ངས་ད་ལྟ་མདོ་སྨད་ཀྱི་གླིང་སྒྲུང་བཤད་མཁན་གྲགས་ཅན་སྐལ་བཟང་གྲགས་པས་བཤད་པའི་སྟག་གཟིག་ནོར་རྫོང་ཞིག་ལ་ཉན་བཞིན་ཡོད་ཅིང་། ལོ་རབས་བརྒྱད་ཅུའི་ལོ་མགོ་ཞིག་ནས་བཟུང་སྟེ། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་བརྒྱུད་སྐལ་བཟང་གྲགས་པ་ཟེར་བ་ཞིག་གིས་ཧོར་གླིང་གཡུལ་འགྱེད་སོགས་གླིང་གེ་སར་གྱི་སྒྲུང་སྣ་ཚོགས་རྒྱ་མཚོའི་རྦ་རླབས་བཞིན་གཅིག་རྗེས་གཉིས་མཐུད་དུ་བཤད་སོང་ལ། ཁོང་གིས་བཤད་པའི་སྒྲུང་དེ་དག་ནི་གློག་བརྙན་བསྟན་པ་བཞིན་ཉན་མཁན་གྱི་མིག་ལམ་དུ་འཆར་རྒྱུ་ཡོད་ཅིང་། ཁོང་གི་སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པ་དེས་ཉན་མཁན་ཁྲི་འབུམ་གྱི་སེམས་གཏིང་དུ་གླིང་གེ་སར་གྱི་སྒྲུང་ལ་ཉན་པའི་བག་ཆགས་ཧ་ཅང་ཟབ་མོ་ཞིག་བཞག་ཡོད། སྐལ་བཟང་གྲགས་པ་འཇིག་རྟེན་མི་ཡུལ་དང་གྱེས་ནས་ལོ་མང་པོ་ཞིག་ཕྱིན་ན་ཡང་། ད་དུང་ཡང་ངའི་རྣ་ལམ་དུ་ཁོང་གིས་་་་་་་་་ཨོ་ན་ཡང་་་་་་་་་་་ཞེས་སྒྲུང་བཤད་པའི་སྐད་ཀྱི་གདངས་སྙན་མོ་དེ་ལྷང་ལྷང་གྲག་བཞིན་འདུག
ཉེ་ཆར་ཁོ་བོ་སན་ཧྥ་རན་སེ་སི་ཀོ་རུ་ཐེངས་ཤིག་བསྐྱོད་ཅིང་། དེར་བླ་བྲང་ནས་ཡིན་པའི་ངོ་ཤེས་ཤིག་དང་མཉམ་དུ་ཁ་བརྡ་བྱས་པ་བརྒྱུད། བླ་བྲང་གི་གེ་སར་གླིང་སྒྲུང་བཤད་མཁན་གྲགས་ཅན་སྐལ་བཟང་གྲགས་པའི་ཚེ་མཇུག་ལ་ཁོང་གིས་འོད་སྡེར་ཞིག་གི་ནང་དུ་འཇམ་དབྱངས་བཞད་པའི་སྐུ་བསྟོད་མ་བཞག་པར་ཁག་འདོག་གིས་བླ་བྲང་ཕྱོགས་ཀྱི་མི་མང་པོ་ཞིག་གིས་ཁོང་མི་གྲལ་ནས་སྤྱུགས་པ་མ་ཟད། ཁོང་གི་ནང་མི་དག་ལ་ཡང་བཟོད་དཀའ་བའི་བསམ་བློའི་མནར་གཅོད་བཏང་རབས་ཟེར། ཁྱེད་ཅག་གིས་འདིའི་སྐོར་ནས་ཅང་མཐོང་ཐོས་བྱུང་ཡོད་དམ། དོན་ངོ་མར་གནས་ཚུལ་ག་རེ་བྱུང་བ་རེད། ང་ནི་སྐལ་བཟང་གྲགས་པའི་ཕྱོགས་སུ་ལངས་མེད་ལ་ཁོང་ལ་མནར་གཅོད་གཏོང་མཁན་དག་གི་གྲས་སུ་ཡང་བསྡད་མེད། ཁོའི་ཚེ་མཇུག་ཡང་སྙིང་དོན་དག་ག་རེ་བྱུང་ཡོད་མེད་དེ་ཤེས་འདོད་ཙམ་ཡིན། བླ་བྲང་ཕྱོགས་ནས་གནས་ཆུང་ཧོར་གྱི་ལྷ་ཡིན་པས་ཧོར་གླིང་གཡུལ་འགྱེད་སོགས་གེ་སར་སྒྲུང་བཤད་མཁན་ལ་མི་དགའ་ཟེར་བ་ཡང་བདེན་པ་ཡིན་ནམ།
————
