ལོག་སྨྲ་ཚར་གཅོད།
བྱེས་འབྱོར་ནང་དར་དམར་ཡར་བསྒྲེང་རེད།།
གཞིས་བཞུགས་ནང་དར་དམར་མར་གཡུག་རེད།།
ཡར་བསྒྲེང་དང་མར་གཡུག་བར་མཚམས་དེར།།
བན་ཆུང་ངའི་མགོ་བོ་འཁྲུགས་སོང་ཐལ།།
བྱེས་འབྱོར་ནང་རྒྱ་དམར་ངོ་སྲུང་རེད།།
གཞིས་བཞུགས་ནང་རྒྱ་དམར་ངོ་རྒོལ་རེད།།
ངོ་སྲུང་དང་ངོ་རྒོལ་བར་མཚམས་དེར།།
བན་ཆུང་ངའི་སེམས་པ་འཁྲུགས་སོང་ཐལ། །
བྱེས་འབྱོར་ནང་རྒྱ་འོག་དབུ་མ་རེད། །
གཞིས་བཞུགས་ནང་རང་བཙན་གཙང་མ་རེད། །
རང་བཙན་དང་དབུ་མའི་བར་མཚམས་དེར། །
བན་ཆུང་ངའི་ལྟ་བ་འཁྲུགས་སོང་ཐལ། །
སྐད་ཆ་འདྲ་སེ་བཤད་འདུག འོན་ཀྱང་། དབུ་འཁོར་བྱུང་ན་བདེ་ལེགས་སྨན་ཁང་དུ་འགྲོ་རོགས།
མགོ་འཁྲུགས་དོན་ཅང་ཡོད་མ་རེད། ཟམ་གདོང་རིན་པོ་ཆེ་དང་། ཤར་ཁུག་གཉིས་ཀྱི་དབུ་ལ་དར་དམར་བསྒྲེང་དགོས། དེ་མིན་གཡུག་ཤོག
བོད་ནང་རང་དབང་མང་གཙོ་མེད་པས་ན། །
དར་དམར་མར་འབེབ་ལས་གཞན་བྱ་ཐབས་མེད། །
བྱེས་ནང་རང་དབང་རེ་ས་མང་ཆེ་བས། །
དབུས་ལམ་མཉམ་གནས་བྱུང་སྙམ་རེ་བས་ཕོངས། །
ལྟ་བ་དང་ལང་ཕྱོགས་མི་གཅིག་པ་དང་གཞིས་བྱེད་ཆིག་དྲིལ་མེད་པའི་
རྐྱེན་གྱིས་ལོག་སྨྲ་ལགས་མགོ་བོ་འཁོར་སོང་བ་རེད།