ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
དེ་རིང་ཡིག་རྒྱུགས་ཤིག་ཚར་ནས་ནང་ལ་ལོག་པ་དང་། ངལ་གསོའི་ཚུལ་ཏུ་བོད་ཀྱི་དྲྭ་རྒྱ་ཁག་ལ་ཉུལ་འགོ་བརྩམས། དེ་ནས་བོད་ཀྱི་དུས་བབ་དྲྭ་རྒྱ་རུ་རྒན་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་བརྩམས་པའི་“དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་མིན”ཞེས་པའི་རྩོམ་ཡིག་ཅིག་མཐོང་སོང་ལ། ང་རང་ནམ་ཀུན་ཏུ་ཁོང་གི་རྩོམ་ཡིག་ཀློག་རྒྱུ་དགའ་པོ་ཡོད་པ་དང་། དོ་སྣང་སྤྲོད་གང་ཐུབ་བྱེད་ཀྱིས་ཡོད་ལགས་ན། རྩོམ་ཡིག་དེ་ཀློག་འགོ་བརྩམས། དེ་ནི་ཁོང་གིས་ཉེ་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་དང་། ད་དུང་བཀུར་འོས་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཟུར་པ་དང་བོད་རྒྱའི་ཆབ་སྲིད་ཞིབ་འཇུག་པ་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་བཀའ་ཤག་སྐབས་སྔོན་མས་རྒྱ་ནག་གཞུང་ལ་ཕུལ་བའི་རང་སྐྱོང་བསམ་འཆར་དེ་ནི་དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་ཡིན་ཚུལ་གྱི་གསུང་བཤད་ཤུགས་ཆེན་གནང་བ་དེས་ཁོང་ཉིད་སྡོད་དུ་མ་བཅུག་པར་རྩོམ་ཡིག་དེ་བྲིས་དགོས་བྱུང་པར་གསུངས་པ་དང་། ངས་ཀྱང་ཁོང་གི་རྩོམ་ཡིག་དེ་ཉིད་འགོ་ནས་མཇུག་བར་དོ་སྣང་ཞིབ་ཚགས་ཀྱིས་ཐེངས་གཉིས་བཀླགས་རྗེས་རྩོམ་ཡིག་འདི་འབྲི་འདོད་བྱུང་།
ཡོངས་ཁྱབ་གསལ་བསྒྲགས་བྱས་པ་དང་བཙན་བྱོལ་བོད་མིའི་གསར་གྱུར་རྒྱུད་ལམ་ཁག་ཏུ་གཟིགས་ན། སྐབས་དེ་དུས་སྲིད་སྐྱོང་མཆོག་གིས་“ང་ཉེ་སྔོན་ཝྭ་ཤིན་ཊོན་དུ་ཕྱིན་ཏེ་གནས་ཚུལ་ཚགས་པར་ཐོག་བཀོད་རྗེས། དམངས་གཙོ་དགོས་ཀྱི་མེད་ལབ་ཀྱི་འདུག དེ་གང་འདྲ་ཡིན་ནམ་ཞེས་གླེང་སློང་མང་པོ་བྱུང་པ་རེད། ངས་གསལ་པོ་བཤད་རྒྱུ་བྱུང་། ང་ཚོས་མང་གཙོ་ལག་ལེན་བསྟར་གྱི་ཡོད་ལ། དེ་ང་ཚོའི་མངོན་འདོད་ཀྱང་རེད། ཡིན་ནའང་དེ་དགོས་ཀྱི་ཡོད་ཟེར་གྱི་མེད་ཅེས་ལམ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། <<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>>ཡི་ནང་མང་གཙོ་དགོས་བཅས་དམར་རྗེན་དུ་བཀོད་ཡོད་པ་མ་རེད་ལ། དེ་ནི་ང་ཚོའི་དགོས་འདོད་ཀྱི་ཆ་རྐྱེན་ཚུལ་ཏུ་བཏོན་པ་རེད་མ་གཏོགས་ང་ཚོར་མེད་ཐབས་མེད་པའི་མངོན་འདོད་དེ་མིན་པ་དང་། དེ་ཡང་ཡིག་ཆ་དེའི་ནང་ང་ཚོ་སྤྱི་ཚོགས་རིང་ལུགས་དང་དམར་ཤོག་ཚོགས་པའི་འགྲོ་སྟངས་འགྲོ་ལུགས་ལ་འགྱུར་བ་གཏོང་རྒྱུ་མེད་ཅེས་གསལ་པོ་བཤད་ཡོང་སྐབས། དེ་རང་འཇགས་གནས་བསྡད་ཡོད་པ་རེད།
ད་ལྟའི་བཀའ་ཤག་དང་སྔོན་གྱི་བཀའ་ཤག་གཉིས་ཀྱི་དགོངས་ཚུལ་གཅིག་པ་གཅིག་རྐྱང་རེད་མ་གཏོགས་འགྱུར་བ་གང་ཡང་ཕྱིན་མེད་པ་དང་། དབུ་མའི་ལམ་གྱི་ཐོག་སྤྱི་ཚོགས་ནང་ཆ་ཚང་མཁྱེན་པ་ཡོད་སྟབས། མཚམས་རེར་གོ་ནོར་ཐེབས་ཏེ་དཀྲོག་གཏམ་འཁུར་ཡོང་གི་འདུག ་མ་འོངས་པར་དེའི་རིགས་མི་ཡོང་ཆེད་དོ་གནང་བྱ་རྒྱུ་གལ་ཆེ་པོ་རེད”ཅེས་གསུངས་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཀྱང་སྲིད་སྐྱོང་གིས་གང་གསུངས་པར་རྒྱབ་སྐྱོར་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་མང་གཙོ་རྩོད་ཀྱིན་མེད་པ་ནི་གནས་ཚུལ་གསར་པ་གང་ཡང་མིན་པར། དེ་ནི་བཀའ་ཤག་སྔོན་མ་ནས་གཏན་འབེབས་བྱུང་བའི་དགོངས་ཚུལ་ཞིག་དང་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>>ཡི་ནང་དུའང་གསལ་སྟོན་གནང་བའི་གནད་དོན་ཞིག་ཡིན་པས། སྐབས་སྔོན་མའི་བཀའ་ཤག་གི་དགོངས་དོན་དེ་བཞིན་ཡོད་པ་མཁྱེན་ནའང་དེ་ལ་མི་མཐུན་པའི་སྣང་གྱུར་སྟོན་མཁན་སུའང་གྲོས་ཚོགས་ཕྱི་ནང་ནས་མེད་ཚུལ་གསུངས་ཡོད་པ་རེད།
ཡང་བཀུར་འོས་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཟུར་པ་དང་བོད་རྒྱའི་ཆབ་སྲིད་ཞིབ་འཇུག་པ་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་དགུ་བཅུ་གསུམ་རྒྱུན་ལས་གསར་རྙིང་གཉིས་འཕོ་གྱུར་རྩིས་ལེན་བྱས་པའི་སྐབས་“ལམ་དབུ་མའི་སྲིད་བྱུས་ཀྱི་ཁྲིམས་སྒྲིག་གི་གཞི་འཛིན་ས་<<ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>ཟེར་བ་དེ་ཡིན་སྟབས། ཁྲིམས་ལུགས་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་སྒེར་གཅོད་ཀྱི་དགོས་མཁོར་བསྟུན་ཏེ་བཟོས་པ་ཞིག་ལས། རྒྱ་ནག་སྤྱི་འབངས་ཀྱི་མངོན་འདོད་ལྟར་བཟོས་པ་ཞིག་མིན་སྟབས། ང་ཚོས་དེལྟར་ཁས་ལེན་བྱས་ཚེ་ཆབ་སྲིད་ཀྱིས་ཀུན་སྤྱོད་ཐད་ནས་སྒེར་གཅོད་པར་རྒྱབ་སྐྱོར་བྱས་པའི་ཉེས་སྐྱོན་ཡོད་པ་དང་། ཁྲིམས་ལུགས་དེ་རང་གཞིར་བཞག་ནས་ཕྱིན་ཚེ་མིའི་རིགས་ཀྱི་རང་དབང་དང་མང་གཙོའི་མངོན་འདོད་ཡང་བཤད་ས་མེད་སྟབས། ཉེར་ཆར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ང་ཚོས་བཀའ་ཤག་སྐབས་སྔོན་མས་ཕར་རྒྱ་ནག་ལ་སྤྲད་པའི་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>>ཡི་ནང་དོན་ལྟར་མང་གཙོ་རྩོད་ཀྱི་མེད། དེའི་ནང་རང་དབང་དང་དམངས་གཙོ་དགོས་སྐོར་འཁོད་ཡོད་པ་མ་རེད་”ཅེས་གསུངས་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་བྱས་པའི་དེབ་ཕྲན་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>>ཞེས་པ་དེའི་ཤོག་གྲངས་༡ པོའི་ངོ་སྤྲོད་ནང་དུ་འདི་ལྟར་“གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ནི་བོད་མི་རིགས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་དང་མི་འགལ་བའི་ཐོག་ནས་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཐོབ་ཐབས་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་བོད་རྒྱ་གཉིས་ཀའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་གཞི་བཅོལ་བ་ཞིག་ཡིན་”ཞེས་གསལ་པོ་འཁོད་འདུག་པ་དང་། དེ་ནས་ཤོག་གྲངས་༥ པའི་ནང་མི་རིགས་མང་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་མཉམ་སྡོད་བྱེད་ན་བོད་མིར་རྒྱལ་ཁབ་ནང་དཔལ་འབྱོར་དང་ཚན་རིག་གི་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པ་འདི་དག་གིས་ཕན་ཐོགས་ཆེན་པོ་ཡོང་ཐུབ་”ཞེས་གསུངས་པ་མ་ཟད། ཤོག་གྲངས་༦པའི་མཐའ་མ་དེར་“ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྕི་བཀུར་བྱེད་ཀྱི་ཡོད་”ཅེས་གསུངས་ཡོད་པ་རེད།
གང་ལྟར་ཀྱང་བསམ་འཆར་ཡི་གེ་དེའི་འགོ་མཇུག་དབར་གསུམ་ལ་ང་ཚོས་མང་གཙོ་རྩོད་ལེན་བྱེད་ཀྱིས་ཡིན་པའི་ཚིག་ཟུར་ཙམ་ཡང་སྟོན་མེད་པ་དང་། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞི་དང་སྙིང་དོན་འོག་རྒྱ་ནག་གི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་བཞིན་སྡོད་འདོད་ཡོད་པ་གསལ་སྟོན་བྱས་ཡོད་པས། གོང་གསལ་དཔལ་ལྡན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་གསུངས་པ་བདེན་པ་རེད་ལ། ཁུངས་ཡོད་རྒྱུ་མཚན་ལྡན་པ་ཞིག་ཀྱང་རེད་སྙམ། སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་སོ་སོས་དབུ་མིའི་ལམ་གྱི་དགོངས་དོན་ལ་མི་རངས་བའི་དགོངས་ཚུལ་སྟོན་པ་ཡོད་མེད་ལ་མ་བལྟོས་པར་གང་ལྟར་ཁོང་གིས་བསམ་འཆར་ཡི་གེ་དེའི་ནང་མང་གཙོ་རྩོད་ཀྱི་མེད་པ་རེད་ཅེས་གསུངས་པ་ནི་དངོས་དོན་དང་དོན་དམ་གྱི་གནས་ལུགས་ཤིག་རེད་སྙམ།