སྒྲུང་བ་སྐལ་བཟང་གྲགས་པ་ངོ་སྤྲོད།
གླིང་སྒྲུང་ངག་རིག་པ་སྐལ་བཟང་གྲགས་པ་ལགས་ནི་༡༩༤༨ལོ་མདོ་སྨད་བསང་ཆུ་རྫོང་ཁོངས་སུ་འཁྲུངས། ལོ་ན་གཞོན་དུས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་རྒྱུད་སྟོད་དུ་གྲྭ་སར་ཞུགས་མྱོང་བ་སོགས་ཁོང་གི་སྐུ་ཚེའི་ཁྲོད་བརྒྱུད་རིམ་སྣ་ཚོགས་པའི་ཉམས་མྱོང་བསགས་ཤིང་རྒྱུས་ལོན་མྱོང་ཡོད་ལ། ལྷག་པར་དུ་མིང་དུ་གྲགས་པའི་གླིང་གེ་སར་སྐྱེས་བུའི་རྣམ་སྒྲུང་དབྱངས་སུ་གྱེར་མཁན་དང་། འབྲེལ་བཤད་ངག་རིག་པ་ཕུལ་དུ་བྱུང་བ་ཞེས་བོད་ཡུལ་སྤྱི་ཁྱོན་ནས་མཚན་སྙན་གྱི་གོ་གནས་ཚད་མཐོན་པོ་ཐོབ་ཏེ། སྤྱི་ལོ་༡༩༧༨ལོ་ནས་བཟུང་ཁོང་དངོས་སུ་ཀན་ལྷོ་དང་མཚོ་སྔོན་རླུང་འཕྲིན་ཁང་སོགས་སུ་ཕེབས་ནས་གླིང་གེ་སར་སྒྲུང་གི་བསྟན་པ་སྤེལ་བའི་མགོ་བཟུང་། དེ་དང་ཆབས་ཅིག་བྱ་མགྲིན་སྔོན་ཟླ་བ་སོགས་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་སྙན་ལ་བྱིན་ཆགས་པ། ཟབ་ལ་དོན་གསལ་བའི་ཁྱད་ཆོས་དང་ལྡན་པ་སྒྲ་ཕབ་དང་རྒྱང་བསྒྲགས་གནང་། བོད་ཀྱི་རྣམ་ཐར་ཁྱབ་སྒྲོག་གི་ལས་དབང་གི་དམན་པས་སྤྱི་ལོ་༢༠༠༥ལོ་ཁོང་སྐུ་གཤེགས། ཡིན་ན་ཡང་ཁོང་གི་ལྷན་སྐྱེས་ཀྱི་སྐད་ངག་དང་སྐད་ཆའི་སྒྱུ་རྩལ་གྱིས་བོད་ཞིང་འབྲོག་མང་ཚོགས་ཀྱི་སེམས་ཁམས་ལ་ནམ་ཡང་ཡལ་དུ་མེད་པའི་བག་ཆགས་ཤིག་ཐེབས་ཡོད་པར་མ་ཟད། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་ཁོང་གིས་བཤད་པའི་གླིང་སྒྲུང་དང་རྣམ་ཐར་དག་གི་ཁྲོད་ཀྱི་མི་སྣའི་རྣམ་པ་དང་། ཉམས་འགྱུར། གོམས་གཤིས་དང་མཛད་སྤྱོད་སོགས་ལ་བློས་བསླངས་དང་སྔོག་འདོན་རྒྱུད་སྒྲོག་གི་ཐད་ནས་བཞལ་ན། ད་ཆ་འཛམ་གླིང་སྟེང་ཆེས་ཚད་མཐོན་དུ་བགྲང་བའི་དངོས་བྲིས་གློག་བརྙན་དག་ལས་ཀྱང་ལོ་རྒྱུས་ཀྱི་གསོན་ཉམས་དང་ཡིད་འགུག་གི་ནུས་པ། མི་རིགས་ཀྱི་སྲོལ་རྒྱུན་གྲུབ་སྟངས་དང་སློབ་གསོའི་སྒུལ་ཤུགས་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད། ཁོང་གིས་གེ་སར་སྒྲུང་ཁོ་ན་ཡི་ཆ་ནས་གཞལ་ཡང་ད་ཆ་ཀན་ལྷོའི་བོད་སྐད་རླུང་འཕྲིན་ཁང་དུ་ཁོས་བཤད་པའི་གེ་སར་སྒྲུང་རིགས་མི་འདྲ་བ་ལྔ་བཅུ་སྒྲར་ཕབ་ཏེ་ཕྱི་རབས་པའི་རྣ་བའི་གསོས་སུ་བཞག་ཡོད་པ་ནི། ཆེས་ཕུལ་དུ་བྱུང་བའི་ཟླ་མེད་ཀྱི་མཛད་འཕྲིན་དང་། ཤུལ་བཞག་གི་ནོར་བུ་རྩ་ཆེན་ཞིག་གོ།
