རིགས་སློབ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག Posted on 2013-10-142013-10-14 By ཁ་བརྡ་ 11 Comments on རིགས་སློབ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག གློག་བརྙན་།
རྒན་བློ་བཟང་རྒྱ་མཚོ་མཆོག་གིས་རིགས་སློབ་གསར་འཛུགས་སྐབས་༸གོང་ས་སྐྱབས་མགོན་ཆེན་པོར་དམ་བཅའ་ཆེན་པོ་གསུམ་ཕུལ་བ་ནི། ༡༽ སློབ་ཕྲུག་ཚོའི་སེམས་ཤུགས་འཕར་ཆེད་འཚོ་ཕོགས་སློབ་ཕྲུག་ཚོ་དང་འདྲ་མཉམ་ལས་མི་ཞུ་བ། ༢༽ གོ་གནས་མིང་གྲགས་མི་འདོད་ཀྱང་བཀའ་བཞིན་ལས་དོན་ཧུར་ཐག་ཞུ་རྒྱུ། ༣༽ སྒེར་དོན་སྤངས་ནས་སྤྱི་དོན་འབའ་ཞིག་བསྒྲུབ་རྒྱུ།
ངས་ཁྱེད་ཚོར་ཡིད་ཆེས་དཀའ་བའི་བསམ་ཚུལ་ཅིག་ཞུ་འདོད་བྱུང། རིགས་ལམ་མཚན་ཉིད་དགེ་རྒན་དང་སློབ་སྤྱི་ལྕོགས་མཁན་རིན་པོ་ཆེ་བློ་བཟང་རྒྱ་མཚོ་མཆོག་ནི། རྗེ་ལྷ་བྲག་མར་པ་ལོ་ཙྰ་པའི་རྣམ་སྤྲུལ་འཁྲུལ་མེད་ཅིག་རེད་སྙམ་ལགས།
༸གོང་ས་སྐྱབས་མགོན་ཆེན་པོས་རྒན་གྱི་སྐོར་ལ་སྩལ་བའི་གསུང་འཕྲིན། རྒན་དེ་ཉིད་ནས་མ་སུ་རིའི་སློབ་དགེ་དང་། རིགས་སློབ་ཏུ་སློབ་སྤྱིའི་འགན་ཁུར་བྱེད་ཡུན་རིང་འདོད་ཆུང་ཆོག་ཤེས་ཐོག མཛེས་ཟོལ་སྤངས་པའི་སྤྱི་དོན་ལྷག་བསམ་ཁུར་བརྩོན་ཆེ་བསྐྱེད་བྱས་འབྲས། རིགས་སློབ་ཏུ་ཆོས་སྲིད་ཤེས་ཡོན་གོ་འཕེར་གྱི་སློབ་མ་མང་པོ་བསྐྱེད་བསྲིངས་བགྱིས་པ་རྣམས་ཀྱིས་དེང་དུས་སྤྱི་ཚོགས་ནང་དོན་ཕན་ལྡན་པའི་ཞབས་འདེགས་སྒྲུབ་བཞིན་པ་མ་ཟད། རིགས་སློབ་རྒྱ་བསྐྱེད་རྨང་གཞི་ལེགས་ཚུགས་ཐོག བོད་དགེ་དང་། གཞུང་ཞབས་ལས་བྱེད་པར་བོད་ཡིག་གཟབ་སྦྱོང་དང་། དགེ་རྒན་འོས་སྦྱོང་སྤྲད་པ་སོགས་ཁ་ཚ་དགོས་གཏུགས་ཀྱི་བྱ་བར་བྱས་རྗེས་གཟེངས་སུ་ཐོན་པ་བྱུང་ཡོད།