དེ་ཡང་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་“༧གོང་ས་མཆོག་གི་དགོངས་གཞིའི་དབུ་མའི་ལམ་དེ་མངགཙོའི་དགོས་འདུན་ཅན་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཁོང་གིས་ད་བར་དུ་དམངས་གཙོ་ལེགས་བཅོས་ཀྱིས་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་དེ་མང་གཙོའི་ལམ་སྲོལ་ཡང་དག་ཅན་ཞིག་ཡོང་རྒྱུར་བཅའ་ཁྲིམས་བཟོ་བཅོས་ཀྱིས་མཚོན་པའི་ཕྱག་ལེན་དུ་མ་ཞིག་གནང་ཡོད།” ཅེས་གསུངས་འདུག ངས་བསམ་པར་༧གོང་ས་མཆོག་གིས་དེ་སྔོན་བཙན་བྱོལ་དུ་མང་གཙོའི་ལས་གཞི་བརྩམས་པ་དང་ས་བོན་འདེབས་པ། མང་གཙོ་ལེགས་བཅོས་ཀྱིས་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་དེ་མང་གཙོའི་ལམ་སྲོལ་ཡང་ཅན་ཞིག་འཛུག་བསྐྲུན་བྱེད་པའི་དགོངས་ཚུལ་ཡོད་ནའང་། མ་འོངས་པར་དེ་བཞིན་ཡོད་མེད་ནི་༧གོང་ས་མཆོག་ཁོང་གིས་ཞལ་ཚ་བོས་དེའི་སྐོར་མ་གསུངས་བར་ཏུ། སུས་ཀྱང་ཁ་ཚོན་བཅད་ནས་བཤད་ཐབས་མེད་པ་རེད། ང་ཚོས་སུས་ཀྱང་༧གོང་ས་མཆོག་གིས་སྔོན་བྱུང་མཛད་རྣམ་དང་གསུངས་བཤད་ལ་བརྟེན་ནས་༧ཁོང་གི་མ་འོངས་འབྱུང་གྱུར་གྱི་དགོངས་ཚུལ་ལ་སྡོམ་ཚིག་རྒྱག་མི་ཐུབ་ལ། འགྲེལ་ལོག་ནི་དེ་བས་རྒྱག་མི་རུང་། དེ་ནི་ཁྲིམས་ལུགས་དང་བཟང་སྤྱོད་གཉིས་ཀ་དང་འགལ་བའི་གནས་དོན་ཞིག་ཡིན་པས། ང་ཚོས་ནམ་ཡང་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གནང་བའི་ནོར་འཁྲུལ་གྱི་བྱ་བ་དེ་སྐྱར་བཟློས་ཀྱིས་༧གོང་ས་མཆོག་རྫུན་མ་བཟོ་མི་རུང་། དེ་ལྟར་གནང་ན་ང་ཚོ་ལའང་ཕན་འདོགས་གང་ཡང་མེད་པ་རེད། དེ་ནི་ཁྲིམས་ལུགས་དང་འགལ་གྱིས་ཡོད་ལ། བཟང་སྤྱོད་དང་ཡོངས་སུ་མ་མཐུན་པ་ཞིག་ཀྱང་ལུས་ཡིན། <<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>>གྱི་སྐོར་༧གོང་ས་མཆོག་གིས་མཁྱེན་ཡོད་ཤག་ཡིན་པ་གསལ་པོ་ཡིན་པས། དེའི་ནང་མང་གཙོ་རྩོད་པ་གསལ་ཁ་མེད་པ་དང་།ང་ཚོས་རྒྱ་ནག་ལ་མང་གཙོ་རྩོད་ཀྱི་ཡོད་མེད་སོགས་༧གོང་ས་མཆོག་ལ་བཀའ་འདྲི་མ་ཞུས་པར་ང་ཚོས་༧ཁོང་གིས་དགོངས་ཚུལ་དེ་བཞིན་ཡིན་ནོ་ཞེས་ཁ་ཚོན་གཅོད་ནས་བཤད་ཐབས་ནི་སུ་ལའང་ཐབས་ཐང་མེད་ལ་དབང་ཚད་ཀྱང་མེད་པ་རེད། ༧གོང་ས་མཆོག་གི་དགོངས་དོན་ཅི་ཡོད་༧ཁོང་གང་ཉིད་ཀྱིས་ཞལ་ནས་མ་གསུང་པར་ང་ཚོས་ཚོད་དཔག་བྱེད་ཆོག་ཆོག་དང་ལགས་པས་བྲིས་ཆོག་ཆོག་ག་ལ་ཡིན་སྙམ།
རྒན་ལགས་ཀྱིས་“ད་དུང་ལྷག་པར་དུ་༧གོང་ས་མཆོག་གི་རྗེས་འཇུག་པ་དབུ་མའི་ལམ་གྱི་ཤིང་རྟ་བ་ཆེན་མོ་བཀའ་ཁྲི་ཟུར་བ་ཟམ་གདོང་བ་རིན་པོ་ཆེས་དབུ་མའི་ལམ་གྱི་དགོངས་དོན་ལ་དོན་ཚན་བཞིའི་ཁྱད་ཆོས་དགོས་པར་བསྟན་པའི་ནང་གི་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་གང་འདྲ་ཞིག་ཡོད་དགོས་པའི་ཐད། ཕྱི་ལོ་ ༡༩༥༩སྔོན་གྱི་གཞུང་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་སྐྱོང་སྟངས་ཀྱི་ལམ་སྲོལ་དེ་མཐའ་གཅིག་རེད། ད་ལྟ་རྒྱ་ནག་དང་བོད་ནང་གུང་བྲན་ཚོགས་པས་དབང་ཆ་ཚང་མ་གཅིག་སྡུད་དང་། དེའི་ནང་ནས་མི་གཅིག་གིས་གཅིག་སྡུད་དབང་འཛིན་གྱིས་འཛིན་སྐྱོང་བྱེད་པ་དེ་མཐའ་གཞན་པ་དེ་རེད། མཐའ་དེ་གཉིས་དང་མི་མཐུན་པར། ཁྲིམས་བཟོ་དང་། འཛིན་སྐྱོང་། ཁྲིམས་ལུགས་དབང་འཛིན་གསུམ་སྡེ་ཚན་ཐ་དད་དུ་ཕྱེ་བ་དང་། དེ་རྣམས་མང་ཚོགས་ཀྱིས་མང་མོས་འོས་འདེམས་ཀྱི་ཐོག་ནས་ཡོང་དགོས་པའི་མང་གཙོའི་རིང་ལུགས་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་པ་དེ་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་དབུ་མའི་ལམ་དེ་རེད།”ཅེས་གསུངས་འདུག། ང་ལ་གོང་གི་ཚིག་ཕྲེང་དེ་ཉིད་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིས་གསུང་ཡིན་མིན་ཐེ་ཚོམ་ཡོད། གང་ཡིན་ལགས་ན། མང་གཙོའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་བཟོ་དང་། འཛིན་སྐྱོང་། དེ་བཞིན་ཁྲིམས་ལུགས་དབང་འཛིན་སོགས་ཀྱི་བྱས་ལས་དང་། དབང་ཚད་སོགས་ཐ་དད་ཡིན་པ་དང་། ཡང་དེ་ཚོའི་བར་འབྲེལ་བ་རྦད་དེ་མེད་པ་དེ་འདྲའང་མ་རེད། དེ་བས་མང་གཙོ་བཀའ་བ་གསུམ་ཀ་མང་ཚོགས་ཀྱི་མང་མོས་འོས་འདེམས་ཀྱི་ཐོག་ནས་ཡོང་དགོས་པ་ཞིག་རྩ་བ་ནས་མེད་པ་རེད་ལ། དེ་ནི་རྩ་ཁྲིམས་ལྟར་ཁྲིམས་ལུགས་དང་ཡང་ན་སྒྲིག་གཞི་ཞིག་གིས་ལམ་སྟོན་འོག་སྡེ་ཚན་དང་མཛད་གཙོ་ག་གེ་མོའི་དབང་ཚད་དང་ཁྱབ་ཁུངས་ལ་བརྟེན་ནས་གཏན་འབེབས་བྱེད་དགོས་པ་ཞིག་རེད། དཔེར་ན་ཁྲིམས་ལུགས་དབང་འཛིན་ནི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་ནའང་། དེའི་ཁྲིམས་དཔོན་ཆེ་བ་བ་དང་གནས་ཡོད་ས་གནས་ཁྲིམས་ཞིབ་ཁང་ཆེ་བ་སོགས་ཀྱི་ཁྲིམས་དཔོན་སོགས་ནི་མང་གཙོ་རྒྱལ་ཁབ་དེའི་སྲིད་འཛིན་གྱིས་ཐད་བཀོད་ཆོག་པ་དང་། ཡང་ན་སྲིད་འཛིན་གྱིས་འཛིན་སྐྱོང་བཀའ་ཤག་གཙོས་ཁྲིམས་ལུགས་གཏན་འབེབས་བཞིན་སྣེ་ཡོད་མི་སྣ་ཚོ་དང་གྲོས་བསྡུར་ཐོག་བཀོད་དགོས་པ་ཡིན་པ་དང་། དེ་བཞིན་མང་གཙོ་ཀ་བ་སོ་སོའི་མཛིན་གཙོ་དང་དབང་ཚད་ཚང་མ་མི་མང་གིས་འོས་འདེམས་བརྒྱུད་ཡོང་དགོས་པའི་ངེས་པ་གཏན་ནས་མེད་པ་ཡོངས་ཁྱབ་ཡིན་པས། མཁྱེན་རྒྱ་ཡངས་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིས་དེ་ལྟར་མང་གཙོ་སྒྲིག་འཛུགས་དང་སྒྲོམ་གཞི། ད་དུང་མང་གཙོ་ཀ་བ་སོ་སོའི་བྱེད་ལས་རང་བཞིན་དང་། ཀ་བ་སོ་སོའི་དབར་གྱི་འབྲེལ་བ་དང་། ཕུན་ཚུན་བསྟུན་ལུགས་སོགས་མཁྱེན་རྟོགས་མེད་ཚོད་ཀྱི་བཀའ་མོས་འདི་འདྲ་གསུངས་མདོག་ཁ་པོ་མ་རེད་སྙམ།
ཡང་རྒན་ལགས་ཀྱིས་“ང་ཚོའི་བཅའ་ཁྲིམས་ཀྱི་ངོས་ནས་ཀྱང་མ་འོངས་བོད་དེ་དམངས་གཙོའི་ལམ་ལུགས་ཅན་གྱི་སྤྱི་ཚོགས་ཤིག་ངེས་པར་ཡིན་དགོས་པ་བསྟན་ཡོད། བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པ།ཆབ་སྲིད་ཀྱི་རང་བཞིན། “མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ།མང་གཙོ། ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང༌། ཞེས་བཀོད་ཡོད། དོན་ཚན་འདིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཙམ་གྱི་ཆབ་སྲིད་རང་བཞིན་ལས་ འདས་ཏེ་གཙོ་བོ་མ་འོངས་པའི་བོད་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ངོ་བོ་གསལ་སྟོན་བྱས་ཡོད། ཁྱེད་ཅག་གིས་རང་སྐྱོང་གི་བསམ་འཆར་དེ་བཅའ་ཁྲིམས་ཀྱི་གཞི་རྩའི་ལམ་སྟོན་འདི་དག་དང་ཡང་འགལ་བར་ངོས་ལེན་རྒྱུ་ཡིན་ནམ།”ཞེས་གསུངས་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་ཀྱི་གཞི་བཅོལ་བའི་གནས་སྐབས་ཀྱི་ཁྲིམས་ལུགས་ཤིག་ཡིན་པ་ལས། དེ་ཉིད་མུ་མཐུད་ལག་བསྟར་བྱེད་དགོས་པ་དང་། ངོས་ལེན་དགོས་པ་སོགས་ང་ཚོས་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>>ནང་ཆ་རྐྱེན་ཙམ་ཡང་སྟོན་མེད་པ་དང་། གལ་ཏེ་ཡིག་ཆ་དེ་ཉིད་ཀྱི་དགོངས་དོན་ལྟར་བོད་དོན་སེལ་འགྲུབ་བྱུང་ཚེ། ང་ཚོས་རྩི་ས་དང་བཀུར་ས། གཞི་བཞག་ས་ནི་རྒྱ་ནག་གི་རྩ་ཁྲིམས་དེ་ཉིད་ཆགས་ཀྱི་ཡོད་པས། ད་ལྟའི་ང་ཚོའི་བཅའ་ཁྲིམས་ཀྱི་དགོངས་དོན་དེས་མ་འོངས་པའི་བོད་ཀྱི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་རང་གཤིས་ལ་གྱུར་མེད་རྒྱུན་འཐུད་ཀྱིས་ཚོད་འཛིན་བྱེད་པའི་ངེས་པ་གང་ཡང་མེད་པ་དང་། བཙན་བྱོལ་བོད་མིའི་གནས་སྐབས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞི་བཞག་གིས་ད་ལྟའི་སྐབས་བབས་ཀྱི་གནས་དོན་དེར་སྒྲུབ་ཐབས་བྱེད་པ་ནི་ཕག་མགོ་ལུག་ལ་བཀལ་པ་ལྟར་འཚམས་པོ་ཞིག་ཏན་ནས་མེད་པ་རེད།
རྒན་ལགས་ཀྱིས་“ད་དུང་རང་སྐྱོང་བསམ་འཆར་གྱི་གཞི་འཛིན་ས་ཀྲུང་གོའི་རྩ་ཁྲིམས་ཀྱི་ངོས་ནས་ཀྱང་དམངས་གཙོའི་རང་སྐྱོང་ཅན་ཞིག་ཡིན་དགོས་པ་ཧ་ཅང་གསལ་བོ་ཡིན། ཀྲུང་གོ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ཁབ་ཅིག་ཡིན་པ་རྩ་ཁྲིམས་ཀྱི་དོན་ཚན་དང་པོར་གཏན་ལ་ཕབ་ཡོད། ད་དུང་དོན་ཚན་གཉིས་པར། རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ཀྱི་ཡིན་པ་དང་། མི་དམངས་ཀྱིས་དབང་ཆ་སྤྱོད་པའི་ལས་ཁུངས་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་ཁག་ཡིན་པ་བཀོད་ཡོད།”ཅེས་གསུངས་ཡོད་པ་དང་། དེ་ཡང་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་དང་པོའི་ནང་ “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་པའི་གྲས་རིམ་གྱིས་སྣེ་ཁྲིད་ཅིང་། བཟོ་པ་དང་ཞིང་པ་གཉིས་མཉམ་འབྲེལ་གྱི་རྨང་གཞི་གདིང་པའི་མི་དམངས་མང་གཙོའི་སྒེར་གཅོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ”ཞེས་འཁོད་ཡོད་ནའང་།“མི་དམངས་མང་གཙོའི་སྒེར་གཅོད་”ཅེས་པའི་ཚིག་ཕྲེང་དེ་ནི་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏོང་གིས་གཏོན་པ་ཞིག་ཡིན་པ་དང་། དམར་ཤོག་གཙོ་འཛིན་ལེ་ནེན་གྱི་ཆེད་དེབ་ལེའུ་ ༡༠ པའི་ཤོག་ལེབ་༡༨༦ ནང་ལ་“སྒེར་གཅོད་”ཅེས་པ་ནི་ཚད་མཐའ་མེད་པ་ཞིག་ཡིན་པ་དང་། དེ་ཡང་འཚེ་བ་ལ་བརྟེན་པ་ལས་ཁྲིམས་ལུགས་ལ་མི་བརྟེན་པའི་སྲིད་དབང་ཡིན།”ཅེས་གསུངས་ཡོད་པ་རེད་ལ། ཚང་མས་མཁྱེད་གསལ་རེད། རྒྱ་ནག་གི་ཆབ་སྲིད་དང་ཁྲིམས་ལུགས་སོགས་སུ་མཱ་ཁེ་སི་དང་ལེ་ནེན་སོགས་ཀྱི་ལྟ་གྲུབ་གྱི་ཚོན་རྕི་ཐུག་པོ་བགོས་ཡོད་པ་དང་།ཁོང་ཚོས་དེ་གཉིས་ཀྱི་ལྟ་གྲུབ་དང་མཱའོ་ཙེ་ཏོང་དང་ཏིང་ཞའོ་ཕིན་སོགས་ཀྱི་བསམ་བློར་བཅོལ་བའི་ཐོག་སྲིད་དབང་བཟུང་གི་ཡོད་པ་ཡིན་དུས། ཁོང་ཚོའི་རྩ་ཁྲིམས་ནང་གསལ་བའི་“མི་དམངས་མང་གཙོའི་སྒེར་གཅོད”ཅེས་པ་དེ་ནི་སྤྱི་ཁྱབ་ཀྱི་འདུ་ཤེས་འཛིན་པའི་མང་གཙོ་དང་ང་ཚོས་ནམ་ཀུན་ཏུ་བསམ་པའི་མང་གཙོ་དེ་ཡིན་སྲིད་དམ།