———————–
སྒྲུང་བ། སྐལ་བཟང་གྲགས་པ།
སྨན་བླ་སྐྱབས།
སྒྲུང་བ་བླ་བྲང་ནས་ཆས་ཤིང་སྒྲུང་བ་བླ་བྲང་ལ་ལོག
སྒྲུང་བས་གེ་སར་གྱི་དམག་དཔུང་ཁྲིད་ནས་ཡུལ་སྐོར་གནང་ལ
སྒྲུང་བར་སློག་པ་མནབས་པའི་ལྷག་བསམ་དག་གི
འཛུམ་མདངས་ཐོབ
སྒྲུང་བ ངའི་ཁ་གཏད་དུ་སྡོད་པའི་གྲོགས་པོ་དཀྱུས་མ་འདི
ལས་སྐལ་གྱི་གཙང་བོའི་འགྲམ་ངོགས་ནས་སླར་ཡང་ཕྲད་ཅིང
ཁྱོད་ཀྱིས་རས་པ་ཚོའི་བརླ་རྐང་དང
ཆར་རླུང་གི་ལོ་ཟླའི་ཞིབ་ཆ་འཚོལ་དུས
ངས་ཀྱང་ཁ་བ་བབས་དྲགས་པའི་དབྱར་གཞུང་དེ་གླེང་བར
རྒྱུ་མཚན་ལོས་ཡོད
(འོ་ཇ་དང་ སྦི་རག ད་དུང་གློག་ཐབ་ཡོད་པས
ཉི་མ་ཧ་ཅང་ཐུང)
སྒྲུང་བས་བདུད་དང་ཁྲོ་ཐུང་དངོས་སུ་མཐོང་མྱོང་ཟེར
ཐག་རིང་ནས་སུ་ཞིག་གིས་སྣ་སྦྲིད་རྒྱག་སྲིད་དམ
དབུ་ཁྱུད་ལས་སྔ་བའི་སྡོམ་ཚིག་ཅི་ལ་མཁོ
སྐྱོ་ངལ་དང་རེ་སྒུག་ཁུར་བའི་མཚོ་ཇག ང་ཚོ
མི་ཚེ་བྲིས་པའི་དར་ལྕོག་ཤུགས་ཀྱིས་འཕྱར་དགོས་ན
ཕུགས་བསམ་གྱི་གླིང་ཕྲན་ད་དུང་རྒྱང་ཐག་རིང
སྒྲུང་བའི་སྒོ་རྟགས་ཨང་གྲགས200ཡིན
—–
ངོ་སྤྲོད་འདི་ནི་སྨིན་དབུས་པོའི་ཟིན་བྲིས་དང་སྙན་ངག་འདི་མཆོད་མེ་དྲ་བ་ལས་བཤུས།
ང་བྱིས་པའི་སྐབས་སུ། ཉལ་ནས་གཉིད་མ་ཁུག་གོང་དུ་མི་རྒན་ཕོ་མོ་དག་ནས་རྒྱལ་པོ་གེ་སར་གྱི་སྒྲུང་ཉན་པ་དེ་ཅིས་ཀྱང་དགའ་སྣང་སྟེར་བ་ཞིག་ཡོད་པ་དྲན་ཏོ།
སྐལ་བཟང་གྲགས་པ་གྲོངས་ཟིན་པ་ཐོས་པས་སེམས་སྐྱོ་བྱུང་། ལོ་ཁ་ཤས་སྔོན་ལ་སྐལ་བཟང་གྲགས་པའི་བུ་རེད་ཟེར་བ་ཞིག་རྒྱ་གར་ལ་སླེབས་འདུག ཡིན་ན་ཡང་རྒྱ་གར་ལ་བསྡད་མ་སོང་། ཕོ་གཞོན་ཞིག་རེད།
སྤྱིར་ན་སྐལ་བཟང་གྲགས་པ་སྒྲུང་ཀློག་མཁས་པ་ཞིག་ཡིན་པ་མ་གཏོགས། སྒྲུང་བ་ཟེར་བ་དེ་མ་ཡིན་པ་འདྲ། སྒྲུང་བ་ཟེར་བ་དེ་ནི་གེ་སར་གྱི་སྒྲུང་རང་སྟོབས་ཀྱིས་བརྩམས་ནས་ཆག་ཐོགས་མེད་པར་གྱེར་ནུས་མཁན་ཞིག་ལ་ཟེར་བ་རེད། སྐལ་བཟང་གྲགས་པས་དེ་ག་ཙམ་དུ་ཁ་འདོན་བཏོན་པ་དེ་འདྲ་ཧ་ཅང་སྙན་མོ་འདུག