༸གོང་ས་མཆོག་ནས། ཡང་སྒོས་དབུ་ཚད་ཀྱི་ལྟ་གྲུབ་རྣམ་གཞག་ལ་གཞུང་བཤད་སྲོལ་རྒྱུན་ལྟ་བུ་མ་ཡིན་པར། གཞུང་དོན་ལ་ཉམས་ཞིབ་གོ་མྱོང་འཚོལ་བའི་འབད་རྩོལ་ལོ་མང་བགྱིས་འབྲས་དབུ་མ་ཐལ་རང་གི་ལྟ་བའི་བཞེད་མཚམས་དཀའ་གནད་ཁག་གི་གོ་དོན་དང་། ཐལ་འགྱུར་བ་མཐུན་མིན་གྱི་ཚད་མའི་རྣམ་གཞག་སོགས་ཀྱི་ཟིན་ཐོ་ཡིག་འཇོག་འདི་དག་བློ་གསར་དོན་གཉེར་ཅན་མང་པོར་གོ་རྒྱ་འབྱེད་པའི་ཕན་ཐོགས་འབྱུང་ངེས། ཞེས་གསུངས་པ་ལྟར། རྒན་གྱིས་བརྩམས་པའི་གསུང་རྩོམ་ཁག་ནས་དཀའ་གནད་བཞི་འགྲེལ་དང་བློ་རིག་གོང་མ་ལྟ་བུ་ནི་གཞུང་ཆེན་མོར་སློབ་གཉེར་བྱེད་པའི་གཞོན་སྐྱེས་རྣམས་ཀྱིས་འབྲལ་སྤངས་སུ་བྱ་བའི་ལེགས་བཤད་དུ་སྣང་སྙམ་མོ། །
མཚན་ཉིད་རྒན་དམ་པའི་མིག་མཐོང་ལག་ཟིན་དུ་ཡོད་པའི་རྣམ་ཐར་གསུམ་ནི། ༡༽རིགས་ལ་མ་སློབ་ཕྲུག་ཚོར་ཟླ་རེར་སློབ་ཡོན་སྒོར་༼༡༥༽བཅོ་ལྔ་རག་པ་ལྟར་རྒན་དམ་པ་དེ་ཡང་དེ་དང་གཅིག་མཚུངས་རེད། ༢༽ཞབས་རིམ་སྦྱིན་བདག་དྲག་གྲས་ཚོས་སྐུ་འགྱེད་དེ་རྒན་ལགས་ལ། ལྡབ་ཅིག་ཕུལ་སྲོལ་ཡོད་ཀྱང་། རྒན་རང་གི་གཟིམ་ཤག་སྒེར་ལ་འབུལ་བ་ཇ་མར་སོགས་སྤྱི་ཐབ་ལ། མར་གནང་རྐྱང་མཛད། ༣༽གསོལ་དཔོན་དང་། གཟིམ་དཔོན་སོགས་མེད་པར། རྒན་རང་གི་ནམ་བཟའ་སོགས་དགེ་་ཕྲུག་འགས་ཞོར་འཁྲུད་བྱུང་ན་མ་གཏོགས། རྒན་རང་འཁྲུས་གནང་དགོས་པ་སོགས་དེའི་དུས་སུ། འདོད་ཆུང་ཆོག་ཤེས་ཀྱི་ལམ་སྟོན་པ་ཆེ་ཤོས་ཅིག་ཆགས་ཡོད་རེད།
རྒན་དམ་པའི་གསུང་རྩོམ་ནང་ལ། ༡༽བློ་རིག་སོགས་མཚན་ཉིད་རིག་པའམ། གྲུབ་མཐའ་ལྟ་བའི་སྐོར་ལ་ཁ་ཅང་རྒྱས་པོ་བྲིས་གནང་ཡོད་རེད། ༢༽ཆང་རག་དང་ཐ་མག་སོགས་ཀྱི་ཉེས་སོགས་ལ་སྦྱར་ན། ལུགས་ཀྱི་བསྟན་བཅོས་ཚན་པ་འགའ་ཡང་ཡོད་རེད། ༣༽བོད་ཡིག་ནང་ལ་བཀའ་བསྟན་བཅོས་ཆོས་འབྱུང་སོགས་ཤིན་ཏུ་རྒྱས་པོ་ཡོད་ན་ཡང་། སྤྱིར་སྟངས་འཇིག་རྟེན་བྱ་གཞག་སྐོར་ལ་ཧ་ལམ་མེད་པར་གྱུར་པ་བརྟེན། བྱིས་སྒྲུང་འགའ་ཡང་མཛད་ཡོད་རེད།
རྒན་དམ་པ་འདི་ཉིད་སྔོན་མ་ངོས་རང་གཞོན་དུས་རྡ་སར་སྡོད་སྐབས་ལན་མང་པོར་མཇལ་མྱོང་ཡང་ཆོས་འབྲེལ་དམིགས་བསལ་མེད་ཀྱང་བློ་རིག་སྦྱོང་སྐབས་ཁོང་གིས་བློ་རིག་ཉེར་མཁོ་ཀུན་བཏུས་ཞེས་པ་ཞིབ་ཚགས་པོས་བལྟས་མྱོང་། གྲྭ་སར་འབྱོར་རྗེས་ཀྱང་རྟེན་འབྲེལ་བསྟོད་པའི་འགྲེལ་ཆེན་དང་། དཀའ་གནད་བཞི་འགྲེལ། བློ་རིག་གོང་མ། སུམ་རྟགས་འགྲེལ་ཆེན། ད་དུང་ཤེས་རིག་གིས་རེ་བསྐུལ་བཞིན་སྒྲུང་རྩོམ་མཐར་ལེགས་རྩོམ་བསླབ་བྱས་བརྒྱན་པ་ཐན་ཐུན་མཛད་པ་སོགས་གསུང་རྩོམ་མང་པོ་མཇལ་བའི་སྐལ་བ་ཐོབ། ཁོང་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ ༧གོང་ས་མཆོག་གི་མདུན་ནས་ལྕེ་གནར་མགོ་ཕུར་ལུས་བརྡར་བ་ཙམ་ལས་འདས་པའི་བཀའ་བཞིན་ལག་ལེན་དོན་ལ་འཁྱོལ་མཁན། གཞུང་ཆེན་མོ་རིག་གནས་བཅས་པར་ནང་བྱན་ཆུད་པ་སྨོས་མེད་ཐོག ཐབས་ལ་མཁས་པ། ཁོང་ཡངས་པ། མིག་རྒྱང་རིང་བ། དཀའ་ཚེགས་ལ་མི་འཛེམས་པ། གཞན་དོན་དང་སྤྱི་དོན་ལ་བསམ་ཕོད་པ་དང་། བཤད་ཕོད་པ། བྱེད་ཕོད་པ་བཅས་ལྡན་པ་ཞིག་རེད། ད་ལན་བརྙན་འཕྲིན་འདིས་བག་ཕེབས་ཤིང་སྤྲོ་སྣང་གིས་ཁེངས་པའི་དམ་པ་གང་གི་བཞིན་རས་དེ་སླར་མཇལ་བྱུང་བས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བས་བརླན་ཏེ་མཁོ་གཏོང་བར་བཀའ་དྲིན་ཆེ་ཞུ།
རྒན་བློ་བཟང་རྒྱ་མཚོ་མཆོག་གིས་རིགས་སློབ་གསར་འཛུགས་སྐབས་༸གོང་ས་སྐྱབས་མགོན་ཆེན་པོར་དམ་བཅའ་ཆེན་པོ་གསུམ་ཕུལ་བ་ནི།
༡༽ སློབ་ཕྲུག་ཚོའི་སེམས་ཤུགས་འཕར་ཆེད་འཚོ་ཕོགས་སློབ་ཕྲུག་ཚོ་དང་འདྲ་མཉམ་ལས་མི་ཞུ་བ།
༢༽ གོ་གནས་མིང་གྲགས་མི་འདོད་ཀྱང་བཀའ་བཞིན་ལས་དོན་ཧུར་ཐག་ཞུ་རྒྱུ།
༣༽ སྒེར་དོན་སྤངས་ནས་སྤྱི་དོན་འབའ་ཞིག་བསྒྲུབ་རྒྱུ།
བཀའ་དྲིན་ཅན་འདི་ཡང་དཀྲུངས་ཟིན་པ་མིན་ནམ། ཁོང་གི་རྣམ་ཐར་ཤེས་མཁན་ཡོད་འདིར་འགོད་རོགས།
ཁོང་གི་ལོ་རྒྱུས་དང་ཕྱག་རྗེས་སོགས་མཛད་རྣམ་མདོར་བསྡུས་ཤིག་བཀོད་ན་ལེགས་སྙམ།
ངས་ཁྱེད་ཚོར་ཡིད་ཆེས་དཀའ་བའི་བསམ་ཚུལ་ཅིག་ཞུ་འདོད་བྱུང། རིགས་ལམ་མཚན་ཉིད་དགེ་རྒན་དང་སློབ་སྤྱི་ལྕོགས་མཁན་རིན་པོ་ཆེ་བློ་བཟང་རྒྱ་མཚོ་མཆོག་ནི། རྗེ་ལྷ་བྲག་མར་པ་ལོ་ཙྰ་པའི་རྣམ་སྤྲུལ་འཁྲུལ་མེད་ཅིག་རེད་སྙམ་ལགས།
http://bod.asia/2009/04/
འདིར་ཁོང་གི་ཡང་སྲིད་ཁྲི་འདོན་སྐོར་གྱི་གནས་ཚུལ་ཡོད།
http://chungtse.blogspot.in/2012/09/blog-post.html
