མདོ་སྨད་གྱ་སྟོན་བཀོད་སྒྲིག་ཚོགས་པས་གཞས་ཚིག་དགོས་ཟེར། Posted on 2013-10-192013-10-19 By ཁ་བརྡ་ 26 Comments on མདོ་སྨད་གྱ་སྟོན་བཀོད་སྒྲིག་ཚོགས་པས་གཞས་ཚིག་དགོས་ཟེར། གཞས་ཚིག་བསྡུ་བའི་གསལ་བསྒྲགས། གསལ་བསྒྲགས།
བོད་ཆོལ་ཁ་གསུམ་གྱི་མཉམ་དུ་གྱ་སྟོན་ཚོགས་པ་ཞིག་ཡིན་ན་བཟང་བ་ལགས། ད་རེས་མདོ་སྨད་ཅིག་པུའི་གྱ་སྟོན་ཚོགས་པ་དེས་ཆོལ་ཁ་གཞན་གཉིས་ལས་ཟུར་དུ་བཀར་བ་དེས་ཕན་ལས་གནོད་ཆེ་ལ་། དེས་བོད་པའི་སྤྱི་ཚོགས་ལ་བསམ་ན་ཡག་པོ་མེད་དོ།
མདོ་སྨད་ཆོལ་ཁ་གཅིག་པུར་མ་ཟད་མི་སྒེར་བ་གཅིག་གིས་གྱ་སྟོན་གནང་ན་ཡང་ངས་རྗེས་སུ་ཡིད་རང་ཞུ་ངེས་ཡིན། དེང་སྐབས་གྱ་སྟོན་དང་འབྲེལ་བའི་དགོས་མེད་མཆན་ཉོག་དང་རྩོམ་ཉོག་སྤེལ་མཁན་རེ་ཟུང་ཡོང་བཞིན་པ་འདི་ནི་ཆོལ་ཆོས་ཕྱོགས་རིས་དང་། ནང་ཁུལ་དཀྲུགས་འདོད་ཀྱིས་བསམ་སྦྱོར་ངན་པར་མངོན་དུ་གྱུར་བ་ཙམ་ལས་དོན་དངོས་རིན་ཐང་དང་། ཆ་འཇོག་འོས་པས་ལེགས་བཤད་ལ་གཟུར་གནས་སྐྱེ་བོ་ཀུན་གྱིས་ངོས་མི་འཛིན། མདོར་ན་ཁྱེད་རང་གྱ་སྟོན་ལ་དགའ་མོས་ཡོད་ཚེ་མཉམ་ཞུགས་གནང་ན་སུ་གང་གིས་དགག་བྱ་མེད་པ་མ་ཟད་དགའ་བསུ་ཐོ་ངེས་རེད།
ཧྲིཿང་ཡི་སློབ་དཔོན་མཐོང་བ་ལྡན་གང།། ཨོཾ་ཿབགྲང་བྱ་བཅུ་ཕྲག་བརྒྱད་པའི་དགའ་སྟོན་ལ།། ཨཿཆོལ་གསུམ་ཅིག་བསྒྲིལ་གྱ་སྟོན་བྱེད་ན་བཟང།། ཧུཾཿཆོལ་ཅིག་མི་ཅིག་མི་འབོད་གང་ཅན་ཡོངས།། ལྷ་བབས་ནས་ཐོག་ཕེབས་ཡིན་ནི་འགི།
གོང་གི་འཇམ་གཅེས་གསུང་བ་ལ་རྒྱབ་སྐྱོར་ཡོད། སུ་ཞིག་ཡིན་ནའང་སྤྱི་བ་ལ་འགན་འཁུར་ནས་སྐད་ཆ་བཤད་བཟང་མོ། དེ་མིན་ནང་ཁུལ་དཀྲུགས་འདོད་ཀྱི་བློ་ངན་དེ་དག་གི་ཕན་ལས་གནོད་ཆེ།
