབས་བྱེད་པ་ནི་དེང་གི་འགྲོ་སྟངས་གསར་བ་ཞིག་ཏུ་ངོས་འཛིན་གྱིན་འདུག་མོད། དེ་ཡང་དག་ཅིག་མ་རེད། དེ་ལའང་རྒྱབ་སྐྱོར་དང་བདེན་རྒྱབ་ཀྱི་དཔུང་ཁག་ཅི་ལྟར་བཙན་ན་དེ་ལྟར་རྒྱལ་ཁའི་ཕྱོགས་སུ་འགྲོ་བསྐྱོད་བྱེད་ངེས། ང་ཚོར་ཆ་བཞག་ན་རང་བཙན་གྱི་ཐབས་ཇུས་ཕྱི་མ་དེ་ལ་བརྟེན་རྒྱུ་ཉག་ཅིག་ལས་བྱ་ཐབས་གཞན་མེད་ཚོད་རེད། དེ་ལྟར་ན་ཨ་རི་དང་ཡོ་རོབ་མཐུན་ཚོགས་སོགས་ནུབ་ཕྱོགས་པ་ཁག་ཅིག་གི་རྒྱབ་རྟེན་ལ་རེ་དགོས། རྒྱ་ནག་ནི་ཨ་རི་གཙོ་བོར་གྱུར་པའི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དག་གི་སྡེར་ནང་གི་ཁ་ཟས་ཉག་ཅིག་ཡིན་པ་ཤེས་བཞིན་དུ་ཟས་བཅད་ནས་གཞན་ཕན་གྱི་གཏོང་ཕོད་གནང་སྟངས་ཤིག་ཡོང་རེ་ཡོད་དམ། རང་ཉིད་ཀྱི་སྟོབས་ཤུགས་ཁོ་ན་ལ་བརྟེན་དགོས་ན་རང་ཉིད་ཀྱི་ནུས་ཤུགས་ལ་ཚད་འཇལ་དགོས། རང་དབང་ནི། དྲང་ཐིག་གཅིག་གི་ཐོག་གཉིས་མོས་ཀྱི་ཐག་གཅོད་བྱས་ཆོག་པའི་ཆ་རྐྱེན་ཞིག་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འདོད་མོས་སྐོང་ཐུབ་ཀྱི་ཡོད། རང་དབང་ནི་ཚེ་སྲོག་གི་དགོས་མཁོ་ཡིན་པ་ངེས་པར་དུ་ཤེས་དགོས། ཚེ་སྲོག་དང་བེམ་པོ་སོ་སོར་ཕྱེས་དུས་བདག་གཞན་གྱི་འདུ་ཤེས་འཛིན་མཁན་མེད་པ་མ་ཟད་ལར་ཞེན་གྱི་ཀི་སྒྲ་ཡོངས་སུ་ཡལ་ཚར་བ་རེད།
བོད་མི་ངོ་མ་ཞིག་ཡིན་ཕྱིན་རང་བཙན་ལ་མི་དགའ་མཁན་ཞིག་དུས་གཏན་དུ་ཡོད་མི་སྲིད། གལ་ཏེ་རང་བཙན་ལ་མི་དགའ་མཁན་གྱི་བོད་མི་ཞིག་ཡོད་ན་དེ་ནི་བོད་མི་ཤི་རོ་ཞིག་ཡིན་པ་ལས་བོད་མི་གསོན་པོ་ཞིག་ག་ལ་ཡིན། དེ་བས་ང་ཚོ་ངེས་པར་དུ་གསོན་དགོས། མི་རིགས་ཀྱི་རིག་གཞུང་ཉམས་ན་མི་རིགས་ཀྱི་ངོ་བོ་ཉམས་སོང་བ་རེད། མི་རིགས་ཀྱི་ངོ་བོ་བརླག་པའི་ཉིན་དེར་མི་རིགས་ཀྱི་འདུ་ཤེས་མེད་ལ། མི་རིགས་ཀྱི་ལར་ཞེན་དེ་བས་ཀྱང་། རྩ་དོན། རང་བཙན། ཐོབ་ཐང་། སུ་ཞིག་ལ་སྦྱོར་དགོས། སུ་ཞིག་གིས་རྩོད་དགོས།
