རྔ་བ་ཀུན་བཟང་སྒྲོལ་མ།
ཁ་སང་གྲགས་འགུལ་ཅི་ཡང་མེད་པར་
ངས་ཁྱེད་རང་བོར་ཟིན་ནའང་
དེ་རིང་ལྷིང་འཇགས་ཀྱི་གྲུ་ཁ་ཞིག་ནས་
སུ་ཞིག་གིས་ཁྱེད་རང་བོར་སོང་པ་རྟོགས་ཞོར་
སྒྲ་མེད་སྟོང་ཁམས་ཞིག་ནས
མི་མེད་ལུང་སྟོང་ཞིག་ནས་
གཟུགས་མེད་རྣམ་ཤེས་ལྟར་འཁྱམས་སོང་པའི་ཁྱེད
དུས་དེ་ནས་བཟུང་
བདག་གི་དྲན་འཛིན་གྱི་སྒོ་མོ་རུ་
ལྷོད་ཀྱིས་བཞུར་འོང་པས་ཁྱོད་ཀྱི་མཛེས་སྡུག་ལ་
ངའི་མཆི་ཐིགས་སྟོང་གི་སྙན་ངག་དེ་ཁྱེད་ལ་བྲིས་ཞོར
ངའི་དྲན་ཤིང་སྟོང་གི་དབྱངས་རྟ་ཁྱེད་ལ་གྱེར་ཞོར་
ཁ་སང་ལྟ་བུའི་ཉི་མ་ཞིག་སང་ཉིན་ཡོང་ན་
ངའི་བརྩེ་སེམས་འོ་མས་མཆོད་གསུམ་ཕུལ་ས་དེ་ཁྱེད་ཡིན་ལ
ངའི་ལུས་ངག་ཡིད་ཀྱི་སྐྱབས་འཇུག་ཞུས་ས་དེའང་ཁྱེད་རང་ཡིན་འདུག
གང་ལྟར་
ཁྱེད་བོར་བ་ནས་བཟུང་
ངའི་མི་ཚེའི་ཁ་ཕྱོགས་དེ་ཁྱི་ལྡོམ་བཞིན
ཡར་འགྲོ་སྟོང་གི་གཅར་རྡུང་རེག་ས་དེ་ང་ཡིན་ལ
མར་འགྲོ་བརྒྱས་འཇིགས་སྣང་སྐྱེ་ས་དེའང་ང་ཡིན་པས
ད་གཟོད་ ངས་ཁྱེད་རང་བོར་ཟིན་པ་གཞི་ནས་ཚོར
༢༠༡༣ ༡༠ ༡༠ ཉིན་ལྡི་ལི་ནས་བྲིས།
ངས།
ཁ་སང། ཁར་སང་། ཁ་རྩང་། ཁེ་ས་སོགས་ལ།
༼མདང་༽མ་གཏོགས་འབྲི་བགྱིད་མེད།
(ཁ་སང་ལྟ་བུའི་ཉི་མ་ཞིག་སང་ཉིན་ཡོང་ན།
ཁྱེད་རང་ལ་ཅི་ཡང་མི་ཕན།
ཁ་སང་ནི་གྲགས་འགུལ་ཅི་ཡང་མེད་པར་
ཁྱོས་མོ་རང་བོར་སོང་བའི་ཉིན་མོ་ཡིན་པས།
ཁྱོའི་བརྩེ་སེམས་འོ་མས་མཆོད་གསུམ་ཕུལ་ས་དེ་མི་ཉན།
ཁ་སང་གི་ཉིན་མོ་སང་ཉིན་ཤར་རུང་།
ཁྱོའི་མི་ཚེའི་ཁ་ཕྱོགས་དེ་ཁྱི་ལྡོམ་བཞིན་ད་དུང་བོར་ཟིན་པའི་ཁྱི་ཕྲུག་རེད།)
སང་ཉིན་ཟློག་ཕྱོགས་ལ། མདང་ཡིན་པའི་ཁུངས་ལ། བོད་ཀྱི་རྒྱལ་རབས་ཅིག་གི་ནང་ལ།
་་་་ མདང་སྐྱེས་ཀྱི་བུ་ལ་སོ་ནི་སྐྱེས་འདུག་ཀྱང་། ་་་་ཞེས་པ་ཅིག་དྲན།
ཀརྡོ་གཉེར་ཕྱག་པ་ཟེར་བའི་མཆན་པ་འདིའི་ནམ་ཡིན་ཡང་མི་ཡི་སྐྱོན་བཙལ་རྒྱུ་ལས་རང་ཉིད་ཀྱིས་ཚིག་གཅིག་ཀྱང་འབྲི་མི་ཤས་པ་འདྲ་།གཞན་གྱི་སྐྱོན་བཙལ་འདོད་ན་དང་པོ་རང་ཉིད་ལ་སྡེབ་སྦྱོར་གྱི་གཤོག་རྩལ་ཅིག་ཡོད་དགོས་།ཁ་སང་དང་མདང་ཞེས་པ་གཉིས་དོན་གཅིག་ཡིན་པ་དེ་ཡང་ཁྱེད་ཀྱི་མ་ཤེས་བ་ཡིན་ནམ་ཡང་ན་་་་་་་་་?
མི་སྐྱོན་མ་རེད་གཞན་སྐྱོན་ཞེས། །
འབྲི་ཀློག་དགོས་པ་ལྷ་རིག་ལགས། །
སྤྱི་སྐད་ཉམས་ཞིབ་བྱས་པ་ལས། །
ང་ཡིས་གཞན་སྐྱོན་བཙལ་བ་མིན། །
མི་སྐྱོན་གཞན་སྐྱོན་གྱི་རང་འགྲེལ།
་་་་་་་་་་་་་་་་་་་་་་་་་་་་་་་་
མི་སྐྱོན་ལྡོག་ཕྱོགས་ཁྱི་སྐྱོན་དང་། །
རང་སྐྱོན་ལྡོག་ཕྱོགས་གཞན་སྐྱོན་རེད། །
བོར་སོང་བ་སླར་རྙེད་ན་རིན་ཐང་ཇེ་ཆེ་ཡིན། ཀུ་རེ་བལྟས་ཡོད།
བུ་མོ་ཚོ་ཁྱི་ལ་དགའ་བ་དེ་ཡག་རྟགས་ཞིག་ཨེ་ཡིན།