སྒྲུང་ལ། བབས་སྒྲུང་དང་། པྲ་སྒྲུང་། ཐོས་སྒྲུང ། གསུམ་དུ་དབྱེ་པའི་དབང་དུ་བཏང་ན་
སྐལ་བཟང་གྲགས་པའི་སྒྲུང་ནི་ཐོས་སྒྲུང་གི་ཁོངས་སུ་གཏོགས་པར་འདོད།
ཀླུ་སྨྱོན་ལགས། ཞིབ་འཇུག་མེད་པར་ཚོར་བས་དྲངས་ཏེ་ཧོལ་རྒྱུགས་མ་བྱེད་ལགས། བླ་བྲང་ས་ནས་བཀྲ་མ་ཤིས་པ་ཆ་ཚང་ཀུན་མཁྱེན་བླ་མའི་བྱེད་ལས་ཡིན་པར་བསམ་པ་ནི་ཁྱེད་ཉིད་དོན་དངོས་ལབརྩི་འདོད་མེད་པའི་རྟགས་རེད། དཔེར་ན་སྒྲུང་བ་ཁོ་ཉིད་ནི་བཤད་རྒྱུ་ཞིག་ཡོད་པ་སྟེ་སྲུང་མ་བསྟེན་ཕྱོགས་རང་ཡིན་པ་ལས་། གཞན་ཅི་ཡང་མེད་པ་ཞིབ་འཇུག་བྱེད་དང་ཤེས་ངེས།གསལ་འདོན་བྱེད་ཐུབ་ན་བླ་བྲང་གི་མི་དེའི་མིང་དང་ཞལ་བྱང་བསྐུར་དང་། ང་རང་གདོང་ལ་བུད་ནས་གསལ་འདོན་བྱ་ཆོག དེ་མིན་བླ་བྲང་ནས་ཀཡན་མཁྱེན་བླ་མ་མ་འགྲིགས་ཚེ་བཤད་ཚེ་ངོས་ལེན་མེད།
བྱས་བ་ཅན་གྱི་མི་ཁོང་ཡངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
ཀླུ་སྨྱོན་ལགས། སྐལ་བཟང་གྲགས་པས་འོད་སྡེར་ཞིག་གི་ནང་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་བསྟོད་མ་བཞག་པའི་རྐྱེན་གྱིས་ཟེར་བའི་བཤད་ཡམས་དེ་བདེན་པ་མ་རེད། ཡིན་ངོ་མ་དེ་སྲུང་མ་བསྟེན་ཕྱོགས་དང་གཉིས་ནས་གུང་ཐང་རིན་པོ་ལ་དུག་དྲངས་པའི་བཤད་ཚུལ་ཞིག་ཀྱང་ཡོད་པ་རེད། ལོ་ངོ་བཅོ་ལྔ་ཙམ་གྱི་ཡར་སྔོན་ལ་སྐལ་བཟང་གྲགས་པ་དང་མཉམ་དུ་ཁ་བརྡ་བྱེད་མྱོང་ཡོད་ལ་ཁོང་གི་ནང་དུ་ཡང་འགྲོ་མྱོང་། ཁོང་ལ་བུ་ཞིག་དང་བུ་མོ་ཞིག་ཡོད་བུ་དེའི་མིང་ལ་དོན་འགྲུབ་ཟེར་ལ་སྐབས་དེར་ཧ་ཅང་ཆུང་། རྗེས་ནས་དོན་འགྲུབ་རྒྱ་གར་དུ་ཡོང་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཅིག་གཉིས་ཤིག་ལ་བསྡད་ཡོད་ཚོད་ཡིན། གང་ལྟར་ངས་བཤད་འདོད་པ་དེ་དོན་ངོ་མར་སྤྱི་ཚོགས་ཁྲོད་ཁོང་ལ་གླེང་ཕྱོགས་ཤིག་ཡོད་པ་དེའི་དོན་ཅི་ཞིག་ཡིན་པ་དེ་གསལ་འདོན་ཙམ་བྱེད་པ་ཡིན།
དོན་ངོ་མ་ནི་འདི་འདྲ་རེད། བླ་བྲང་ཕྱོགས་སུ་ཆེས་ཡ་མཚར་བ་མང་པོ་ཡོད་པ་རེད།
གཅིག བླ་བྲང་དགོན་པའི་འཆད་རྩོད་རྩོམ་གསུམ་ནི་གང་དུ་མིང་གྲགས་ཡོད་པ་དེ་རེད་མོད། མཐའ་འཁོར་གྱི་བླ་བྲང་བ་དེ་ཚོས་ནི་མ་ཎི་ཙམ་འདོན་ཤེས་པ་དང་སྐོར་བ་ཙམ་ལ་འགྲོ་ཤེས་པ་ལས་ནང་ཆོས་སྐོར་གྱི་ཤེས་བྱ་ཅི་ཡང་ཤེས་མཁན་མེད།
