ཤར་ཕྱོགས་ཁུག་རྟ།
ངས་སྲིད་སྐྱོང་མཆོག་གི་གཏམ་བཤད་དང་མཛད་འཕྲིན་སྐྱོང་སྟངས་ལ་བསམ་འཆར་བཤད་སྐབས། ཆོལ་ཁའི་ཕྱོགས་ལྷུང་དང་དེ་སྔའི་ཕོགས་གཟན་དང་གཞུང་ལ་རྒྱབ་གཏོད་བྱེད་ཆོག་ཆོག་པ་ཉུང་ཤས་ཤིག་གི་བསམ་སྤྱོད་ཀྱི་རྒྱུན་སྐྱོང་བ་འགས། ལམ་སེང་དོན་དག་སྒྲིབ་ཅི་ཐུབ་དང། བརྗོད་སྙིང་འདོར་གང་ཐུབ་ཀྱིས་དོན་མེད་དོན་སྟོང་རེ་གླེང་རྒྱུར་སྣེ་འཁྲིད་ཨེ་ཐུབ་བྱེད་པ་དག ད་ཆ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསལ་བོ་ཆགས་པ་ཙམ་དུ་མ་ཟད། ཁོ་བོས་སྔ་མོར་སྲིད་སྐྱོང་མཆོག་གི་ཁས་ལེན་དམ་བཅའ་ཆེན་པོ་བདུན་བསྟར་ཆགས་དུ་བགྲངས་ནས་དེའི་མདུན་ལམ་ལ་སྔོན་དཔག་བྱས་པ། བོད་སྐད་ཡིག་གི་ཉམས་ངའི་གནས་བབ་ཀྱིས་མཚོན་སྲིད་སྐྱོང་གསར་པས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་བསྟན་པའི་རྣམ་འགྱུར། དམིགས་བསལ་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་གྱི་བྱེད་སྒོ་རྣམ་གསུམ་ཐད་ཤུགས་ནུས་ཅི་ཙམ་བསྐྱོན་པ་དང། བསྐྱོན་འདོད་ཡོད་མེད་བཅས་སྐབས་མཚམས་སོ་སོར་ཁ་གསལ་གཏིང་གསལ་གྱིས་དཔྱད་གཏམ་སྤེལ་བ་ཀུན་ལ་མངའ་ཆུབ་བཞིན། དེང་སང་བོད་ཕྱི་ཙམ་མ་ཟད་ནང་དུའང་སྲིད་སྐྱོང་གི་ལྗིད་ཁོག་བརྗོད་པའི་གཏན་ཚིགས་མང་པོ་ཞིག་གི་བདེན་མཐའ་ཉིན་རེ་བཞིན་ཇེ་གསལ་དུ་འགྲོ་ཚུལ་ཐོས་པས་བདེན་པ་དང་རྣམ་དཔྱོད་ལ་ཡིད་ཆེས་བླ་ལྷག་ཏུ་འཕེར་བར་གྱུར།
ཁ་སྔོན་གྲོལ་མ་ཐག་པའི་གྲོས་ཚོགས་སྐབས་ཉིན་གཅིག་གཉིས་ཙམ་མ་གཏོགས་ཁོ་བོར་ཕྱོགས་བསྐྱོད་ཀྱིས་ཟུར་ཉན་བྱེད་སྐལ་མ་བྱུང་ཡང། ཚུར་འབྱོར་མ་ཐག་ཟུར་ཉན་ཁ་སྐོང་དང་བརྒྱུད་ལམ་ཁག་ནས་དེ་འབྲེལ་ལ་དོ་སྣང་ཞིབ་ཚགས་བྱས་པ་ཡིན། དངོས་གནས་རང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུངས་པ་ལྟར་བོད་རྒྱ་འབྲེལ་མོལ་ཐད་སྲིད་སྐྱོང་མཆོག་གིས་ལྷ་འདྲེ་མི་གསུམ་དང། ཐབས་ཤེས་སྣ་ཚོགས་བརྒྱུད་ནས་འབྲེལ་མཐུད་ཐུབ་རྒྱུར་ཤུགས་བསྐྱོན་དགོས་པ་དེ་འོས་འགན་གྱི་སྙིང་བོ་དང། རང་གིས་མ་སྐུལ་དང་བླངས་ཀྱིས་སྐད་གསེང་མཐོན་པོས་མི་མང་གི་མདུན་དུ་བཅར་ནས་དམ་བཅས་ཤིང་མནའ་བསྐྱལ། ཐོ་བཙུགས་པའི་སྒྲུབ་བྱའང་ཡིན་སྟབས། བོད་རྒྱ་འབྲེལ་མོལ་ལ་ཤུགས་རྒྱག་དགོས་པ་ནི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕལ་ཆེར་ངོས་འཛིན་གསལ་བོར་རྙེད་ཡོད་མོད། ཁོ་བོར་འབུམ་རམས་པ་འདིས་སྲིད་བསྐྱངས་ནས་ད་བར་གྱི་གནས་ཚུལ་ཡོངས་ལ་ཕྱོགས་བསྡོམས་བྱེད་སྐབས། འབྲེལ་མོལ་གྱི་ཆོད་སེམས་བརྟན་པོ་ཡིན་མིན་ལ་རེ་དོགས་ལུ་གུ་བརྒྱུད་དུ་ཡོང་ཅིང། ལྷག་པར་གྲོལ་མ་ཐག་པའི་ཚོགས་དུས་དྲུག་པའི་སྟེང་འབྲེལ་མོལ་ལན་འདེབས་ཀྱིས་གྲོས་ཚོགས་ལ་འགན་འཁུར་ཞུ་སྟངས་དེས་དེ་བས་ཀྱང་དོགས་པ་དེ་གནམ་དུ་རྦ་རླབས་བཞིན་འཕྱོ་བར་བྱས་པས། ད་ནི་དོགས་པ་དེ་རྣམས་ཡིད་ངོར་བཙན་སྦས་བྱ་ཐབས་མ་ནུས་པར་དམར་བརྗོད་བྱེད་དགོས་བྱུང།