རྒྱ་ནག་གི་འགྲེལ་བཤད་རྒྱག་པའི་མི་དམངས་མང་གཙོའི་སྒེར་གཅོད་ཅེས་པ་དེ་ནི་ཀྲུང་གོ་གོང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་མཐའ་གཏུག་གི་དམིགས་ཡུལ་ནི་མི་དམངས་ཀྱི་ཁེ་ཕན་ལ་ཐུག་ཡོད་པ་དང་། དེ་ཡང་དམིགས་བསལ་གྱི་ཁྲིམས་ལུགས་དང་ལམ་སྲོལ་ལ་གཞིར་བཅོལ་བའི་སྒང་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མང་གཙོ་དོན་འཁྱོལ་བྱེད་པར་ངེས་པར་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་དང་སྒྲིག་སྲོལ་ལག་ལེན་ཐུབ་པ་དང་། དེ་ཡང་ཁྲིམས་ཡོད་ཡིད་ཆེས་དང་།ཁྲིམས་དོན་དོ་དམ། ཁྲིམས་འགལ་ཚར་གཅོད་ཅེས་ལྟ་གྲུབ་གསུམ་ལྡན་འོག་ལག་བསྟར་བྱེད་དགོས་པ་གཙོ་བོར་སྟོན་ཡོད། ཁོང་ཚོས་བཤད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་དང་སྒྲིག་སྲོལ་ནི་ནམ་ཀུན་ནས་ང་ཚོས་མིག་མཐོང་ལག་ཟིན་གྱི་ཁྲིམས་ལུགས་སྒྲིག་སྲོལ་དེ་དག་རེད་མོད། ཁྲིམས་ལུགས་དེ་དག་ནི་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་གསུངས་པ་ལྟར་རྒྱ་ནང་དམར་ཤོག་གཞུང་གི་སྲིད་དབང་སྒེར་གཅོད་ཀྱི་དགོས་མཁོར་བསྟུན་ཏེ་བཟོས་པ་ཞིག་ལས། རྒྱ་ནག་སྤྱི་འབངས་ཀྱི་མངོན་འདོད་ལྟར་བཟོས་པ་ཞིག་མིན་པས། རྒྱུན་ཏུ་ནས་རྒན་ལགས་བཞིན་རྒྱ་ནག་གི་ཁོ་ཚོ་ལ་མང་གཙོ་ཡོད་ལུགས་ཇི་ལྟར་སྒྲུབ་ནའང་སུས་ཀྱང་རྒྱ་ནག་ནི་མང་གཙོ་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པ་ངོས་ལེན་མེད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་རྒྱ་ནག་གི་ཆབ་སྲིད་ནི་རྒན་ལགས་ཀྱི་གསུངས་པ་ལྟར་ཡིན་ན། ང་ཚོས་ཀྱང་དུས་རྟག་ཏུ་སྡུག་ཡུད་སྒྲོགས་དགོས་པ་མི་འདུག་ལ། ང་ཚོ་རྒྱ་ཆེན་གཞིས་ལུགས་བོད་རིགས་སྤུན་ཟླ་ཚོས་ཀྱང་མི་སྤྱོད་ལས་འདས་པའི་སྡུག་པོ་དེ་མྱངས་དང་མྱོང་དགོས་དོན་ག་ལ་ཡོད། རྒྱ་ནག་རྩ་ཁྲིམས་ནང་གི་ཚིག་འབྲུ་ཁ་ཤས་ཀྱིས་རྒྱ་ནག་མང་གཙོ་ཡིན་པ་སྒྲུབ་མི་ཐུབ་ལ། རྒྱ་ནག་གི་རྩ་ཁྲིམས་དེའང་མང་གཙོའི་རང་བཞིན་ཅན་ཞིག་ཡིན་པ་སྒྲུབ་དཀའ། མང་གཙོ་ཡོད་མེད་དང་མང་གཙོ་རང་བཞིན་ལྡན་མིན་ནི་ཁྲིམས་ལུགས་ཐོག་གང་འཁོད་པ་དང་ལག་ལེན་ཐོག་དེ་བཞིན་ལག་བསྟར་ཇི་ཙམ་ཐུབ་མིན་གཉིས་ཟུང་འབྲེལ་གྱིས་སྡོམ་ཚིག་བཀོད་དགོས་པ་ལས། གཡག་ཞྭ་ར་ཡིས་རྩ་བཟའ་པ་བཞིན་ཧ་ལོན་ཧོ་ལོན་གྱི་ཚིག་ཐག་བཅད་ནས་བཤད་པ་ནི་ཤེས་ལྡན་པ་ཞིག་གི་བྱེད་ལུགས་མ་རེད་སྙམ།
རང་སྐྱོང་བསམ་འཆར་ཡི་གེའི་ནང་མང་གཙོའི་དགོས་འདུན་གསལ་ཡོད་མེད་ལ་མ་བལྟོས་པར། གཙོ་བོར་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོད་སྡོད་འདོད་ཡོད་ཅེས་གསུངས་ཚར་དུས་ཁྲིམས་དོན་ནས་མ་འོངས་པར་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞི་དང་ཁྲིམས་ལུགས་གཏན་འབེབས། ད་དུང་ཁྲིམས་ལུགས་དོན་སྙིང་སོགས་ལ་བརྟེན་དགོས་ཀྱི་ཡོད་པ་དང་། ང་ཚོས་གཞན་དབང་སྟབས་བསྟུན་གྱིས་ལམ་ཁ་ནས་སོ་སོའི་འདོད་ཚུལ་གང་ཡོད་བཤད་པ་དེས་ཕན་འདོགས་ཡོད་མེད་ཐེ་ཚོམ་ཡིན་པས་བཙན་བྱོལ་ནང་ནམ་ཀུན་ཁྲིམས་མེད་རང་སོར་ཏུ་བྱུང་བའི་བཤད་ལུགས་ཤིག་གིས་ཁུངས་འཁྱོལ་རྒྱུ་ནི་ཤིན་ཏུ་དཀའ།
རྒན་ལགས་ཀྱིས་“རྗེས་མ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དམངས་གཙོ་རྩོད་རྒྱུར་ཐུགས་འཛེམ་ཆེ་ན་ཡང་། ང་ཚོར་དམངས་གཙོ་དགོས་ཞེས་རྩོད་ཀྱི་མེད་ཅེས་ཞུ་དགོས་པ་མ་རེད། དེ་ཆེས་མི་འོས་པ་ཞིག་ཡིན་པར་མ་ཟད་བོད་དོན་རྒྱབ་སྐྱོར་བའི་ཐད་ནས་ཀྱང་སྐྱོན་ཡོང་བ་ཞིག་རེད།”ཅེས་གསུངས་འདུག་མོད། ངས་བསམ་པར་ང་ཚོའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་ལ་མང་གཙོ་རྩོད་རྒྱུར་ཐུགས་འཛིན་ཆེ་པ་མ་རེད་ལ། དེ་ཉིད་རྩོད་ཀྱི་མེད་པ་རེད།དེ་གསལ་པོ་རེད། དེ་ལ་རྒན་ལགས་ཀྱིས་གསུངས་པ་ལྟར་མ་ཡིན་ཡིན་མདོག་བཟོ་དགོས་དོན་ཡོད་པ་རེད། ང་ཚོས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་པ་ལྟར་ཕྱི་གསལ་ནང་གསལ་དང་། ཁ་ཞེ་གཉིས་མེད་ཐོག་ཕྱག་ལས་གནང་དགོས་གལ་ཆེ་ལ། དེ་མིན་སེམས་ཀྱིས་གཅིག་བསམ། ཁ་ནས་གཅིག་བཤད། དེ་བཞིན་ལག་ལེན་སྒང་ཡང་གཞན་ཞིག་སྒྲུབ་བསྡད་པ་ཡིན་ན་བཟང་སྤྱོད་དང་འགལ་བའི་ལས་ཀ་ཞིག་རེད་ལ། དེ་ནི་དངོས་གནས་རྒན་ལགས་ཀྱི་གསུངས་པ་ལྟར་ཆེས་མི་འོས་པ་ཞིག་ཡིན་པ་དང་། མ་ཟད་བོད་དོན་རྒྱབ་སྐྱོར་བའི་ཐད་ནས་ཀྱང་སྐྱོན་ཞིག་ཡོང་ངེས་རེད་ལ། ང་ཚོ་བོད་པ་ཚོ་ལའང་ཡིད་ཆེས་མེད་པར་གྱུར་ངེས་རེད།
ང་ཚོ་སྨྱུག་ཐོག་པ་དེ་ཚོས་ངེས་པར་ཏུ་ཛ་དྲག་གི་གནས་སྟངས་འདི་འདྲའི་འོག གང་ཐུབ་ཀྱིས་རང་ཉིད་ཀྱི་སྒྲིག་འཛུགས་ལ་ཞོར་འདེབས་བྱེད་པ་ལས། དེ་མིན་རང་ཉིད་ཀྱི་རྡོ་ཡར་བཅག་ནས་རང་ཉིད་ཀྱི་རྐང་ཐོག་གཞུས་པའི་ལས་ཀ་དང་རྩོམ་ཡིག་སྤེལ་པ་ནི་དོན་དམ་དང་མཐུན་པ་དང་མཁོ་བ་ཞིག་མ་རེད་བསམ། སྔོན་ཆད་རྒན་ལགས་ནས་<<རང་ལུས་མེར་བསྲེགས་ཀྱི་ལམ་སྟོན་ཡི་གེ>>ཚུལ་ཏུ་རྩོམ་ཡིག་ཅིག་སྤེལ་ནས། སོ་སོ་རང་ཉིད་ཀུན་སློང་གཙང་མ་ཡིན་ནའང་། རྒན་ལགས་ཀྱི་མཚན་མཐོང་དང་དེ་སྔོན་སྤྱི་འཐུས་ཡིན་པའི་དབང་གིས་རྒྱ་ནག་ལ་འཇུ་ས་ཞིག་རག་པ་དང་། རྒྱ་ནག་གི་བསམ་ཐོག་མདའ་ཕངས་པར་ལྟར་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྫུན་མ་ཡིན་པའི་ར་སྤྲོད་བྱེད་པའི་མཐུན་རྐྱེན་ཡང་བསྐྲུན་པ་རེད་ལ། བྱེད་ལུགས་བཤད་ལུགས་ཙམ་ལས་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གང་གནང་པ་དང་དོན་གྱི་གཅིག་མཚུངས་རེད། སོ་སོས་མ་ཐུབ་པར་གཞན་ལ་ཤི་སྟངས་བསྲེགས་སྟངས་སློབ་པ་ནི་མི་སྤྱོད་ལས་འདས་པའི་བྱ་བ་ཞིག་ཡིན་པ་དང་། དེ་ནི་ཁྲིམས་ཐོག་ནས་ཀྱང་མི་གསོད་ལག་དམར་དང་དོ་མཉམ་པའི་ནག་ཉེས་ཤིག་རེད་ལ། ད་དུང་རྒྱུན་དུ་ནས་བོད་མི་ནི་ཡ་རབས་བཟང་སྤྱོད་དང་ཆོས་སེམས་སྙིང་རྗེ་ཆེ་བའི་མི་རིགས་ཤིག་ཡིན་པར་འདོད་པའི་མི་དེ་ཚོས་མཐོང་ན། ཅི་ཞིག་བསམ་ཡོང་པ་ནི་བློ་ངོགས་སུ་མི་ཤོང་བའི་འཇིགས་སྣང་ཞིག་རེད། བྱས་ཙང་ང་ཚོས་ཚང་མས་དེ་ལུགས་གཟབ་གནན་བྱེད་དགོས་སྙམ།
ཕྱི་ལོ༢༠༡༣ལོའི་ཟླ༡༠ཚེས་༡༢ཉིན་གྱི་དགོང་མོར་བྲིས།
བློ་བཟང་གྲགས་པས་ཧ་ཅང་ཡག་པོ་བྲིས་འདུག་
ངས་ཀྱང་ཆབ་སྨྱོན་ལ་གསལ་བཤད་ཞིག་བྲིས་ཏེ་ཕྱེད་ཙམ་ཚར་ཡོད་འོན་ཀྱང་ཁྱེད་ཀྱི་བྲིས་པ་འདི་མཐོང་བས་མཚམས་འཇོག་བྱས་ཡིན་
དེང་སྐབས་ང་ཚོ་བཙན་བྱོལ་ནང་ལ་མི་སྨྱོན་པ་གཉིས་ཡོད་རེད་དེ་ནི་ཤར་ཁུག་དང་ཆབ་བྲག་གཉིས་རེད་
ཡག་པོ་བྲིས་གནངས་འདུག ངོ་མ་རེད། ཆབ་བྲག་པས་རང་ལུས་མེར་བསྲེགས་ཀྱི་སྐོར་གྱི་གླེན་རྟགས་ཚ་བོ་དེ་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་གིས་སྐུལ་མ་གཏོང་བཞིན་པའི་སྐྱན་རྫུན་ཆེན་པོ་དེར་རྒྱབ་སྣོན་ལྟ་བུར་གྱུར་ཏེ། ཆབ་བྲག་པ་མི་གཅིག་ཡིན་ཡང་སྤྱི་མཐུས་ཀྱི་ལས་ཀ་བྱས་པ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་བའི་ཆོ་མེད་པའི་ཚོགས་པ་གང་དེའི་ཚོགས་གཙོ་སོགས་ལ་བསྡད་མྱོང་བའི་ཆ་ནས་གཞུང་འབྲེལ་གྱི་བསམ་འཆར་ལྟ་བུར་བཟོས་པ་དེའི་ཉེས་པ་ངོ་མ་ནི་ཆབ་བྲག་པ་ཁོང་རང་ལ་ཡོད་ཅིང་། དོན་དངོས་ནས་སྐབས་དེ་ནས་ཆབ་བྲག་པ་ཁོང་གི་བསམ་པའི་གཏིང་ན་བོད་དོན་ལ་སེམས་ཁུར་ཅི་འདྲ་ཞིག་བྱེད་ཀྱིན་ཡོད་མེད་ལ་ཡང་ཐེ་ཚོམ་ཆེ་ཁར། རྒྱ་གཞུང་གི་སི་སི་བརྙན་འཕྲིན་བཞི་བའི་སྟེང་ནས་བོད་ནང་གི་མེར་བསྲེག་ལས་འགུལ་དེ་ཆབ་བྲག་པའི་བསམ་ཚུལ་བོད་གཞུང་དང་གོང་ས་རིན་པོ་ཆེར་གླེང་འགལ་གྱིས་བཤད་ཡོད། གལ་སྲིད་དེར་གསལ་བོར་བལྟ་འདོད་མཁན་ཚོས་དྲ་ཐོག་ནས་ད་རུང་བལྟ་ཐུབ་ནི་རེད། རྒྱ་སྐད་མི་གོ་བར་འདོད་ན་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གཟུགས་ལྡན་གསར་འགྱུར་ཁྲོད་འཚོལ་དང་ད་རུང་ཡོད་ནི་རེད།