གཉིས། བླ་བྲང་ཕྱོགས་ཀྱི་མི་རྣམས་ལ་བོད་ཞེན་ཡོད་ན་ཡང་བོད་ཡིག་དང་བོད་ཀྱི་རིག་གནས་ཀྱི་བྱང་ཚད་ངོས་ནས་ཤིན་ཏུ་ཞན་པ་མ་ཟད། དགེ་ལུགས་པའི་གྲུབ་མཐའ་མཆོག་ཏུ་འཛིན་པ་ལས་གྲུབ་མཐའ་གཞན་ལ་ཤིན་ཏུ་སྡང་ཞིང་། གད་མོ་ལངས་པ་གཞན་ཞིག་ནི་རྙིང་མ་བ་རྣམས་དང་བོན་པོ་རྣམས་ཀྱི་དབྱེ་བ་ཤེས་མཁན་ཧ་ཅང་ཉུང་།
གསུམ། གོང་གསལ་དོན་ཚན་འདི་གཉིས་ཀྱིས་རྐྱེན་པས་སྐལ་བཟང་གྲགས་པ་ཚེ་མཇུག་རྙིང་མ་བ་ཤ་སྟག་ཏུ་གྱུར་ཅིང་རྙིང་མ་བའི་བླ་ཆེན་མང་པོ་ཞིག་ལ་ཆོས་འབྲེལ་བཞག་པ་མ་ཟད། མོ་རྩིས་ལུང་བསྟན་ཡང་བྱས་པ་ལྟར་ཡོན་བདག་ཤིན་ཏུ་མང་པོར་གྱུར། སྐབས་དེར། བླ་བྲང་ཕྱོགས་ཀྱི་མི་མང་པོ་ཞིག་གིས་སྐལ་བཟང་གྲགས་པས་གུང་ཐང་རིན་པོ་ཆེར་དུག་དྲངས་ནས་བཀྲོང་ཐབས་བྱས་པ་རེད་ཟེར་བའི་གཏམ་ཡན་གང་སར་ཁྱབ་པས་བླ་བྲང་གཙོས་པའི་མདོ་སྨད་ཀྱི་ས་ཁུལ་མང་པོ་ཞིག་ནས་སྐལ་བཟང་གྲགས་པའི་བཤད་པའི་སྒྲུང་དང་མདོ་ྒདུགས་དགྲ་བླངས་པའི་དགྲ་ཐག་དང་ཟེར་སྡེར་སོགས་མེར་བསྲེགས་ཆུ་སྐྱུར་བྱས་ཡོད་པ་རེད།
ཐེངས་ཤིག་བདག་གི་བློ་ཉེའི་གྲོགས་པོ་གྲ་བ་ཞིག་ཁོང་ཚོའི་དགོན་པའི་ཅ་དངོས་མང་པོ་ཞིག་བརྐུས་ལ་ཤོར་རྗེས། སྒྲུང་བ་ཁོང་དང་འཕྲད་དུ་སོང་སྐབས། ཁོང་གིས་བླ་བྲང་གི་མི་རྣམས་ཀྱིས་ངས་ཨ་ལགས་གུང་ཐང་ཚང་ལ་དུག་དྲངས་པ་རེད་ཅེས་བཤད་ཀྱིན་ཡོད་པ་རེད། དེས་ན་དུག་དྲངས་པའི་ས་གནས་དང་དྲངས་པ་ཤེས་མཁན་གྱི་མི་སོགས་གསལ་བོར་ཤེས་མཁན་མི་གཅིག་ཀྱང་བདེན་དཔང་དུ་མེད། ཨ་ལགས་གུང་ཐང་རིན་པོ་ཆེ་ནི་ང་རང་ལ་ཆོས་འབྲེལ་དངོས་ཡོད་ཀྱི་བླ་མ་ཡིན་པས་དེ་འདྲ་ནི་ག་ལ་ཕོད། གལ་སྲིད་ཕོད་པའི་དབང་དུ་བཏང་ཡང་དོན་དག་དེ་བདེན་པ་ཡིན་ཚེ་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་ང་འདི་ལྟར་འདུག་ཏུ་འཇུག་གམ། ཡང་ན་གུང་ཐང་རིན་པོ་ཆེའི་སྐུ་འཁོར་སློབ་མ་དག་གིས་ང་འདི་ལྟར་འདུག་ཏུ་མཇུག་གམ། དེ་དག་ནི་ཁུངས་མེད་པའི་གཏམ་རང་རེད། མ་གཞི་ནས་ང་རང་རྙིང་མ་བ་གཤའ་མ་བཅོས་པ་དེར་ཁོང་ཚོ་མ་འཐད་པར་གཏམ་འདི་གང་སར་ཁྱབ་པ་རེད་ཅེས་སེམས་སྐྱོ་སྐྱོ་གནང་གི་འདུག་ཟེར། འདི་དག་ཀླུ་སྨྱོན་ཁྱེད་རང་གིས་གོ་མེད་པར་བསམ་ནས་འདིར་བཀོད་པའོ།
