མཁོ་གཏོང་བ། ཨོ་རྒྱན་ཉི་མ།
འཛམ་གླིང་ཤར་ནུབ་གཉིས་ན་བཞུགས་པའི་མཁྱེན་ཡངས་ལྡན་པའི་རྒྱ་ཆེན་རྩོམ་པ་པོ་ཡོངས་ཀྱི་སྙན་དྲུང་དུ་ཞུ་གསོལ་འདེབས་སྙིང་།
རྩོམ་པ་པོ་རྣམ་པ་ལགས། ཁྱེད་རྣམ་པས་གསན་སོང་ངམ། ཨ་དཀོན་རིན་པོ་ཆེས་སྐུ་ཚེ་གང་རང་རེ་བོད་ཀྱི་ཆོས་བརྒྱུད་ས་དགེ་བཀའ་རྙིང་བོན་དང་བཅས་པའི་རིག་གཞུང་གི་ཆེད་དུ་འབད་འབུངས་བགྱིས་པ་རེད། འབད་པ་བཞིན་འཛམ་གླིང་ཤར་ནུབ་གཉིས་སུ་ཆོས་ཚོགས་དང་། སྐྱོབ་གསོ། འཕྲོད་རྟེན་ཚོགས་པ་ཆེན་པོ་གསུམ་དང་། དེའི་ཡན་ལག་དུ་མ་བཙུགས་ཏེ། ཉམས་ཆུང་དང་། ནད་པ། སེམས་ངལ་ཅན་སོགས་སློབ་གསོའི་མ་འདང་བ་མང་པོ་ཞིག་ལ་ཕན་ཐོགས་བྱུང་ཡོད་པར་མ་ཟད། ཁོའི་བཀའ་སློབ་ལ་བརྟེན་ནས་ནང་ཆོས་ཁོ་ན་ཙམ་མ་ཡིན་པར། ཆབ་སྲིད་དང་། དཔལ་འབྱོར་ཐད་ནས་ཀྱང་ཡར་རྒྱས་སོང་བའི་གང་ཟག་མང་པོ་མཐོང་རྒྱུ་འདུག བོད་ལ་མཚོན་ན་ལྗོངས་དང་ཞིང་ཆེན་ལྔ་ལ་ཐུན་མོང་དང་། ཐུན་མིན་གྱི་རིག་གནས་དང་། འཁོར་ཡུག་སྲུང་སྐྱོབ། དཔེ་རྙིང་འཚོལ་བསྡུད། དབུལ་པོའི་ལྟོ་གོས་ཀྱི་དཀའ་ངལ་བསལ་བ་སྟེ། མདོར་ན་གང་ན་རོགས་པ་དགོས་ན་དེར་དངོས་པོ་ཆེ་ཆུང་ལ་མ་ལ་ལྟོས་པར་མཐུན་རྐྱེན་བསྐྲུན་ཡོད་པ་ལྟ་བུ་རེད། ཁོང་སྐུ་འཚོ་ཞིང་གཞེས་པའི་ཚེ་སྐྱ་སེར་མཐོ་དམན་གྲགས་ཞན་ཚང་མས་རེ་བའི་ལག་ཟུང་ཟེར་ས་དང་། ཤེས་ཡོན་གྱི་གཞི་རྩ་འཛུགས་སའང་ཨ་དཀོན་རིན་པོ་ཆེ་རེད། དེ་ཙམ་དུ་མ་ཟད་དེང་སང་རྒྱལ་ཕྱི་ནང་ཀུན་དུ་བོད་ཀྱི་ཤེས་ཡོན་པ་ན་གཞོན་མང་པོ་ཞིག་གིས་ཨ་དཀོན་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་མཐོ་རིམ་དང་། འབྲིང་རིམ་སློབ་གྲྭ་མཐར་ཕྱིན་སོང་ཟེར་མཁན་མང་པོ་མཐོང་དུ་འདུག