ལྷ་མོ་ཡིན་ས་མ་རེད་འདྲེ་མོ་ཡིན་ས་རེད།
མང་གཙོ་མི་དགོས་ཟེར་མཁན་ནི་ཞབས་འདྲེན་རེད་ལ། དེ་ལ་གོང་ས་མཆོག་གིས་རྒྱབ་སྐྱོར་ཡོད་མེད་ཀྱི་ཀྱི་རྩོད་པ་བྱེད་པ་ནི་རིན་མེད་རེད། ལྷག་པར་དུ་གོང་ས་མཆོག་གིས་མང་གཙོ་མི་དགོས་ཞེས་ནས་ངོས་སུ་མ་གསུངས་གོང་། སྲིད་སྐྱོང་གིས་གསུངས་བ་ནི་ཁོས་ཉེས་བ་ལས་གཞན་དུ་བགོ་ས་མེད། དེང་སང་མང་གཙོ་མི་དགོས་ཟེར་མཁན་སུ་ཞིག་ཡོད་ན་དེ་ནི་ལོ་རྒྱུས་ཀྱི་ཉེས་ཅན་པ་རེད། མི་ཆེན་ལ་སྤྲེད་ལད་མི་བྱེད་རྒྱུ་ནི་དྲང་པོའི་ལངས་ཕྱོགས་རེད།་
གོང་ས་མཆོག་གིས་ད་བར་གནས་གང་དུ་ཕེབས་ཀྱང་མང་གཙོ་གསུངས་ཀྱི་འདུག་ལ། མང་གཙོ་ནི་ཁོང་གི་ཚེ་སྲོག་ལྟ་བུ་ཡིན་ཚུལ་མང་དུ་གསུངས་ཀྱིན་འདུག གློར་བུར་དུ་མང་གཙོ་མི་མཁོ་མཁན་ཞིག་ཏུ་ཆགས་པ་ཡིན་ན་ཁོང་གི་རིན་ཐང་ལ་གནོད་པ་སྨྱོན་མེད་རེད། རྡ་སའི་ཁོར་ཡུག་གཅིག་བུར་ལྟོས་ནས་འཇིག་རྟེན་ཀུན་ལ་མི་ལྟ་རྒྱུ་གནད་དུ་མཐོང་ལ། བོད་ནང་ནས་བོད་མི་མང་པོ་ཞིག་གིས་ང་ཚོར་སྨྲ་བརྗོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་ནས་རང་སྲོག་གཏའ་མ་བཞག་སྟེ། སྐད་འབོད་བྱས་བ་དེ་དག་དོན་མེད་རེད་ལ། དཔའ་རྒོད་དེ་དག་གི་མངོན་འདོད་དང་ཐ་དད་ཡིན་པས། བཙན་བྱོལ་བ་ཚོས་སྐད་ཆ་གང་ཞིག་བཤད་ཀྱང་གཟབ་གལ་ཆེ་བ་མཐོང་།
་་་་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་དང་མི་འགལ་བའི་ཐོག་ནས་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཐོབ་ཐབས་བྱ་རྒྱུ་དེ་ཡིན་ཞེས་པ་ལས། རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞེས་པ་ཅི་འདྲ་ཞིག་ལ་གོ་ལ་ལེན་དགོས་པ་རེད་དམ། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་དམངས་གཙོ་གཉིས་ཀྱི་བར་ལ་ཁྱད་པར་ག་རེ་ཡོད་མེད་དང་། ཡང་ན་དམངས་གཙོ་མེད་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞེས་པ་ག་འདྲ་ག་ཞིག་ཡིན་མིན་གོང་གི་མཁས་པ་ཚོས་གསལ་བཤད་ཅིག་གནང་རོགས།
དབང་རྒྱལ་ཟེར་བའི་དཀྲུག་མགོ་ཅན་ཁྱོད་ཀྱི་ང་ཡི་གང་བཤད་མིན་ལ་འགྲོ་གླེང་མི་བྱེད་པར་ང་སུ་ཡིན་མིན་ཞིབ་འཇུག་བྱེད་པ་ནི་”ཁམ་བུ་ཟ་འདོད་མ་ཡིན་པར་ཤིང་གི་ཡལ་ཀ་གཅོག་འདོད་པ་་”ཟེར་བ་ལྟར་ཆོལ་ཁའི་དཀྲུག་ཤིང་བྱེད་འདོད་པ་རེད་དེ་ལ་གསལ་བཤད་བྱེད་འདོད་གང་ཡང་མ་མཐོང་
རྒྱ་ནག་པོའི་་གསོ་པ་དང་རྒྱུག་ཁྱི་ཟེར་བ་དེ་ལག་པར་མེ་བརྡ་འཁྱེར་བ་དང་གྲི་འཁྱེར་ཏེ་༧གོང་ས་མཆོག་དང་གནས་ཡོད་མི་སྣ་ཁག་གི་སྐུ་སྲོག་ལ་གདོ་བ་ཞིག་ཡིན་དགོས་པ་མ་རེད། དགྲ་བོ་རྒྱ་དམར་ལ་དགོས་རྒྱུ་དང་བོད་མི་དམངས་ལ་མི་དགོས་རྒྱུའི་ལས་ཀ་དངོས་ཤུགས་རྒྱུད་གསུམ་ནས་བྱས་ནས་སྡོད་པ་དེ་དགྲ་བོ་རྒྱ་དམར་གྱི་གསོ་བ་དང་རྒྱུག་ཁྱི་ངོ་མ་དེ་རེད་
དེས་ན་ཆབ་སྨྱོན་དང་ཤར་སྨྱོན་གཉིས་ལ་ཡོད་པ་ཡི་གེ་ཏོག་ཙམ་བྲི་ཤེས་པ་དེ་ད་ལྟ་བར་བེད་སྤྱོད་གང་འདྲ་ཞིག་གཏོང་གི་འདུག་ལྟོས་དང། བཙན་བྱོལ་སྤྱི་ཚོགས་འདིའི་ནང་དཀྲུག་ཤིང་དང་༧གོང་ས་མཆོག་དང་ལས་ཀྱི་སྣེ་མོ་བ་ཚོས་ད་ལྟ་བར་དཀའ་ལས་རྒྱབ་པའི་དཀའ་དྲིན་གྱི་བཙན་བྱོལ་སྒྲིགས་འཛུག་འདིར་ནུས་པ་གང་མཚམས་ཞིག་ཡོད་པ་དེ་མེད་པ་གཟོ་ཐབས་ཀྱི་༧གོང་ས་མཆོག་གི་དཀའ་ལ་ལོག་འགྲེལ་དང་རང་རེ་གངས་ཅན་པའི་མང་བསྐུར་དབུ་འཁྲིད་ཚོར་གཞི་མེད་སྐྱོན་འཛུག་དང་རང་གི་ཕོར་བའི་དོན་མ་སྒྲིགས་པའི་རྒེར་ནད་དེ་བཙན་བྱོལ་གྱི་དབུ་འཁྲིད་ཚོ་དང་བཙན་བྱོལ་སྒྲིགས་འཛུལ་འདིའི་སྟེང་སྐྱོན་བརྗོད་ཁོ་ན་བྱས་ཏེ་བསྡོད་པ་དེ་རྒྱ་ཡི་གསོ་བ་ངོ་མ་དང་རྒྱུག་ཁྱི་ངོ་མ་དེ་རེད་
ཆབ་བྲག་སྨྱོན་པ་དང་ཤར་ཁུག་སྨྱོན་པ་གཉིས་ཀྱི་ད་ལྟར་བར་དུ་བྲིས་པའི་ཡི་གེ་དེ་ཚོར་གཅིག་ལྟོས་དང་༧ གོང་ས་མཆོག་གི་དཀའ་ལ་ལོག་འགྲེལ་བཙན་བྱོལ་སྒྲིགས་འཛུག་འདིར་བསྐྱོན་བརྗོད་མང་བསྐུར་དབུ་འཁྲིད་ཚོར་སྐྱོན་བརྗོད་མདོར་ན་དངོས་ཤུགས་རྒྱུད་གསུམ་ནས་བཙན་བྱོལ་སྒྲིགས་འཛུག་འདིའི་ནུས་པ་མེད་པ་གཟོ་ཐབས་རྐྱང་རྐྱང་ཞིག་བྲིས་ཡོད་པ་རེད་ དེ་ཁོང་གཉིས་ཀྱི་ཡི་གེ་ཅུང་ཟད་བྲི་ཤེས་པའི་བྱས་རྗེས་རེད་
ངའི་རེ་བ་ལ་ཁོ་གཉིས་རྒྱ་ཡི་ཁྲག་དར་དམར་པོ་དེ་མགོ་ལ་འཁྱེར་ཏེ་འབྲི་རུ་རྒྱུད་ཏེ་རྒྱ་གུང་ཁྲན་གྱི་སྤང་དུ་ལོག་འགྲོ་ན་ཡག་ཤོས་རེད་བསམ་བསྡད་ཡོད་
དེ་རིང་བློ་གྲགས་ཀྱིས་དབུ་ལམ་གྱི་དོན་གནད་ལ་གོ་རྟོགས་ཡོད་པའི་ཐོག་ནས་དཔྱད་གླེང་སྤེལ་འདུག། དེང་སྐབས་ཆབ་ལྷ་འདིས་གང་ཞིག་བཤད་ཀྱིས་ཡོད་དང་། ཅི་ཞིག་སྒྲུབ་བཞིན་ཡོད། ངས་དངོས་གནས་ཤེས་མ་སོང་། སྨྱུག་ཐོག་པ་འདི་དག་གིས་རང་འདོད་དང་སྐབས་འཚོལ་གྱི་བྱ་སྤྱོད་རྣམས་ཀྱིས་སྨྱུག་ཐོག་པ་ལ་ང་ཞེན་པ་སྟིང་ནས་ལོག་འགྲོ་བཞིན་ཡོད།།
དེ་རིང་ཚ་ཕྲུག་རྒྱལ་ལགས་དྲ་ཐོག་སླེབས་སོང་། རྒྱུན་རིང་པོར་དྲ་ཐོག་ཕེབས་མ་སོང་། ཁྱེད་ཀྱིས་བཤད་པར་རྒྱབ་སྐྱོ་དང་མོས་མཐུན་ཡོད། ཆབ་བྲག་ལྷ་མོ་དང་ཤར་ཁུག་སོགས་ཀྱིས་སྨྱུ་གུའི་རྩེ་ནས་བོད་ཀྱི་དབུ་ཁྲིད་རྣམས་ལ་མཚན་སྨད་བཟོ་བའི་རྒྱུ་རྐྱེན་མང་ནས་མང་དུ་བཟོ་བཞིན་འདུག། དོན་ངོ་མའི་ཐོག་ནས་ཞུ་ན་ཁོ་ཚོས་ད་དུང་ཡང་དབུ་མའི་ལམ་གྱི་ངོ་གདོང་ཇི་བཞིན་མ་ཤེས་པའམ་ཤེས་བཞིན་དུ་ལོག་བཤད་རྒྱབ་ཀྱི་འདུག། ཁོ་ཚོས་རྒྱ་དམར་གྱི་ཁྲིམས་ལུགས་ལ་ཡིད་ཆེས་དང་གདེང་འཇོག་ཆེན་པོ་བྱེད་ཀྱི་འདུག། རྒྱ་དམར་གྱི་རྩ་ཁྲིམས་འོག་ནས་སླེབས་ཡང་རྒྱ་དམར་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ལ་ལག་ལྟར་ཇི་ཙམ་ཡོད་མེད་སོགས་ལ་དོ་སྣང་རྩ་བ་ནས་མེད་པའི་རྣམ་པ་གསལ་པོ་སྟོན་ཡོང་གི་འདུག།
ཡག་པོ་བྲིས་འདུག
ངས་ལྟོས་ན་༧གོང་ས་མཆོག་ལ་མཚད་སྨད་ཞུ་མཁན་ནི་ཀླུ་མཁར་བྱམས་མ་ཡིན་པར་ཆབ་སྨྱོན་དང
ཤར་སྨྱོན་གཉིས་ཡིན་པ་གསལ་བོ་ཡིན། བླུན་རྨོངས་སྤྱི་ཚོགས་འདིའི་མདུན་ནས་༧ གོང་ས་མཆོག་ཁ་ལ་འཁྱེར་ནས་རང་དོན་ག་རེ་གཉེར་མིན་གསལ་བོ་དེ་ལས་མང་། ལྷག་པར་ཁོ་གཉིས་ཀྱིས་རྒྱ་དམར་ལ་མཁོ་བའི་རྒྱུ་ཆ་དང་ལམ་ཁ་མང་བོ་སྤྲད་དེ་༧གོང་ས་མཆོག་ནག་ས་དང་སྡུག་ས་འདེད་ཀི་ཡོད།འདི་གཉིས་ནི་རྒྱ་དམར་གྱི་རྒྱུགས་ཁྱི་དང་༧ གོང་ས་མཆོག་མཚད་སྨད་དོན་གྱི་ཞུ་མཁན་གཙོ་རིགས་ཡིན།
འདི་ཚོས་ཁྱི་རྟགས་མ་གཏོགས་པ་སྟོན་ཡ་མེད་པ་ཆི་རེད། མཛེས་མ་རྩོད་ཀྱི་མིན་ཟེར་བ་དང་མཛེས་མ་མི་དགོས་ཟེར་བ་གཉིས་སོ་སོ་རེད། མང་གཙོ་ཀྱི་མིན་ཟེར་ནས་གསལ་བོ་ལབ་པ་རེད།
ཁྱི་རྟགས་མེད་ན་དྲི་བ་འདི་ཚོར་ལན་ཁྱེར་ཤོག
རང་ལུས་མེར་བསྲེགས་ལ་རྒྱུད་སྐུལ་བྱེད་པོ་ཡོད་དམ།
རྒྱ་མི་རང་ལུས་མེར་བསྲེགས་པ་ཚོར་རྒྱུད་བྱེད་པ་པོ་ཡོད་དམ།
བཙན་བྱོལ་བས་རྒྱ་མི་ཚོར་རྒྱུད་སྐུལ་བྱས་པ་རེད་དམ།
རྒྱ་ནག་གིས་དོལ་རྒྱལ་བ་ཚོར་རང་ལུས་རང་ལུས་མེར་བསྲེགས་ཀྱི་རྒྱུད་སྐུལ་བྱེད་ནུས་སམ།
བཙན་བྱོལ་བས་གཤིན་པོར་སྨོན་ལམ་འདོན་པ་རྒྱུད་སྐུལ་ལ་བརྩི་དགོས་སམ།
བོད་མའི་བསྒྲིག་འཛུག་གྱི་ལས་ཀ་མཚམས་མ་བཞག་པ་འདིས་རྒྱ་གཞུང་ལ་ལོག་བཤད་རྒྱག་པའི་ཆ་རྐྱེན་བསྐྲུན་པ་མ་ཡིན་ནམ།
ཆབ་བྲག་གིས་ལོག་བཤད་ཀྱི་ཆ་རྐྱེན་བསྐྲུན་པ་དང་རྒྱ་གཞུང་མེར་བསྲེགས་གིས་ཆ་རྐྱེན་བསྐྲུན་པ་གཉིས་པ་ཁྲིམས་སར་འདྲ་མོར་མཐོང་སོང་ངམ། སློབ་མ་སྨྱོས་པ་མིན་འགྲོ།
བ་མོའི་གཉའ་མ་མི་ཚ་གླང་གི་བརླུག་པ་ཚ་ཟེར་ན་སློབ་མ་བློ་བཟང་གྲགས་པ་ལྟ་བུ་རེད།
མང་གཙོ་རྩོད་ཀྱི་མིན་དང་མང་དགོས་ཟེར་བའི་ཁྱད་པར་ཕྱེ་ན་དེ་ག་རང་རེད།
ལོག་