གལ་སྲིད་ལས་དང་པོ་བ་རྣམས་ལ་དངོས་ར་འཕྲོད་མིན་བྱུང་ན་ཁོ་བོས་བྲིས་པའི་སྲིད་སྐྱོང་སྐོར་གྱི་དཔྱད་གཏམ་སྔོན་མ་དག་ལ་བསྐྱར་གཟིགས་གནང་གལ་དང། དེ་དག་ལ་གཟིགས་པ་ཡིན་ན་ཆུ་མགོ་གངས་ནས་ཐོན་པ་བཞིན་ཆུ་ལ་ཆུ་བཞག་པ་ལྟར་ངོ་ར་གསལ་བོ་འཕྲོད་པ་ཞིག་ཡོང་ངེས་ཤིང། འདིར་འབྲེལ་མོལ་ཆོད་སེམས་ལ་དོགས་པ་ཡོད་པའི་གཏན་ཚིགས་རྣམས་ཐད་ཀར་དོན་ཚན་དུ་བགར་ནས་སྙིང་བསྡུས་ཀྱིས་འབྲི་བ་ལས་ཞིབ་ཚགས་སྤྲོས་རྒྱུ་མིན། བརྗོད་དོན་དང་འབྲེལ་ནས་བགྲོ་གླེང་གི་ལས་སུ་ཞུགས་མཁན་ཚོས་དོན་ཚན་རེ་རེ་བཞིན་མ་རྟོགས་པ་དང། ལོག་པར་རྟོགས་པའི་དྲི་འདེད་ག་ཚོད་བྱས་ཀྱང་ཚུལ་མཐུན་ཞིབ་གསལ། ཚིག་གི་ལོ་མས་མ་སྒྲིབ་པར་ལན་འདེབས་བྱེད་འཆར་ཡིན་ལ། རང་གི་སྣ་རྩེར་འཁོར་བའི་སྲིད་སྐྱོང་གི་གསེར་སྙན་སྒྲོན་འབུལ་པ་ཚོས་མིང་ཅི་ཞིག་སྤྱད་ནས་ཡོང་ཀྱང། དྲངས་པའི་དོན་ཚན་གྱི་གནས་ལུགས་འཇོམས་པའི་གནས་ལུགས་ཤོད་རྒྱུ་ཡོད་ན་ཕེབས་བསུ་ཞུ་བཞིན་ཡོད།
དེས་ན་སྲིད་སྐྱོང་མཆོག་གི་འབྲེལ་མོལ་ཆོད་སེམས་ལ་དོགས་པ་ཡོད་པའི་རྒྱུ་མཚན་ཆེན་པོ་རྣམས་ནི་འདི་ལྟ་སྟེ།
གཅིག སྲིད་སྐྱོང་མཆོག་གིས་དམ་འབུལ་མ་ཞུས་སྔོན་ནས་སྐབས་དེའི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་དངོས་ཤུགས་གང་རུང་ནས་འདོད་བློ་ཡོད་པའི་རྣམ་འགྱུར་བསྟན་མེད། དེའི་ཉེར་ལེན་གྱིས་དམིགས་བསལ་སྐུ་ཚབ་ཀྱིས་དགོངས་ཞུ་གནང་བ་དེའང་གློ་བུར་བ་ཞིག་ཆགས་ཡོད་པ་མ་ཟད། དམིགས་བསལ་སྐུ་ཚབ་མཆོག་གི་དགོངས་ཞུའི་ཡི་གེའི་ནང་འཁོད་པ་རྣམས་ཁོང་གིས་དེ་སྔ་སྐུ་ཚབ་གནང་དུས་འབྲེལ་མོལ་ལ་ངང་རྒྱུད་རིང་པོས་ལྟ་དགོས་པའི་དགོངས་ཚུལ་དང་འབོད་སྐུལ་རྣམས་དང་འགལ་ཟླར་ཕྱིན་ཡོད། དེའི་རྐྱེན་དགོངས་ཞུ་དེའི་ནང་གི་གསང་བ་ཞིག་ད་དུང་གསལ་བོ་ཆགས་མེད། དེའི་ར་སྤྲོད་གཅིག་སྐུ་ཚབ་སྐལ་བཟང་རྒྱལ་མཚན་དགོངས་པ་ཞུས་ནས་ཅང་མ་འགོར་བར་ལམ་སེང་ཁུ་སིམ་མེར་ཡོ་རོབ་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་བྱས་ཡོད། འོན་ཀྱང། སྲིད་སྐྱོང་མཆོག་ནས་རྒྱ་རི་རིན་པོ་ཆེར་རྒྱ་ནག་དང་འབྲེལ་མཐུད་ཀྱི་ཐབས་ལམ་ནུས་ལྡན་ཡོད་པ་མ་མཁྱེན་པ་གཏན་ནས་མིན།
གཉིས། སྲིད་སྐྱོང་མཆོག་ནས་འོས་བསྡུའི་སྐབས་ནས་སྲིད་སྐྱོང་གི་ལོ་གཅིག་དང་ཕྱེད་ལྷག་བར་དབུ་མའི་ལམ་དང་རང་བཙན་ལ་ལྟ་ཕྱོགས་ཆ་འདྲ་བ་ཞིག་འཛིན་འདོད་ཡོད་བློའི་རྣམ་འགྱུར་བསྟན་པ་མ་ཟད། ལངས་ཕྱོགས་དེ་གཉིས་ཀྱི་རྒྱབ་སྐྱོར་གྱི་ཚད་གཞིར་ལྟོས་མེད་ཀྱིས་འདྲ་མཉམ་ལྟ་བུར་བཞག་སྟེ་བསྟོད་བསྔགས་གནང་བས། གཞོན་ནུའི་མགོ་ཁྲིད་ཚོས་གཞུང་འབྲེལ་ཐོག་སྲིད་སྐྱོང་གུ་ཡངས་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད། ཐ་ན་ཐའེ་ཝན་གྱི་རྒྱ་རིགས་བོད་རང་བཙན་རྒྱབ་སྐྱོར་བ་ཚོར་དབུས་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་མཇལ་འཕྲད་གནང་ཡོད། གནང་སྟངས་འདི་ལ་སོགས་པས་རྒྱ་ནག་མ་ཟད་ང་ཚོའི་སྤྱི་ཚོགས་ནང་གཟུར་གནས་ཀུན་པོར་སྲིད་སྐྱོང་མཆོག་གི་འབྲེལ་མོལ་གྱི་ལྟ་གྲུབ་དབུ་མའི་ལམ་གྱི་རྣམ་འགྱུར་ཐད་དོགས་པ་བསྟུད་མར་བྱུང་ཡོད།