འཇམ་ནོར་གྱིས་བཤད་ཀྱིན་པའི་རང་བཙན་ནི། ར་པགས་ཕྱིར་སློག་མ་ཞིག་རང་རེད། ར་པགས་བསྟན་ནས་ར་སྒྲུབ་ཀྱིན་འདུག མདོ་དོན་ཁོས་གཏན་དུ་ར་མཐོང་མྱོང་མི་འདུག ཁས་བཤད་དོན་མདོ་སྟོད་སྨད་ཕྱོགས་ནས་སྟོད་ཉི་མ་ལྷ་ས་ཟེར་གྱི་ཡོད་པས་དེ་རང་བཙན་གྱི་སྒྲུབ་བྱེད་ཡིན་ཟེར། རྨ་ཆུའི་ནང་ལུང་ན་བོད་ཡོད་ཟེར། མགོ་ལོག་ཀྱང་བོད་རེད་ཟེར། མ་པུ་ཕང་ལ་ངོ་རྒོལ་བྱས་མྱོང་ཡོད་ཟེར། ང་དགུ་ལོར་མདོ་སྟོད་སྨད་ཀྱི་བྲོས་བྱོལ་བ་ཚོར་ལྷ་སའི་མི་ཚོས་སྙིང་རྗེ་ལབ་མྱོང་ཡོད་ཟེར། དེ་དག་ནི་ཆོལ་ཁ་གསུམ་ཡ་མ་བྲལ་བའི་རང་བཙན་བྱེད་སྟངས་ཀྱི་སྒྲུབ་བྱེད་ཡིན་ཟེར།
ཁོས་བསྟན་པའི་མེ་རོ་མདོ་ཁམས་ནས་གསོས་པ་ཤེས་མི་འདུག ཁོས་མངའ་བདག་ཁྲི་རལ་གྱི་རྣམ་ཐར་མདོ་སྨད་ནས་བསྐྱངས་མྱོང་བ་ཤེས་མི་འདུག ཁོས་དགའ་ལྡན་ཕོ་བྲང་གསར་འཛུགས་ཀྱི་གྲོས་སུ་མདོ་ཁམས་སྟོད་སྨད་ཀྱི་དྲག་དམག་ཡོད་པ་ཤེས་མི་འདུག ཁོས་སྨད་ཀྱི་ཉ་ནག་གིས་སྟོད་ཀྱི་གོར་ཁ་བཅོམ་པའང་ཤེས་མི་འདུག ཁོས་སྣང་རའི་གྲོང་བརྒྱད་གོ་མྱོང་མེད་ལ། ཡབ་ཨ་ལོ་ཡང་མི་ཤེས། ཁོས་རྐང་ཚའི་བླ་མ་མི་ཤེས་ལ། གནམ་རྒྱལ་མིག་ལྗང་ཡང་མི་ཤེས། ཁོས་ག་རྒྱའི་པོ་ལོ་མི་ཤེས་ལ། རྒྱ་བཟའི་བྱ་ཐེལ་མི་ཤེས། ཁོས་ཅ་བུག་བན་དེ་མི་ཤེས་ལ་ཁ་སྒང་རྟ་མགྲིན་ཐར་མི་ཤེས། ཁོས་ཨ་མཆོག་བསྟན་པ་ཡ་རྐོ་མི་ཤེས་ལ་རྒྱ་ཤིང་ལོ་ཡག་མི་ཤེས། ཁོས་དང་ཆེན་དང་ཆུང་མི་ཤེས་ལ། སྐྱ་མོ་དམར་མོ་མི་ཤེས། མདོ་དོན་ཁོས་བོད་རང་བཙན་གྱི་གསོན་ཤུགས་མདོ་སྟོད་སྨད་ནས་གཏན་དུ་འཇགས་མྱོང་མེད་པ་ཡེ་ནས་ཤེས་མེད། ཁོས་མདོ་སྟོད་སྨད་ཀྱི་བློས་བཏང་ཆེན་པོ་ད་དུང་ཡང་ངེས་ལེན་བྱེད་ཀྱི་མི་འདུག ཁོས་ཚེ་སྲོག་གི་འགྲོ་སོང་དེ་དག་གྲངས་ཀ་ཞིག་ལ་བརྩི་གིན་འདུག ཁོས་ད་དུང་ར་པགས་བཟུང་ནས་ར་སྒྲུབ་ཀྱིན་འདུག
ཁོང་ནི་སྒེར་གྱི་སློང་མོ་བ་བྱང་གོམས་ཅན་ཞིག་རེད།