མང་གཙོ་རྩོད་ཀྱི་མིན་ཟེར་ནས་གསལ་བོ་ལབ་པ་རེད། ཅེས་པར་འཆོས་རོགས།
མང་གཙོ་རྩོད་ཀྱི་མིན་པ་དང་མང་གཙོ་མི་དགོས་ཟེར་པའི་ཁྱད་པར་ཕྱེ་ན་དེ་ག་རང་རེད།
བློ་བཟང་གྲགས་པ་ཁྱོད་ཀྱི་ཁྲིམས་ཤེས་ན་བཟང་གི བོད་མའི་བསྒྲིག་འཛུགས་དང་རང་ལུས་མེར་བསྲེགས་པས་རྒྱ་གཞུང་ལ་ལོག་བཤད་རྒྱག་པའི་ཆ་བསྐྲུན་ཡོད་མེད་ལན་ཁྱེར་ཤོག བོད་མའི་བསྒྲིག་འཛུགས་དང་རང་ལུས་མེར་བསྲེགས་པས་རྒྱ་མིར་དྲང་བདེན་ཡོང་བའི་ཆ་རྐྱེན་བསྐྲུན་ཡོད་མེད་ལན་གནང་རོགས། ངའི་ལྟར་ན་རྒྱ་གཞུང་གིས་བསམ་ཤེས་ན་དྲང་བདེན་གྱི་སྐད་ཆ་བཤད་པ་དང་བསམ་མ་ཤེས་ན་ལོག་བཤད་རྒྱག་པའི་ཆ་རྐྱེན་རེད་བསམ་གི ཁྱེད་ཀྱི་འདི་ཙམ་ཡང་མི་ཤེས་ན་ཧུར་ཐག་བྱས་ཏེ་ཁྲིམས་ལ་སྦྱོང་ལོ།
ཧཧཧཧཧཧ། མང་གཙོ་དགོས་ན་དེ་རྩོད་ལོས་དགོས། ཁས་མང་གཙོ་རྩོད་ཀྱི་མེདཀྱང་ཁོག་པའི་མང་གཙོར་བསམ་པ་རེད་དམ། རང་བཙན་རྩོད་ཀྱི་མེད་གསུངས་བ་དེས་རང་བཙན་མི་དགོས་གསུང་པ་རེད་དམ། མ་རེད། རིག་པའི་ལམ་གྱིས་འགོ་མཚུངས་མིན་པས་ལན་ཡོད་ན་འཁྱེར་ཤོགས།
མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཟེར་པ་རེད་གོ་ཨེ་བྱུང་། དེ་འོང་ན་རང་བཙན་རྩོད་ཀྱི་མིན་ཟེར་རྫོས་པ་རེད། དེ་འོང་ན་མང་གཙོ་རྩོད་ཀྱི་མིན་ཟེར་བ་གོ་ཨེ་བྱུང་།
ཁྱི་ཚུགས་མེད་ན་དྲི་བའི་ལན་ཁྱེར་ཤོག
རྒྱ་དམར་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་འོག་ཏུ་མགོ་འབུལ་ལུས་འབུལ་གྱིས་སྡོད་ནས་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་རེ་ནི་སེམས་ཚོར་ཙམ་རེད།།
དགག་ལན་གནད་ལ་འཁེལ་འདུག
ཅི་ཞིག་ལ་མིང་དོན་མཚུངས་པའི་རང་སྐྱོང་ཟེར། ཅི་ཞིག་ལ་མིང་ཙམ་གྱི་རང་སྐྱོང་ཟེར། ཐོག་མར་འདི་གཉིས་ཀྱི་ཁྱད་པར་ཧ་གོ་བ་བྱོས། བོད་རང་སྐྱོང་ལྗོངས་འདི་མིང་ཙམ་གྱི་དམངས་གཙོ་ཡིན་དོན་ནི་བོད་མི་དམངས་རང་ལ་རང་སྐྱོང་གི་རང་དབང་ཐོབ་ཐང་ཆ་ཚང་ཞིག་མེད་སོང་བས་མ་རེད་དམ། རང་སྐྱོང་གི་འགོ་བ་མི་དམངས་ཀྱིས་ཐད་ཀར་འདེམས་དབང་འདུག་གམ། རྒྱལ་ཡོངས་མི་དམངས་ཀྱི་འཐུས་མི་ནང་གི་བོད་པ་དེ་ཚོ་བོད་མི་དམངས་རང་ལ་འདེམས་དབང་འདུག་གམ། རང་སྐྱོང་གི་ཁྲིམས་སྲོལ་གཏན་འབེབས་བྱེད་ཐུབ་ཀྱིན་འདུག་གམ། སྨྲ་བརྗོད་རང་དབང་འདུག་གམ། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་འདུག་གམ། ཆོས་དད་རང་དབང་འདུག་གམ། ཁོར་ཡུག་སྲུང་སྐྱོབ་སོགས་འགྲོ་བ་མིའི་ཐོབ་ཐང་འདུག་གམ། དེ་དག་མེད་པའི་རྩ་བ་ན་མང་མོས་འོས་འདེམས་ཀྱི་དམངས་གཙོའི་ལམ་ལུགས་མེད་སོང་བ་རེད། ང་ཚོར་གོང་གི་དེ་དག་རང་གིས་ཐག་བཅད་ནས་སྒྲུབ་ཆོག་པའི་རང་དབང་ཅ་ཚང་ཞིག་དགོས་རེད། དེ་དག་ཡོད་ན། “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ”ཆགས་པ་རེད། ཐོབ་ཐང་དང་རང་དབང་དེ་དག་རག་ཡ་ལ་ངེས་པར་དུ་དམངས་གཙོ་མེད་ཐབས་མེད་པ་རེད། མིང་དོན་མཚུངས་པའི་རང་སྐྱོང་ཟེར་བ་འདི་དོན་གྱིས་ཚད་གཞི་ཅུང་མཐོ་བའི་རང་སྐྱོང་ཞིག་རེད། ཞང་ཀང་ལྟ་བུའི་འོག་དང་ཞིང་ཆེན་ཁག་གི་སྒང་ན་ཡོད་པ་ཞིག་རེད།
ཁྱེད་ཅག་གིས་གསུང་དང། འོ་ན་དམང་སགཙོ་མེད་པའི་མིང་དོན་མཚུངས་པའི་རང་སྐྱོང་ཟེར་བ་དེ་ག་འདྲ་ཞིག་ཡོད་པ་རེད། རེ་རེ་གཉིས་གཉིས་བྱས་ནས་གསུང་རོགས། ད་ལྟའི་བཙན་བྱོལ་གཞུང་གི་རྣམ་པ་འདི་མི་རིགས་རང་སྐྱོང་གི་རྣམ་པ་ཞིག་རེད། འདིར་རྒྱ་གར་འོག་ལ་ང་ཚོར་དབང་ཚད་མཐོན་པོ་ཞིག་འདུག་ག བོད་ནང་ལ་ཡང་འདི་འདྲ་ཞིག་དགོས་པ་རེད། འདི་འདྲ་ཞིག་མེད་ན་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་མེད་པ་རེད།
རང་སྐྱོང་བསམ་འཆར་ལ་སློབ་སྦྱོང་བྱོས། ལྷག་པར་དོན་ཚན་དྲུག་པར་ཞིབ་ཚགས་ཀྱིས་གཟིགས། གཤམ་དུ་བཀོད་ཡོད།
འདིརབསམ་བློ་ཡག་པོ་ཞིག་ཐོངས་དང་ནང་གི་རང་སྐྱོང་གི་ལམ་ལུགས་དེ་དམངས་གཙོ་ཡིན་མིན་ཤེས་ཐུབ།
དྲུག་པ། རང་སྐྱོང་གི་ངོ་བོ་དང་སྒྲིམ་གཞི།
རང་སྐྱོང་མིང་དོན་མཚུངས་པ་བྱུང་མིན་གོང་གསལ་རང་སྐྱོང་བྱེད་སའི་གནད་དོན་འདི་དག་ཐད་བོད་མིའི་རང་སྐྱོང་དང་རང་སྲིད་རང་སྐྱོང་བྱེད་རྒྱུའི་ཚད་གཞི་དང་བྱེད་ཐབས་ག་འདྲ་ཞིག་སྤྱད་མིན་ལ་རག་ལུས་ཀྱི་ཡོད། དེར་བརྟེན་བསམ་ཞིབ་བྱེད་དགོས་པ་ནི་བོད་མི་རིགས་ཀྱི་དམིགས་བསལ་གནས་སྟངས་དང་གཞི་རྩའི་དགོས་མཁོར་འཚམས་པའི་རང་སྐྱོང་གི་ཁྲིམས་ལུགས་བཟོ་རྒྱུ་དང་ལག་བསྟར་བྱེད་ཕྱོགས་ཇི་འགབ་རེད།
མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པའི་ནང་བོད་མིར་སོ་སོའི་དགོས་མཁོ་དང་ཁྱད་ཆོས་དང་འཚམས་པའི་ས་གནས་གཞུང་དང་། གཞུང་གི་སྒྲིག་འཛུགས་ཁག དེ་བཞིན་ལམ་ལུགས་བཅས་བཟོ་རྒྱུའི་ཐོབ་ཐང་ཡང་ཚུད་ཡོད། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ནང་ཁུལ་གྱི་གནད་དོན་ཚང་མའི་༼ རང་སྐྱོང་གི་གནད་དོན་གོང་དུ་གསལ་བ་རྣམས་ལ་གོ ༽ཐོག་ཁྲིམས་བཟོ་རྒྱུའི་དབང་ཆ་དང་། རང་སྐྱོང་གཞུང་གི་ལས་ཁུངས་ལག་བསྟར་དབང་ཆ་དང་རང་དབང་གི་སྒོ་ནས་ཐག་གཅོག་བྱེད་རྒྱུའི་དབང་ཆ་ཡོད་དགོས་པ་ཡིན། དབུས་གཞུང་རྒྱལ་ཁབ་རིམ་པའི་ཐག་གཅོད་བྱེད་མཁན་ཁོངས་ངོ་ཚབ་ཡོད་པ་དང་དོན་སྙིང་ལྡན་པའི་ཆ་ཤས་བླང་རྒྱུ་ཡང་རང་སྐྱོང་ནང་ཚུད་ཡོད། རང་སྐྱོང་ཚགས་ཚུད་པོ་ཡོང་བར་གྲོས་བསྡུར་བྱེད་རྒྱུའི་ཐབས་ལམ་ཕན་ནུས་ཅན་དང་། ཕན་ཚུན་འབྲེལ་ལམ་ཉེ་བོའམ་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཁག་དབུས་དང་ས་གནས་ཀྱི་གཞུང་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཐག་གཅོད་བྱེད་རྒྱུའི་ཐབས་ལམ་ཡོད་དགོས།
མིང་དོན་མཚུངས་པའི་རང་སྐྱོང་ཆ་རྐྱེན་གལ་ཆེ་ཤོས་གཅིག་གི་རྩ་ཁྲིམས་དང་ཁྲིམས་ཡིག་གཞན་ནས་རང་སྐྱོང་ས་གནས་ལ་སྤྲད་པའི་དབང་ཆ་དང་ལས་འགན་རྣམས་ཕྱོགས་གཅིག་རྐྱང་པའི་ངོས་ནས་རྩིས་མེད་དམ་བཟོ་བཅོས་མི་ཆོག་པའི་འགན་ལེན་བྱེད་རྒྱུ་རེད། དེའི་གོ་དོན་ནི་དབུས་དང་རང་སྐྱོང་ས་གནས་ཀྱི་གཞུང་སུ་ཡིན་རུང་ཕྱོགས་གཞན་གྱི་བཀའ་འཁྲོལ་མེད་པར་ཕྱོགས་གཅིག་རྐྱང་བའི་ངོས་ནས་རང་སྐྱོང་གི་གཞི་རྩའི་ཆ་རྐྱེན་ཁག་ལ་འགྱུར་བཅོས་གཏང་མི་ཆོག་པ་རེད།
བོད་དང་བོད་མིའི་གནས་སྟངས་དང་དགོས་མཁོར་འཚམས་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཁྱབ་ཚད་དང་ཁྱད་ཆོས་རྣམས་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་ ༼ མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་དགུའི་ནང་གསལ་ཡོད། ༽ ནང་གསལ་བའི་ཆ་རྐྱེན་གཞིར་བཟུང་རང་སྐྱོང་བྱེད་ཕྱོགས་ཀྱི་སྲོལ་ཡིག་ནང་འགྲེལ་བརྗོད་ཞིབ་ཕྲ་བཀོད་དགོས། ཡང་ན་གལ་སྲིད་འོས་འཚམས་བྱུང་ན་དེའི་ཆེད་ཟུར་དུ་ཁྲིམས་ཡིག་གཏན་འབེབས་བྱེད་ཆོག རྩ་ཁྲིམས་དོན་ཚན་སུམ་ཅུ་སོ་གཅིག་ཐེ་བའི་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད་ལམ་ལུགས་ལ་བརྩི་བཀུར་བྱེད་པའི་སྒོ་ནས་བོད་ལྟ་བུ་དམིགས་བསལ་གནས་བབ་ཡོད་མཁན་ལ་དམིགས་བསལ་གནས་བབ་དང་འཚམས་པའི་གུ་བཤངས་བྱེད་རྒྱུའི་ཆ་རྐྱེན་གསལ་ཡོད།
རྩ་ཁྲིམས་ལེའུ་གསུམ་པིའ་ས་བཅད་དྲུག་པའི་ནང་མི་རིགས་ས་གནས་རང་སྐྱོང་ལ་རང་སྐྱོང་གི་གཞུང་དང་། ཁྲིམས་བཟོའི་དབང་ཆ་ཡོད་པའི་ངོས་འཛིན་བྱེད་ཡོད། དེར་བརྟེན་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་ནང་༼ མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང་གསལ་ཡོད། ༽ ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྲིམས་ཡིག་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་སྲོལ་ཡིག་གཏན་འབེབས་བྱེད་རྒྱུའི་དབང་ཆའི་སྐོར་འཁོད་ཡོད། དེ་མཚུངས་རྩ་ཁྲིམས་ནང་གནད་དོན་མང་པོའི་ཐོག་འཛིན་སྐྱོང་རང་སྐྱོང་བྱེད་རྒྱུའི་དབང་ཆ་་དང་། ༼ རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་བདུན་ནས་བརྒྱ་དང་ཉི་ཤུ་བར། ༽ དེ་བཞིན་རང་སྐྱོང་ལས་ཁུངས་ཀྱི་ས་གནས་ཀྱི་དགོས་མཁོ་དང་འཚམས་པར་དབུས་གཞུང་དང་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མའི་ཁྲིམས་སྲོལ་དང་སྲིད་བྱུས་རྣམས་ས་གནས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་གུ་བཤངས་ལག་བསྟར་ཆོག་པའི་ངོས་འཛིན་བྱས་ཡོད། ༼ རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ། ༽
གོང་འཁོད་ཁྲིམས་ཀྱི་ཆ་རྐྱེན་འདི་དག་གིས་རང་སྐྱོང་ལས་ཁུངས་ཀྱི་ཐག་གཅོད་བྱེད་རྒྱའི་དབང་ཚད་ལ་འགོག་རྐྱེན་ངེས་ཅན་བཟོ་རྒྱུ་དང་། རྩ་ཁྲིམས་ནང་རང་སྐྱོང་ལས་ཁུངས་ལ་ས་གནས་ཀྱི་དགོས་མཁོ་དང་འཚམས་པའི་ཁྲིམས་བཟོ་རྒྱུ་དང་། སྲིད་བྱུས་ཐག་གཅོད་བྱེད་རྒྱུའི་ལྟ་གྲུབ་ངོས་འཛིན་བྱས་ཡོད་པ་མ་ཟད་། དེ་དག་དབུས་གཞུང་ཐེ་བས་ལས་ཁུངས་གཞན་གྱི་གཏན་འབེབས་དང་མི་མཐུན་པའང་ཡོང་ཆོག་ཚུལ་གསལ་ཡོད། ང་ཚོས་གསལ་འདོན་བྱས་པ་ལྟར་བོད་མིའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་དང་གུ་ཡངས་པོའི་སྒོ་ནས་མཐུན་གྱི་ཡོད་ཀྱང་། ལག་ལེན་དངོས་ཀྱི་ཐོག་ལྟ་གྲུབ་དེ་དག་དོན་འཁྱོལ་ཡོང་བར་ད་ལྟའི་ཆར་དཀའ་ངལ་སྣ་ཚོགས་ཀྱི་དབང་གིས་འགོག་རྐྱེན་ནམ། ནུས་མེད་བཟོས་ཀྱི་ཡོད།
མིང་དོན་མཚུངས་པའི་རང་སྐྱོང་བྱེད་པར་དཔེར་ན་དབང་ཆ་ཆ་བགོས་དང་། དེ་བཞིན་དབུས་དང་རང་སྐྱོང་ས་གནས་གཞུང་གཉིས་བར་གནད་དོན་བྱེད་བྲག་པའི་ཐོག་སོ་སོའི་ལས་འགན་ཆ་བགོས་གསལ་པོ་དགོས་ཀྱི་ཡོད། ད་ལྟའི་ཆར་དེ་འདྲའི་གསལ་ཁ་མེད་པ་མ་ཟད་། རང་སྐྱོང་ས་གནས་ཀྱི་ཁྲིམས་བཟོའི་དབང་ཚད་གཏན་མ་འཁེལ་བ་དང་འགོག་རྐྱེན་ཚབས་ཆེ་ཡོད་མུས་རེད། དེར་བརྟེན་ཕྱོགས་གཅིག་ནས་རྩ་ཁྲིམས་ནང་རང་སྐྱོང་ས་གནས་ལ་ཁྲིམས་དོན་མང་པོའི་ཐོག་ཁྲིམས་བཟོ་རྒྱུའི་དམིགས་བསལ་དགོས་མཁོ་ངོས་འཛིན་བྱས་ཡོད་ཀྱང་། དེ་དག་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་གཞིར་བཟུང་དབུས་གཞུང་གི་ལས་ཁུངས་མཐོ་ཤོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ནས་བཀའ་འཁྲོལ་འཐོབ་དགོས་ཀྱི་ཡོད་སྟབས་རང་སྐྱོང་གི་ལྟ་གྲུབ་འདི་དག་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད་། དངོས་སུ་དེ་འདྲའི་བཀའ་འཁྲོལ་དགོས་པར་འཁོད་པ་དེ་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཁོ་ན་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དཀྱུས་མ་ཁག་༼ རང་སྐྱོང་མ་ཡིན་པ་ལ། ༽ དེ་འདྲའི་བཀའ་འཁྲོལ་དགོས་ཀྱི་མེད་པ་མ་ཟད་། གཏན་འབེབས་བྱས་པའི་སྲོལ་ཡིག་རྣམས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ལ་ཐོ་འགོད་ཆེད་སྙན་གསན་ཙམ་ལས་ཞུ་དགོས་ཀྱི་མེད། ༼ རྩ་ཁྲིམས་དོན་ཚན་བརྒྱ་ཐམ་པ། ༽
རང་སྐྱོང་དངོས་སུ་ལག་བསྟར་བྱེད་ཕྱོགས་ཀྱང་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་གཞིར་བཟུང་ཁྲིམས་དང་སྲོལ་ཡིག་མང་དག་ཅི་ལ་བསྟུན་དགོས་པ་བཟོས་ཡོད། ཁྲིམས་ཁ་ཤས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཀྱི་ཡོད་པ་དང་། ཁ་ཤས་ནི་ཕན་ཚུན་མི་མཐུན་པ་ཡང་ཡང་གི་ཡོད། དེར་བརྟེན་རང་སྐྱོང་གི་ཚད་གཞི་ངོ་མ་དེ་གང་ཡིན་མིན་གསལ་པོ་མེད་པ་དང་གཏན་མ་འཁེལ་བ་ཆགས་ཡོད། གང་ཡིན་ཟེར་ན་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མས་ཁྲིམས་དང་སྲོལ་ཡིག་གཏན་ལ་ཕབ་པ་དང་། ཐ་ན་སྲིད་བྱུས་འགྱུར་བ་བཏང་བ་སོགས་ཕྱོགས་གཅིང་རྐྱང་པའི་ངོས་ནས་འགྱུར་བ་བཏང་གི་ཡོད། དབུས་དང་ས་གནས་གཞུང་བར་རང་སྐྱོང་གི་ཚད་གཞི་དང་ལག་བསྟར་བྱེད་ཕྱོགས་སྐོར་མི་མཐུན་པ་བྱུང་ན་དེ་དག་ཐག་གཅོད་བྱེད་ཐབས་སམ་གྲོས་བསྡུར་བྱེད་རྒྱུའི་བརྒྱུད་ལམ་འདེང་ངེས་མེད། དོན་དངོས་ཐོག་གཏན་འབེབས་གསལ་བོ་མེད་པ་དེས་ས་གནས་ཀྱི་དབང་འཛིན་པ་ཚོས་ལས་དོན་འགན་འཁུར་བླང་རྒྱུར་འགོག་རྐྱེན་དང་། ད་ལྟའི་ཆར་བོད་མིའི་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད།
ད་ལྟའི་གནས་སྐབས་སུ་ང་ཚོས་གནད་དོན་འདི་དག་སྐོར་དང་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་ད་ཡོད་བོད་མིའི་དཀའ་ངལ་རྣམས་ཞིབ་ཕྲའི་སྒོ་ནས་འགྲེལ་བརྗོད་བྱེད་འདོད་མེད་ཀྱང་། མ་འོངས་པར་གྲོས་མོལ་སྐབས་འོས་འཚམས་ཀྱི་སྒོ་ནས་ཐག་གཅོད་ཡོང་ཆེད་དཔེ་མཚོན་གྱི་ཚུལ་དུ་འདི་དག་ཞུས་པ་ཡིན། ང་ཚོས་མུ་མཐུད་རྩ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ཡིག་ཁག་སློབ་སྦྱོང་བྱེད་རྒྱུ་དང་། དུས་ཚོས་འོས་འཚམས་ཐོག་ང་ཚོས་གང་ཤེས་པ་ལྟར་ཞིབ་འཇུག་བྱས་འབྲས་རྣམས་མཁོ་འདོན་བྱེད་རྒྱུ་ཡིན།
ཆབ་སྨྱོན་ལ་མང་པོ་མི་འདྲི་་་་་ཁྱོད་ལ་ཆབ་སྲིད་ཀྱི་ཤེས་ཚད་མེད་པ་གསལ་པོ་རེད་འདུག་
ཧོང་ཀོང་ལ་ད་ལྟ་དམངས་གཙོ་ཚད་ལྡན་ཞིག་ཡོད་པ་ཁྱོད་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་དམ་མེད་
དེ་ནས་ང་ཚོས་རྩོད་བཞིན་པ་དེ་ཧོང་ཀོང་ལ་ཡོད་པའི་ཆབ་སྲིད་ཀྱི་གནད་ཚད་ལས་མཐོ་བ་ཞིག་རེད་དམ་ཡང་ན་དེ་དང་མཉམ་པ་ཡང་ན་དེ་ལས་དམའ་བ་ཞིག་རེད་་་་་་་དྲི་བ་འདི་གཉིས་ལ་ལན་རེ་འཁྱེར་ཤོག་་་་་་དེ་མིན་ཉག་ཉོག་མང་པོ་བཤད་མ་ཡོང་
སྨྱོན་ན་པ་རང་ཉིད་ཀྱི་གོ་བ་ལོག་པ་ཞིག་གིས་སེམས་ལ་གང་འཁོར་བ་དེ་༧གོང་ས་མཆོག་དང་བཙན་བྱོལ་སྒྲིགས་འཛུག་ཀྱི་དགོངས་པ་འང་ངེས་པར་དེ་ཡིན་དགོས་པ་རེད་ཟེར་གྱི་འདུག་ག་་་་་་་་་་ཁྱོད་སྙན་ངག་ཚིག་ཁ་ཤད་བྲི་ཤེས་པ་ཙམ་རེད་འདུག་
ཁྱེད་དང་ཤར་ཁུག་གཉིས་ཀྱི་ཀུན་སློང་དེར་དངོས་ཤུགས་རྒྱུད་གསུམ་ནས་ང་ཚོའི་བཙན་བྱོལ་སྒྲིགས་འཛུག་འདི་ལ་ནུས་པ་ཅུང་ཟད་ཡོད་པ་དེ་མེད་པ་གཟོ་ཐབས་ཀྱིས་དྲ་ལམ་དུ་ཡི་གེ་མང་པོ་ཞིག་བྲིས་བཞིན་པ་ཡིན་པ་ཇེ་གསལ་ནས་ཇེ་གསལ་རེད་་་་་་་དེར་རྒྱ་གུང་དྲན་གྱི་ཁྱེད་གཉིས་ལ་གླ་ཕོག་ཞིག་སྤྲོད་ཀྱི་མེད་པ་བདེན་པ་ཡིན་ནའང་དེས་རྒྱ་གུང་དྲན་ལ་དགོས་པའི་ལས་དོན་ཆེན་པོ་ཞིག་སྒྲུབ་བཞིན་པ་ཤེས་པ་གྱིས་
ངས་ཁྱེད་གཉིས་ལ་གུང་དྲན་གྱི་ཕོག་མེད་པའི་གུང་དྲན་གྱི་ལས་བྱེད་པ་ཡག་པོ་ཞིག་རེད་ཟེར་འདོད་བྱུང་
བོད་ཀྱི་བུ་རྫུན་རྒྱ་ཞད་ཅན་ཁྱེད་ལ་ཁྱི་རྟགས་དངོས་གནས་འདུག་ག ཁྱེད་ནི་དྲ་འབུ་དོལ་ཚུགས་ཅན་རེད་བོད་འབུ་ཞིག་གི་དྲི་མ་མིན་འདུག ཁྱེད་ཀྱི་ཉེ་ཆར་ཆབ་བྲག་ཁོང་ལ་བོད་དོན་གླེང་པའི་ཐོབ་ཐང་་མེད་རིགས་ཅིག་ཅིག་ལབ་སོང་ང་། ང་དང་བོད་མིའི་ཁྱེད་ཀྱི་བཞེས་ལག་སྡུག་ག་མཆོད་ཀྱིན་མེད་འགྲོ་བསམ་གི ལྷག་པར་དུ་བོད་གངས་ཅན་གྱི་དཔའ་བོ་དང་དཔའ་མོར་ཚོར་ཁྱེད་ལ་བལྟ་ཚུལ་ཡག་པོ་མི་འདུག་ག ཁྱེད་ཀྱི་ཅི་ཞིག་བཤད་ཅིང་བོད་གངས་ཅན་ལ་སྨོད་པ་དང་སྡང་གི་ཡོད་པ་འདྲ་མོ་འདུག ཆབ་བྲག་ཟེར་ན་བོད་འབུའི་བཟོ་བལྟ་ཙམ་ཡང་མེད་པ་ཁྱེད་དང་ག་ནས་འདྲ། ང་དང་བོད་མའི་ཁོང་ལ་ཆ་འཇོག་བྱེད་དགོས་པ་ཆགས་སོང་ང་། རྒྱུ་མཚན་འདི་ཡང་ཁྱེད་ཆི་རེད། ཁྱེད་ལ་སློབ་སྦྱོང་ཁྱོན་ནས་མི་འདུག ངའི་དྲི་བར་ལན་ཡོང་བའི་རེ་བ་དེ་ཡང་བརླག་སོང་།
དྲན་དཀར་གྱི་བྱ་བ་ནི་སྐྱག་པས་རྐུབ་སྟེག་པ་རང་རེད་
ཆབ་སྨྱོན་ང་གཉིས་སྟག་སེང་ཁ་སྤྲོད་ཀྱི་རྩོད་སར་དྲན་དཀར་ཝ་མོ་འཚང་མ་ཡོང་ན་གང་འདྲ་འདུག་་་་་་རེ་བ་ཙམ་ཡིན་
ཧོ་ཧོ་་་་་་་བུ་རྫུན་གྱིས་དཔེ་ཡང་འཇོག་མི་ཤེས་པ་འདྲ། སྟག་སེང་ཁ་སྤྲོད་ཟེར་ན་གཟུགས་ཅན་ཅིག་དགོས་པ་རེད། ཧ་གོ་ཨེ་བྱུང་།
ཆབ་བྲག་པ་ལྷ་མོའི་མདུན་དུ་དྲྭ་འབུ་གཟུགས་མེད་འོང་བ་ནི། པཎཊི་ཟམ་གདོང་བླ་མའི་མདུན་ལ་ཨ་སེ་འཁྱམ་པོ་འོང་བ་འདྲ་མོ་རེད། དཔེ་འཇོག་ན་འདི་ལྟར་ཞོག་ཨ།
བཀུར་འོས་སྤྱི་ཟུར་དྲྭ་ཐོགས་གདོང་མཆོངས་དཔའ་རྒོད་ཆབ་བྲག་པ་ལྷ་མོ་ལགས། འུ་ཚོའི་བོད་རྒྱ་ཞད་ཅན་འདི་ཚོས་སྐུ་ཉིད་ཀྱིས་སེམས་ཤུགས་གཅོག་གི་རེད་བསམ་པའི་དོགས་པ་ཙམ་ཡང་ང་ལ་མེད། འོན་ཀྱང་སྐུ་ཉིད་ཀྱིས་ལམ་ཙམ་མཁྱེན་ཡོད་ཤག་ལ་སྲོག་གི་འཇིགས་སྐུལ་དང་རིགས་ཀྱི་འཇིགས་སྐུལ་བྱེད་མཁན་དེ་འདྲ་སྐུ་ཉིད་ལ་ཡོང་གི་ཡོད་ན་སཱ་རྭའི་དབུ་འཛིན་སྐུ་གཤེགས་དམ་པ་ལྟར་གསང་རྩ་ནས་མི་ཆོག ཇི་ལྟར་དབུ་མའི་ལམ་ནི་ཕྱི་གསལ་ནང་གསལ་ལ་ཉིད་ཀྱི་འདོད་པ་ལྟར་རང་ཉིད་ཀྱི་མི་ཚེ་སྐོར་ཀྱི་ཟིན་བྲིས་འམ་ཡང་ན་རང་ཉིད་ཀྱིས་ཡིད་ཆེས་ཆོག་པ་ཅིག་ཏུ་གཙང་ཉར་གནང་རོགས། སྐུ་ཉིད་ཀྱིས་མཚམས་ལན་རེ་བོད་མིའི་བསྒྲིགས་འཛུགས་དང་༧སྐུ་མདུན་དང་མཁས་དབང་ཟམ་གདོང་བླ་མའི་མི་ཚེ་འི་བདེན་པ་འི་ཆེད་དུ་གུས་ཚོར་ཆེན་པོས་འགུལ་ཤུགས་དྲག་པོས་ཚོར་རླབས་མཁའ་ལ་འཕྱོ་བ་ནི། བོད་ནང་གི་གཞིའི་བཞུགས་བོད་མི་ཡོངས་ཀྱི་ཚོར་བ་དྲྭ་ཐོགས་སུ་རྒྱུགས་པ་ལྟ་བུ་དང་། སྐབས་རེ་འགྲོ་བ་མིའི་རིགས་ཡོངས་ཀྱི་ཚོར་བ་བྱོ་བ་ལྟར་བདག་གི་མཐོང་གི་འདུག ཡིན་ནའང་དེང་གི་ཆར་འདི་ཙམ་ཡང་གཡག་ཞར་དང་ཁྱི་ཚོགས་ཀྱི་དགྲར་མི་འགྱུར་བའི་ངེས་པ་མི་འདུག་པས་སྐུ་ཉིད་ཀྱིས་བརྗེད་བྱང་འགོད་བགྱིད་བརྗེད་མི་ཆོག