གསུམ། དམ་འབུལ་གཏམ་བཤད་ནས་༢༠༡༣ ལོའི་འཁྲུངས་སྐར་གཏམ་བཤད་བར། དབུ་མའི་ལམ་བསྐྱར་ནན་ཞུ་རྒྱུ་ཟེར་བ་ཙམ་ལས་བཀའ་ཤག་གསར་པའི་དབུ་མའི་ལམ་གྱི་སྙིང་དོན་རྗེས་མཐུད་ལག་བསྟར་ཞུ་ཕྱོགས་གསལ་ཁ་གང་ཡང་གནང་མེད། དེའི་ཁར་རང་བསྲེགས་བསྒྲགས་གཏམ་ཁག་གི་ནང་ཡར་ལྡིང་མར་འབབ་སྣ་ཚོགས་ཀྱིས་ལན་ལེར་འཚེ་བ་ཅན་གྱི་སེམས་ཤུགས་སྤར་བའི་བརྗོད་ཚིག་བཀོད་པ་སོགས་ཀྱང་ཐོན་ཡོད། གནས་སྟངས་དེའི་འོག་སྤྱི་ཚོགས་ནང་དབུ་མའི་ལམ་ལ་འཁྱོག་བརྗོད་ཁྱད་གསོད། འགྲེལ་ལོག་སྣ་ཚོགས་བྱེད་མཁན་བྱུང་སྟབས། ༸གོང་ས་མཆོག་གིས་ཐེངས་འགར་དབུ་མའི་ལམ་གྱི་ཐད་བཀའ་སློབ་ནན་པོ་མ་ཕེབས་ཐབས་མེད་ཆགས། སྤྱི་ཚོགས་ཁྱོན་ཡོངས་ནས་དོ་སྣང་སླེབས་པ་དང་འབྲེལ་ཚང་མས་སྲིད་སྐྱོང་མཆོག་གི་”དབུ་མའི་ལམ་དམ་འཛིན་ཞུ་རྒྱུ་ཡིན་”ཞེས་པར་དྲི་རྟགས་སྤུངས་བརྩེགས་སུ་བཀོད་ཡོད།
བཞི། གནས་བབ་དེའི་རྐྱེན་༢༠༡༣ ལོའི་འཁྲུངས་ལྷ་དབྱར་གསོལ་གྱི་བཀའ་ཤག་གི་གཏམ་བཤད་ནང་དབུ་མའི་ལམ་གྱི་སྐོར་གཟབ་ནན་ཡིག་ཐོག་ཏུ་བཀོད་ཡོད་པ་མ་ཟད། གྲོས་ཚོགས་གསལ་བཤད་ཀྱང་ཡིག་ཐོག་ནས་བཀའ་ཤག་གིས་གཏན་འབེབས་མཛད་མོད། སྦེལ་ཀོབ་ཏུ་འཁྲུངས་སྐར་གཟབ་རྒྱས་བསྡུས་པའི་གཏམ་བཤད་ནང་”དང་པོར་ནུས་ཤུགས་ཕྱོགས་སྒྲིལ། བར་དུ་ལས་འགུལ་སྤེལ་རྒྱུ། མཐའ་མའི་འབབ་ས་འབྲེལ་མོལ་”ཞེས་པའི་བསམ་བཏང་དྲན་བསྐྱེད་ཀྱི་བརྗོད་ཚིག་གཅིག་གིས་མི་མང་ལ་དམ་བཅའ་སྟོང་ཕྲག་ཕུལ་བའི་ལན་གྱི་སྒོ་མོ་གཏད་ཡོད། འོན་ཀྱང། སྲིད་སྐྱོང་གི་བརྗོད་ཚིག་གསར་པ་འདི་རྒྱ་ནག་གཞུང་གིས་གསར་བཟོ་ཡིན་པ་ལོས་ཤོས་ཏེ། སྲིད་སྐྱོང་ཐེངས་དང་པོར་ཨ་རིར་ཕྱོགས་བསྐྱོད་སྐབས་སྐུ་ཞབས་དཔལ་ལྡན་རྒྱལ་གྱིས་བཅར་འདྲི་ཞུས་པའི་ལན་དུ་”སྐུ་ཚབ་བསྐོ་བཞག་བྱེད་དགོས་མིན་ལྟ་ཡི་ཡིན་”ཞེས་པས་ཀྱང་བསམ་བཏང་དྲན་བསྐྱེད་ཡིན་པ་འགེབས་ཐུབ་མེད་པར་གྱུར་ཡོད།
ལྔ། འབྲེལ་མོལ་དངོས་དོན་དུ་བྱེད་འདོད་ཡོད་ན། ལམ་དབུ་མ་དང་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་གནས་བབ་ཕུད་གཞན་འབྲེལ་མོལ་ཡོང་རེ་བྲལ་བ་ད་ལྟའི་གནས་བབ་འོག་ཀུན་གྱིས་མཁྱེན་ན་ཡང། སྲིད་སྐྱོང་མཆོག་གིས་ཅིའི་ཕྱིར་”སྐུ་ཚབ་བསྐོ་བཞག་བྱེད་དགོས་མིན་ལྟ་ཡི་ཡིན་”ཞེས་གསུངས་པ་རེད་དམ། གཅིག་བྱས་ན་དགོངས་ཚུལ་འདི་ཁོང་གི་ཐུགས་དགོངས་ངོ་མ་དེ་ཡིན་སྲིད།
དྲུག སྲིད་འགན་བཞེས་པ་ནས་འབྲེལ་མོལ་གནང་རྒྱུར་གྲ་སྒྲིག་ཨང་གསར་ཡིན་ཞེས་གསུངས་ཡོད་ཀྱང། འབྲེལ་མོལ་སྔ་མ་རྣམས་མུ་མཐུད་མིན་དང། ཡང་ན་བཀའ་ཤག་གསར་པའི་གྲ་སྒྲིག་ཨང་གསར་གྱི་ཚུལ་གང་འདྲ་ཡིན་མིན་གསལ་ཚིག་གཅིག་ཀྱང་མ་བཀོད་པ། མི་མང་དང་སྒྲིག་འཛུགས་ཁག་ནས་སྐུ་ཚབ་བསྐོ་བཞག་གི་འོས་མིའི་མཚན་བཏོན་ཏེ་སྙན་ཞུ་རིམ་པར་ཕུལ་བ་གསན་འཇོག་ལྟ་ཞོག སྲིད་སྐྱོང་མཆོག་ནས་ཁས་ལེན་ཞུས་པའི་དུས་བཅད་ལྟར་སྐུ་ཚབ་བསྐོ་བཞག་བྱ་རྒྱུའང་རིམ་པར་བག་ལ་ཉལ་བར་བཏང་བའི་གསང་བ་རྣམས་ཚང་མར་དོགས་པ་ཞེ་གཅིག་ཆགས་འདུག་ལ། སྐུ་ཚབ་འོས་མི་སྲིད་སྐྱོང་མཆོག་མཉེས་པོ་ཡོད་མེད་ལ་བཀའ་ཤག་གིས་གཟིགས་པ་ཡིན་མདོག་མེད།
བདུན། ཚོགས་གཙོ་མཆོག་གིས་ཀྱང་གསུངས་པ་ལྟར། “འབྲེལ་མོལ་དངོས་སུ་གནང་མཁན་དེ་ལོགས་ཀ་རེད། འབྲེལ་མོལ་མཐུད་མཁན་དེ་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་བེད་སྤྱོད་གཏོང་དགོས་པ་ཡིན་ན་འདྲ། བོད་པ་ནང་ཁུལ་དང་རྒྱ་རིགས་ག་རེ་ཡིན་ཡང་ཐབས་ཤེས་གནང་ན་འགྲིག་གི་ཡོད་པ་རེད་བསམ་གྱི་འདུག” ཅེས་པ་འདི་ནི་སྙིང་དོན་རེད། འདི་ལྟར་གནང་གི་མེད་པ་དབུ་ཁྲིད་གཞན་ཚོ་ནས་གཞི་རིམ་སེར་སྐྱ་མི་མང་ཚང་མར་རེ་དོགས་ཡོད་པ་གསལ་བོ་རེད། བོད་རྒྱ་འབྲེལ་མོལ་མཐུད་ཐུབ་འདི་རྩ་དོན་རེད། རྩ་དོན་འདི་ས་ཡ་དྲུག་ལ་ཐུག་ཡོད་ཙང། དེ་སུས་གནང་ཐུབ་ན་དེར་བཀའ་བསྒོས་ཏེ་ཐབས་ཤེས་འཚོལ་རྒྱུ་ལས། རང་ལ་གཏོགས་པ་ཞིག་ཡིན་དགོས་དགོངས་ཚེ་དུས་ཚོད་གསེར་ལས་བྲིན་པ་འདི་ཆུད་ཟོས་གཏོང་རྒྱུ་རེད།