རེད་ད། བོད་འདི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩོད་མེད་ནུས་ལྡན་གྱི་ཆ་་ཤས་ཡིན་རབས་རྒྱལ་སྤྱི་དང་ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཚོའི་གྲོས་རའི་ནང་ཆེད་དུ་མི་མངགས་ནས་ཉིན་ཚན་མེད་པར་རྫུན་བརྒྱ་བསྒྲགས་ན་བདེན་པ་ལན་གཅིག་འཐོབ་རེ་ཡིས་འགྲོ་གྲོན་འཕོན་ཆེན་བཏང་དང་གཏོང་བཞིན་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་འཇམ་ནོར་ལགས་གཅིག་པུས་དེའི་ཁ་གཏད་དུ་བདེན་པ་ར་སྤྲོད་ཅུང་ཟད་རེ་བྱས་ན། བོད་མི་རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན་ཅན་འདི་ཚོས་རྫུན་བརྒྱ་བསྒྲགས་ན་བདེན་པ་ལན་གཅིག་ལ་རེ་བའི་གུང་ཁྲན་གྱི་ཇུས་ངན་འདི་ལ་གཞོགས་འདེགས་བྱེད་དགོས་དོན་ག་རེ་ཡིན་ནམ།
དགེ་སློང་གི་ལྕེ་ཡི་རྫུན་མ་བཤད་མི་ཆོག་ཅེས་ཁྱབ་པར་སྐད་ཀྱིས་སྒྲོག་པ་པོ་སུ་རེད། ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་རེད། འདིའི་རྗེས་སུ་བོད་མི་རྣམས་འབྲང་གི་ཡོད། འཇམ་ནོར་གཅིག་པུ་ཁ་གཏད་དུ་ལངས་ཟེར་ཏག་ཏག་བསྡད་མི་ཡོང་ང་། ཞོལ་གཡག་གི་སྤྱན་དེ།
འཇམ་ནོར་ལགས་ཀྱི་དཔྱད་ཞིབ་གནང་བ་དེས་ཕྱི་རབས་དག་ལ་བསམ་བློ་གསར་པ་དང་། སྙིང་སྟོབས་གསར་པའི་ས་བོན་དུ་སོང་རྒྱུ་རེད་འདོད། བཀྲིན་ཆེ།
བོད་མི་རིགས་ཀྱི་སྐྱ་ཟད་འུ་ཐུག་གི་དུས་དེ་རིང་། ང་ཚོར་ལྟ་གྲུབ་མང་པོའི་ཀླན་ཀ་མི་དགོས་ཤིང་། གོ་བདེ་དྲན་འཕྲུལ་ཅན་པོ་སྒྱུ་རྩལ་དེ་བས་མི་དགོས། ང་ཚོར་ཡང་དག་པའི་༧རྒྱལ་བ་རིན་པོའི་ཆེའི་དར་ཆའི་འོག་ཁ་ཡོད་ལག་ཡོད་ཀྱི་འབྲས་བུ་ཉག་ཅིག་དགོས། བོད་མི་ཚོ། ཆིག་བསྒྲིལ་བགྱིས་ཡ།
ཨ་ཙི། དྲན་དཀར་ལགས་གོ་བ་ལོག་གྲུབ་མ་གནང་དང་། བོད་མི་རིགས་འདི་༧གོང་ས་མཆོག་གི་རྗེས་སུ་འབྲང་ད་འབྲངས། ཁོང་ནི་ལོ་རྒྱུས་རང་བཞིན་གྱི་བོད་དང་བོད་མི་རིགས་དང་ཁ་བྲལ་ཐབས་མེད་པའི་མི་སྣ་གལ་ཆེན་ཞིག་རེད་ལ་བོད་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་ཡང་རེད། དེ་ལྟ་བས་ན་ཁོང་གི་རྗེས་སུ་འབྲང་བའི་མི་རིགས་འདིས་ཀྱང་ཁོང་གི་དགོངས་གཞི་ཡང་དག་པའི་ལམ་སྟོན་བླ་མེད་དེ་འགྲུབ་ཐུབ་ཀྱི་མེད། དེ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གཡོལ་དུ་མེད་པའི་འགན་འཁྲི་གཅིག་ཡོད་པ་ནི་མི་རེ་ངོ་རེས་དེང་རབས་དང་མཐུན་པའི་རྣམ་དཔྱོད་རྩལ་དུ་བཏོན་ནས་མི་རིགས་ཀྱི་རྩ་དོན་འཐབ་རྩོད་བྱེད་དགོས་པ་དེ་རེད་ལ། དམངས་གཙོ་དང་སྨྲ་བརྗོད་རང་དབང་ཡང་ཁོང་གིས་མར་ཞལ་ཞེ་གཉིས་མེད་ཀྱིས་གསོལ་བརྩལ་གནང་བཞག་པ་དེ་ཡང་རེད།
མ་གཞི་༧གོང་ས་མཆོག་ནི་སངས་རྒྱས་དངོས་སམ་བྱང་ཆུབ་སེེམས་དཔའ་ཆེན་པོ་ཡིན་ཙང་འགྲོ་བ་ཀུན་ལ་ཉེ་རིང་མེད་པར་གཅིག་ཏུ་བརྩེ་བར་གཟིགས་མཁན་ཞིག་རེད། འོན་ཀྱང་བདག་ལྟ་བུའི་གང་ཟག་ཐ་མལ་བ་ཉོན་རྨོངས་དུག་ལྔ་དུག་གསུམ་ཚང་བ་ཞིག་ལ་དགྲ་གཉེན་གྱི་འདུ་ཤེས་འདི་འདོར་དུ་མེད་པར་ངམ་ངམ་ཤུགས་ཤུགས་སུ་འབྱུང་དང་འབྱུང་བཞིན་པ་རེད། དེས་ན་ངའི་རྨི་ལམ་ཚུན་ལ་རྒྱ་མི་རིགས་ཟེར་བ་ཕ་མ་སྤུན་མཆེད་ཕུ་ནི་མིང་སྲིང་བཅས་པ་དམར་གསོད་བཙོན་འཇུག། བརྡུང་བརྡེག་ཚ་ནན། མི་ཆོས་ལས་འདས་པའི་མནར་གཅོད། མདོར་ན་མི་རིགས་ཀྱི་བདག་དབང་དང་ཁ་རྗེ་དབང་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བཙན་ཕྲོགས་བྱེད་མཁན་ཞིག་གྲོགས་པོ་དང་གཉེན་གྱི་འདུ་ཤེས་སྐྱེས་མྱོང་མེད་ལ་གཏོང་མྱོང་ཡང་མེད།
རྒྱུ་མཚན་དེ་ལྟ་བས་ན་བོད་འདི་ཀྲུང་གོའི་བདག་དབང་བརྩོད་མེད་ནུས་ལྡན་ཡིན་པར་རྫུན་བརྒྱ་བསྒྲགས་ནས་བདེན་པ་ཐོབ་པ་འདིར་ལན་འདེབས་བྱེད་མཁན་འཇམ་ནོར་མ་གཏོག་མི་འདུག་ཞེས་བཤད་ཡོད། བྱས་ཙང་གནད་དོན་འདིའི་ཐོག་བོད་མི་རིགས་ཀྱིས་རྒྱལ་སྤྱིའི་ཁྲིམས་རར་བསྐྱེལ་ཐབས་མ་བྱས་ན་རྒྱལ་སྤྱི་དང་རྒྱལ་ཁབ་ཕལ་ཆེ་བས་རྒྱ་ནག་གི་ནང་ཁུལ་གྱི་ཞིང་ཆེན་གཅིག་གི་གནད་དོན་ལ་བརྩི་བ་མ་གཏོག་མི་རིགས་གཅིག་གི་གནད་དོན་བརྩི་ཡི་མེད་པ་རེད། བྱས་ཙང་ཀྲུང་གོས་ཡང་དག་པའི་གྲོས་མོལ་བྱེད་ཀྱི་མེད་པའི་རྒྱུ་མ་མཚན་འདི་ཉིད་ཁོ་ནའོ།
ཞོལ་གཡག་འབྲོང་རྒྱུད་ལགས།