རིགས་སློབ་ཀྱི་སྐོར་འདིར་འདུག
༸གོང་ས་སྐྱབས་མགོན་ཆེན་པོས་རྒན་གྱི་སྐོར་ལ་སྩལ་བའི་གསུང་འཕྲིན།
རྒན་དེ་ཉིད་ནས་མ་སུ་རིའི་སློབ་དགེ་དང་། རིགས་སློབ་ཏུ་སློབ་སྤྱིའི་འགན་ཁུར་བྱེད་ཡུན་རིང་འདོད་ཆུང་ཆོག་ཤེས་ཐོག མཛེས་ཟོལ་སྤངས་པའི་སྤྱི་དོན་ལྷག་བསམ་ཁུར་བརྩོན་ཆེ་བསྐྱེད་བྱས་འབྲས། རིགས་སློབ་ཏུ་ཆོས་སྲིད་ཤེས་ཡོན་གོ་འཕེར་གྱི་སློབ་མ་མང་པོ་བསྐྱེད་བསྲིངས་བགྱིས་པ་རྣམས་ཀྱིས་དེང་དུས་སྤྱི་ཚོགས་ནང་དོན་ཕན་ལྡན་པའི་ཞབས་འདེགས་སྒྲུབ་བཞིན་པ་མ་ཟད། རིགས་སློབ་རྒྱ་བསྐྱེད་རྨང་གཞི་ལེགས་ཚུགས་ཐོག བོད་དགེ་དང་། གཞུང་ཞབས་ལས་བྱེད་པར་བོད་ཡིག་གཟབ་སྦྱོང་དང་། དགེ་རྒན་འོས་སྦྱོང་སྤྲད་པ་སོགས་ཁ་ཚ་དགོས་གཏུགས་ཀྱི་བྱ་བར་བྱས་རྗེས་གཟེངས་སུ་ཐོན་པ་བྱུང་ཡོད།
༸གོང་ས་མཆོག་ནས།
ཡང་སྒོས་དབུ་ཚད་ཀྱི་ལྟ་གྲུབ་རྣམ་གཞག་ལ་གཞུང་བཤད་སྲོལ་རྒྱུན་ལྟ་བུ་མ་ཡིན་པར། གཞུང་དོན་ལ་ཉམས་ཞིབ་གོ་མྱོང་འཚོལ་བའི་འབད་རྩོལ་ལོ་མང་བགྱིས་འབྲས་དབུ་མ་ཐལ་རང་གི་ལྟ་བའི་བཞེད་མཚམས་དཀའ་གནད་ཁག་གི་གོ་དོན་དང་། ཐལ་འགྱུར་བ་མཐུན་མིན་གྱི་ཚད་མའི་རྣམ་གཞག་སོགས་ཀྱི་ཟིན་ཐོ་ཡིག་འཇོག་འདི་དག་བློ་གསར་དོན་གཉེར་ཅན་མང་པོར་གོ་རྒྱ་འབྱེད་པའི་ཕན་ཐོགས་འབྱུང་ངེས།
ཞེས་གསུངས་པ་ལྟར། རྒན་གྱིས་བརྩམས་པའི་གསུང་རྩོམ་ཁག་ནས་དཀའ་གནད་བཞི་འགྲེལ་དང་བློ་རིག་གོང་མ་ལྟ་བུ་ནི་གཞུང་ཆེན་མོར་སློབ་གཉེར་བྱེད་པའི་གཞོན་སྐྱེས་རྣམས་ཀྱིས་འབྲལ་སྤངས་སུ་བྱ་བའི་ལེགས་བཤད་དུ་སྣང་སྙམ་མོ། །
མཚན་ཉིད་རྒན་དམ་པའི་མིག་མཐོང་ལག་ཟིན་དུ་ཡོད་པའི་རྣམ་ཐར་གསུམ་ནི།
༡༽རིགས་ལ་མ་སློབ་ཕྲུག་ཚོར་ཟླ་རེར་སློབ་ཡོན་སྒོར་༼༡༥༽བཅོ་ལྔ་རག་པ་ལྟར་རྒན་དམ་པ་དེ་ཡང་དེ་དང་གཅིག་མཚུངས་རེད།
༢༽ཞབས་རིམ་སྦྱིན་བདག་དྲག་གྲས་ཚོས་སྐུ་འགྱེད་དེ་རྒན་ལགས་ལ། ལྡབ་ཅིག་ཕུལ་སྲོལ་ཡོད་ཀྱང་། རྒན་རང་གི་གཟིམ་ཤག་སྒེར་ལ་འབུལ་བ་ཇ་མར་སོགས་སྤྱི་ཐབ་ལ། མར་གནང་རྐྱང་མཛད།