བརྒྱད། སྤྱིར་བཏང་འབྲེལ་མོལ་གྱི་སྤྱིའི་གནས་བབ་ཚད་ངེས་ཅན་དུ་བསླེབས་ཡོད་ཁར། སྒྲོམ་གཞི་དང་ནང་དོན། མདུན་བསྐྱོད་བཅས་པ་བཀའ་ཤག་སྐབས་སྔོན་མ་ནས་གསལ་བཟོས་ཟིན་པས། སྲིད་སྐྱོང་མཆོག་གིས་འབྲེལ་མོལ་ཆོད་སེམས་གསལ་ཁ་གནང་སྟེ་རང་སྐྱོང་བསམ་འཆར་རྩལ་འདོན་བྱེད་དགོས་ཀྱང། དེའང་ལོ་གཅིག་དང་ཕྱེད་ལྷག་བར་གསལ་བཟོ་གང་ཡང་གནང་མེད། དཔེར་ན། སྲིད་སྐྱོང་མཆོག་ནས་རྡོ་རྗེ་གདན་གྱི་དུས་དབང་སྐབས་གསར་འབྱོར་ཚོར་བཀའ་སློབ་གནང་སྐབས་” རང་སྐྱོང་བསམ་འཆར་ཞིག་རྒྱ་ནག་གཞུང་ལ་སྤྲད་འདུག་”ཅེས་གསུངས་ཡོད། ཡིན་ནའང། རྐྱེན་ངན་གྲོགས་ཤར་ལྟ་བུར་ཨ་རིའི་གཏམ་བཤད་དེ་ཁུངས་སྐྱེལ་ཐུབ་ཆེད་སྲིད་སྐྱོང་གི་ཞལ་ནས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པའི་མིང་ཆ་ཚང་ཞིག་གྲགས་ཐུབ་པ་བྱུང་ཡོད།
མཛད་པ་འཕྲིན་ལས་འདི་དག་ལ་བརྟེན་ནས་ཁོ་བོ་ལྟ་བུ་དག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གི་འབྲེལ་མོལ་ཆོད་སེམས་ལ་དོགས་པ་ལུ་གུ་བརྒྱུད་དུ་བྱུང་སོང་བ་ལགས། སྐུ་ཉིད་ལ་དེ་འདྲའི་དོགས་པ་ཡོད་དམ།།
མཇུག་ཏུ་བོད་ཀྱི་རྒན་རབས་རྩོམ་པ་པོ་གྲགས་ཅན་ཞིག་གི་བཅད་མ་དྲངས་ནས་མཇུག་བསྡུ་ཡི་ཡིན།
ཤེས་ཡོན་སྲིད་བྱུས་རྒྱུན་འཁྱོངས་དཀའ་དང་གཅིག
དབུ་མའི་ལམ་ནས་དམངས་གཙོ་རྩོད་དཀའ་གཉིས།
འདབ་གཤོག་འདི་གཉིས་མེད་པའི་འཕུར་མ་ལྡིང།
དཔལ་འབྱོར་ཙམ་གྱི་ཁྱིམ་བྱ་སྙིང་རྗེའི་ཡུལ།
༢༠༡༣། ༡༠། ༡༠། ཉིན།།
ཁུག་རྟའི་སྐད་དེ་ན་བ་སུན་ལ་དཀོན་མཆོག་གསུམ།
འཇོལ་མོའི་སྐད་དེ་སྙན་པ་ལ།
ཤར་ཁུག་གིས་ནམ་ཞིག་ཡིན་ན་གཉིད་སྐྱིད་པོ་ཞིག་ཁུག་ག་མི་འཇུག་གི ད་ངོ་མ་སུན་སོ་།
ཤར་ཁུག་ཁྱོད་ནས་གོང་ས་མཆོག་དང་སྲིད་སྐྱོང་དབར་ལ་དཀྲུག་ཤིང་བརྒྱབ་ཐབས་མ་བྱེད་རོག། བོད་རང་བཙན་ཚོགས་པ་ཡོངས་ལ་དགྲ་མ་བལྟ་། ཁྱོད་རང་རྒྱ་རོའི་ཁྲག་དར་དམར་པོ་མགོ་ལ་གྱོན་ནས་རྒྱ་ཡུལ་ལ་ད་དེང་ཤིག།
པདྨའི་འདབ་ལྟར་འཇམ་ཞིང་རྒྱས་པའི་གནས།།
ཁོ་ར་ཁོར་ཡུག་ནགས་ཚལ་སྟུག་པོས་བརྒྱན།།
དྲི་བཟང་བདུད་རྩིའི་སྨན་གྱི་གདེངས་ཀ་དེར།།
ཁུག་རྟའི་ཀོ་གྲུའི་ཆོས་འབྱུང་ནང་དེར་ཕེབས།།
སྲིད་སྐྱོང་གིས་མང་གཙོ་མི་རྩོད། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་འདུག་རྒྱུ་ཡིན་པ་བསྒྲགས་པས་རྒྱལ་སྤྱི་དང་། རྒྱ་གར་བ་མང་པོ་ཧ ལས་བ་འདི་གྲོས་མོལ་བྱེད་འདོད་མེད་པ་རེད་དམ། རྒྱ་ནག་ལ་སྟབས་སྟུན་གྱིས་མར་མར་ནས་མར་བབ་སྟེ་མཐའ་མར་རང་སྐྱོང་རྩོད་དང་། མ་རྩོད་ཁྱད་མེད་ལྟ་བུ་ཆགས་པ་འདི་རེད། རྒྱ་ནག་གི་འཆར་གཞི་ལྟར་འགྲོ་མཁན་གྱི་མི་འདི་དག་བོད་མི་རིགས་རྩ་མེད་བཟོ་མཁན་གྱི་གཤེད་མ་རེད། གནས་ལུགས་མེད་པའི་སྐད་ཆ་ཁོ་ན་བཤད་དེ་ཆུ་ཚོད་བཏང་བ་ནི་མི་ཚེ་སྟོང་ཟད་དང་༄ བོད་མི་ིརིགས་རྩ་རྫོགས་བྱེད་་མཁན་གྱི་གནད་ཁྲིད་རེད། དེ་སྔོན་ཁོས་རྒྱ་དར་འཁུར། དེ་ནས་བོད་ནང་ནས་རང་བཙན་ཆེད་གྲོངས་བ་རྣམས་ལ་གཞུང་འབྲེལ་གྱི་མྱ་ངན་ཞུ་མི་ཆོག་ཅེས་བོད་མིའི་མངོན་འདོད་དང་མི་མཐུན་པའི་ལས་དོན་ཤ་བསྒྲུབས་ཤིང་། བསྒྲུབས་པས་ད་ལྟ་གླིང་ཚ་ཡང་ཁོས་གཡོ་ཇུས་འོག་ཏུ་ཕམ་ཁ་མྱོང་ཞིང་། ག་སོང་ཆ་མེད་དུ་གྱུར། མི་འདིའི་རྗེས་སུ་འབྲང་ན་འཇུག་འབྲས་གློང་ཚ་ལས་མེད། ལྷག་བསམ་ཅན་གྱི་གླིང་བ་ལ་དུག་རྟའི་དུག་ནད་ཕོགས་པས་གནས་སྟངས་འདི་བྱུང་བ་རེད།
འཆར་གཞི་འཁྲུག་ན་འདི་འདྲ་རེད། བསམ་བློ་ཞིབ་མོ་བཏང་གལ་ཆེ་ཞེས་ཞུ་འདོད་བྱུང་།
ཡང་སྲིད་སྐྱོང་གཉིད་ཁུག་མདོག་ཁ་པོ་མ་རེད། ཧཧཧཧཧ
ངའི་འཆན་དེ་སུབ་དགོས་པའི་རྒྱུ་མཚན་ཅི་ཡིན་
མ་རིག་པའི་བུ་ཁྱི་ཕྲུག་གིས་ཉོན་ཅིག འཆར་གཞི་འཁྲུགས་ཟེར་ན་ནང་མི་གསོད་པ་པོ་འཇིགས་སྐུལ་བྱེད་མཁན་ཁྱེད་འདྲ་མོ་རེད།
གླིང་ཚ་ནི་བོད་ལ་དད་པ་བྱེད་མཁན་དང་། བོད་མའི་བསྒྲིགས་འཛུགས་ལ་དད་པ་བྱེད་མཁན་ཅིག་རེད། གླིང་ཚ་ནི་རང་དབང་གི་འཐབ་རྩོད་པ་ནང་མི་མི་གསོད་ཅིང་གཞན་མི་ཡང་མི་གསོད་པའི་སྐྱེས་བུ་རང་སྲོག་ལ་མི་འཛེམ་པར་མངོན་འདོད་རྩོད་པ་པོ་དེ་འདྲ་རེད།
ཤར་ཕྱོག་ཁུག་རྟ་འང་བློ་བཟང་ཆོས་འབྱོར་སྔོན་དུ་བརྗོད་ཟིན་ལྟར་ལྗིད་མཉམ་སྟངས་འཛིན་གྱི་སོ་མཚམས་རིགས་སྤངས་ཏེ།
རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྒེར་འཁོན་ཕྱོགས་འཐེན་སྤངས་ཏེ་སྐད་ཆ་བཤད་དགོས་པ་ལས་དེ་མིན་སྐྱོད་བརྗོད་ཀྱང་ཀྱང་སྲིད་སྐྱོང་མཆོག་ལ་ཁྱེད་དང་སྤྱི་འཐུས་ཚོགས་གཙོ་གཉིས་ངན་པ་ལགས་སྤྲེལ་མ་གནང་རོགས་ཞེས་བ་བསམ།
ཉེ་ཆར་སྤྱི་འཐུས་ཚོགས་གཙོ་ཨ་རིའི་ཁུལ་ལ་ཛ་དྲགས་ཐོག་ཡོངས་དགོས་དོན་གང་ལ་ཐུགས་ཡིན་ན་དེ་ནི་སྤྱི་དོན་ཡིན་པ་ཐེ་ཚོམས་འདུག་ཁོངས་མཉམ་དུ་རོགས་པ་མི་དེ་རྣམས་ག་བར་བཞུགས་ཡོད་ན་དོགས་འབྲི་འདུག་དེང་སངས་སྤྱི་ཚོགས་ནང་འདི་འདྲ་བཤད་བཞིན་པ་རེད་འདུག་ན།
ཡ་བྱེད་འདོད་མེད་ཀྱང་།
མྱིག་གཅིག་ཞར་ནས། སེམས་དེ་མནག་ནས། བཙན་བྱོལ་བའི་སྟོབས་ཟད་སྤྱད་དང་། གཞིས་བཞུགས་པའི་རེ་བ་སྟོང་སྤྱད་ཞིག་མ་གཏོགས། འདྲེ་ཁ་ནག་འདི་ལ་བཤད་རྒྱུ་མེད་པས། འདུག་མ་ཐུབ་ཐལ།
སྲིད་སྐྱོངས་སེང་གེ་ཡི་ལག་ལ་རྒྱ་ནག་གི་ཁྲག་དར། ཁྱོས་ནམ་ཡང་འཇོག་མི་ཐུབ་པས་། ཁུག་རྟས་རང་མགོ་རང་གི་ཁྱ་ཁུག་ནང་ལ་བཅུག་ནས་གཉིད་དུ་ལོག་ན་སྐྱིད་པ་ཨ།
མགུར་ཞིག་འཐེན་ན་འདོད་བྱུང།
ཁུག་རྟ་ལ་འགྲན་ན་འཕུར་དགོས། གཤོག་རྕལ་དེ་སུ་ཆེ་ཤེས་ཡོང།
དཔྱད་གླེང་དེ་བྱེད་ན་བདེན་དགོས། གཤེ་གཤེ་དེས་ཅི་ཡང་མི་ཕན།
བོད་དོན་དེ་རྩོད་པར་ཐབས་དགོས། དབུ་ལམ་ནི་འཕྲུལ་གྱི་བྱུས་ཡིན།
མགུར་གཉིས་པ།
དོགས་སློང་དེ་བྱས་ན་ལོས་ཆོག ཡིན་ན་ཡང་ད་དུང་ལོ་གསུམ།
ཁུག་རྟ་ཁྱོད་བྲེལ་བ་མ་ལངས།
འཛིན་སྐྱོང་གི་ཉམས་མྱོང་མེད་པས། ལོ་གཅིག་ལྷག་འབྲས་བུ་སྨིན་དཀའ།
ལོ་ལྔ་ནས་གོང་ཚད་གཅོད་ཆོག
སྲིད་སྐྱོང་དང་ཚོགས་གཙོ་ལ་སོགས། རྒྱ་ནག་ལ་རྒྱུས་མངའ་མེད་པས།
དགྲ་ཐབས་ལ་རེ་བ་ང་མེད།
དོན་དག་དངོས་ཀྱི་སྒང་ལ་སྐད་ཆ་ཤོད་ཐུབ་མཁན་ཡོད་ན་དགའ་བ་ལ། རང་ཉིད་ཀྱི་དགའ་ཕྱོགས་ཁོ་ན་དར་བཞིན་འཕྱར་ནས་མི་ཞིག་ལ་སྡིགས་མོ་བྱེད་པ་ནི་མིའི་མཐའ་མ་དང་ཁྱིའི་གོང་མ་ཞིག་གིས་སྒྲུབ་ཐུབ་གི་རེད་པ།