བདེན་མིན་མི་ཤེས་མོད་ངས་ཀྱང་གོ་མྱོང་ཐོས་མྱོང་ཞིག་བཤད།
༡༩༨༥་ལོར་ང་བླ་བྲང་ན་ཡོད། དེ་དུས་ང་ལོ་ན་ཆུང་། ངས་བླ་བྲང་གི་གནས་ཚུལ་མང་བོ་ཞིག་ཤེས་ཀྱི་མེད། ཡིན་ན་ཡང་ཕ་ཡུལ་གཅིག་པའི་ཨ་ཁུ་འགའ་ཡོད་པས་ཁོ་ཚོའི་ས་ནས་སྐད་ཆ་འགའ་ཤས་གོ་མྱོང་། དེའི་གཅིག་ནི་སྒྲུང་བ་སྐལ་བཟང་གྲགས་པའི་སྐོར་རེད། དེ་དུས་ནས་སྒྲུང་བ་སྐལ་བཟང་གྲགས་པའི་གེ་སེར་སྒྲུང་བཤད་པའི་རླུང་རྟ་དར་བའི་མགོ་ཚུགས་ཚར་ཡོད་དུག
ཡིན་ན་ཡང་སྐལ་བཟང་གྲགས་པའི་བཟང་ངན་གྱི་ཕྱོགས་གཉིས་ཕན་ཚུན་འགྲན་པ་ལྟར་གྲགས་བཞིན་ཡོད། སྐལ་བཟང་གྲགས་པ་བླ་བྲང་ལ་དགའ་མིན་ཅི་ལྟར་ཡང་ཁོ་ལ་ཨ་ཁུ་ཞིག་ཡོད་པ་བླ་བྲང་ལ་མི་དགའ་ཟེར། དེ་དུས་ཁོ་ལོ་ན་བཅུ་དྲུག་ཙམ་ཡིན་ཟེར། ཁོ་དང་ཨ་ཁུ་གཉིས་བསང་ཁོག་ལ་སོང་བ་དང་ས་དེ་ནས་གཏེར་ཞིག་སྦས་པ་རེད་ཟེར། གཏེར་དེ་ནི་གཏེར་རང་ཞིག་མིན་པར་བླ་བྲང་ཕྱོགས་ལ་དམོད་པའི་མནན་པ་ཞིག་རེད་ཟེར། དེའི་ནང་དུ་བླ་བྲང་གི་བླ་མ་དང་དགེ་བཤེས་ཆེ་ཁག་གི་མཚན་བྱང་བྲིས་ཏེ་རྫས་ངན་མང་བོ་དང་མཉམ་དུ་ས་འོག་ལ་སྦས་བ་རེད་ཟེར། ལམ་འགྲོ་མ་རྒྱུག་པར་མི་གཞན་གྱིས་ཤེས་སོང་བ་རེད་ཟེར། མི་དེ་ཚོ་ནི་ནམ་རྒྱུན་སྐལ་བཟང་གྲགས་པའི་ཨ་ཁུའི་སྦྱིན་བདག་རེད་ཟེར།
ཁོ་དང་མཉམ་དུ་ཡོད་པའི་སྔགས་པ་ཞིག་ཀྱང་ཡོད། ལས་ཀ་བྱེད་མཁན་གཙོ་བོ་ནི་སྔགས་པ་དེ་རེད་ཟེར། སྔགས་པ་དེ་ས་ཆ་གང་ནས་ཡིན་མིན་བཤད་སོང་ཡང་ངས་ད་ལྟ་དྲན་ཡུལ་ན་མི་འདུག གང་ལྟར་རྔ་བ་ཕྱོགས་ཞིག་ཡིན།
ཁྱིམ་འཚེས་དང་སྡེ་མི་ཚོས་འཛིན་བཟུང་བྱས་ཏེ་གནས་ཚུལ་ཅི་ཡིན་དྲིས་ཡོད་འདུག ཨ་ཁུ་དང་སྔགས་པ་གཉིས་ལ་གཅེར་བརྡུང་བྱས་ཡོད་ཚུལ་འདུག དེ་ནས་བཟུང་ཁོ་ཨ་ཁུ་དེ་བླ་བྲང་ནས་བསྡད་མ་ཐུབ་པར་རང་ཡུལ་ཏུ་བུད་སོང་བ་རེད་ཟེར། སྐབས་དེར་སྐལ་བཟང་གྲགས་པ་ལོ་ན་ཆུང་བས་དེ་ཙམ་གྱི་ཉེས་པ་མེད་པ་འདྲ།
