(ཨ་དཀོན་རིན་པོ་ཆེ་བཀྲོངས་རྐྱེན་གྱི་རྒྱབ་ལྗོངས་དོག་གཞི།)
སྤོབས་པ་མཐའ་ཡས།
༡ བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པ་དང་“བོད་ཆེན་པོ”་བསྐྱར་གསོ།
ཨ་དཀོན་རིན་པོ་གཤེགས་རྐྱེན་གྱི་རྒྱབ་ལྗོངས་ལ་བོད་མི་མང་པོས་དོག་གཞི་བྱེད་བཞིན་ཡོད་པ་དེ་ལ་ཁག་གཏན་ནས་མེད། དེ་ཡང་ཨ་དཀོན་སྤྲུལ་སྐུ་ནི་པཎ་ཆེན་རིན་པོ་ཆེས་བཙུགས་པའི་བོད་དར་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་འགན་འཛིན་རྒྱུན་ལས་ཤིག་ཡིན། བོད་དར་རྒྱས་ཐེབས་རྩ་ལྷན་ཚོགས་ནི་པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གི་ལས་བྱེད་ཡིན་དུས་སུ་རྒྱ་ནག་གཞུང་གི་ཆོག་མཆན་འོག་བཙུགས་པ་ཞིག་ཡིན། འོན་ཀྱང་། བོད་རང་སྐྱོངས་ལྗོངས་ཀྱི་ལས་གནས་དང་འབྲེལ་བ་ཡོད་པའི་རྒྱ་མི་མང་པོ་ཞིག་གིས་ལས་གཞི་འདི་བོད་ཆེན་པོ་སླར་གསོ་དང་འབྲེལ་བ་ཡོད་པའི་དོག་གཞིའི་འོག་ནས་ལས་འཆར་མང་པོ་ཞིག་ལ་འགོག་རྐྱེན་བྱས་དང་བྱེད་བཞིན་ཡོད་པ་ཕྱི་ནང་ཡོངས་གྲགས་ཡིན། པཎ་ཆེན་འདས་རྗེས་སུ་ཚོགས་པ་འདིས་ལས་ཀ་མང་པོ་ཞིག་བྱེད་ཐུབ་མེད། ལྷག་པར་ཡང་ང་ཕོད་ངག་དབང་འཇིགས་མེད་དང་། རྒྱུན་ལས་ཀྱི་གྲས་ཐེན་པོ་སངས་རྒྱས་ཡེ་ཤེས་སོགས་གནད་ཡོད་ཀྱི་མི་སྣ་མང་པོ་ཞིག་སྐུ་ཚེས་མ་ལྕོག་པར་གྱུར་པའི་རྗེས་སུ་ཚོགས་པ་འདི་མིང་ཙམ་དུ་གྱུར་ཡོད།
ཚོགས་པ་དེའི་རྒྱུན་ལས་ཀྱི་མཚན་གནས་ཡོད་པའི་ཨ་དཀོན་རིན་པོ་ཆེའི་རོགས་པ་ཚོགས་པའི་དངུལ་རྩ་བཏོན་ནས་བོད་ཞིང་ལྗོངས་ལྔའི་ཁོངས་སུ་སློབ་གྲྭ་འབོར་ཆེན་ཞིག་འཛུགས་རོགས་བྱས་པ་དང་། ཆོས་འཆད་ཉན་ཡོད་པའི་དགེ་འདུན་པའི་སློབ་གྲྭ་མང་པོ་ཞིག་ལ་ཡང་སྦྱིན་བདག་མཐུན་རྐྱེན་སྦྱར། དེ་དག་ཀྱང་གཙོ་བོ་ཁོང་གི་ལས་འགན་ནི་མ་དངུལ་གནང་རྒྱུ་ཙམ་དང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་སྤྲད་རྒྱུ་དང་ཁྲིམས་ལུགས་ཀྱི་སྟངས་འཛིན་བྱ་རྒྱུ་ཙམ་། ས་གནས་དེ་གའི་བླ་སྤྲུལ་གཙོས་པའི་གནད་ཡོད་མི་སྣས་མང་ཚོགས་ལ་བྱིས་པ་སློབ་གྲྭ་སྐྱེལ་བའི་སྐུལ་སློང་དང་ས་ཁང་སོགས་ཀྱི་མཐུན་རྐྱེན་གང་འབྱོར་མཉམ་རུབ་བྱས་ནས་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཡོད། ཨ་དཀོན་རིན་པོ་ཆེ་ནི་ངེས་པ་དོན་གྱིས་རིས་མེད་ཀྱི་ཕྱག་ལས་མཛད་མཁན་ཞིག་ཡིན་སྟབས་ཁོང་གི་རོགས་སྐྱོར་མ་དངུལ་གནང་ཕྱོགས་དེ་ཡང་བོད་ཁུལ་གྱི་ཡུལ་སྡེ་དང་ཆོས་ལུགས་རིས་སུ་མ་ཆད་པ་ཞིག་ཡིན། དེ་ནི་ཁོང་གིས་དུས་ཡུན་ཐུང་ངུའི་ནང་དུ་ཕྱག་ལས་རྒྱ་ཆེན་པོ་ཞིག་གནང་ཐུབ་པའི་རྒྱུ་རྐྱེན་ཞིག་ཀྱང་ཡིན། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པས་ཞིང་ལྗོངས་ལྔའི་བོད་ཁུལ་ཡོངས་སུ་རོགས་སྐྱོར་བྱས་པ་དེ་“བོད་ཆེན་པོ་བསྐྱར་གསོའི་”གནད་དོན་དང་འབྲེལ་བའི་ནག་ཉེས་ཤིག་ཏུ་བརྩི་བཞིན་ཡོད་པ་ལ་གཞིག་ན་ཨ་དཀོན་རིན་པོ་ཆེས་བོད་ཁྱོན་ཡོངས་སུ་ལས་གཞི་མང་པོར་རོགས་སྐྱོར་བྱས་པ་དེ་ཡང་དོག་འདྲོག་དང་འཇིགས་སྣང་ལ་གོམས་པའི་མིག་ངོར་“བོད་ཆེན་པོ་བསྐྱར་གསོའི་”ནག་ཉེས་ཤིག་ཏུ་གྱུར་ཡོད་སྲིད།
༢ ཆབ་སྲིད་འཁྲབ་སྟོན་མའི་སྨད་གོས་ལྷུང་བ།