ཁ་བརྡ་ཚང་ཡིན་ནམ་ཡང་ན་ཤ་ཁུག་རེད། ཟུར་མཆན་མང་པོ་བསུབས་འགྲོ་ཡི་འདུག། དེ་དྲང་བདེན་མ་རེད། དཔེར་ན། ཁ་རྩང་མཆན་གཅིག་གི་ནང་ལ་ཤ་ཁུག་གིས་༧གོང་ས་མཆོག་དང་ཟམ་གདོང་གཉིས་ལ་མཚན་སྨད་བཟོ་གཞི་ས་བོན་མང་པོ་སྐྲུན་གཞི་འདུག་བཤད་སོང་། དེ་རིང་མཆན་དེ་བསུབས་ཚ་འདུག། སྐད་ཆ་དེ་དོན་དངོས་དང་མཐུན་པོ་འདུག། རྗེས་སུ་དེའི་རིགས་མ་གནང་རྒྱུ་རེ་བ་ཡོད།།
ཁ་ནས་བཤད་སླ་བ་དང་ལག་ནས་བྱེད་དཀའ་བ་ཅེས་བཤད་པ་བདེན་པ་ལའང་། ད་ཡིན་ན་ཤར་ཁུག་གི་འདོད་པ་ནང་བཞིན་རྒྱ་དར་ལག་དུ་འཁུར་ན་འབྱོན་པོ་དང་བོད་པའི་རིག་གཞུང་ལ་ཕན་ཀྱི་ཡོད་པ་། བོད་དོན་ལ་འབྲས་བུ་ཡོང་གི་ཡོད་པ་རེད་། དེའི་ཕྱིར་། ཤར་སང་གི་ཁ་ལ་ཉོན་རོགས་།
ཤ་ཁུག་འདིས་ཆོས་ལུགས་དང་ཆོལ་ཁའི་ཞེ་ཁོན་
ཁོ་ན་བསླངས་པ་ལས། བོད་རྩ་དོན་ལ་ཕན་པའི་ལས་ཀ་སྣེ་གཅིག་སྒྲུབ་མྱོང་མེད་པ་མ་ཟད།
གཞིས་སྡོད་བོད་མི་རྣམས་ཀྱིས་ཕྱི་སྡོད་བོད་མིར་བཅངས་པའི་ལ་ཞེན་མེད་ཐབས་ཀྱི་རྩོམ་ཡིག་ལོ་ནས་ལོར་འབྲི་བསྡད་ཀྱི་འདུག
ཁྱོད་ཀྱི་ཀུན་སློང་སྡུག་པོ་མིན་ཤས་ཆེ་ཡང་། དེ་ལྟར་མ་བྲིས་ན་ཡག་ས་རེད།
དཔེར་ན་ཁོ་བོས་དངོས་སུ་གོ་ཐོས་བྱུང་བ་ཞིག་ལ་མདོ་ཁམས་ཕྱོགས་ཀྱི་གཞོན་སྐྱེས་ཁྲི་ཕྲག་ལ་ཉེ་བ་ཙམ་ཞིག བོད་མི་འགས་སྲིད་སྐྱོང་མཆོག་ལ་ཁ་འདྲ་མིན་བཏང་བར་བརྟེན་ནས་བོད་ལ་བཅངས་བའི་ལ་ཞེན་ཆུང་དུ་སོང་བ་དང་། སེམས་ཤུགས་ཆགས་པ་དངོས་ཡོད་རེད་འདུག ས་གནས་མང་པོ་ཞིག་ཏུ་སྲིད་སྐྱོང་གི་གལ་ཆེན་ལྟ་གྲུབ་གསུམ་ལ་སྦྱོང་བརྡར་དང་། དེ་ཉིད་ལག་བསྟར་གང་ཐུབ་བྱ་རྩིས་ཀྱི་ལས་འཆར་མང་པོ་སྤེལ་ཡང་། སྲིད་སྐྱོང་ལ་མིང་ངན་བཏགས་པ་དང་། མི་མང་ལ་མགོ་སྐོར་གཏོང་རབས་བཤད་བསྡད་པ་དེས་ལས་འཆར་དེ་རྣམས་མཚམས་འཇོག་བྱེད་པ་དང་། ང་ཚོའི་རེ་བ་སུ་ལ་གཏད་ཅེས་པའི་རྩོམ་ཡིག་སྤེལ་བ་སོགས་མདོར་ན་གཞོན་རབས་མང་པོ་ཞིག་གིས་བྱེས་སྡོད་བོད་མི་ལ་བཅངས་པའི་རེ་སེམས་ཆུ་ལ་གཡུག་འདུག དེས་ན་་་མི་ལ་སྐྱོན་མེད་མཁན་དང་། ཤིང་ལ་མཛེར་པ་མེད་མཁན་དཀོན་ཞེས་པ་ལྟར་ཡིན་ན། སྐྱོན་ཆ་ཡོད་ཚད་གླེང་འོས་མིན་ཡང་ཕྱོགས་ཡོངས་སུ་བལྟ་དགོས་པར་སེམས།
སྲིད་སྐྱོང་གི་འབྲེལ་མོལ་ལ་ནུས་ཤུགས་བསྐྱོན་གྱི་མེད་པ་དང། བསྐྱོན་ནུས་བྲལ་བ་གཞི་རིམ་མང་ཚོགས་ཙམ་མིན་པར། གོ་ཐོས་བྱས་ན། ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་ཀྱང་དགོངས་བཞིན་པ་འདྲ། ངས་སྐད་ཆ་འདི་ཐོས་ནས་ཡུན་རིང་ཨེ་ཡིན་བསམས་ནས་མ་བཤད་པར་བསྡད་ཡིན། འོན་ཀྱང། དེ་རིང་ཚོགས་གཙོ་མཆོག་གི་བཀའ་ལན་གནང་སྟངས་ལ་མཇལ་དུས་དངོས་གནས་ཡིན་པ་གསལ་བོ་རེད། ཚོགས་གཙོ་མཆོག་གིས་འབྲེལ་མོལ་གནང་མཁན་དང་མཐུད་པར་ཐབས་ཤེས་བྱེད་མཁན་གཉིས་ལོགས་ཀ་རེད་ཅེས་དང། ཡང་། སྲིད་སྐྱོང་མཆོག་ལ་གྲོས་ཚོགས་ནང་གསལ་བཤད་བྱས་པ་དེ་ལས་གཞན་འབྲེལ་མོལ་སྐོར་བསྟན་ཡ་གེ་མི་འདུག་གསུངས་པ་སོགས་ནི་མི་མང་དངོས་ཡོད་གནས་ཚུལ་ཞུས་པ་རེད་བསམས། སོང་ཙང། ང་ཚོ་མི་མང་ཚང་མ་འཐོམས་ནས་བསྡད་ན་ཏག་ཏག་བསྡད་ཀྱི་མི་འདུག ཚང་མས་སྲིད་སྐྱོང་གི་ཁ་ནས་བཤད་པ་དང་ལག་ལེན་བསྟར་པ་གཉིས་ཀྱི་དབྱེ་མཚམས་དེ་གསལ་བོར་འབྱེད་དགོས་ཀྱི་འདུག དེ་ལྟར་བྱས་ན། བོད་མི་རིགས་ལ་ཕན་གྱི་རེད་མ་གཏོགས། སྲིད་སྐྱོང་གི་རྐུབ་སྟེགས་ཕྱོགས་རིས་ཆེན་པོ་ཞིག་གིས་བཟུང་སྟེ་ལས་དོན་ངོ་མ་འཇོན་ན་མི་འཇོན་ཡིན་མདོག་མདོག་བྱས་ཏེ་འདུག་པ་འདི་ཁྱད་མཚར་ཞིག་མ་རེད་དམ། ངས་དེ་འདྲ་ཞིག་ཚོར་སོང།