༣༽གསོལ་དཔོན་དང་། གཟིམ་དཔོན་སོགས་མེད་པར། རྒན་རང་གི་ནམ་བཟའ་སོགས་དགེ་་ཕྲུག་འགས་ཞོར་འཁྲུད་བྱུང་ན་མ་གཏོགས། རྒན་རང་འཁྲུས་གནང་དགོས་པ་སོགས་དེའི་དུས་སུ། འདོད་ཆུང་ཆོག་ཤེས་ཀྱི་ལམ་སྟོན་པ་ཆེ་ཤོས་ཅིག་ཆགས་ཡོད་རེད།
རྒན་དམ་པའི་གསུང་རྩོམ་ནང་ལ།
༡༽བློ་རིག་སོགས་མཚན་ཉིད་རིག་པའམ། གྲུབ་མཐའ་ལྟ་བའི་སྐོར་ལ་ཁ་ཅང་རྒྱས་པོ་བྲིས་གནང་ཡོད་རེད།
༢༽ཆང་རག་དང་ཐ་མག་སོགས་ཀྱི་ཉེས་སོགས་ལ་སྦྱར་ན། ལུགས་ཀྱི་བསྟན་བཅོས་ཚན་པ་འགའ་ཡང་ཡོད་རེད།
༣༽བོད་ཡིག་ནང་ལ་བཀའ་བསྟན་བཅོས་ཆོས་འབྱུང་སོགས་ཤིན་ཏུ་རྒྱས་པོ་ཡོད་ན་ཡང་། སྤྱིར་སྟངས་འཇིག་རྟེན་བྱ་གཞག་སྐོར་ལ་ཧ་ལམ་མེད་པར་གྱུར་པ་བརྟེན། བྱིས་སྒྲུང་འགའ་ཡང་མཛད་ཡོད་རེད།
རྒན་དམ་པ་འདི་ཉིད་སྔོན་མ་ངོས་རང་གཞོན་དུས་རྡ་སར་སྡོད་སྐབས་ལན་མང་པོར་མཇལ་མྱོང་ཡང་ཆོས་འབྲེལ་དམིགས་བསལ་མེད་ཀྱང་བློ་རིག་སྦྱོང་སྐབས་ཁོང་གིས་བློ་རིག་ཉེར་མཁོ་ཀུན་བཏུས་ཞེས་པ་ཞིབ་ཚགས་པོས་བལྟས་མྱོང་། གྲྭ་སར་འབྱོར་རྗེས་ཀྱང་རྟེན་འབྲེལ་བསྟོད་པའི་འགྲེལ་ཆེན་དང་། དཀའ་གནད་བཞི་འགྲེལ། བློ་རིག་གོང་མ། སུམ་རྟགས་འགྲེལ་ཆེན། ད་དུང་ཤེས་རིག་གིས་རེ་བསྐུལ་བཞིན་སྒྲུང་རྩོམ་མཐར་ལེགས་རྩོམ་བསླབ་བྱས་བརྒྱན་པ་ཐན་ཐུན་མཛད་པ་སོགས་གསུང་རྩོམ་མང་པོ་མཇལ་བའི་སྐལ་བ་ཐོབ།
ཁོང་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ ༧གོང་ས་མཆོག་གི་མདུན་ནས་ལྕེ་གནར་མགོ་ཕུར་ལུས་བརྡར་བ་ཙམ་ལས་འདས་པའི་བཀའ་བཞིན་ལག་ལེན་དོན་ལ་འཁྱོལ་མཁན། གཞུང་ཆེན་མོ་རིག་གནས་བཅས་པར་ནང་བྱན་ཆུད་པ་སྨོས་མེད་ཐོག ཐབས་ལ་མཁས་པ། ཁོང་ཡངས་པ། མིག་རྒྱང་རིང་བ། དཀའ་ཚེགས་ལ་མི་འཛེམས་པ། གཞན་དོན་དང་སྤྱི་དོན་ལ་བསམ་ཕོད་པ་དང་། བཤད་ཕོད་པ། བྱེད་ཕོད་པ་བཅས་ལྡན་པ་ཞིག་རེད།
ད་ལན་བརྙན་འཕྲིན་འདིས་བག་ཕེབས་ཤིང་སྤྲོ་སྣང་གིས་ཁེངས་པའི་དམ་པ་གང་གི་བཞིན་རས་དེ་སླར་མཇལ་བྱུང་བས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བས་བརླན་ཏེ་མཁོ་གཏོང་བར་བཀའ་དྲིན་ཆེ་ཞུ།