རྣམ་པ་གཅིག་ཏུ་ན། ཐོག་མར་རྒྱ་དམར་གཞུང་གིས་ཆབ་སྲིད་ཁྱབ་བསྒྲགས་ཀྱི་དགོས་མཁོར་ཁོང་བེད་སྤྱོད་པའི་དམིགས་ཡུལ་ཡང་ཡོད་པ་དེ་མ་འགྲུབ་པའི་སྙིང་ནད་ཅིག་ཀྱང་ཡོད་སྲིད། ཨ་དཀོན་རིན་པོ་ཆེས་བོད་ཀྱི་རིག་གནས་དར་སྤེལ་གྱི་རྒྱབ་སྐྱོར་མཛད་པ་ཁོ་ན་མ་གཏོགས་ཆབ་སྲིད་ཀྱི་འཁྲབ་སྟོན་ལ་ཞུགས་པར་མཐའ་གཅིག་ཏུ་གཡོལ་བས་མཛད་ཡོད། ཁོང་ནི་སྤྲུལ་སྐུ་དཀྱུས་མ་ཞིག་ཡིན་ན་ཡང་ཕྱི་ནང་ཀུན་ཏུ་ཁོང་ལ་ཡིད་ཆེས་བྱེད་མཁན་ཅུང་མང་བའི་བླ་སྤྲུལ་ཞིག་ཡིན་པས་དེ་ཉིད་རང་གི་འཁྲབ་སྟོན་གྱི་ལག་ཆར་སྤྱོད་པའི་འདོད་དོན་མ་འགྲུབ་པས་ཀྱང་རྒྱ་དམར་གཞུང་ཕྱོགས་ཀྱི་ལས་བྱེད་གྲས་སུ་ཁོང་ལ་མི་དགའ་མཁན་ཡོད་པ་ཡིན་སྲིད། བོད་ཀྱི་ཆོས་རྒྱུད་ཚང་མའི་ལོ་རྒྱུས་མཚན་གནས་རྗེས་འབྲེལ་གྱི་བླ་ཆེན་ཕལ་ཆེར་ཕྱི་ཕྱོགས་སུ་ཡོད་པ་དེ་ནི་ནམ་ཡིན་ཡང་བོད་གཞེས་བཞུགས་རྒྱ་ཆེའི་མི་མང་གིས་སེམས་པ་པེ་ཅིང་ལ་འཁོར་མི་ཐུབ་པའི་རྒྱུ་མཚན་གཅིག་ཡིན། དེར་བརྟེན་ཀརྨ་པའི་སྤྲུལ་སྐུ་བོད་ནང་དུ་ངོས་བཟུང་བའི་ཐད་ལ་ཨ་དཀོན་རིན་པོ་ཆེས་ནུས་ཤུགས་བཏོན་ཡོད། དེ་ལ་རྒྱ་དམར་གཞུང་གིས་སྤྲེལ་ལད་འཁྲབ་སྟོན་གྱི་ཆེ་བསྟོད་བྱས་པ་ལམ་ལྷོངས་མ་བྱུང་བར་ངོ་ཚ་ཉོས་པའི་སྙིང་ནད་དེ་ཡང་ཨ་དཀོན་རིན་པོ་ཆེར་འཆངས་ཡོད་སྲིད།
༣ གསར་འགྱུར་འདིར་སུ་ཞིག་ཡིད་ཆེས་ཐུབ།
ཁོང་འདས་གྲོངས་སོང་བའི་སྐད་ཅིག་ཕྱི་མ་དེར་རྒྱ་ནག་གི་གསར་ལམ་ཁག་ཏུ་འགྲེལ་བརྗོད་ཁྱད་མཚར་ཞིག་སླེབས། དེ་ནི་དཔལ་འབྱོར་གྱི་རྩོད་རྙོགས་ལ་བརྟེན་ནས་བོད་མི་གསུམ་གྱིས་“བོད་མི་གསུམ་བསད་སོང་”ཟེར་བའི་ཁ་བྱང་གཅིག་པའི་གསར་འགྱུར་དུམ་བུ་དེ་རྒྱ་ནག་གི་གསར་འགྱུར་ཉི་ཤུ་ལྷག་གི་ནངདུ་“བོད་མིས་བོད་མི་བསད་”ཞེས་ས་བསྒྲགས་གནམ་བསྒྲགས་བྱས། ཁོང་ཚོས་ཆེད་དུ་“བོད་མི་”ཞེས་པའི་ཚིག་འདི་སྤྱོད་དོན་གང་ཡིན་ནམ། དོན་དངོས་ལ་འདི་ནི་གསར་ལམ་གྱི་སྲོལ་རྒྱུན་ལྟར་ན་གྲུང་གོའི་མི་སེར་གྱིས་དབྱིན་ཅིའི་མི་སེར་བསད་པ་ཞིག་ཏུ་འགྲེལ་བརྗོད་བྱ་བར་རིགས། གལ་སྲིད་བོད་མི་ཞིག་གིས་བྱས་རྗེས་ཡག་པོ་ཞིག་བཞག་ཡོད་ན་ “གྲུང་གོའི་མིས་”འདི་དང་དེ་བྱས་སོང་ཟེར་བ་མ་གཏོགས་བོད་མི་ཞེས་པའི་མིང་དེ་བེད་སྤྱོད་མི་སྲིད།
གསར་གྱུར་དེ་དག་གིས་ད་དུང་ལག་དམར་བ་གསུམ་གྱི་སྐད་ཆ་མཐུན་མ་སོང་ཟེར་བ་དེས་རྫུན་རྐུབ་གྱི་ཨུ་ཁུང་གཅིག་རྡོལ་གྲབས་བྱས་པ་ལྟ་བུར་གྱུར་འདུག ད་ལྟ་དོན་རྐྱེན་དེ་བྱུང་ནས་ཉིན་གསུམ་འདས་མོད་གནས་ཚུལ་གསར་པ་སྣ་གཅིག་ཀྱང་སྟོན་གྱི་མི་འདུག ཕལ་ཆེར་དོན་རྐྱེན་དེ་མ་བྱུང་གོང་ནས་ཁྲིན་ཏུ་ཉེན་རྟོག་པས་དོན་རྐྱེན་དེའི་མགོ་རྔ་ཡོངས་རྫོགས་ཤེས་ཡོད་པ་ལྟ་བུར་གྱུར་འདུག
༤ མི་གསོད་མཁན་ངོ་མ་སུ་ཡིན་ནམ།
ད་ནི་འདས་པོའི་ནང་མི་དག་གིས་ངེས་པར་དུ་ཡང་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུ་བའི་འབད་པ་བྱ་ངེས་རེད། ཡིན་ན་ཡང་། ཕལ་ཆེར་འདས་པོ་དག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་མི་བྱེད་དེ་ཡང་ཞེད་སྣང་ཞིག་རེད། དེ་ནི་ལོ་འདི་དག་གི་རིང་ལ་བྱུང་མྱོང་བ་ཞིག་རེད། ལོ་བཅུ་ལ་ཉེ་བའི་གོང་དུ་སྙན་གྲགས་ཅན་གྱི་མཁན་ཆེན་འཇིགས་མེད་ཕུན་ཚོགས་སྨན་ཁང་དུ་“གཤག་བཅོས་ལམ་ལྷོངས་མ་བྱུང་”བའི་འགྲེལ་བརྗོད་འོག་ཏུ་འདས་ཤོར་བའི་སྐབས་སུ་སློབ་མ་ཁ་ཤས་ཀྱིས་སྐུ་ཕུང་ཁྱེར་ནས་འབྲོ་དགོས་ཐུག་པ་དང་། སྐུ་ཕུང་ཁྱེར་ནས་དགོན་པར་འབྱོར་རྗེས་སུ་ཆོས་ལུགས་ཀྱི་རྒྱུན་སྲོལ་ལྟར་སྐུ་ཕུང་ཉར་བའི་དུས་ཚོད་ཀྱང་མ་བྱིན་པར་མགྱོག་པོར་མེད་པ་བྱེད་དགོས་པའི་བཀའ་རྒྱ་བཏང་བ་དང་གདུང་མཇལ་བ་བཀག་འགོག་གི་དོན་རྐྱེན་ལྷག་མྱོང་བ་རེད། དུས་འདིར་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་ན་ལྷག་པར་ཡང་མགོ་འཁྲུག་གཞི་ཆེ་རུ་འགྲོ་རྒྱུ་རེད།