ཁོས་ཨ་ཁུ་དང་སྔགས་པ་གཉིས་ལ་རོགས་པ་བྱས་པ་ཙམ་ལས་ཁོས་དམོད་མོ་རིགས་ཤེས་ཀྱི་མེད་པ་རེད། གོང་དུ་འབྲོང་མགོ་སྐམ་པོས་བླང་བྲང་ཕྱོགས་རྙིང་མ་ལ་མི་དགའ་ཟེར་བ་བདེན་པ་མ་རེད། དཔོན་ཚང་གི་རྩིབ་ན་རྙིང་མའི་དགོན་པ་ཞིག་ཡོད། དེ་བླ་བྲང་གི་ཁོངས་ནས་རེད། དེ་མིན་ན་རྙིང་མའི་དགོན་པ་དེ་འདྲ་ཞིག་བླ་བྲང་གི་ས་དེར་གནས་ཐབས་མེད།
དཔྱད་གཞིར་བཀོད་པ་ཡིན།
བླ་བྲང་དགོན་པའི་ཁོངས་ན་རྙིང་མ་བའི་སྔགས་དགོན་ཞིག་ཡོད། དེ་བླ་བྲང་དགོན་པ་གཞུང་གི་ཁོངས་གཏོགས་རེད། བླ་བྲང་གི་རྟེན་གསུམ་གྲས་ན་ཡང་རྙིང་མ་དང་འབྲེལ་བ་ཡོད་པ་ཧ་ཅང་མང་གི།
འབྲོང་མགོ་སྐམ་པོའི་མིག་ཡ་གཅིག་དང་ཀླད་ཕྱེད་ཀྱང་སྐམ་མེད་འགྲོ་བསམ་བྱུང་། བླ་བྲང་བས་རྙིང་མ་དང་བོན་གཉིས་ཀྱི་དབྱེ་བ་ཤེས་ཀྱི་ཡོད་མ་རེད་ཟེར་གི ངས་ཁྱོད་ལ་གཅིག་བཤད་གལ་ཏེ་ཁྱོད་རང་བླ་བྲང་གི་ས་ཕྱོགས་ལ་ཆ་རྒྱུས་མེད་ན་མྱི་མང་གྲས་ནས་ཁ་མ་མང་དང་མགར་བའི་གྲས་ནས་ལག་མ་སྔ་ཟེར་བའི་དཔེ་དེ་ངས་ཁྱོད་ལ་དྲན་གསོ་ཙམ་བཏང་བ་ཡིན། བླ་བྲང་གི་མཐའ་འཁོར་རང་ན་བོན་དང་རྙིང་མའི་ཆོས་རྒྱུད་ཡོད་ལ་དེ་གའི་མི་མང་ཆེས་ཕལ་བ་དག་གིས་བོན་གྱིས་སྐོར་བ་གཡོན་ནས་བསྐོར་བའི་ཆེས་སྤྱིར་བཏང་གི་ཤེས་བྱ་འདི་ཙམ་ཤེས་ཀྱི་ཡོད་པས་ཁྱོད་ཀྱི་སྐད་ཆ་དེ་བདེན་པ་གཏན་ནས་མ་རེད། ད་དུང་ཁྱོད་ཀྱིས་གྲུབ་མཐའ་གཞན་ལ་ཤིན་ཏུ་སྡང་ཟེར་བའི་སྐད་ཆ་དེ་བས་ཀྱང་འཆལ་གཏམ་ཡང་དག་ཅིག་རེད། ང་སྔོན་ཆད་བླ་བྲང་ནས་སློབ་སྦྱོང་རེ་བྱེད་ཁུལ་གྱིས་ལོ་ངོ་བདུན་ལ་བསྡད་མྱོང་ལ་སྐབས་དུས་རིང་བླ་བྲང་བ་ཆོས་རྒྱུད་གཞན་ལ་དགྲ་ལྟར་སྡང་བའི་བདེན་དཔང་ཅི་ཡང་མཐོང་མ་སོང་ལ་དེ་ལས་དེ་གའི་མི་མང་གིས་གྲྭ་བའི་རྟགས་ཙམ་འཛིན་པ་ཡོངས་ལ་གཅིག་གྱུར་གྱིས་གུས་བརྩི་བྱེད་པ་ལས་ཁོང་རྙིང་མ་ཡིན་ནམ་བཀའ་རྒྱུད་ཡིན་པའི་དོགས་སློང་བྱེད་སྲོལ་གཏན་ནས་མེད། ད་དུང་བླ་བྲང་དགོན་པ་ནས་སྤྱི་ལེ་གཅིག་ཙམ་ཡང་མེད་པའི་ཡར་སྟོད་ན་རྙིང་མའི་གྲྭ་ཚང་ཆེ་ཙམ་ཞིག་ཡོད་ལ་མར་གྱི་སྤྱི་ལེ་གཉིས་མ་ཟིན་ཙམ་གྱི་བར་ན་རྙིང་མའི་ཇོ་མོའི་དགོན་པ་ཞིག་ཀྱང་ཡོད། ལོ་རྒྱུས་རང་བཞིན་ཅན་གྱི་བཤད་གྲྭའིབསྟི་གནས་འདི་དག་གི་བར་ཁྱོད་ཀྱིས་ཟེར་སྒྲོས་ཀྱི་དགྲ་ལྟར་སྡང་བའི་རྣམ་འགྱུར་ཞིག་ད་སྔ་བྱུང་མྱོང་མེད་པ་མ་ཟད་རྙིང་མའི་དགོན་པ་འདི་གཉིས་ཀྱི་ཆོས་ཞུགས་བརྒྱ་ཆའི་དགུ་བཅུ་བླ་བྲང་ས་ཁུལ་རང་གི་མི་ཡིན་པས་ཁྱོད་ཀྱི་འོལ་ཚོད་ཀྱི་གཏམ་ཅི་ཞིག་བཤད་ཀྱི་ཡོད། གཉིས་ནས་བླ་བྲང་ས་ཁུལ་གྱི་མི་མང་མ་ཎི་འདོན་ཤེས་བ་ཙམ་ལས་ནང་ཆོས་སྐོར་གྱི་ཤེས་བྱ་ཅི་ཡང་མེད་ཟེར་འདི་མཐའ་གཅིག་ཏུ་བདེན་པ་མ་རེད་ཟེར་མི་ཐུབ་ཡིན་ཡང་འདི་བླ་བྲང་ས་ཁུལ་གྱི་མི་མང་གཅིག་པོ་མ་རེད་པ། གལ་ཏེ་ཁྱོད་ལ་ནང་ཆོས་ཀྱི་གོ་རྟོགས་ཡོད་པའི་བོད་ཀྱི་ཡུལ་སྡེ་ཕལ་བ་ཞིག་གང་ན་ཡོད་དམ་ཟེར་ན་ཁྱོད་ཀྱིས་གང་ཞིག་ལབ་རྩིས་ཡོད། ད་དུང་དེ་གའི་མི་མང་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཤིན་ཏུ་ཞན་ཟེར་བའི་སྐད་ཆ་འདི་དེ་ལས་ཀྱང་དགོད་བྲོ་བ་ཞིག་མ་རེད་དམ།
ཆས་ར་མལུག་དེ་གྱོན་མཁན་ལ་མཁས་པ་ག་ལ་ཟེར།
བླ་བྲང་བ་འདི་ཚོར་གྲུབ་མཐའི་ཞེན་འཛིན་ཡོད་ཚུལ་ངས་ཁྱོད་གསལ་བོར་བཤད། དེ་སྔ་སྔགས་པ་གྲྭ་ཚང་དང་ལྷན་དུ་ཡོད་པའི་ཇོ་དགོན་དེ་ག་རེ་བྱས་ནས་ཁག་གཉིས་སུ་བགོས་པ་རེད། དེ་ཡང་ཇོ་མོ་དེ་དག་གི་ཁྲོད་ན་རྙིང་མ་བ་ཡིན་ཟེར་བ་དག་ལོགས་སུ་བགར་ནས་རྒྱང་ཕུད་དུ་གཏོང་མཁན་གྱི་གཏེ་བོ་འགའ་རེ་ནི་བླ་བྲང་དགོན་པའི་ང་ཡིན་ཟེར་བའི་གྲྭ་བ་འགའ་རེད། དེ་ལྟར་རྙིང་མ་བའི་ཇོ་མོ་དེ་དག་རྒྱང་ཕུད་བཏང་རྗེས་སྔགས་པ་གྲྭ་ཚང་དུ་ཡོད་པའི་སྐབས་དེ་སྔགས་པ་མགོན་པོ་ཚེ་བརྟན་ཞུ་བས་ཟ་ཡུས་ནང་ཟེར་བའི་སྡེ་བ་དེར་ས་བསླངས་ནས་ད་ལྟ་དགོན་པ་དེ་ཟ་ཡུས་མདོ་ན་ཡོད་པ་རེད། སྤྱིར་བོད་ཁུལ་གང་སུར་གྲུབ་མཐའི་ཞེན་འཛིན་པ་ཤིན་ཏུ་མང་ན་ཡང་། སྐབས་འདིར་སྐལ་བཟང་གྲགས་པ་ལས་འཕྲོས་པའི་སྐད་ཆ་འདིའི་མཇུག་ཅུང་ཙམ་བསྐྱངས་པ་དེ་ཡིན། གང་ལྟར་ང་ཚོས་གནས་ལུགས་བཤད་དགོས་པ་ལས་སོ་སོར་ཞེན་འཛིན་གྱིས་སྐད་ཆ་བཤད་ན་གཏན་ནས་མི་རུང་ངོ།།
གྲོགས་པོ་ཚོ་བདེ་བོ
ཕྱིར་ཆོས་རྒྱུད་ཀྱིས་རྙོགས་དྲ་བཟོས་བ་དེ་དག་བཤད་ནས་ཚར་རྒྱུ་ཆེ་ཡོད། ཚབ་ཆེ་ཤོས་དེ་རྒྱལ་དབང་ལྔ་བ་རེད། འོན་ཀྱང་སྐབས་སུ་བབས་པ་སྐལ་བཟང་གྲགས་པ་རེད། ཁོང་གི་སྒྲུང་དང་རྣམ་ཐར་སོགས་བཤད་དུས་རྙན་འཕྲིན་ལ་ལྟས་བ་ལྟ་བུའི་ཚོར་བ་དང་ངེས་ཤེས་རྙེད་ཐུབ། ཁོང་ནི་ངའི་ཆེས་དགའ་ས་འམ་བག་ཆགས་ཡོད་པའི་མི་བུ་ཞིག་གོ