དགེ་སློང་གི་ལྕེ་ཡིས་རྫུན་མ་བཤད་མི་ཆོག་ཅེས་པས་སུ་ལ་ལན་བཏབ་པ་རེད། འདིས་རྒྱ་ནག་གི་འཁྱོག་བརྗོད་ལ་ལན་བཏབས་པ་རེད་ལ་ཤ་འཁོན་རྩོད་མཁན་ཀྱིས་ཚིག་ལས་ཧ་ཅང་གི་སྙན་གྲགས་ཅན་རེད་ཧ་གོ་ཨེ་བྱུང་། མངོན་གསལ་གྱིས་དྭངས་བླངས་དཔྱ་ཁྲལ་འཇལ་མཁན་ཡོངས་ཀྱིས་རྒྱ་ནག་གི་འོག་མིན་མིན་ཟེར་གྱིན་ཡོད། སྐུ་མཁྱེན་གོ་བ་ལོག་སྒྲུབ་མ་གནང་རོགས། ཀྲུང་གོས་ཀྲུང་གོའི་ཁྲིམས་མ་བརྩིས་པས་ང་ཚོར་དཀའ་ངལ་འཕྲད་བྱུང་ཟེར་གྱིན་ཡོད། འདི་ཡང་བདེན་པ་ཡིན། ཀྲུང་གོས་ཀྲུང་གོའི་སྐད་ཆ་དང་ཁྲིམས་བརྩིས་ན་ང་ཚོ་ཀྲུང་གོའི་འོག་ཏུ་བསྡད་ཆོག་ཟེར་ཀྱིན་ཡོད། བོད་ནང་གི་བོད་མི་མང་པོས་འདི་ལྟར་འདོད་ཀྱིན་ཡོད། འདིའི་གྲངས་ཀ་ཏག་ཏག་རང་མི་ཤེས་འཇམ་ནོར་གྱིས་དེ་ལས་གྱང་མི་ཤེས་འདི་ཚོ་མཁྱེན་དགོས། འཇམ་ནོར་གྱིས་ཤ་འཁོན་རྩོད་ཀྱི་ཡིན་ཟེར་ན་མཚོན་ཆ་དགོས་ཀྱི་རེད་དེ་ཧ་གོ་བ་གནང་རོགས། མཚོན་ཆ་ཡོད་ཀྱང་ཆོས་དད་ཅན་ཚོས་རྒྱབ་སྐྱོར་མི་བྱེད་པ་སྲིད། དེ་ལས་ཀྱང་མི་འདིའི་རྒྱ་ཕོག་ཟ་གིན་ཡོད་མེད་དོགས་པ་བྱེད་མཁན་འདུག རྒྱ་ཕོག་ཟ་མཁན་དང་མཉམ་དུ་བླངས་པའི་པར་ང་རང་གིས་མཐོང་བྱུང་། ཡིན་ནའང་མ་རྩོམ་འདིའི་ནང་དུ་རྒྱ་ཕོག་ཟ་མཁན་ཡིན་པའི་རྟགས་མཚན་ངེད་རྙེད་མ་བྱུང་། ཡག་པོ་བྲིས་འདུག་ལབ་དགོས་པའི་རྒྱུ་མཚན་དེ་ཙམ་ཡིན།
དཔའ་བོའི་ཉུང་དྲགས་པས་ཕོངས་བ་མ་རེད། ཁ་ཕྱོགས་ནོར་བས་ཕོངས་བ་རེད། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཁ་ཕྱོགས་ནོར་ན་སུ་ཞིག་གིས་སྐྱོབ་མི་ཐུབ་ཅིང་། ད་ལྟ་བོད་མི་མང་ཤོས་དང་། ལྷག་པར་དུ་བཙན་བྱོལ་གྱི་མི་ཤོས་ལ་དད་པ་དང་བཀའ་དྲིན། ནང་ཆཽས་ནི་མི་རིགས་དང་རྒྱལ་ཁབ་ལས་ལྷག་པས་དབུ་མར་རྒྱབ་སྐྱོར་བྱེད་མཁན་མང་ཞིང་། བོད་ཀྱི་མི་རིགས་རྒྱུད་གནས་ཡོང་བར་ང་ལ་དོགས་པ་ཡོད།
ནོར་བཅོས།