ལག་དམར་བའི་ནག་ཉེས་བཙུགས་པའི་མི་དེ་དག་ཀྱང་ཕལ་ཆེར་སྲོག་ཐོག་གི་ཆད་པ་སོགས་ཀྱིས་རྩ་མེད་བྱེད་པ་མ་གཏོགས་རང་དབང་གི་གཏམ་གླེང་བྱེད་པའི་གོ་སྐབས་སྤྲོད་མི་སྲིད་པས་ལྷག་པར་ཡང་དོན་རྐྱེན་དེའི་རྒྱབ་ལྗོངས་ནག་ཁུང་ནང་དུ་ལུས་འཇུག་རྒྱུ་རེད། དཔེར་ན། ལོ་བཅུ་ཕྲག་ལྷག་གི་གོང་དུ་སྙན་གྲགས་ཅན་གྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་འབར་རྫས་འགད་གཏོར་བྱེད་པའི་འཆར་འགོད་བྱས་ཚུལ་དང་། ཁོང་གི་ཡུལ་སྡེ་ནས་ཕོ་གསར་ཞིག་ལག་ལེན་དུ་བསྟར་མཁན་གྱི་ནག་ཉེས་བཙུགས་ཏེ་བཟུང་ཞིང་དེ་མ་ཐག་ཏུ་སྲོག་ཏུ་བཏང་བ་རེད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཀྲོང་ན་ཟིང་ཆ་ཡོང་རྒྱུ་ཡིན་པར་བརྟེན་དེ་ནས་བཟུང་བཙོན་ཁང་དུ་ཉར་ཞིང་། ཡུལ་སྡེ་དེའི་ཕོ་གཞོན་ཞིག་གིས་དེ་དོན་ཁས་བླངས་ཚུལ་བརྗོད་ནས་གང་མགྱོག་མགྱོག་གིས་སྲོག་ཐོག་ཏུ་བཏང་བས་དོག་གཞི་དེ་སངས་ཐབས་མེད་པ་བྱས་པའི་ཁུལ་རེད། ཁོ་རང་གིས་ཁས་བླངས་སོང་ཟེར་བ་ཙམ་ལས་དཔང་རྟགས་སྣ་གཅིག་ཀྱང་བསྟན་རྒྱུ་མེད་པ་རེད།
སྤྱིར་ན་བོད་མདོ་ཁམས་ཀྱི་ས་ཁུལ་ལ་ལར་ནང་དམེ་འཁོན་འཁྲུགས་ཀྱི་སྲོལ་རྒྱུན་ཅུང་ཚབ་ཆེ་ཡིན་པ་དེ་གོ་སྐབས་སུ་བཟུང་ནས་རྒྱ་དམར་གཞུང་གིས་བོད་མི་དྲག་སྤྱོད་པ་དང་གདུག་རྩུབ་ཅན་ཡིན་པའི་སྣང་བརྙན་བཟོ་ཅི་ཐུབ་བྱེད་ཀྱིན་ཡོད། དཔེར་ན། ལི་ཐང་གི་རྟ་རྒྱུགས་སྐབས་སུ་བོད་རང་བཙན་གྱི་རྣམ་འགྱུར་སྟོན་པའི་ངོ་རྒོལ་བྱུང་འཕྲལ་རྒྱ་དམར་གཞུང་གིས་རྒྱ་ནག་ནང་ལོགས་ཀྱི་ལྟ་སྐོར་བ་དང་། གསར་འགོད་པ། ལྷག་པར་ཡང་ཕྱི་རྒྱལ་ལྟ་སྐོར་བ་ཚང་མ་ནང་དུ་བཀག་ནས་བོད་མིའི་ནང་འཛིངས་རྙོགས་ཟིང་འདུག་པས་ཕྱི་ལོགས་སུ་འགྲོ་བར་ཉེན་ཁ་འདུག་ཅེས་བསྒྲགས་པ་ལྟ་བུ་རེད།
༥ ཡུལ་སྲོལ་དང་མི་མཐུན་པའི་ཚོད་འཇོག
གནད་དོན་འདི་ལ་སྐུ་འདྲ་བཞེངས་པའི་གླ་དངུལ་ཙམ་གྱི་རྩོད་གཞི་ཙམ་ཞིག་ལས་དོན་རྐྱེན་འདི་བྱུང་ཟེར་བ་ཕལ་ཆེར་བདེན་དུ་འཛིན་མི་ཐུབ་པ་ཞིག་རེད། སྤྱིར་ན་མདོ་ཁམས་ཀྱི་ཡུལ་སྡེ་ལ་ལར་ནང་འཁོན་མི་གསོད་ཀྱི་སྲོལ་རྒྱུན་ཅུང་ཚབ་ཆེན་ཡིན་ན་ཡང་། སྤྱིར་བླ་སྤྲུལ་གྱིང་མིང་ཡོད་པའི་མི་རྒན་ཞིག་ཕར་ཞོག། ལོ་ན་དྲུག་ཅུ་བདུན་ཅུ་བརྒལ་ཟིན་པའི་མི་ཞིག་གསོད་མི་སྲིད་པ་ལྟ་བུ་རེད། བོད་མདོ་ཁམས་ཁུལ་དུ་ནང་འཛིངས་འཁོན་རྩོད་ཀྱི་སྲོལ་རྒྱུན་ལུས་ཡོད་པའི་ཡུལ་སྡེ་དག་ནི་བླ་སྤྲུལ་ལྷ་རུ་བརྩི་བའི་ཡིད་ཆེས་ཀྱང་གཞན་ལས་ཆེ་ས་ཡིན། དེ་ལས་ཀྱང་ལྷག་པར་མི་རྒན་པ་ཞིག་དང་ལྷན་དུ་རྩོད་གཞི་བྱུང་ན་དེའི་བུ་དང་ཚ་བོ་སོགས་གསོད་པ་ལས་ལོ་ན་བདུན་ཅུ་བརྒལ་བའི་མི་རྒན་གསོད་སྲོལ་མེད་པ་རེད། ཨ་དཀོན་ལྟ་བུ་ཡུལ་དེར་ས་གྲགས་གནམ་གྲགས་ལྟ་བུར་གྱུར་པའི་མི་ཞིག་རྩོད་རྙོགས་ཕྲན་བུ་ཞིག་གིས་དེ་མ་ཐག་ཏུ་བསད་ཟེར་བ་དེ་ཡིད་ཆེས་མི་ཐུབ་པ་ཞིག་རེད།
མཇུག་བསྡུ་བ།
སླར་ཡང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་རིང་མོའི་སྟེང་དུ་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་རང་སྲོག་ཤོར་བ་གཅིག་གི་གྲངས་མང་དུ་ཕྱིན་པ་རེད། ནང་བསྟན་ལོ་རྒྱུས་ཀྱི་གཟི་བརྗིད་གོང་དུ་འཕེལ་ངེས་ཡིན། ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བའི་བྱང་ཆུབ་སེམས་དཔའ་ཨ་དཀོན་རིན་པོ་ཆེའི་མཚན་སྙན་གྲགས་ནི་ཇི་སྲིད་བར་དུ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ནང་དུ་ལྷམ་མེ། ལྷན་ནེ། ལྷང་ངེར་གནས་ངེས་ཡིན། ཨ་དཀོན་རིན་པོ་ཆེའི་ཁྱིམ་ཚང་དང་། གྲོགས་མཆེད། ཁོང་གི་བྱམས་སྐྱོང་འོག་ཏུ་འཚོ་བའི་དགེ་རྒན་དང་སློབ་མ། ཁོང་གི་ལས་གཞིར་རྒྱབ་སྐྱོར་མཛད་མཁན་གྱི་ཕྱི་ནང་གི་སྐྱེ་བོ་ཚང་མར་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་དང་འབྲེལ། ཁོང་གི་མཛད་པ་འཕྲིན་ལས་ཀྱི་མཇུག་སྐྱོང་བར་འབད་པ་བརྒྱ་འགྱུར་གྱིས་དམ་པའི་ཐུགས་དགོངས་ཡོངས་སུ་རྫོགས་པར་བརྩོན་པའི་གསོལ་བ་ལན་བརྒྱར་འདེབས་པ་ལགས་སོ།།
༄། གདུང་སེམས་མཉམས་བསྐྱེད།
འུ་ཅག་ཁ་བ་རི་བའི་ལས་དབང་དང་བསོད་ནམས་སྣུམ་ཟད་གྱི་མར་མེ་ལྟ་བུར་གྱུར་པའི་དུས་ཚོད་གཉན་འཕྲེང་འདི་ལྟ་བུ་ལ་།
གཏམ་དཔེ་ཞིག་ལ། སེམས་རྨྲེང་ནས་ལ་ཁ་ཁུ་བྱུག་གི་སྟུང་སྒྲ། མགོ་གཟེར་ནས་ལ་ཁ་གཡུ་འབྲུག་གི་ཙག་སྒྲ། ཞེས་པའི་དཔེ་ལྟར་
ད་ཐང་ཡང་འུ་ཅག་བོད་པ་ཚང་གི་། ར་མགོའི་ནང་གི་མིག་ཚིལ་ལྟ་བུ་བོད་ཕྱི་ནང་གཉིས་ལ་ཐུགས་བསམས་དཀར་ཞིང་ལ་རྒྱ་ཆེ་བ་སྐྱབས་རྗེ་ཨ་དཀོན་རིན་པོ་མཆོག་གི་སྐུ་སྲོག་ལ་ཕྱི་ནང་གང་ཡིན་ཆ་མ་འཚལ་བ་ཞིག་གིས་སྡིག་ལག་གི་སྦྱོར་ངན་ལ་བསྟེན་ནས་
སྐུ་ཉིད་གྱི་དགོངས་པ་མ་ཟིན་པར་ཐོས་པས། སེམས་ནད་དང་ཡིད་གཅུང་གི་ཟུག་ངུ་ཀུན་ནས་སྡེང་དེ་བཟོད་མེད་མྱ་ངན་གྱི་གནས་སུ་ལྷུང་བའི་ཁ་བ་རི་བའི་སྤུན་ཟླ་ཕྱི་དང་བྱེ་བྲག་སྐུའི་ཉེ་འབྲེལ་ནང་མི་སྤུན་མཆེད་ཡོངས་ལ། སྐྱིད་གི་རྟ་ཕོ་མཉམས་ཞོན་མིན་ཡང་།
སྡུག་གི་ཁུར་པོ་མཉམས་ཁུར་ཞེས་པའི་དཔེ་ལྟར་ཏུ་གདུང་སེམས་མཉམས་བསྐྱེད་ཞུ་བ་དང་། ཞིང་གཤེགས་དམ་པ་གང་གི་ས་དང་ལམ་ལ་བར་ཆད་མེད་ཅིང་། ཡང་སྲིད་གསེར་གྱི་ཉི་གཞོན་མྱུར་ཏུ་འཆར་དེ་གདུལ་བྱ་འཕྲོ་ཅན་དུ་ལུས་པ་སྣམས་ཀྱི་ངོར་ཐུགས་རྗེས་འོད་སྟོང་སླར་ཡང་ཤར་བའི་སྨོན་ལམ་སྙིང་ཐག་པ་ནས་འདེབས་པ་ལགས་སོ།
སྔོན་མ་ཞིག་ལ། བླ་བྲང་གི་བླ་ཆེན་བསྟན་པའི་སྒྲོན་མེ་ཟེར་ནི་ཞིག་ལ་ཡང་སྨན་ཁབ་འདྲ་མིན་བརྒྱབས་ནས་བསད་པ་རེད།
ཁོང་གིས་ང་ལ་ན་བ་ཚ་བ་ཅི་ཡང་མི་འདུག་མོད། ཡིན་ན་ཡང་། མཚན་རིགས་ཀྱི་རྟོག་ཐབས་ཀྱི་མིག་ལམ་ན་ང་ལ་ན་ཚ་ཞིག་འདུག་ཟེར་ནས་སྨན་ཁང་འདི་ནས་གློད་ཁུལ་མི་ཉན་པའི་གསུངས་བསྩལ་བ་རེད།
བླ་མ་ཁོང་ཡང་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་པ་རེད། བོད་མི་རིགས་ལ་དུང་བ་དང་བརྩེ་བའི་བླ་སྐྱ་ཚང་མ་འདི་ལྟར་ཕྱིན་མི་འགྲོ་བའི་ཐབས་ལམ་འཚོལ་དགོས་བ་དེ་གནད་ཅིག་ལ་ཐུག་ཡོད་པས། རང་ཅག་བོད་མི་ཡོངས་ཀྱིས་དགྲ་ངོ་ཅི་ལྟར་དཀྱོག་པའི་གྲོས་ཐབས་འཐེན་རེན་པ་འདི། ཁ་ཡོད་ཡོད་ཚང་མས་གླེང་སློང་ཞིག་ཡོད་ན་ཡག་པར་འདོད།
བསྟན་དགྲ་དགྲ་དམར་བོད་ནས་མཐའ་སྐྲོད་ཐོངས། བླ་མ་སློམ་མའི་དམ་ཚིག་རྡོ་རྗེ་མདུད། ཆོལ་གསུམ་སྡང་སེམས་དགྲ་རིགས་རྒྱ་ལ་ཟུང་།
༣ གསར་འགྱུར་འདིར་སུ་ཞིག་ཡིད་ཆེས་ཐུབ།