ད་ལྟ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་ཟིན་ན་ཡང་། ཁོང་ལ་བཀའ་དྲིན་བསབ་པའི་ཆེད་དུ་དངོས་སུ་འབྱོར་བ་དང་འབྲེལ་བ་ཡོད་མེད་གང་ལྟར་ཡང་། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་ལེགས་ཉེས་བླང་དོར་གྱི་དམིགས་རྣམ་ཤེས་ངེས་པས། ཁོང་གི་མཛད་རྣམ་ལ་ཕྱིར་ལྟ་ཞིག་དང་། རྒྱུས་ལོན་གྱིས་ཐུན་མོང་དང་། ཐུན་མིན་ནང་པ་སངས་རྒྱས་པའི་རིག་པའི་གནས་དང་། ཁྱད་པར་དུ་བོད་གངས་ཅན་པའི་སྣོད་བཅུད་གཉིས་ལ་ཕན་ཐོགས་རྒྱ་ཆེན་པོ་བསྐྲུན་ཡོད་པ་དག་བརྗོད་གཞིར་བཟུང་སྟེ། དཔྱད་བརྗོད་དང་། བསྟོད་རྩོམ་སོགས་རང་བློས་གང་ལྕོག་བསྩལ་གནང་རོགས་ཞུ།
རྩོམ་བསྐུར་ས།
བོད་ཡིག་དང་རྒྱ་ཡིག་གཉིས། ཨོ་རྒྱན་ཉི་མ། tulkuogyen@gmail.com
ཁ་པར། ༠༠༤༤ ༡༣༨༧༣༧༣༢༣༢་་་་་དེ་ནས་་་༢༢༦་ལ་བརྒྱུད་དགོས།
དབྱིན་ཡིག ཨ་ནེ་རིན་ཆེན་མཁའ་འགྲོ། rinchen@hotmail.com
ཁ་པར། ༠༠༤༤༧༧༠༦༦༩༣༢༠༡
སྤྱི་ལོ་༢༠༡༣་ཟླ་བ་༡༠་ཚེས་༡༥་ལ་ཨ་དཀོན་རིན་པོ་ཆེ་རྗེས་དྲན་རྩོམ་སྒྲིག་ཚོགས་ཆུང་གིས་བསམ་ཡས་གླིང་ནས་ཕུལ།
ཨ་ཕ་བོ། ཨ་ཀོང་ཨ་ཁ་རང་སྐེག་ཐོག་ནས་བསད་སོང་བ་བདེན་པ་ཡིན་ཟིག ། ཨ་ཕ་རྒད་པོ་དེ་གློག་བརྙན་རེ་གཟིགས་ཞིང་སྦི་རག་དམར་པོ་རེ་གསོལ་ནས་འཛུམ་མོལ་མོལ་གནང་བ་དྲན་ཀི ཁོང་གི་སྲས་དེ་དེང་སང་གང་ན་ཡོད་དམ། ད་ཟེར་དུས་ཡོད་ན་མེད་ན་སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེ་རེད་འདུག་ག གང་ལྟར་ཁྱེད་ཕྱིས་ལྷག་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་ཞུ་བཞིན་ཡོད། ལོ་རྒྱུས་དེ་ཚོ་དྲང་བདེན་བྱེད་པ་ཤིན་ཏུ་གལ་ཆེན་པོ་རེད་དྲན་ནོ། །
ཨོ་ཉི་དེབ་ཞིག་པར་སྐྲུན་བྱེད་འཆར་ཡོད་དམ། འདི་འོས་ཤིང་འཚམས་པ་ཞིག་རེད།
ཨོ་ཉིས་ཨ་དཀོན་གྱིས་བོན་དང་བཅས་པར་རོགས་སྐྱོར་གནང་བར་བཤད་འདུག་པས་དེ་འདྲ་གནང་བར་ངས་གོ་ཐོས་མ་བྱུང་བས་དེ་ལྟར་གསལ་པོ་ཡོད་ན་གསུང་རོགས།