ཁ་རྡ་ཚང་གི་འགྲོ་སོང་དེ་ཁར་ཁུག་གི་གཏང་གི་མེད་ན་མཆན་གང་བྱུང་མ་སུབ་རོག་གནང་།
འགྲོ་སོང་འདྲེ་བྱས་གཏང་གི་ཡོད་ན་ནི་འདྲེ་བྱའི་དངུལ་དེ་གང་ནས་ཡོང་གི་ཡོད་པ་ཚར་མར་དོགས་པའི་གཞི་ཡིན་པས་གཟབ་གཟབ་གནང་རོག་།
འདྲེ་བྱའི་འདྲེ་་སྐད་དེ་ཁ་རྡ་འདིའི་ནང་རྒྱབ་ཆོག་གི་ཡོད་ན་ང་ཚོས་དེ་ལ་རྒོལ་བའི་མཆན་དེ་སུབ་དགོས་དོན་གང་ཡིན་ནམ།
དེ་ཕོ་ལགས། ད་བྱས་དུས་ཕོ་གསར་དེ་ཚོ་ཅི་གང་མགོ་མི་འཚོས་མཁན་རྐྱང་རྐྱང་ཡིན་ས་རེད། རྒྱུ་མཚན་ལ་གཟིགས་ནས་སྐྱོན་བརྗོད་ཚད་ལྡན་ཡིན་མིན་ཞིབ་འཇུག་བྱས་ཏེ། གལ་སྲིད་མིན་ན། ད་དུང་བློ་སྟོབས་ཆེན་པོས་ལྟ་གྲུབ་གསུམ་སློབ་སྦྱོང་བྱེད་དགོས་པ་མ་རེད་དམ། གལ་སྲིད་སྐྱོན་བརྗོད་ཚད་ལྡན་རེད་བསམས། ལྟ་ས་བརྟེན་ས་གེ་མེད་པ་ཧ་གོ གྲགས་ཆེ་བ་དེ་སྟོང་པ་ཡིན་པ་ཤེས་པ་ཡིན་ན། སློབ་སྦྱོང་བྱེད་རྒྱུ་དེའང་མཚམས་འཇོག་བྱེད་ཀི་མ་རེད་དམ། སོང་ཙང། ཁྱེད་རང་གིས་རྫུན་བཤད་ཀྱི་མེད་ན། ད་ཐེངས་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་ཚད་ལས་བརྒལ་བའི་མཐོང་ཆུང་བཏང་མི་འདུག་གམ། ཧཧཧཧཧ
མ་གཞི་ནས་སྲིད་སྐྱོང་མཆོག་འདི་ལ་བྱས་རྗེས་ཐིགས་པ་ཙམ་ད་བར་མེད་པ་ང་ཚོར་གསལ་བོ་རེད། བོད་གཞུང་གི་ཡིག་ཆ་ཁག་ཀློག་དང་ཤེས་གསལ་རེད། བཀའ་ཤག་གི་ལས་བསྡོམས་ཁྱེད་ལ་ཕུལ་ཆོག ཨ་རི་ནས་ཨ་སྒོར་སྐྱོབ་གསོ་འགའ་ཤས་རག་པ་དེའང། ཉེ་ཆར་ཨ་རི་ནས་རང་གི་གྲོགས་པོ་དོན་གཅོད་དུ་བསྐོས་པའི་ནོར་འཁྲུལ་ལ་ཡོ་བསྲང་བྱ་ཆེད། ཨ་སྒོར་རེག་མཁན་དོན་གཅོད་གསར་པས་ཐབས་ཤེས་བཏང་བ་རེད་གསུངས་འདུག ད་ཅི་བྱ། ཁ་ཅིག་ནས། གྲོས་ཚོགས་ནང། བཀའ་ཤག་གིས་ཐབས་འཚོལ་བཏང་བ་ཡིན་གསུངས་པ་རེད། སོང་ཙང། དེ་ཕོ་ཁྱེད་ཀྱིས་བལྟས་ན། སྲིད་སྐྱོང་བློ་བཟང་སེང་གེ་འདི་མི་ཏག་ཏག་རྣལ་མ་ཞིག་རེད་དམ།། ཧཧཧཧཧ
ཁ་རྡ་ཚང་གི་འགྲོ་སོང་དེ་ཤར་ཁུག་གི་གཏང་གི་མེད་ན་མཆན་གང་བྱུང་མ་སུབ་རོག་གནང་།
འགྲོ་སོང་འདྲེ་བྱས་གཏང་གི་ཡོད་ན་ནི་འདྲེ་བྱའི་དངུལ་དེ་གང་ནས་ཡོང་གི་ཡོད་པ་ཚར་མར་དོགས་པའི་གཞི་ཡིན་པས་གཟབ་གཟབ་གནང་རོག་།
འདྲེ་བྱའི་འདྲེ་་སྐད་དེ་ཁ་རྡ་འདིའི་ནང་རྒྱབ་ཆོག་གི་ཡོད་ན་ང་ཚོས་དེ་ལ་རྒོལ་བའི་མཆན་དེ་སུབ་དགོས་དོན་གང་ཡིན་ནམ།
ཆབ་བྲག་ཕོ་ཉ་ལགས།
ལོ་གསུམ་ནས་སྲིད་སྐྱོང་རྗེས་མའི།། འོས་བསྡུ་རྒྱུའི་གྲ་སྒྲིག་ལོས་བྱེད།།
ལོ་དང་པོ་ཉམས་མྱོང་མེད་པས་བརླག། ལོ་གཉིས་པ་བོད་ཡིག་མ་ཤེས་བརླག། ལོ་གསུམ་པ་རྒྱ་ནག་མ་ཤེས་བརླག། ལོ་བཞི་པ་ལས་བསྡོམས་མེད་པར་བརླག། ལོ་ལྔ་བ་ངུ་བཞིན་བརླག་དགོས་བྱུང།
ལོ་འདི་ལྟར་བརླག་ན་བོད་མི་ཚོའི།། ཁོད་ཡངས་པའི་མདུན་ལམ་སུ་ཡིས་བཟོ།། མགོན་རྒྱལ་མཆོག་དགུང་ལོ་ཇེ་བགྲེས་རེད།། གསེར་ལྟ་བུའི་དུས་ཚོད་ད་ལྟ་ཡིན།། འདི་ཁྱེད་ཀྱིས་མཁྱེན་ཀྱང་མ་མཁྱེན་བཞིན།། ལོ་མང་པོ་དམིགས་བསལ་བཟོས་པ་ཡི།། ནག་ཉེས་པ་ལོ་རྒྱུས་མི་ཆགས་སམ།། ཁྱེད་དེ་ལ་ཞེད་སྣང་མི་ལངས་སམ།།
སྤྱི་བཏང་ཤེས་དགོས་པ་ནི།
རྒྱལ་ཁབ་དང་ཚོགས་སྡེ་གང་འདྲ་ཞིག་ཡིན་ཡང་།
རྒྱལ་ཁབ་ཡིན་ན་དབུ་ཁྲིད་ཡོངས་དང་། ཚོགས་པ་ཡིན་ན་ཚོགས་པའི་ལས་བྱེད་ཡོངས་ཀྱིས་ལས་ཀ་ཡིས་ནུས་པ་ཐོན་མིན་བལྟ་དགོས་པ་ལས། མི་གཅིག་གིས་ལས་དོན་རྒྱལ་ཆེན་པོ་སྒྲུབ་ཐུབ་པ་ཞིག་སྤྱི་སྒེར་སུ་གང་ལའང་མེད། ལྷག་པར་དུ་བཙན་བྱོལ་སྒྲིག་འཛུགས་ལྟ་བུར་མཚོན་ན། ལས་དོན་ཆེ་ཆུང་གང་ཞིག་སྒྲུབ་དགོས་ཀྱང་གྲོས་ཚོགས་ཀྱི་འཐུས་མི་ཡོངས་དང་། ལས་བྱེད་རྙིང་པ་ཚོས་བཀའ་བཀོད་ལ་ལྟོས་ཏེ་ལས་དོན་སྒྲུབ་དགོས་པས་མི་གཅིག་གིས་ལས་དོན་འབུར་དུ་ཐོན་པ་ཞིག་བྱུང་མ་སོང་མདོག་བཤད་པ་ནི། སྒེར་གྱི་ཁོན་སེམས་སམ། དགྲ་དགའ་གཉེས་སྡུག་གི་སྐད་ཆ་ལས་དོན་ཕན་སྣེ་གཅིག་མེད་པ་ལོང་བས་བལྟས་ཀྱང་ཤེས་སླ། དེས་ན་ཚོགས་པ་དེའི་མགོ་ཁྲིད་མི་སྣར་ཁ་བཏང་བ་ནི་ཚོགས་སྡེ་དེའི་གཟི་བརྗིད་དང་། ཆེ་མཐོང་བརླག་པ་ནི་གོང་དུ་དངོས་སྒྲུང་བཤད་པ་དེས་རྟོགས་ཐུབ། དེ་ཉིད་རྫུན་ཚིག་ཡིན་རབས་དང་ཕོ་སར་དེ་ཚོས་གང་ཡང་མི་ཤེས་མཁན་ཞིག་རེད་འདུག་ཅེས་འོད་ཤར་ཁུག་གིས་བཤད་པ་བདེན་པ་རེད། ཁམས་ཕྱོགས་ཀྱི་མི་ཕལ་མོ་ཆེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུའང་འགྲིམས་མ་མྱོང་སྟབས་གང་ཡང་ཤེས་ཀྱི་མ་རེད། ཡིན་ནས་དེ་དག་ལ་ཡོད་པ་ནི་བོད་སྤྱི་ལ་ཤ་ཞེན་དང་ལ་ཞེན་དེ་ཡིན་ཡང་དེ་དག་ཁྱོད་དང་ཁྱོད་ལྟ་བུ་དག་གིས་མེད་པ་བྱས་པ་རེད། གཞིས་སྡོད་བོད་མི་སུམ་ཆ་གཅིག་བཀའ་བརྒྱུད་པའི་ཆོས་ལུགས་ལ་དད་མཁན་ཡིན་སྟབས་བཙན་བྱོལ་བས་བཀའ་བརྒྱུད་པའི་མགོ་ཁྲིད་ལ་བལྟ་ཕྱོགས་དང་། ཆོས་ལུགས་ཕྱོགས་ཞེན་ཆུང་བའི་མགོ་་ཁྲིད་དག་ལ་དམོད་ཆེ་དྲག་པའི་རྐྱེན་གྱིས་ད་ནི་བོད་སྤྱི་ལ་རེ་ལྟོས་འཆའ་ས་གང་ཡང་མེད་སོང་བ་རེད།ཤེས་སོང་ངམ་ཤར་ཁུག་ལགས།
སྲིད་སྐྱོང་དེ་ཕོ་ལགས། སྤྱིར་བཏང་གི་ཤེས་བྱ་དེ་ཁྱེད་ཀྱིས་ཤེས་ན་དགའ་བ་ལ། བོད་རྒྱ་འབྲེལ་མོལ་འདི་སྲིད་སྐྱོང་སྐུ་ཉིད་ཀྱི་ནུས་ཤུགས་བསྐྱོན་མིན་དང། ལྷག་བསམ་རྣམ་དག་ཡིན་མིན་ལ་རག་ལས་པ་མ་གཏོགས། ཁྱོན་ནས་ཐབས་མེད་འུ་ཐུག་ད་ལྟའི་གནས་སྟངས་འདི་མུར་ལྷགས་དགོས་དོན་གང་ཡང་ཡོད་པ་མ་རེད། སོང་ཙང། ཉིད་ཀྱི་འབུམ་རམས་པའི་ཤེས་ཚད་དེ་འདི་འདྲར་བེད་སྤྱོད་མི་གཏོང་ན་ག་བ་གཏོང་གི་ཡིན་ལགས། ཧཧཧཧ
མགུར་གསུམ་པ།
མ་ཤེས་ཀྱང་མི་ཤེས་མི་ཟེར་གཅིག མ་འཇོན་ཡང་མི་ཐུབ་མི་ཟེར་གཉིས།
ད་དུང་ཡང་དམིགས་བསལ་གཏོང་དགོས་གསུམ། བཙལ་བྱོལ་བའི་ན་ཚ་སྣ་གསུམ་ཡིན།
མནན་ན་ཡང་མགོ་བོ་མི་སྒུར་གཅིག སྡུག་ན་ཡང་སེམས་ཤུགས་མི་ཉམས་གཉིས།
ད་དུང་ཡང་ཞི་རྒོལ་འཐབ་རྩོད་གསུམ། གཞིས་ལུས་ཀྱི་སྟོབས་ཤུགས་རྣམ་གསུམ་ཡིན།
༸རྒྱལ་བ་མཆོག་ད་དུང་བཞུགས་པ་གཅིག བདེན་དོན་ལ་རྒྱབ་སྐྱོར་མང་བ་གཉིས།
མི་དམངས་ཀྱི་དད་མོས་འགྱུར་མེད་གསུམ། གངས་ཅན་པའི་རེ་བ་རྣམ་གསུམ་ཡིན།
བཀྲ་ཤིས་བདེ་ལེགས།
ངས་ཀྱང་མགུར་ཞིག་མཐེན་ན་འདོད།
དགེ་སློབ་ཀྱི་ལ་རྒྱ་འཛིན་པའི་ཆེད།།
སྲིད་སྐྱོང་གི་རྐང་པ་མཐེན་པ་དང་།།
སྒེར་འཁོན་དེ་སྤྱི་ཐོག་དབྱུག་པ་འདི།།
བཙན་བྱོལ་གྱི་མཁས་པའི་རང་གཤིས་རེད།།