ཆོས་རྗེ་ཨ་དཀོན་རིན་པོ་ཆེ་གློ་བུར་དུ་སྐུ་གཤེགས་པའི་གདུང་ཚོར་བཅུན་མ་ཐུབ་པར་ངས་འདི་བྲིས་པ་མིན། དེ་ལྟར་ཡང་སྐུ་ཉིད་ཀྱིས་བསམ་མི་ཆོག སྐད་ཆ་འདི་དོགས་འདྲི་དང་རྩོད་གཤེར་ཅིག་ཡང་མིན་སྟབས་ང་ལ་ལན་མི་དགོས། འདི་དྲན་དཀར་དཔལ་ཡོན་གྱི་སྐད་ཆར་བརྩིས་ན་དེ་གས་འགྲིག སྐུ་ཉིད་ཀྱི་བདེན་པའི་སྨྱུ་གུས་ཁྱི་ཚོགས་ཀྱི་མིག་དཔྲུལ་བའི་བྱ་སྤྱོད་ལ་ང་ཧ་ཅང་དུངས།
མགུར་བཞི་བ།
ལུང་རིགས་དཔེ་གསུམ་དེ་མེད་ན། བདག་གི་དོ་ཟླ་ནི་མི་འོས།
གཤེ་སྡིགས་དམོད་མོ་ནི་དག་གིས། བདག་གི་བ་སྤུ་ཡང་མི་འགུལ།
ང་ནི་སྟག་སེང་དེ་ཡིན་ནམ། ཡང་ན་སྨྱོན་པ་རང་ཡིན་ནམ།
སྟག་སྨྱོན་སེང་སྨྱོན་རང་ཡིན་ན། དེའི་རྩར་བཏུད་རྒྱུ་ཞིག་མེད་དོ།
མགུར་ལྔ་བ།
༸རྒྱལ་བ་ཡིད་བཞིན་གྱི་ནོར་བུ། བདག་གི་སྤྱི་གཙུག་ན་བཞུགས་ཡོད། བཀའ་གསུང་བདུད་རྩི་ཡི་རྒྱུན་བཟང། བདག་གི་སྙིང་དབུས་ན་འཁྱིལ་ཡོད།
བདེན་དོན་རྩོད་པ་ཡི་ལྕེ་འདི། ལོག་སྨྲ་ཟིལ་གནོན་གྱི་རལ་གྲི རྨོངས་པའི་དུག་ལྕེ་དེ་མ་གཏོགས།། མཛའ་བརྩེའི་སྲོག་རྩ་ནི་མི་གཅོད།
རང་སེམས་དངུལ་དཀར་གྱི་མེ་ལོང། རང་བཞིན་དྲི་མ་དེ་མེད་ན། ནག་ནོག་བཟོ་ཐབས་ནི་མེད་པས། ཕྱིས་ན་ཇེ་གསལ་རང་ཡིན་ནོ།
ཆབ་བྲག་དང་ཤར་ཁུག་འཇམ་ནོར་སོགས་རང་རེ་བཙན་བྱོལ་ནང་ཡོད་པའི་ཡི་གེ་ཏོག་ཙམ་བྲི་ཤེས་པ་ཚོས་དོལ་རྒྱལ་རྗེས་འདྲང་བ་ཚོ་ནང་བཞིན་དགྲ་བོ་རྒྱ་དམར་གྱི་གླ་ཕོག་རྒྱུ་དངོས་ལེན་གྱི་མེད་པ་ལ་ཡིད་ཆེས་ཡོད་
འོན་ཀྱང་ཡི་གེ་ཅུང་ཟད་བྲི་ཤེས་པ་དེ་དགྲ་བོ་རྒྱ་དམར་ལ་དགོས་པ་དང་ང་ཚོ་བོད་པར་མི་དགོས་རྒྱུ་འབའ་ཞིག་ལ་བེད་སྤྱོད་བྱེད་བཞིན་པ་རང་གི་རྗེས་འབྲང་པ་ཚོས་ཤེས་རྒྱུ་ལྟ་ཞོག་ཡི་གེ་བྲི་བ་པོ་རང་ཉིད་ཀྱིས་ཀྱང་ཤེས་ཀྱི་མེད་པ་གསལ་པོ་རེད་
ངས་གོང་དུ་ཆབ་སྨྱོན་ལ་ཧོང་ཀོང་དང་འབྲེལ་བའི་དྲི་བ་ཞིག་ཡོད་དེར་ལན་མེད་ན་ཉག་ཉོག་མང་པོ་བཤད་མ་ཡོང།
མགུར་དྲུག་པ།
རང་བཙན་ནི་ཐོབ་ཐང་མཐོ་ཤོས་ཏེ། ཡིན་ན་ཡང་རྨི་ལམ་ཙམ་ཞིག་རེད། རྨི་ལམ་ལ་འཁྲུལ་ན་ནི་སྟོང་བའོ།
དབུ་མ་ནི་རང་སྐྱོང་མཐོ་ཤོས་ཏེ། རྩོད་ན་ནི་རེ་བ་ཡོད་པ་ཞིག འབྲས་བུ་ནི་སྲིད་ཀྱི་འགྱུར་བར་ཐུག
ཞང་ཀང་ནི་རྒྱལ་ཕྲན་ཆུང་ངུ་འདྲ། དོན་དམ་གྱི་རང་སྐྱོང་ཚད་མཐོ་ཞིག ཕྱི་སྲིད་ཀྱི་དབང་ཆ་ཙམ་ཞིག་ལས། ནང་སྲིད་ཀྱི་དབང་ཆ་ཚང་མ་བདོག
མགུར་བདུན་པ།
ཁ་བརྡ་བ་དྲ་བ་མིན་པས།། ཁ་ནི་གྲགས་རོགས་མི་བྱེད།
ཁ་ལས་དགེ་བའི་སྐབས་དར།། ཁ་གཙེ་ཁག་ངན་མང་གི།
བླ་མར་དད་ན་བཟང་གི། སྲིད་ལ་དགའ་ཡང་བཟང་གི།
དགྲ་བོར་ངོ་སོ་བསྟད་ནས།། ནང་ལ་ཁག་གཡོག་མ་བྱེད།
དགྲ་ལ་འགུལ་སྐྱོད་མེད་ན། ནང་ལ་དཀྲུགས་པས་མི་ཕན།
དགྲ་པོ་སྒུལ་ཤུགས་མེན་ན། ནང་འཆམ་བྱུང་བས་མི་ཕན།།
མི་ཕན་བླ་མའི་དམན་ངག། རྒན་ལ་དགོས་པའི་མཆན་ཡིག།
དེ་རང་ཀུ་རེ་ཞུས་པར།། སང་ཉིན་(སྒྲ)་ལ་མ་འཛིན། ཧ་ཧ་ཧ།
མགུར་བརྒྱད་པ།
བདེན་དོན་ནི་རྩོད་ས་འདིར། ཕྱི་གསལ་ནི་ནང་གསལ་ཡིན། དབུ་མ་ཡི་ལམ་བཟང་འདིར། དགྲ་གྲོགས་ཀྱི་དབྱེ་བ་མེད།
དགྲ་བོ་ནི་ཡིན་ཡང་ཆོག བཟང་ཆ་ནི་བླང་བྱ་ཉིད། དགའ་གཉེན་ནི་ཡིན་ཡང་རུང། ནོར་འཁྲུལ་ནི་དོར་བྱ་ཉིད།
ཁ་བརྡ་ནི་མེད་ན་ཡང། ཁ་ཁོག་ནི་དྲང་མོ་མདའ། ཁ་ཁུར་རེ་མ་དགའ་ཡང། ཁ་ཐག་ནི་མི་རིང་འཚལ།
མགུར་དགུ་བ།
འཇམ་ནོར་ནི་རང་བཙན་ལོ་རྒྱུས་གླེང། ཁུག་རྟ་ནི་དབུ་མའི་དར་ཆ་སྒྲེང། གཉིས་ཀ་ཡང་བོད་དོན་འཐབ་རྩོད་དེ། སུ་བཟང་དང་སུ་ངན་ཡོད་པ་མིན།
དབུ་མ་དེ་རྒྱལ་བའི་ཐུགས་ལས་འཁྲུངས། ཐུགས་འདུན་དེ་དམངས་ཀྱིས་དང་དུ་བླངས། ཕོ་ཉ་ངས་དབུ་མའི་དགོངས་དོན་བཀྲལ། རྒྱལ་བ་ནི་དགྱེས་པའི་མཆོད་པར་ཕུལ།
རྒན་ལྷ་མོ་སྐྱབས་ལགས་འདིར་མཆན་བྲིས་པར་ཕེབས་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བས་ངས་རང་ཉིད་ཀྱི་བསམ་ཚུལ་ཙམ་བྲིས་པར་ཐུགས་སྣང་གནང་པར་ཐུགས་རྗེ་ཆེ། ཁྱེད་ཀྱི་མཆན་བཀོད་དགོངས་ཚུལ་ཇི་བཞིན་ང་རང་ནས་སླར་ཡང་སློབ་སྦྱོང་དང་བསམ་བློ་གང་མང་གཏོང་རྒྱུ་ཡིན་ལ། དེའི་འབྲས་ཀྱི་བསམ་ཚུལ་ཀྱང་སྤེལ་འདོད་ཡོད། དེང་སང་ཡིག་རྒྱུགས་ཀྱི་རྐྱེན་པས་དྲྭ་ལམ་ནང་དེ་ཙམ་ཡོང་མི་ཐུབ་པས། རྒན་ལགས་ལ་དུས་ཐོག་འཚམས་འདྲི་དང་མཆན་ལན་ཕུལ་ཐུབ་མ་སོང་བས་དགོངས་འགལ་མེད་པར་གྱིས།
དེ་བཞིན་གོང་ཕེབས་དྲྭ་གྲོགས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བདག་གི་མགོ་རྔ་མི་ཚང་བའི་རྩོམ་ཡིག་ཀློག་པ་དང་བཟང་ངན་གྱི་དགོངས་ཚུལ་སྣ་ཚོགས་གསུངས་པར་ཐུགས་རྗེ་ཆེ་ཞུ།
མང་གཙོ་ཚིག་ཟིན་ལ་མེད་པ་ཙམ་གྱིས་མང་གཙོ་དགོས་ཀྱི་མེད་ལབ་པ་རེད་དམ་་་་དེས་ན་ཁྱེད་ཅག་གི་མགོ་དགོས་ཀྱི་མེད་པར་ཐལ་དེ་དགོས་པ་ཚིག་ཟིན་ལ་གསལ་མེད་པས་ཕྱིར།་་་ ཨ་ཀློའུ་རྒན་ཆ་བོ།
ཆབ་བྲག་འདི་ཡང་བླ་མའི་ཞབས་ཞུ་པ་ཞིག་ཡིན་ས་རེད། དབུ་མ་ཡི་འབྱུང་ཁུང་རྒྱ་རེད། གོང་ས་མཆོག་ནི་མིན། དགྲ་གཉེན་གྱི་དབྱེ་བ་མེད་ན་གདའ་མ་དང་སྐྱ་སྟོང་པ་ཡིན་པ་ལས་ཆན་སྲིད་པ་མིན། འཐབ་རྩོད་པ་མིན། ཆོས་བ་ཡིན། དབུ་མ་བས་ཆོད་ལུགས་རྩོད་ཀྱི་ཡོད་ས་རེད།
ད་ཡིན་ན་ཆབ་བྲག་འུ་ཐུག་ནས་གླུ་འདྲ་བླངས་ནས་བསྡད་ཡོད་ཀི ཧཧཧ
ཆབ་བྲག་ཆམས་ལ་ཕབ་མཁན།།
ཆབ་མཛོད་ཀློངས་ནས་ཤོར་ཤོར།།
ཆབ་སྒྲ་དགུང་ལ་འཕྱོ་བ།།
ཆབ་བྲག་གཡས་གཟུར་གཡོན་གཟུར།།
ཆབ་མཛོད་སུ་ཡིས་གཏོར་མིན།།
ཆབ་ཀྱི་ལྷ་མོས་མཁྱེན་ནོ།།
མགུར་བཅུ་བ།
བློ་བཟང་ནི་གྲགས་པ་དེ། སྐད་ཆ་ནི་སྙན་ན་ཡང། དོན་གྱི་ནི་སྙིང་བོ་ལ། ཞྭ་ནག་ཅིག་གཡོགས་སོང་ངོ།
དྲན་དཀར་ནི་དཔལ་ཡོན་དེ། སུ་ཡིན་ནི་མི་ཤེས་ཀྱང། ཁོ་བོ་ཡི་རྩོམ་ཡིག་ལ། དུངས་ཞེན་ནི་ཆེ་བར་རྟོགས།
ཨ་ནུ་ཐང་བསོད་ནམས་དེས། གནད་འགག་ཞིག་འཇུས་སོང་ལ། རྣོན་པོས་ཀྱང་རྣོ་བོ་ཞིག སུ་ཞིག་ལ་བསྣུན་སོང་ངོ།
བོད་ཀྱི་ནི་བུ་མིང་ཅན། ཅི་བྱུང་ནི་མ་ཤེས་ཏེ། བདག་གི་ནི་རྩོམ་ཡིག་ལ། ཁོང་ཁྲོ་ནི་ལངས་འདུག་གོ
བསོད་དམན་ཨ་ནུ་ཐང་བས།
སྐྱག་པའི་ར་བ་བསྐོར་བྱུང་།
རང་དབང་རི་དྭགས་འདྲ་མོ།
ག་ནས་མཆོངས་ན་ལམ་རེད།
རྒྱ་གར་ཡུལ་གྱི་དམངས་གཙོ།
གནམ་གྱི་ཀ་བར་བཞེངས་འདྲ།
མཐའ་མཚམས་ཁག་ལ་ཕེབས་དང་།
ཕྱི་ཚུལ་ལྷ་སར་འདྲ་བྱུང་།
མི་ཡི་ཐོབ་ཐང་གླེང་སར།
རི་དྭགས་སྐད་འགོ་མ་མཐོ།
ཤར་ལ་ཤར་གྱི་མང་གཙོ།
ནུབ་ལ་ནུབ་ཀྱི་མང་གཙོ།
ཉེ་དུ་ནང་ལ་བཞག་ནས།
ཕྱི་ནས་རྫིག་རྫིག་མ་བྱེད།
གྲོད་པ་རྒྱག་པའི་གཏམ་ཡང་།
གཞུང་གིས་བཀའ་དྲིན་ཡིན་འགྲོ།
རྒྱ་མིས་དམངས་གཙོ་དེ་ཡང་བོད་སར་མེད་པ་ཆི་རེད།
པེ་ཅིང་རང་དབང་དེ་ཡང་ལྷ་སར་མེད་པ་ཆི་རེད།
རྒྱ་མིའི་ཐོབ་ཐང་དེ་ཡང་བོད་པར་མེད་པ་ཆི་རེད།
རྒྱ་ཡིག་ཐོབ་ཐང་དེ་ཡང་བོད་ལ་མེད་པ་ཆི་རེད།
རྒྱ་ལན་མ་བྱུང་གོང་ལ།
རང་བཙན་ཡིན་མདོག་མ་གནང་།
རྩོད་པའི་གོ་རིམ་འདི་རེད།
ཕྱི་གསལ་ནང་གསལ་འདི་རེད།
རྒྱ་ལན་མ་བྱུང་གོང་ལ།
ནུབ་ལུགས་ཡིན་མདོག་མ་གནང་།
རྩོད་པའི་གོ་རིམ་འདི་རེད།
ཕྱི་གསལ་ནང་གསལ་འདི་རེད།
སློབ་མ་བློ་གྲགས་ཉམས་ཞོག།
མང་གཙོ་གཉིས་ལས་མེད་པའི།
སྐྱག་དེབ་སྦྱོང་གི་མ་འདུག།
དེ་ལས་ནང་ལ་ལོག་རྒྱུགས།
མང་གཙོ་མིན་པའི་རང་དབང་།།
རང་དབང་མིན་པའི་མང་གཙོ།།
ལྟས་ངན་འདི་གཉིས་བར་ནས།།
སྐྲ་ལོ་དཀར་ཐིག་ལྷུང་འགྲོ།།
དབུ་མའི་ལམ་ལ་ཞུགས་ནས་ལོ་ངོ་འདི་འདྲའི་མང་པོ་སོང་ཡང་དམངས་ཀྱི་གོ་རྟོགས་འདི་ཙམ་ལས་མེད་པ་ཨ་ཤུ་རེ།
ང་ཚོས་བསམ་འཆར་གྱི་དོན་ཚན་ཁག་ལ་གོ་རྟོགས་ཐུབ་རྒྱུ་ལྟ་ཞོག ཐ་ན་དེའི་མིང་ཙམ་ལའང་གོ་རྟོགས་ཐུབ་མི་འདུག