ཁོང་འདས་གྲོངས་སོང་བའི་སྐད་ཅིག་ཕྱི་མ་དེར་རྒྱ་ནག་གི་གསར་ལམ་ཁག་ཏུ་འགྲེལ་བརྗོད་ཁྱད་མཚར་ཞིག་སླེབས། དེ་ནི་དཔལ་འབྱོར་གྱི་རྩོད་རྙོགས་ལ་བརྟེན་ནས་བོད་མི་གསུམ་གྱིས་“བོད་མི་གསུམ་བསད་སོང་”ཟེར་བའི་ཁ་བྱང་གཅིག་པའི་གསར་འགྱུར་དུམ་བུ་དེ་རྒྱ་ནག་གི་གསར་འགྱུར་ཉི་ཤུ་ལྷག་གི་ནངདུ་“བོད་མིས་བོད་མི་བསད་”ཞེས་ས་བསྒྲགས་གནམ་བསྒྲགས་བྱས། ཁོང་ཚོས་ཆེད་དུ་“བོད་མི་”ཞེས་པའི་ཚིག་འདི་སྤྱོད་དོན་གང་ཡིན་ནམ། ་་་་་་་་་་་ཟེར།
༸སྐྱབས་རྗེ་ཨ་ཀོང་མཆོག་ལ་སྐུ་ཚེ་བར་ཆད་བྱུང་ན་ཡང་། །
ཡང་སྲིད་ཉི་གཞོན་མྱུར་དུ་བྱོན་པའི་སྨོན་འདུན་ཡང་ཡང་ཞུ། །
རྒྱ་དྭོགས་པས་ཤི །བོད་རེ་བས་ཕུངས་ཟེར་དེ་མ་བརྗེད་ཨ་སྤོབས་པ་ལགས། ལྷ་བྲིས་ལ་ལྷ་ཡོན་མ་སྤྲད། སྐུ་འདྲ་འདྲ་བླུ་ཡོན་མ་སྤྲད་ནས་ནང་དམེ་ཤོར་བ་ཡོངས་གྲགས་རེད་འདུག ད་དུང་རྒྱ་མིར་དྭོགས་པ་བློ་ལྡན་ཞིག་གི་དཔྱད་པར་མ་མཐོང་། སྤྱན་རིས་གཟིགས་ཕྱག་སྟོང་སྤྱན་སྟོང་མེད་རབས་དང་། ཆོས་ལ་དད་པ། མ་ཎི་ལ་ཕན་ཡོན་མེད་རབས། དུས་འཁོར་སོགས་རྫུན་པར་བཤད་བཤད་ནས་ད་ཨ་ཀོང་གནམ་ལ་སྐྱག་ཀྱང་ལས་འབྲས་ཞིག་མ་ཡིན་ནམ།
ངོ་ཚ་ཞིང་ཡི་མུག་དགོས་པའི་ལ་གནད་དོན་ཞིག ________ ཞི་སྐྱ་རེངས། དེང་སང་མི་ནག་གི་ལུང་པ་སོགས་རྒྱལ་ཁབ་གཞན་དག་ལ་རོགས་སྐྱོར་བྱས་པ་དག་ཕར་ཞོག་བོད་ཡུལ་གཅིག་པུ་ལ་དཔལ་འབྱོར་གྱིས་རོགས་སྐྱོར་གནད་ལ་སྨིན་པ་བྱེད་མཁན་གཅིག་པུ་ཨ་དཀོན་སྤྲུལ་སྐུ་དང་། ཚ་བོ་བློ་དགའ། ཁ་ལོ་བ་བ་འཇིགས་མེད་དབང་རྒྱལ་བཅས་གསུམ་པོ་དེ་རིང་ཟླ་ 10 པའི་ཚེས་ 8 གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཁྲེན་ཏུའུ་གྲོང་ཁྱེར་ན་ཁམས་སྡེ་དགེ་ནས་ཡིན་པའི་ཐུབ་བསྟན་གེ་སར་དང་། འཇམ་མདའ་བ་དགེ་ལྡན་རྒྱ་མཚོ་ ཆབ་མདོ་བ་ཚེ་རིང་དཔལ་འབྱོར་གསུམ་གྱིས་བཀྲོངས་པའི་གནས་ཚུལ་ཐོན་འདུག ཨེ་མ་ཡ་ང་བ་ཞིག་རེད། ལག་དམར་བ་དེ་གསུམ་གྱིས་ང་ཚོ་བོད་པ་ཚང་གི་ཕོར་པ་བཅག་པས་མ་ཚད་ད་དུང་སྤྱིར་ང་ཚོ་བོད་པ་ཚང་དང་། དགོས་སུ་བླ་སེར་ཀུན་གྱི་ངོ་གདོང་ཆུ་ལ་གཡུག་སོང་། །
སྐུ་འདྲའི་གནད་དོན་གཅིག་བུ་མིན་པ་གསལ་པོ་རེད། རྒྱུ་མཚན་ནི། བདེན་དཔང་མེད་པ་བཟོ་ཆེད་ལྐོག་གསོད་པས་ཞབས་ཞུ་བ་དང་། ཁ་ལོ་པ་གཉིས་ཀྱང་བསད་ཚར་འདུག ལྷག་པར་དུ་ཨ་ཀོང་གྲོངས་པ་དང་མཉམ་དུ་ལག་དམར་པ་ཡང་བཟུང་ཟིན་པས་དེའི་ནང་ནས་རྒྱ་ནག་གི་གསང་བའི་ལྐོག་འཆར་ཞིག་ཡོད་ཡོད་པ་རེད། ཁོང་ལྐོག་གསོད་བྱེད་མཁན་ནི་སྦྱང་བརྡར་ཡོད་པའི་མྱི་གསོད་གཤེ་མ་ཡིན་པ་དོགས་པ་མི་འདུག
སྟེ། མི་གསུམ་སུས་ཀྱང་མ་འཚོར་བར་གློ་བུར་མེད་པ་བཟོ་འདུག
# 5 ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས་མཆན་བཏབ་པ།:
October 11th, 2013 at 5:20 AM
རྒྱ་དྭོགས་པས་ཤི །བོད་རེ་བས་ཕུངས་ཟེར་དེ་མ་བརྗེད་ཨ་སྤོབས་པ་ལགས། ལྷ་བྲིས་ལ་ལྷ་ཡོན་མ་སྤྲད། སྐུ་འདྲ་འདྲ་བླུ་ཡོན་མ་སྤྲད་ནས་ནང་དམེ་ཤོར་བ་ཡོངས་གྲགས་རེད་འདུག ད་དུང་རྒྱ་མིར་དྭོགས་པ་བློ་ལྡན་ཞིག་གི་དཔྱད་པར་མ་མཐོང་། སྤྱན་རིས་གཟིགས་ཕྱག་སྟོང་སྤྱན་སྟོང་མེད་རབས་དང་། ཆོས་ལ་དད་པ། མ་ཎི་ལ་ཕན་ཡོན་མེད་རབས། དུས་འཁོར་སོགས་རྫུན་པར་བཤད་བཤད་ནས་ད་ཨ་ཀོང་གནམ་ལ་སྐྱག་ཀྱང་ལས་འབྲས་ཞིག་མ་ཡིན་ནམ།
ཟེར།
དེ་སང་སྤོབས་པ་མཐའ་ཡས་ཟེར་བ་དེ་དད་སེམས་ཅན་ཞིག་དུ་གྱུར་འདུག་པས་ང་ནི་ཡ་མཚན་སྐྱེས་སོང་།
ཨ་དཀོན་རིན་པོ་ཆེ་དགྲོང་རྐྱེན་གྱི་དོགས་གཞི།
་ བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས།