དཔའ་བོའི་ཉུང་དྲགས་པས་ཕོངས་བ་མ་རེད། ཁ་ཕྱོགས་ནོར་བས་ཕོངས་བ་རེད། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཁ་ཕྱོགས་ནོར་ན་སུ་ཞིག་གིས་སྐྱོབ་མི་ཐུབ་ཅིང་། ད་ལྟ་བོད་མི་མང་ཤོས་དང་། ལྷག་པར་དུ་བཙན་བྱོལ་གྱི་མི་མང་ཤོས་ལ་དད་པ་དང་བཀའ་དྲིན། ནང་ཆཽས་ནི་མི་རིགས་དང་རྒྱལ་ཁབ་ལས་ལྷག་པས་དབུ་མར་རྒྱབ་སྐྱོར་བྱེད་མཁན་མང་ཞིང་། དེ་ལྟར་ཕྱིན་ན་བོད་ཀྱི་མི་རིགས་རྒྱུད་གནས་ཡོང་བར་ང་ལ་དོགས་པ་ཡོད།
བྲིས་ཡོད་ཀི་ཡ། དེ་རིང་འཇམ་དབྱངས་ནོར་བུས་ཁ་ནས་ཀྱང་གསེར་སྐྱུག་ཡོང་གི་འདུག དེ་མ་གཏོགས་འདིའི་སྤུ་ནག་པོས་སྐོར་བའི་ཁ་ནག་པོ་དེའི་ནང་ནས་སྐད་ཆ་ནག་པོ་རྐྱང་བོད་ནང་ཁུལ་ལ་མདུང་སྐོར་བྱས་ནས་སྡོད་རྒྱུ་ལས་མེད་ཀྱང་། དེ་རིང་གི་སྐད་ཆ་འདི་ཚོ་ཁ་ཕར་ལ་འཁོར་ན་རྒྱ་ནག་ལ་གོ་རྒྱུ་ཡོད་པ། ཁ་ཚུར་ལ་འཁོར་ན་བོད་མི་ནང་ཁུལ་ན་ཡང་གོ་རྒྱུ་ཡོད་པ། ད་དུང་བར་མ་བར་ནས་ཕྱི་མི་རྣམས་ལ་ཡང་གོ་རྒྱུ་ཡོད་པ་ཞིག་བྲིས་འདུག
ལྷ་སའི་སྐུ་དྲག་ཚོ་བོད་ནང་གི་ཆོལ་གསུམ་གྱི་བླ་མ་དཔོན་ཆེན་ང་ཡིན་ཁོ་ཡིན་ཟེར་མཁན་ཚོའི་ནང་གི་ཨ་ཡོད་ནང་གི་ད་ཡོད་རེད། དེ་མིན་དམག་ཆེན་གཉིས་པའི་རྗེས་ནས་རྒྱལ་ཁབ་ཚང་མ་འཛམ་གླིང་རྒྱལ་སྤྱིའི་ནང་ལ་རྒྱལ་ཁབ་ཀྱི་ཐོ་གཞུང་བཟོ་ཐུབ་ཡོད་པ་རེད། ཐ་ན་འབྲུག་རྒྱལ་ཁབ་ཀྱང་ཐོ་གཞུང་བཟོ་ཐུབ་ཡོད་པ་རེད། སྐབས་དེ་དུས་ཐོ་གཞུང་བསྐྱལ་མ་ཐུབ་པ་ཅི་ཞིག་གི་ལན་པ་རེད། འདི་ལ་གསལ་བཤད་ཅིག་གཏམ་བྱས་ན་ཡག་གོང་གི་ཁ་ཕོ་བསྒྲགས་པ་དོན་ལྡན་ཞིག་ཏུ་འགྱུར།།
ང་ཚོ་ལ་དགོས་པ་ནི་ཆིག་བསྒྲིལ་རེད། དེ་ཡང་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་ཆིག་བསྒྲིལ་དེ་རེད། དེའི་གཙོ་བོའམ་གཞི་འཛིན་ས་ནི་རྡ་སར་བཙུགས་པའི་བཙན་བྱོལ་སྲིད་གཞུང་འདི་རེད། སྒྲིག་འཛུགས་འདིའི་ལམ་སྟོན་འོག་ནས་ཚང་མ་ཤར་བསྐྱོད་བྱེད་དགོས་ངེས་རེད། དེ་མིན་ཆིག་བསྒྲིལ་གཞན་ཡོང་ས་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེ་ནི་མེད་ཐབས་མེད་པའི་བཙན་བྱོལ་བའི་དབུ་ཁྲིད་གཅིག་པུ་དེ་རེད། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྲིད་གཞུང་གི་འོག་ལ་མགོ་སྒུར་གི་མིན་མདོག་མདོག་བྱེད་མཁན་དག་ནི་བོད་མིའི་ཆིག་བསྒྲིལ་ལ་གཏོར་བརླགས་བྱེད་མཁན་གྱི་གཏེ་བོ་ཁྱུ་ཅིག་རེད། ཆིག་བསྒྲིལ་ལ་དབུ་ཁྲིད་ཡོད་ལ། སྲིད་གཞུང་ཡང་ཡོད།