ཅི་ཞིག་ལ་མིང་དོན་མཚུངས་པ་ཟེར། འདིར་གླེང་རྒྱུའི་མིང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་ཁག་ལ་གོ་དགོས། ཐོབ་ཐང་དེ་དག་དངོས་སུ་སྤྲད་ན་དེ་དོན་དང་མཚུངས་པ་རེད། ད་ལྟ་ཁོང་ཅག་གི་རྩ་ཁྲིམས་ནང་འཁོད་ཀྱང་དོན་ལ་ཐོབ་ཐང་དེ་དག་རག་གི་མེད་པས། མིང་དོན་མཚུངས་ཀྱི་མེད།
རྩ་ཁྲིམས་ཀྱི་ཚིག་འབྲུ་དང་ལག་ལེན་ཁག་དོན་ལ་གནས་ན། དེ་མིང་དོན་མཚུངས་པ་རེད།
དེ་ཙམ་ཞིག་ཤེས་སོང་ན་དམངས་གཙོ་དགོས་མི་དགོས་བཤད་དགོས་གང་ཡང་མེད། ས་གནས་དང་རྫོང་རིམ་པ་སོགས་ལ་དམངས་གཙོའི་ལམ་སྲོལ་ཇི་ཡོད་རྒྱ་ནག་མི་དམངས་ཀྱི་རྩ་ཁྲིམས་ནང་གསལ་པོར་འཁོད་ཡོད།
དེ་ཙམ་ཡང་མ་ཤེས་ན་ཁྲིམས་ལུགས་ཐོག་འབུམ་རམས་པ་ཐོན་པའི་སྲིད་སྐྱོང་ཡིན་ནའང་འདྲ། ཁྲིམས་ལུགས་ལ་སློབ་གཉེར་བྱེད་ཀྱིན་པའི་གསར་བུ་ཡིན་ནའང་འདྲ། གང་ལྟར་རོལ་ཆ་མཉམ་དཀྲོལ་ནང་འཛུལ་ནས་མ་ཤེས་ཤེས་ཁུལ་བྱེད་པ་ལས། དོན་དུ་རང་རྐྱ་འཕེར་བའི་རོལ་མོ་དཀྲོལ་མ་ཤེས་པ་རེད།
འདིར་མཆན་འཁོད་པ་མང་དག་ཅིག་སླེབས་འདུག་པར། ཁྱོད་ཅག་གིས་བསམ་ཚུལ་གང་བཤད་རང་གི་འདོད་མོས་རེད་མོད། མ་མཐར་ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལན་གཅིག་ངེས་པར་བཀླགས་ནས་གྲོས་ལ་ཕེབས་ན་དོན་དང་ལྡན།
འདྲེ་ཚུགས་མེད་པའི་རྐང་ཐོ།
ལུང་ལོག་དགོན་ལུའི་བར་ན།
རྐང་རྗེ་སྤར་ནི་ཅན་པོ།
གཟུགས་མེད་ཡིན་ས་མ་རེད།
སྨྲ་བརྗོད་རང་དབང་ཅན་པོ།
འགན་འཁྲི་མེད་ནི་ཅན་པོ།
ལས་ཀར་ལེ་ལོ་ཅན་པོར།
སྐྲ་ལོར་ཡོད་ས་མ་རེད།
གྲོགས་པོ་མང་པོ་ཞིག་གིས་རང་རང་སོ་སོའི་དགོངས་ཚུལ་རང་དབང་ངང་ལྷུག་པོར་གསུངས་པའི་ནང་མང་པོ་ཞིག་གིས་རྩོམ་པ་པོ་ཆབ་བྲག་ཕོ་ཉ་ལགས་སུ་གཞི་མེད་ཀྱི་སྒྲོ་སྐུར་བྱས་ཏེ་ཉེས་མེད་བསྙོན་འཛུགས་བྱས་དང་བྱེད་བཞིན་ཡོད་པའི་ཚོར་སྣང་བྱུང་། མི་རིང་པའི་སྔོན་ཙམ་ལ་ཁོང་གིས་རང་དབང་དང་རང་མོས་ཐོག་མེར་བསྲེག་ཐད་སྐུ་ཉིད་སྒེར་གྱི་དགོངས་ཚུལ་རྩོམ་ཡིག་ཅིག་བྲིས་གནང་པར། རྒྱ་གཞུང་རྗེས་འབྲངས་ཕྱོགས་གཏོགས་དང་བཅས་པས་སྤྱང་ཀི་ཤ་ལ་རྔམ་པ་ལྟར་རུབ་བརྒྱབ་སྟེ་རྩོམ་ཡིག་དེ་བཞིན་བསམ་བཞིན་དུ་འཆར་གཞི་ཡོད་པའི་ཐོག་གོ་བ་ལོག་སྒྲུབ་དང་བེད་སྤྱོད་ཕྱིན་ཅི་ལོག་ཏུ་བཏང་སྟེ་སྐད་གྲགས་གནམ་ས་ཆོད་པ་བཟོས། །
དེ་ནི་ཁོང་ཚོར་སྐབས་ཐོག་དེར་ལག་པ་འཆང་ས་གང་ཡང་མེད་ཀྱང་བོད་ནང་གི་རང་ལུས་མེར་བསྲེག་གི་དོན་རྐྱེན་རྣམས་བཙན་བྱོལ་བོད་གཞུང་གིས་ངན་སྐུལ་བྱས་རབས་ཁ་ན་ན་བར་བཤད་ཀྱིན་ཡོད་པ་དང་སྐབས་ཐོག་གཅིག་ཏུ་འཁེལ་བ་དང་། ཡང་ཚུར་ཕྱོགས་ན་བོད་མི་རྣམས་འུ་ཐག་ཐབས་ཟད་ཀྱིས་རང་སྲོག་ལའང་ཅི་མི་སྙམ་པར་མེ་རུ་སྒྲོན་རྐྱང་བྱེད་ཀྱི་ཡོད་པ་དང་སྐབས་འཁེལ་ཏེ་མདོར་ན་འཐོར་ལ་ཉེ་བའི་མེ་རི་གཉིས་ཀྱི་བར་དེ་ནས་ལམ་ཁ་ཞིག་བཙལ་ཏེ་རང་ཉིད་ཀྱི་དགོངས་ཚུལ་རྣམས་ཐད་ཀར་གསལ་སྟོན་གནང་ཐུབ་མཁན་ནི་ལར་ཞེན་དང་རིགས་ཞེན་ཅན་སྙིང་སྟོབས་ཅན་གྱི་རྩོམ་པ་པོ་ཁོང་གཅིག་བུ་དེ་ཆགས་ཡོད་པའི་མཐོང་སྣང་བྱུང་།
གོང་གི་རྒྱ་གཞུང་རྗེས་འབྲངས་ཕྱོགས་གཏོགས་དང་བཅས་པའི་གནང་སྟངས་དེ་ལ་དེ་མ་ཐག་ཏུ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་གིས་དེ་ནི་ཁོང་སྐུ་སྒེར་གྱི་དགོངས་ཚུལ་ཡིན་པ་ལས་བཙན་བྱོལ་སྒྲིགས་འཛུགས་དང་འབྲེལ་གང་ཡང་མེད་སྐོར་དགག་ལན་ཚ་ནན་གནང་གྲུབ་ན་ཡང་ད་དུང་བརྟག་དཔྱད་གང་ཡང་མེད་པའི་འུར་ལ་དགའ་བའི་མི་བུ་དག་གིས་ནི་དེ་ཁོ་ན་གླེང་སྟེ་དྲང་བདེན་སྐྱོང་ཞིང་སྙིང་སྟོབས་ཅན་གྱི་རྩོམ་པ་པོ་ཁོང་ལ་གླེང་འགེལ་བཞིན་གཞི་མེད་བསྙོན་འཛུགས་བྱེད་རྐྱང་བྱེད་ཀྱིན་འདུག ། འདི་ནི་ངོ་མ་བཤད་མི་ཤེས་པ་ཞིག་རེད། བོད་རིགས་སུ་ཞིག་ཡིན་ཀྱང་རང་གི་མི་རིགས་འདི་འདི་ལྟར་མེ་རུ་འབར་ཏེ་གྲོངས་ན་བསམ་མཁན་སྙིང་ཡོད་མཁན་དང་ཚོར་བ་ཡོད་མཁན་གྱི་བོད་མི་ཞིག་ཡིན་ན་མེད་ཁོ་ཐག་ཡིན་སྙམ།
བོད་མི་རྣམས་འུ་ཐུག་སྟེ་ལ་ལ་རི་ཁུག་དང་ལུང་ཁུག་སོགས་སུ་སོ་སོ་རང་ཉིད་མེ་རུ་བསྒྲོན་ཏེ་ངོ་རྒོལ་མཐའ་མ་དེ་གནང་བཞིན་སེམས་ཀྱི་དཀའ་སྡུག་དང་མངོན་འདོད་སྐད་ཆ་ཡོད་ཚད་མེ་དཔུང་བར་སྣང་ལ་མཆེད་ཀྱིན་པ་དེས་སྟོན་ཀྱིན་ཡོད། ཁོང་ཚོའི་སྙིང་སྟོབས་དང་ཆོད་སེམས་ལྷག་བསམ་རྣམ་དག་ལ་སུ་གཅིག་གིས་ཀྱང་བྱ་རྒྱུ་ཅི་ཡང་མེད་པའི་གནད་འགག་གི་དུས་ཚོད་ལ་ཐུག་ཡོད། རྩོམ་པ་པོས་ཤས་མི་བཟོད་ཅིང་རུས་པས་མི་ཐུབ་པའི་སྙིང་རྗེ་དང་ལར་ཞེན་རིགས་ཞེན་རྒྱལ་གཅེས་བཅས་ཀྱི་ཀུན་ནས་བསླངས་ཏེ་མི་ལུས་རིན་ཆེན་གཅིག་མེ་རུ་འབར་ཡང་དེ་ནི་དཔེར་ན་དུས་ཚོད་ཀྱི་ཆ་ནས་རེད། ཡུལ་གྱི་ཆ་ནས་རེད་ཤུགས་རྐྱེན་ཐེབས་ཆེ་ས་ཞིག་དང་རྣོ་ངར་ཆེ་ས་ཞིག་ཏུ་གནང་ན་ད་གཟོད་བློས་བཏང་གནང་བ་དེར་དོ་སྣང་དང་ཤུགས་རྐྱེན་གྲུབ་འབྲས་དེ་ལས་ཀྱང་རླབས་ཆེ་བ་ཞིག་ཡོང་དུ་རེ་ནས་རང་ཉིད་ཀྱི་དགོངས་ཚུལ་གསུངས་ཏེ་རྩོམ་ཡིག་འབོད་སྐུལ་གནང་བ་ནི་གལ་ཏེ་མི་རིགས་ལ་དུང་བ་ཆེ་ཞིང་ཤ་ཚ་ཡོད་མཁན་ཞིག་ཡིན་ཚེ་རྩོམ་པ་པོ་ཁོང་གི་དགོངས་ཚུལ་དེ་ཚོར་ཅི་བས་ཀྱང་གདེང་འཇོག་དང་གོ་བ་སྐྱེ་དགོས་པ་ཡིན་མོད། སྟབས་མ་ལེགས་པར་རྒྱ་གཞུང་བརྒྱུད་པ་དང་བཅས་པས་བསམ་གཟས་ནས་རྩོམ་པ་པོ་ཁོང་ཆགས་དང་གས་ཁ་ཐོ་ཐུག་པའི་བར་དེར་བརྫངས་ཏེ་མཛད་དཀའ་བཟོས་ཡོད་ཁར། ད་དུང་བརྟག་དཔྱད་ཏིལ་འབྲུ་ཙམ་ཡང་མི་བྱེད་ཅིང་བླུན་པོ་ཆུ་སྣ་གར་འཁྲིད་ཅན་གྱི་རང་རིགས་མང་པོ་ཞིག་གིས་ཀྱང་སྙིང་ཚིམ་དྲག་པོ་ཕ་བསད་དེ་རྒྱལ་རྔ་བརྡུང་བ་ལྟ་བུ་ཞིག་བྱས་དང་བྱེད་བཞིན་འདུག ཁྱེད་ཚོས་གསུངས་དང་། རྨ་ལ་ཕན་ན་ཁྱི་ཚིལ་ཡིན་ཡང་བརྐུས་ཟེར་སྲོལ་ཡོད་པ་བཞིན་དཔེར་ན་དེང་གི་ངོ་རྒོལ་བ་ཚོས་རྒྱལ་ཕྱི་ནང་གང་སར་ཐབས་ཤེས་མཉམ་འཛོམས་ལྟ་བུ་ཞིག་གི་ཐོག་རང་སྲོག་བློས་བཏང་གནང་གི་ཡོད་པ་ལྟར་འུ་ཅག་གིས་ཀྱང་ཅིའི་ཕྱིར་ཁོང་ཚོའི་ས་ནས་ལེགས་ཆ་ལེན་མ་ཆོག་པ་ཡིན་ནམ། འོ་ན་འུ་ཅག་གི་རྒྱལ་གཅེས་སྐུ་གཤེགས་དཔའ་བོ་ཕོ་མོ་མང་པོ་ཞིག་ད་བར་དུ་སྐུ་ལུས་མེ་རུ་བསྒྲོན་ཏེ་ངོ་རྒོལ་གནང་བ་དེ་ཚོ་རེ་རེ་དོན་མེད་སྡུག་གྱོང་འདྲ་བོ་ཞིག་ཆགས་ན་དགའ་འམ། འདི་འདྲ་ཞིག་གིས་ཁྱེད་ཅག་གློ་བ་ཚིམ་མམ། གལ་ཏེ་ཁོང་རྣམ་པས་ཐབས་ཤེས་དང་གནད་འགག་ཆེ་ས་དག་ཟིན་ཏེ་ལས་འགུལ་དེ་དག་སྤེལ་གནང་ཡོད་ཚེ་རྒྱལ་ཕྱི་ནང་གང་དུ་ཡང་དེང་གི་གནས་སྟངས་དང་གྲུབ་འབྲས་འདི་ལས་ལྷག་ཅིག་ཅི་ལ་མི་ཡོང་སྟེ་ཅིས་ཀྱང་འབྱུང་ངེས་རེད། རྩོམ་པོའི་དགོངས་པ་དང་འབོད་སྐུལ་གྱི་སྙིང་དོན་ཡང་འདི་ཁོ་ན་ཡིན་གྱི་གཞན་ནི་ནམ་ཡང་ཡིན་མི་སྲིད་པས་བར་མ་དོར་འཁྱམ་བཞིན་པའི་སྨྱུགས་ཐོག་པ་དག་གིས་དགྲ་དགའ་གཉེན་སྡུག་གི་བསམ་ངན་སྦྱོར་རྩུབ་བཤམས་ཏེ་ལྷག་བསམ་ཅན་གྱི་བསམ་བློ་བ་དང་རང་དབང་ཅན་གྱི་རྩོམ་པ་པོ་རྣམས་མེད་བརླག་ཏུ་གཏོང་པའི་ལས་དེ་སྐྱུར་ལ་ཐོངས་ཞེས་སྙན་སྐུལ་ཞུ་སྙིང་འདོད་བྱུང་། །
ད་དུང་ཞུ་འདོད་པ་གཞན་ཞིག་ནི་ང་ཚོའི་ནར་མ་སོན་པའི་བྱིས་བློའི་ངང་ཚུལ་ཅན་གྱི་སྐྱོན་ཆེ་ཤོས་ཤིག་ནི་རྩོམ་ཡིག་རེ་དང་སྐད་ཆ་རེ་ཤོད་སྐབས། ལུང་རིགས་དཔེ་གསུམ་གྱི་ཐོག་ནས་དོན་དག་གནད་ལ་འཁེལ་བ་དེ་ཚོ་དྲང་པོར་གནས་པའི་ཐོག་ནས་སོ་སོའི་ཆགས་སྡང་གི་བསམ་བློའི་ཤན་ཤུགས་ཐེབས་མ་བཅུག་པར་བཤད་ཨེ་ཐུབ་མི་འབད་པར། དེ་མ་ཐག་འབྲེལ་ཅི་ཡང་མེད་པའི་མི་བུ་སྒེར་གྱི་སྐྱོན་མཚང་བསྔོག་པ་དང་། ཟུར་ཟ་བྱེད་པ། ཚིག་ངན་སྨྲ་བ་སོགས་ཅི་མི་སྙམ་པར་བྱེད་རྐྱང་བྱེད་པ་འདིས་དོན་དག་ངོ་མའི་ཐོག་རང་གི་ནང་རྟགས་ཚང་མ་དམར་དམར་རྗེན་རྗེན་དུ་རྒྱ་ཁ་ལ་འགྱོག་བཞིན་འདུག་པས་སོ་སོ་ཉེས་སྐྱོན་གང་ཡང་མེད་པའི་མཁས་པའམ་རྩོམ་པོ་པོ་ཞིག་གི་གྲལ་དུ་འཚུད་འདོད་པ་དག་གིས་དེ་ལྟར་མི་གནང་བར་བབ་ལྷིང་བརྟན་གསུམ་གྱི་ཐོག་ནས་ཧ་ཅང་མ་ཐལ་བ་ཞིག་གནང་གལ་ཆེ་སྙམ་མོ། །
མགུར་བཅུ་གཅིག་པ།
རིག་སློབ་བློ་སྦྱིན་གྱི་གཏམ་འདི། གཟུ་གཏམ་རྨ་མེད་དེ་རེད་འདུག གོ་བ་རྣལ་མ་དེ་ལེན་མཁན། འདི་འདྲ་ཡོད་པ་དེས་དགའ་བྱུང།
དཔེར་ན་ཉམ་ཆུང་གི་མི་ཞིག དགྲ་བོས་བརྙས་བཅོས་དེ་བྱེད་དུས། དྲག་རྩལ་དཔའ་རྒོད་ཀྱི་སྐྱེས་བུ། གྲོགས་སུ་བྱོན་པ་དང་འདྲ་བྱུང།