ཟླ་༡༠པའི་ཚེས་༨ཉིན། ལྷ་ས་ལ་ཡོད་པའི་ངས་དྲྭ་ཐོག་ནས། དབྱིན་ཇིའི་ཁྱིམ་ཐོ་ཅན་གྱི་བོད་མི། ལོ་ན་༧༤ཅན་གྱི་ཨ་དཀོན་རིན་པོ་ཆེ་ཁྲིན་ཏུའུ་ནས་ ལྐོག་དགྲོང་བྱས་པའི་གཏམ་ངན་མཐོང་པས་ཧ་ལས་སོང་། འདི་ཡང་ཁྲིན་ཏུའུ་ཉེན་རྟོག་པས་མགྱོགས་མྱུར་ངང་ནས་ཁྱབ་བསྒྲགས་བྱས་པའི་”དཔལ་འབྱོར་རྩོད་གླེང་”ཞེས་པ་དེས་བྱས་པ་ཡིན་ནམ། བདེན་མཐའ་མ་གསལ་གོང་དུ་༼བརྒྱ་ལ་ན་བདེན་མཐའ་གསལ་བར་ཤིན་ཏུ་དཀའ་ན་ཐང་།༽ང་ཚོས་སྐད་ཆ་འདྲ་མིན་དག་ལ་དོགས་པ་ཟ་ཆོག ལོ་མང་ཕྱིར་རྟོག་བྱེད་དུས། ང་དང་ངའི་ཁྱོ་ག་ཡུལ་ཤུལ་ནས་ཨ་དཀོན་རིན་པོ་ཆེ་དང་ཐུག་པ་མ་ཟད་ཁ་བརྡ་ཡང་བྱེད་མྱོང་། དེ་བས་བག་ཆགས་ཟབ་མོ་ཞིག་བཞག་འདུག འདི་ནས་ ཡུན་རིང་དུ་བོད་མི་རིགས་ཀྱི་སློབ་གསོ་ལ་རོགས་སྐྱོར་གནང་ཞིང་། བོད་ཁུལ་དུ་བྱམས་བརྩེ་རྒྱ་ཆེར་སྦྱིན་པའི་ཨ་དཀོན་རིན་པོ་ཆེ་ལ་གུས་ཕྱག་འཚལ། ཨ་དཀོན་རིན་པོ་ཆེ་ཁྲིན་ཏུའུ་ནས་ལྐོག་དགྲོང་ བྱས་པའི་དུས་ཚོད་ནི་ཟླ་༡༠པའི་ཚེས་༨ཉིན་གྱི་ཞོགས་པའི་དུས་ཚོད་༡༡གཡས་གཡོན་རེད། དེ་ནུབ་མོའི་དུས་ཚོད་༨:༢༢ཐོག་ནས་ཁྲོན་ཏུའུ་ཉེན་རྟོག་ཁག་གི་པོད་འཕྲིན་”བདེ་འཇགས་ཁྲིན་ཏུའུ་”ཞེས་པ་ལས། “ཉེན་ཅན་མི་སྣ་གསུམ་པོ་འཛིན་བཟུང་བྱས་ཟིན་”མ་ཟད་ཉེན་མི་གསུམ་པོས་ལམ་སངས་”ཤི་ཟིན་པའི་མི་གསུམ་པོ་དེ་ཁོང་ཅག་གིས་བསད་པ་ཡིན་པར་ཁས་བླངས་”ཞེས་ཁྱབ་བསྒྲགས་བྱས་འདུག་པས། ཉེས་རྩད་ཆོད་པ་དང་ཁས་ལེན་བྱས་པ་འདི་ཡང་ཅུང་ཙམ་མགྱོགས་སོང་མི་འདུག་གམ། ཐེའུ་ཐུ་ཐོག་ནས་དྲྭ་གྲོགས་འགའ་རེས་དོགས་འདྲི་འདི་ལྟར་བྱས་འདུག ” དཔལ་འབྱོར་རྩོད་གླེང་ཡིན་ན་གྲོས་བྱེད་པའི་ཆེད་དུ་ཅིའི་ཕྱིར་ཁྱིམ་དུ་གདན་དྲངས་པ་ཡིན། བྱམས་བརྩེ་པ་ཞིག་སྒོར་མོ་དགོས་ལ་ཚེ་སྲོག་མི་དགོས་མཁན་ཇི་ལྟར་ཡིན་སྲིད། དཔལ་འབྱོར་རྩོད་གླེང་ཞི་འཇགས་འགྲོ་ཕྱིར་མི་གསོད་པ་ལས་དཔལ་འབྱོར་མི་དགོས་པ་ཅི་ཡིན། གསོན་པོ་གཅིག་ཀྱང་བསྐྱུར་མེད་པས་མི་གསོད་རྒྱུ་དམིགས་ཡུལ་བྱས་ཡོད་པ་གཏན་ཁེལ་རེད།” ཡང་བོད་མི་འགའ་རེས་འཕྲིན་ཕྲན་ཐོག་ནས་དོགས་འདྲི་འདི་ལྟར་བྱས་འདུག “ཉེན་མི་གསུམ་པོ་དང་པོ་གྲོས་མོལ་བྱེད་དུ་ཡོང་བ་ཡིན་ཞིང་གྲོས་མ་འགྲིགས་ནས་འགལ་བ་བྱུང་པ་ཡིན་ཟེར། གྲོས་བྱེད་པ་ཙམ་ཡིན་ན་གྲི་མཚོན་འཁྱེར་དགོས་དོན་ཅི་ཡིན་ནམ། དེར་མ་ཟད་གུས་བརྩི་ཐོབ་པའི་རིན་པོ་ཆེ་ཞིག་མཇལ་དུ་འགྲོ་སྐབས་གྲི་མཚོན་འདོགས་པ་ནི་བོད་མི་ཕལ་ཆེ་བས་མི་སྲིད་པ་ཞིག་རེད། ཡིན་ནའང་། ཉེན་མི་གསུམ་པོས་གྲི་བཏགས་ནས་གྲོས་བྱེད་དུ་སོང་། གྲོས་མ་འགྲིགས་པའི་རྐྱེན་གྱིས་མི་གསོད་ཁྲག་སྦྱོར་བྱས་ཤིང་། རིན་པོ་ཆེ་མ་ཟད་ཁོང་གི་ཚ་བོ་དང་ཁ་ལོ་པ་བཅས་ཡོད་ཚད་བསད་དེ་གསོན་པོ་གཅིག་ཀྱང་བསྐྱུར་མེད། འདི་ཡིས། རྩ་མེད་གཏོང་འདོད་ཀྱི་གྲ་སྒྲིག་དང་བཅས་པར་ཡོང་བ་ཡིན་པར་གསལ་པོར་ཤེས་ཐུབ།” མ་ཟད་”བདེ་འཇགས་ཁྲིན་ཏུའུ”འི་པོད་ཕྲན་འོག་ཏུ་དཔྱད་མཆན་མང་པོ་བཏབ་འདུག་པས། བལྟ་རིན་ཡོད་པ་ཞིག་རེད། དཔྱད་མཆན་མང་ཤོས་ཀྱི་ཚིག་ནི་ཕལ་ཆེར་”བོད་ཀླ་ཀློ”ཞེས་པ་འདི་རེད། ད་དུང་མཆན་ཞིག་ལ་”ཡང་བོད་ཀླ་ཀློས་བསྒྲུབས་པའི་བྱ་བ་བཟང་པོ་ཞིག་རེད།”ཅེས་བཤད་འདུག རླབས་གསར་(新浪)གསར་འགྱུར་ལྟེ་གནས་ཀྱིས་”ཁྲིན་ཏུའུ་ནས་བོད་མི་སྐྱེས་པ་གསུམ་གྱིས་ཁྱིམ་ཐོ་དབྱིན་ཇི་ཡིན་པའི་བོད་པ་ཞིག་དང་དེའི་ཚ་བོ། ཁ་ལོ་པ་བཅས་བསད་འདུག”ཅེས་ཁ་བྱང་བྲིས་ནས་ཁྱབ་བསྒྲགས་བྱས་པའི་འོག་ཏུ་དཔྱད་མཆན་བརྒྱ་ཕྲག་ལས་བརྒལ་བ་བཏབ་འདུག་པས་དེ་དག་ལའང་བལྟ་རིན་ཡོད་པ་ཞིག་འདུག