བཙན་བྱོལ་སྲིད་གཞུང་དང་བཙན་བྱོལ་དབུ་ཁྲིད་ལ་དམའ་འབབ་དང་ཟུར་ཟ་བྱེད་པ་ནི་ཆིག་བསྒྲིལ་ལ་གཏོར་བརླགས་བྱེད་མཁན་ཡིན། འདི་ངོས་འཛིན་ཐུབ་པ་བྱེད་དགོས། སུས་ཆིག་བསྒྲིལ་ལ་ཕན་པ་དང་སུས་ཆིག་བསྒྲིལ་ལ་གཏོར་བརླགས་བྱེད་ཀྱིན་ཡོད་པ་འདི་ཡང་ངོས་འཛིན་ཐུབ་པ་བྱེད་དགོས་། ང་ཚོའི་མི་རབས་རྒན་པ་ཚོས་ལོ་ངོ་ལྔ་བཅུ་ལྷག་ལ་དཀའ་ལས་བརྒྱབ་པ་དེ་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ན་ཡང་ཆུ་ཟོས་སུ་མ་གཏོར་རོགས།
ཆིག་བསྒྲིལ་ལ་གཏོར་བརླགས་བྱེད་མཁན་དག་ལ་དབུ་ཁྲིད་མེད་ལ་། སྲིད་གཞུང་ཡང་མེད། ཁོ་ཚོས་འུར་སྒྲོག་དང་ཁ་གཡེང་ལ་བརྟེན་ནས་འཇིག་རྟེན་ལ་གད་མོ་སློང་གིན་ཡོད། ཆིག་བསྒྲིལ་ནི་བོད་པ་ཚོར་མཚོན་ན་མེད་དུ་མི་རུང་བའི་དོན་དག་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། འདི་ནི་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་དཔུང་ཁག་ཅིག་རེད། ཁྱད་པར་དུ་བཙན་བྱོལ་བ་བོད་པ་ཚོར་དགོས་ངེས་ཀྱི་ལག་ཆ་གཅིག་པུ་དེ་རེད། རྒྱ་ནག་པས་དེ་ཤེས་ནས་གཏོར་ཐབས་བྱེད་ཀྱིན་ཡོད་རེད། ཀླད་མེད་ཅོལ་ཆུང་འགའ་ཡང་དོན་མེད་ལ་འདིའི་ནང་དུ་འཚང་གི་ཡོད། ཁོ་ཚོས་རང་ཉིད་དང་རང་ཉིད་ཀྱི་མིང་སྐམ་པོ་ཞིག་གི་ཆེད་དུ་ན་གཞོན་ཚོ་བསླུ་ཐབས་བྱེད་ཀྱིན་ཡོད།
གྲོགས་པོ་ཚོར་ཆིག་བསྒྲིལ་གནང་རོགས།
དབུ་ཁྲིད་དང་སྲིད་གཞུང་ལ་ངོ་རྒོལ་མ་གནང་རོགས།
རང་ཉིད་དབུ་ཁྲིད་ཡིན་པའི་འཁྲུལ་སྣང་ལ་གཞི་མ་བཅོལ་རོགས།
རྡ་ས་སྲིད་གཞུང་འདི་གལ་ཆེན་པོ་ཡིན་པར་ངོས་འཛིན་ཐུབ་པ་གནང་རོགས།
ཆིག་བསྒྲིལ་ནི་ཁ་ནས་བཤད་པ་ཙམ་གྱིས་མི་ཡོང་ལ། སེམས་ལ་ཡོད་པ་ཙམ་གྱིས་ཀྱང་མི་ཡོང་། ངེས་པར་དུ་ལག་ལེན་གྱི་སྟེང་ནས་ཐག་གཅོད་དགོས།