ངས་བསམ་ན་ཡང་འཇམ་གཅེས་ཀྱིས་བཤད་པ་འདི་བདེན་པ་རེད། ངས་ཁོ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གང་ཡིན་ཟེར་ན་ག་དུས་ཡིན་ན་ཆོལ་ཁ་དང་ཆོས་ལུགས་ཞེན་ཁོག་དེ་འཁྱེར་མ་ཡོང་ན་ཡག་པོ་ཡོད་རེད། མདོ་སྨད་ཀྱིས་གང་བྱེད་པ་དེ་གཞན་གྱིས་བྱེད་དགོས་པ་མ་རེད་། བྱེད་ཐུབ་ཡ་ཡང་ཡོད་མ་རེད། དེ་བཞིན་དུ་ཆོལ་ཁ་གཞན་གྱིས་བྱེད་ཐུབ་ཡ་དེ་མདོ་སྨད་ཀྱིས་བྱེད་ཐུབ་པའི་ངེས་པ་མེད། བྱེད་དགོས་པ་ཡང་མ་རེད་སྙམ། གང་ལྟར་རང་རང་གིས་ནུས་ཚོད་དང་འཇོན་ཚོད་ཀྱིས་ཕྱག་ལས་འདྲ་མིན་གནང་ན་འགྲིག་གི་རེད། ཚང་མ་དགེ་པའི་ལས་རེད་འདུག་ད། མདོར་ན་རྐང་པས་འཐེན་པའི་སྲོལ་དེ་ཡག་པོ་མཐོང་མ་སོང་། ངས་བསམ་ན་ལུང་མཚན་སུ་ཞིག་གིས་གྱ་སྟོན་བྱེད་པ་དང་ཡང་གཞུང་དང་ཚོགས་པ་སྒེར་བ་ཆོས་རྒྱུད་སུ་ཞིག་གིས་གོང་༧་ས་མཆོག་པ་ཆོས་སྲིད་ཀྱི་བཀའ་དྲིན་མཚོན་བྱེད་ཕྱི་ལུགས་ལྟར་གཟེངས་རྟགས་འབུལ་བ་དང་བོད་ལུགས་ལྟར་བརྟེན་བཞུགས་འབུལ་བ་སོགས་ལ་སུས་ཀྱང་བཀག་འགོག་བྱེད་ཡ་མེད། ཕྱི་རྒྱལ་པས་གོང་༧་མཆོག་ལ་རྟགས་མ་ག་ཚོད་ཕུལ་སོང་། བོད་པ་ཚོས་ག་ཚོད་ཕུལ་ཡོད། རང་མྱི་རེད་ཟེར་ནས་མཐོང་ཆུང་དང་གནང་མེད་བྱེད་པ་དེ་ཡག་པོ་མ་རེད། ད་དུང་མི་འགའ་ཤས་ཀྱིས་གྱ་སྟོན་བྱེད་པའི་ལུགས་སྲོལ་དེ་ཡང་ཆོལ་ཁ་ཞིག་གི་ལམ་སྲོལ་ལ་ངོས་འཛིན་གྱིས་འགལ་རྐྱེན་བཟོ་རྩིས་ཡོད་རེད། ད་ལྟ་བར་དུ་ཁྱེད་ཚོས་ག་རེ་འཇོན་ཡོད། འདི་དྲི་བ་ཞིག་ཡིན། ? དྲང་མོར་གསུངས་རོགས་གནང་།
ཧྲཱི༔ ཀ་དག་གདོད་མའི་ཆོས་དབྱིངས་གཞལ་མེད་ནས།། ཧྲཱི༔ ཆོས་སྐུ་ཀུན་བཟང་སྤྲུལ་སྐུ་སྣང་མཐའ་ཡིས།། ཧྲཱི༔ ཆོས་རྒྱལ་ཆེན་པོའི་བཀའ་ལུང་འགལ་མེད་གྱིས།། ཧྲཱི༔ ཆོལ་གསུམ་ཆོས་བརྒྱུད་མ་དབྱེ་རིས་མེད་མཛོད།།
དྲ་འབུ་ཚོ་འདིར་ཉོག་གཏམ་མ་གནང་རོགས་ཞུ། བཀྲ་ཤིས་པའི་རྟེན་འབྲེལ་བརྩིགས་ས་ལ་ཁྭ་ཏས་ཅག་སྐད་མ་སྒྲོགས་ཟེར་བ་ཡིན། ༧སྐྱབས་མགོན་རྒྱལ་བའི་དབང་པོ་ཕྱག་ན་པདྨོ་དགུང་གྲངས་བརྒྱད་ཅུར་ཕེབས་གྲབས་ཡོད་རེད། རྩོམ་ཡིག་འབྲི་ཤེས་ན་བྲིས་རོགས། མི་ཤེས་ན་མཆུ་བཙུམ་རོགས་ཞུ་བཞིན་ཡོད། མ་གཞི་གྱ་སྟོན་ཟེར་བ་ཨ་མདོ་ལ་མ་གཏོགས་མེད་པས་རྒྱུ་མཚན་གྱིས་རེད་ཅེས་གསར་འགོད་གསལ་བསྒྲགས་སྔོན་སོང་ལྟར་རེད། ལུང་ཀྱོག་ལ་འཛུལ་ནས་མཐོང་རྒྱ་མེད་པའི་གཏམ་ངན་མ་གནང་རོགས་ཞུ། སྐུ་མཁྱེན།།