དཔེར་ན། ” བོད་པས་ཀྱང་ལུས་ལ་མཚོན་འདོགས་ཆོག་གི་མ་རེད།” ལྟ་བུའོ།། དོན་དུ། བོད་ཡུལ་དང་རྒྱ་ཡུལ་གང་ཡིན་རུང་བོད་མི་རྣམས་ཞིབ་གཤེར་ནན་མོ་བྱེད་ཀྱིན་ཡོད་པས་ལུས་ལ་མཚོན་འདོགས་པ། ལྷག་ཏུ་སྲོག་འཕྲོག་ཐུབ་པའི་གྲི་འདོགས་པ་ནི་མི་སྲིད་པ་ཞིག་རེད།” རླབས་གསར་གསར་འགྱུར་གྱི་ཁ་བྱང་གིས་ཅི་ཞིག་གསལ་བཤད་བྱ་ཐུབ། “དབྱིན་ཇིའི་ཁྱིམ་ཐོ་ཡིན་པའི་བོད་མི།” ཞིག་"བོད་མི་གསུམ་གྱིས་གྲི་བཙུགས་ནས་བསད།” འདི་དག་གིས་བོད་མའི་སྤྱི་ཚོགས་ཤིན་ཏུ་རྙོག་གྲ་ཆེ་བ། ཤིན་ཏུ་འཇིགས་སྣང་སྐྱེ་ས་ཞིག་ཡོད་པ་དང་། མ་ཟད་རྒྱལ་སྤྱི་ལ་ཤུགས་རྐྱེན་ཐེབས་ནས་རྒྱལ་སྤྱི་ནས་ཀྱང་བོད་མི་སྤྱི་ཚོགས་ཤིན་ཏུ་རྙོག་གྲ་ཆེ་བ་དང་ཤིན་ཏུ་འཇིགས་སྣང་སྐྱེ་ས་ཞིག་ཡིན་པར་འདོད་དགོས་པ་རེད་དམ། དེས་ན། བོད་མི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བརྒྱ་དང་ཉི་ཤུ་ལྷག་ཙམ་གཅིག་རྗེས་གཉིས་མཐུད་དུ་བྱུང་པ་འདིས་ཀྱང་གོང་གི་ཁ་བྱང་དང་གཅིག་མཚུངས་སུ་བྲིས་ནས་རྟགས་བྱང་དུ་གྱུར་ཅིང་། མ་མཐའ་མི་མང་པོ་ཞིག་ལ་”འཇིགས་སྣང་” དང་ “ཀླ་ཀློ”འི་སྣང་བརྙན་བསྐྲུན་རྒྱུ་རེད། ཤིན་ཏུ་སྟབས་འགྲིག་པ་ཞིག་ལ། དུས་དེ་དང་མཉམ་དུ། ལྐོག་གྱུར་གྱི་མི་ཞིག་གིས་ཁོ་མོའི་ ཟིན་བྲིས་ལས་རང་ལུས་མེར་བསྲེགས་སྐོར་གྱི་སྦྱར་འཛར་༼དྲྭ་ཐོག་གླེང་མོལ་སྐབས་སུ་སྦྱར་བའི་ཡིག་འཛར་ཆུང་བ།༽འོག་ཏུ་འཕྲིན་ཞིག་བཞག་སོང་། ཚིག་མཐའ་མ་ལ་མཉམ་པར་འཇོག་རྒྱུ་མ་བརྗེད། “ཚེས་བརྒྱད་ཀྱི་ཞོགས་ཀ ཁྲིན་ཏུའུའི་ཝུས་ཧོ་ཕྱོགས་ཀྱི་ཁྱིམ་སྐོར་ཆུང་ཆུང་ཞིག་ནས། དཔལ་འབྱོར་རྩོད་གླེང་བྱས་ནས་བོད་མི་གསུམ་གྱིས་དེ་ལས་གཞན་པའི་བོད་མི་གསུམ་བཤས་བཞག་འདུག འོད་ཟེར། འདི་ལྟ་བུ་བོད་རིགས་ནང་དམེ་བྱེད་ཚུལ་གྱི་སྐད་ཡང་བཤད་དགོས་པ་ཡིན་ནོ།། ཁྱོད་ཀྱིས་དུས་རྟག་ཏུ་ཁོང་ཚོ་གནམ་འཕང་དུ་བཏེགས་ནས་ཡོད་ཚད་ཀྱིས་ཁོང་ཚོ་ངང་དཀར་གྱི་ལྷ་ཡི་ཕོ་ཉ་ཡིན་པར་འཛིན་དུ་མ་འཇུག ཁོང་ཚོའི་སྡུག་རྩུབ་དང་གུས་མེད་ཀྱི་བཙན་ཤེད། ད་དུང་དྲག་སྤྱོད་ཀྱིས་སྟབས་བདེའི་ངང་ནས་བྱ་བ་ཡོད་ཚད་ཐག་གཅོད་བྱེད་པའི་མི་རིགས་རང་བཞིན་ཅན་དེ་ཡང་ང་ཚོ་ཚང་མ་ལ་གསལ་པོར་བསྟན་ནས་མཐོང་རྒྱ་བསྐྱེད་རོགས། ” ཞེས་པ་འདིའོ།། བསྐྱར་དུ་ཞུ་བྱ། ཚིག་མཐའ་མ་དེ་ལ་ཐུགས་མཉམ་མཛད་རོགས། གོ་རྒྱུ་ཟབ་མོ་འདུག ཡིན་ནའང་། རླབས་གསར་པོད་ཕྲན་ཐོག་ནས་བོད་མི་མང་ཆེ་ཤོས་ཀྱིས་རིན་པོ་ཆེ་བཀྲོངས་སོང་པ་ལ་སེམས་སྡུག་བྱེད་ཅིང་ལག་དམར་གྱི་ བྱ་བ་ངན་པ་ལ་ཞེ་སྡང་བྱེད་པ་ལས། བསམ་བློ་ཞིབ་མོ་ཞིག་གཏོང་གི་མི་འདུག རིན་པོ་ཆེ་བཀྲོངས་རྐྱེན་ནི་”དཔལ་འབྱོར་རྩོད་གླེང་”དང་” གྲོས་མ་འགྲིགས་པ” ལྟ་བུ་གནས་དོན་སྟབས་བདེ་ཞིག་ཡིན་ནམ། ཡང་བོད་མི་རིག་སྟོབས་ཅན་འགའ་རེས། “འདི་ལྟ་བུའི་བླ་ཆེན་ཞིག་གིས་དཔལ་འབྱོར་རྩོད་གླེང་བྱེད་པ་མི་སྲིད། ” ” མིང་དོན་མཚུངས་པའི་རྒྱལ་སྤྱིའི་བྱམས་བརྩེ་པ་ཞིག བྱམས་དང་སྙིང་རྗེ་ཐུགས་རྒྱུད་ལ་མངལ་བའི་བོད་བརྒྱུད་ནང་བསྟན་གྱི་རིན་པོ་ཆེ་ཞིག རྒྱལ་ཕྱི་ནང་སྲིད་གཞུང་གིས་ དགའ་བསུ་ཐུབ་པའི་ཕྱི་རྒྱལ་གྱི་བོད་མི་ཞིག་བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་འཇུག་པ་འགའ་ཤས་ཀྱིས་བཀྲོངས་པ་ནི་ནམ་མཁའ་ལས་རྒྱ་ཆེ་ཞིང་བསམ་ཡུལ་ལས་འདས་པ་ཞིག་རེད། ” “ཁོང་ནི་ དྭ་ཕྲུག་དང་དཀའ་ཁག་ཅན་ལ་ལོ་ལྟར་རོགས་སྐྱོར་འབོར་ཆེན་གནང་ནས་ཕྲུ་གུ་བགྲང་ལས་འདས་པ་ཞིག་སློབ་གྲྭར་བཏང་ནས་སློབ་གསོ་ མྱངས་བཅུག་པའི་བླ་མ་དམ་པ་ཞིག་རེད། དཔེར་ན་ཡུལ་ཤུལ་གྱི་དྭ་ཕྲུག་སློབ་གྲྭ་ཞིག་ལ་ལོ་རེར་ཁོང་གི་རོགས་དངུལ་སྒོར་ཁྲི་དྲུག་བཅུ་ཡོང་གི་ཡོད། དེ་ལས་གཞན་པའི་རོགས་དངུལ་དག་བགྲངས་ན་གྲངས་ཀ་ལོན་མི་སྲིད། དེ་བས་ན་” དཔལ་འབྱོར་རྩོད་གླེང་” རྐྱེན་གྱིས་གཞན་གྱིས་དགྲོང་པ་ཡིན་སྲིད་དམ། ” ཚང་མས་སྲིད་གཞུང་གི་གསར་ལམ་གྱིས་ཞིབ་གཅོད་སྐབས་སུ་བཀོལ་བའི་མིང་ཚིག་དག་ལ་གཟབ་ནན་གྱིས་མཉམ་འཇོག་བྱ་རོགས། སྐར་ཆེན་ཞིག་འདས་གྲོངས་སུ་སོང་པའི་སྡུག་བསྔལ་ལ་ནི་ཚད་ཅིག་ལར་ནས་མེད་པའི་ཐོག་ཏུ། ཚིག་ཚོགས་དེ་དག་གིས་ཤེན་ཤུགས་མི་ཐེབས་ པར་མཛད་རོགས། འཇིག་རྟེན་གྱི་སྙིགས་མ་འདི་ལ། གཟི་འོད་ལྡན་པའི་མི་འདི་འདྲ་ཞིག་ཡོད་པར་མི་འོས། ཡ། ད་མང་པོ་མི་བཤད། གལ་སྲིད་ཨ་དཀོན་རིན་པོ་ཆེ་ལྐོག་དགྲོང་གི་དོན་རྐྱེན་འདི་བསྙལ་ནས་ འདི་ལས་གཞན་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོང་པ་ཡིན་ན། གནས་ཚུལ་གལ་ཆེན་འགའ་ཤས་ཤིག་ཀྱང་སྦས་གསང་བྱེད་དགོས་ཚོད་རེད། དཔེར་ན། ཟླ་༡༠པའི་ཚེས་༢༢ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མི་ཡི་ཐོབ་ཐང་ལས་འཛིན་ཚོགས་པས་རྒྱ་ནག་ངོས་ཡོངས་ཀྱི་འགྲོ་བ་ མི་ཡི་ཐོབ་ཐང་གི་གནས་བབ་ལ་ཞིབ་དཔྱོད་བྱ་རྒྱུ་ཡིན་རེད། འཛམ་གླིང་གི་མིག་འོད་དག་ཀྱང་ཕྱོགས་གཅིག་ཏུ་འཕྲོ་བའི་མགོ་རྩོམ་བཞིན་ཡོད་པས། བོད་མི་རང་བསྲེགས་ལ་སླར་ཡང་དོ་ཁུར་བྱེད་པ་རེད། དེ་དུས་གནད་དོན་གྱི་རྩ་བ་གང་ཡིན་ཤེས་གསལ་ཡོང་ན་ཐང་། ༢༠༡༣/༡༠/༡༠ཉིན་འོད་ཟེར་གྱིས་བྲིས། ཀརྨ་ཚུལ་ཁྲིམས་བཟང་པོས་ཚེས་༡༡ཉིན་བསྒྱུར།
ཤིང་རྟ་ལགས་ཀྱིས་སྐད་བསྐུར་འདི་ཡག་པོ་འདུག མུ་མཐུད་དྲྭ་ཉུལ་ལ་བརྩོན་རོགས།
སྤོབས་པ་མཐའ་ཡས་ལགས་ལ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་འདོད་བྱུང་ལ། ཞོར་དུ་ཨ་དཀོན་རིན་པོ་ཆེ་ནམ་དུ་ཡང་མི་ནུབ་པའི་སྨོན་འདུན་ཡོད།
སྤོབས་མཐས་ཆོལ་ཁ་དང་མཉམ་བསྲེས་བྱས་ནས་ལག་དམར་བ་བོད་མི་མིན་པར་བསྒྲུབས་ནས་མང་རབས་ཤིག་བྲིས་འདུག ཁོང་གི་སྐོར་ལ་གནས་ཚུལ་དཔྱིས་ཕྱིན་པ་ང་ཚོས་གསལ་རྟོགས་མ་ཐུབ་ཙང་། དྭོགས་གཞི་འོག་ནས་འདྲ་མིན་བྲི་བཞིན་འདུག འགའ་རེས་རྒྱ་གཞུང་ལ་སྐྱོན་བརྗོད་དང་། འགའ་རེས་ཨ་དཀོན་གྱིས་འདས་པའི་བྱ་སྤྱོད་དེ་རྒྱ་གཞུང་ལ་རྒྱབ་སྐྱོར་དང་ཆོས་ལ་སྐྱོན་བརྗོད་བྱས་པའི་རྣམ་སྨིན་ཡིན་རབས་བཤད་བཞིན་འདུག གང་ལྟར་ཡང་རིན་པོ་ཆེ་ཡིས་བོད་ནང་དུ་བོད་མི་རིགས་ལ་ཕན་པའི་ཕྱག་ལས་མང་རབས་ཞིག་འབད་བརྩོན་ཞུས་འདུག་པ་ལ་བསྔགས་བརྗོད་དང་བཅས་ཁོང་ལྟ་བུ་འདས་གྲོངས་སུ་སོང་བ་ལ་མྱ་ངན་ཞུ་བཞིན་ཡོད།
མ་གཞི་བོད་ནང་དུ་བཀྲ་ཤིས་ཚེ་རིང་གིས་ཀྱང་སློབ་གྲྭ་ཆེ་ཆུང་མང་དག་ཅིག་བཙུགས་ཡོད་པའི་སྐོར་ལ་ཁོང་གི་ལོ་རྒྱུས་ནང་ལ་གསལ་པོར་བཀོད་འདུག ཁོང་ཚོ་ལྟ་བུ་ནི་པཎ་ཆེན་སྐུ་གྲོངས་རྗེས་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པའི་མཛད་རྗེས་འཇོག་མཁན་ཞིག་ཏུ་ངོས་འཛིན་བཞིན་ཡོད།