ཆོས་དགེ་དགེ་རྒྱམ་གྱིས་ཁ་གཡང་སྙན་མོ་འདུག གཞོན་ནུ་ཟླ་མེད་ལགས་ཀྱིས་ཨ་ཡོད་ནང་གི་ད་ཡོད་སྒོང་ངའི་ནང་གི་སེར་ཐིག་ཅིག་ཁས་བླངས་པ་ནི་དམར་ཕྱོགས་ཀྱི་རྡེང་བརྡེག་མ་ཕོག་པའི་བོད་གཤིས་ཡོད་པའི་བཀའ་མོལ་རེད་འདུག་བསམ་བསམ་འདྲ་བྱུང་། ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་ཀྱང་རྒྱུགས་པ་ལེབ་རྡུང་གི་ཐ་སྙད་གཡུག་ཞོག་ནས་མི་རིགས་ཀྱི་སྐོར་བཀའ་མོལ་ལྷུག་པོར་མདུན་བསྐྱོད་བྱ་བགྱིར་མོས་གུས་ཞུ་ཆོག སྤྱིར་ན་རིགས་རྒྱུད་སྐོར་ནི་གནད་འགག་གི་བོད་མིའི་རྩ་དོན་གལ་ཆེན་ཡིན་ཞིང་དེང་སང་གི་པཎ་ཆེན་ཟམ་གདོང་རིན་པོ་ཆེ་ལགས་ཀྱིས་ཐུགས་ཁུར་འོག་མེས་དཔོན་དཔེ་སྟོན་སློབ་གྲྭའི་རིགས་སྲུང་ཆོས་སྲུང་གི་འགུལ་བསྐྱོད་འགྲོ་བཞིན་པ་རེད། ཚོར་བ་སྐྱེན་པའི་བོད་མི་ཚོས་ཀྱང་དོ་སྣང་གནང་གི་ཡོད། ཉེ་སྔོན་ང་ཚོས་སྒོ་ཟོག་གི་སྐོར་གླེང་བ་ལྷག་པའི་བདག་པོའི་གནད་དོན་ཡང་གལ་ཆེན་ལོས་ཡིན་ཨེ་རེད། དཔའ་བོ་དང་རིགས་རྒྱུད་ལ་འབྲེལ་མེད་ལྟ་བུའི་སྣང་ཚུལ་ཡོད་ན་དགོངས་ཚུལ་གསུངས་རོགས།
བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་དབང་རང་བཙན་གཙང་མ་ཞིག་ཡིན་པ་དེ་སུས་ཀྱང་ཁས་ལེན་ཐུབ་པ་ཞིག་རེད་ལ། ལེན་ཀྱང་དགོས་པ་ཞིག་མ་གཏོགས། དེ་ལ་གཡོལ་རྒྱུ་དང་། དཔྱད་རྒྱུ་དེ་འདྲ་ཞིག་ཨེ་ཡོད་སྙམ། འདི་ཚང་མ་རྒྱས་དཔྱད་ཙམ་ལས་དམིགས་བསལ་གྱི་གནས་ཚུལ་གསར་བ་འདྲ་མཐོང་མ་སོང་། ཁྱེད་ཚོས་ལྟོས་ན།
ཞོར་ལ་སྒྱུར་པ་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཉེ་ཆར་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཆོག་ཨ་རིའི་ཕྱོགས་གཞུང་དོན་སྒེར་དོན་ཅི་ཡིན་མི་ཤེས་པའི་ཐོག་བློ་བུར་དུ་ཕེབས་དགོས་པའི་རྒྱུན་མཚན་ཁ་གསལ་དགོས་པའི་བརྡ།
མཁས་དབང་འཇམ་དབྱངས་ནོར་བུ་མཆོག་ལ་བསྟོད་ར་ལན་དགུ་སྔོན་དུ་སོང་ནས། རྩོམ་ཡིག་འདི་བསྒྱུར་མཁན་ལོ་ཙཱ་བར་བཀའ་དྲིན་ཆེན་ཞུ།