ཨ་ཀོང་རིན་པོ་ཆེས་གངས་ཅན་ཡོངས་ལ་ཕན་པའི་སློབ་གྲྭ་དང་རིག་གཞུང་ལ་ཕན་བདེའི་ཕྱིར་སྦྱིན་བདག་གནང་བར་བཀའ་དྲིན་ཆེན་པོ་རེད། དེ་མིན་ཤེས་མེད་ཀླད་སྟོང་གི་འགའ་ལ་རོགས་དན་བྱས་ཀྱང་ལག་དམར་གྱི་བོན་པོ་དེ་འདྲ་རེད།
ངའི་གོ་ཐོས་ལྟར་ན་ཨ་དཀོན་སྤྲུལ་སྐུས། ཁོ་རང་གི་ཕ་ཡུལ་དང་ཁམས་ཁུལ་མ་གཏོགས་བོད་ཡོངས་ལ་རོགས་པ་གནང་བའི་སྐད་མི་འདུག
ཨ་ཕྱི་འདྲེ་མོ་འདིས་ད་ལན་རང་གི་བླ་མ་སྲུང་སྐྱོབས་བྱེད་མ་ཐུབ་པ་དང་ད་དུང་ལག་དམར་བོན་པོ་ཟེར་ངོ་མི་ཚ་ནི་་་བླ་མ་བཀྲོང་མཁན་དབྱིང་ལན་དུ་བསྡད་ཁོང་གི་ཆོས་ཚོགས་སུ་བསྡད་མི་དེ་བོན་པོ་ཡིན་ནམ། ཨོ་ཉི་ཁྱེད་ཚོའི་རིགས་ལ་ཡོང་རྒྱུ་དེ་ལས་མེད། ད་བོན་པོར་་ཟློག་པ་རྒྱོབ་ནུས་པ་ཡོད་ན། ལས་འབྲས་མགྱོགས་པོ་རེད་ད།
ངས་ཉིན་འགའི་སྔོན་ཁ་བརྡ་དྲ་སྟེང་དུ་མྱ་ངན་ཞུ་རྩོམ་ཞིག་བྲིས་པ་དེ་ཞལ་འདེབས་སུ་འབུལ་བ་ལགས།
རེད། བན་དེ་བ་ཐུབ་བསྟན་ཀུན་གསལ་ཟེར་བའི་མི་ངན་འདི་རིགས་བོན་པོ་དངོས་རེད། ལག་དམར་ཁོས་བོན་པོ་ཡག་རབས་ནམ་རྒྱན་བཤད་ཀི་ཡོད། ནང་ཆོས་ལ་ཟུར་ཟ། སངས་རྒྱས་ལ་ངན་སྨོད། སློབ་དཔོན་བཀའ་དྲིན་ཅན་ལ་བདོ། ཆོས་རྒྱལ་བཀའ་དྲིན་ཅན་དཀྲུངས། བླ་མ་བཀའ་དྲིན་ཅན་དམར་གསོད་གཏོང་ནས་ད་དུང་ཚུར་ལ་བརྫིག་བརྫིག་བྱེད་པ་གདོན་གཟུགས་ཀྱི་མཚན་ཉིད་ཅིག་རེད། ལས་འབྲས་ཟེར་བ་དེ་འདྲ་མ་རེད་གདའ་སྐྱེས་པ་ཕོ།
དྲིན་ལན་ལོག་མཇལ་དེ་བོན་པོའི་ལས་འབྲས་ཞིག་འདོད་པ་ཡིན་ནམ། ནུས་མཐུ་ཡིན་ནམ། ད་བོན་པོ་ཚོས་རོ་ཐོག་རྟ་རྒྱུགས་མ་འདུག་ལོ།
བན་བོན་ནང་ཁུལ་མ་རྩོད་པར། །
རྒྱ་བོད་ཐོབ་ཐང་རྩོད་རོགས་གནོངས། །
ཨ་ཕྱི་ཆོས་སྒྲོན་ཟེར་བ་འདི་ངོ་མ་མི་མཚན་ངན་ཞིག་འདུག བླ་མ་བཀྲོང་མཁན་ལག་དམར་བ་དེ་བོན་པོ་རེད་ཟེར། ལས་འབྲས་མེད་པའི་ལྟས་ངན་ཁྱོད་ཀྱི་ཁ་ལ་ནད་གདོན་ཡམས་ལུག གལ་ཏེ་འཇིག་རྟེན་འདིར་ལས་རྒྱུ་འབྲས་ཟེར་བ་དེ་ཡོད་ན་ནི། དུས་རྟག་ཏུ་ལས་འབྲས་ཆེད་གསོད་བྱེད་མཁན་འདི་རིགས་ལ་ལམ་འགྲོ་གཏན་རྒྱུག་མི་སྲིད།
ཁོས་ད་དང་ལག་དམར་དེ་ལ་རྒྱུས་མངའ་ཡོད་ཁུལ་བཤོད་ཀྱི་འདུག ཁྱོདའི་ཁ་ལ་ལྟས་ངན་གྱ་གཅིག་ཞོགས། ཁྱོད་རང་གི་གྲུབ་མཐའ་དཀར་འདོན་བྱེད་ལྟངས་དེ་འདྲ་མ་རེད་ལས་ངན་བུ།
དེབ་བཟོ་རྒྱུ་ཡིན་པར་མ་ཟད། སྤུས་དག་ཅིག་བཟོ་འཆར་ཡོད། འཛམ་གླིང་གང་སར་འགྲེམས་སྤེལ་བྱ་རྒྱུ་ཡིན།
ལས་ཚུལ་བསམ་གྱིས་མི་ཁྱབ་པ། །
དེ་བཞིན་གཤེགས་པ་ཁོ་ནས་མཁྱེན། །
ཞེས་པ་ལ་ཡང་ཡང་བསམ་བཞིན་ཡོད།
དོགས་ཟོན་གྱིས།
སྐྱེས་ཆེན་དམ་པ་ནི་ཡིན་མིན། ཡ་གིའི་དཀོན་མཆོག་དེས་གཟིགས་ངེས།
སྐུ་དྲིན་ཆེ་ཆུང་གི་ཕྱག་རྗེས། མི་དམངས་རང་ཉིད་ཀྱིས་མཐོང་དགོས།
བཟང་པོའི་མཛད་འཕྲོ་དེ་སྐྱོང་དགོས། ཕན་པའི་ཁ་ཏ་དེ་ཉན་དགོས།
བཟང་ངན་དབྱེ་བ་དེ་ཕྱེ་ནས། བླང་དོར་ཚུལ་བཞིན་དུ་འཇུག་དགོས།
བྱས་པའི་ཆེ་ཆུང་དེ་ག༷ཙོ་ཡང། མི་ཡི་ཚེ་སྲོག་དེ་འགངས་ཆེ།
ཚེ་སྲོག་འཇིག་པ་དེ་སྐྱོ་ལ། དམར་གསོད་བཏང་བ་དེ་ཕངས་སོ།
བསྲིངས་པའི་འདྲེ་ལག་དེ་སུ་རེད། རྒྱབ་ཀྱི་ཀླུ་བདུད་དེ་གང་རེད།
སྲོག་སྙིང་ལེན་དོན་དེ་ཅི་ཡིན། ང་ཚོས་རྩད་གཅོད་འདི་བྱེད་དགོས།
ཕྱི་ནང་འཇིགས་རུང་གི་བར་གཅོད། ནམ་ཡོང་ངེས་པ་རང་མེད་པས།
དོགས་ཟོན་སྲུང་སྐྱོབ་ལ་འབད་རྒྱུ། རང་གཞན་ཚང་མ་ཡི་འོས་འགན།
དམ་པར་བསྡོ་བའི་དམ་ཉམས་མེད་པར་ཤོག བར་མར་འགྲན་པའི་ཕྲག་དོག་ཞི་བར་ཤོག
ཐ་མར་བརྙས་པའི་ཐུབ་ཚོད་མེད་གྱུར་ནས། སྤྱི་ཚོགས་བདེ་འཇགས་བཟང་སྤྱོད་འཕེལ་བར་སྨོན།
གདུང་སེམས་མཉམ་སྐྱེད་དུ་ཕུལ་ལོ།
ཡོད་ཚད་བོད་ལ་བསྟིམས་པའི་གངས་རིའི་བུ་རྒོད་ཁྱེད་ཉིད་དེ། །
ཁ་བའི་ལྗོངས་ཀྱི་ཕ་མ་རིས་མེད་སེམས་དཔའ་ཆེན་པོ་ཉིད། །
མཐོ་སྒང་མི་རིགས་འདི་ཡི་ཆབ་དཔལ་རིག་གཞུང་ཀ་ཆེན་གང་། །
ཉམ་ངའི་གཡང་ལས་འདེགས་པའི་རིགས་ཀྱི་དཔའ་པོར་གུས་ཤིང་དྲན། །