ཤར་པ་ལགས། མདོ་སྨད་ཆོལ་ཁས་འདིར་གཞས་ཚིག་བསྡུ་བའི་གསལ་བསྒྲགས་གནང་ཡོད་པ་ལས་ཆོལ་ཁའི་གསལ་བསྒྲགས་གནང་ཡོད་མ་རེད། དོན་མེད་དཀྲུགས་ཤིང་འཕེན་གི་མ་འདུག
ཆོལ་ཁ་ཆོས་བརྒྱུད་ཚོགས་པ་སུ་ཞིག་གིས། བཟང་པོའི་ལས་ཤིག་གནང་བར་ཡི་རང་འོས། སུ་ཞིག་ཕྱོགས་ལྷུང་ཞེན་ཁོག་ཆེ་དྲགས་པ། དེ་ཡི་མིག་དེས་དྲང་མོ་མཐོང་བ་དཀོན། གཞས་ཚིག་བརྒྱ་ཡི་ཞལ་འདེབས་འབྱུང་བར་ངེས། གཞས་ཀྱི་རྒྱལ་བོ་གཅིག་དེ་རྙེད་པར་ངེས། གཞས་པ་གྲགས་ཅན་ཞིག་གིས་ལེན་པར་ངེས། གཞས་ཀྱི་རྟེན་འབྲེལ་ཀུན་པོས་རྩོད་པར་ངེས།་ཧཧཧཧཧཧཧཧ
སྐུའི་གྱ་སྟོན་ཆེད་གཞས་ཚིག་བསྡུ་བ་ལེགས། གཞས་ཚིག་གང་བྱུང་བ་རྣམས་ལས་གཅིག་འདམས་རྒྱུ་དང་ལེགས་གསོལ་ཡང་ཡོད་ལབ་འདུག འདི་ག་རེ་རེད། གཞས་ཚིག་འགྲན་བསྡུར་ལས་འགུལ་ཞིག་རེད་དམ་ཅི་རེད། གཞས་ཚིག་བསྡུས་ནས་གཅིག་འདམས། དེར་ལེགས་གསོལ་ཞིག་སྤྲད་ནས་ཚར་བ་རེད་དམ་ཅི་རེད། གསལ་བསྒྲགས་འདི་གཞས་ཚིག་འགྲན་བསྡུར་གྱི་གསལ་བསྒྲགས་ཡིན་མིན་ཧ་གོ་མ་སོང་། མདོ་སྨད་གྱ་སྟོན་ཚོགས་ཆུང་གིས་གསལ་བཤད་ཅིག་གནང་རོགས།
མདོ་སྨད་ཀྱིས་ཆོལ་ཁ་གཞན་དང་མཉམ་འབྲེལ་མི་བྱེད་ལབ་ཡོད་རྒྱུ་མ་རེད་འདོད། ལྷག་པར་དུ་ཆོལ་ཁ་གཞན་དང་ཚོགས་པ་གཞན་གྱིས་སྐུའི་གྱ་སྟོན་གོ་སྒྲིག་བྱེད་པར་འགོག་རྐྱེན་བཟོ་མདོག་ཁ་པོ་མ་རེད། དྲ་འབུ་ཚོ་སྨྲ་བ་ཉུང་ན་བཟང་།
ལུང་ཚན་དང་ཞེན་འགོག་མིན་ན་ཆོལ་གསུམ་ཆིག་བསྒྲིལ་གྱི་་གྱ་སྟོན་དང་ཆོལ་གསུམ་གྱ་སྟོན་ཚོགས་པ་ཞེས་འབོད་བར་བྱེད་ན་བཀྲིས་དགུ་རྩེག་དང་། ཡུལ་དུས་གནས་སྐབས་གང་ལ་ཡང་བདེ་ལེཊ་དང་དངོས་བོད་སྤྱི་པ་ལ་ཐུགས་བསམ་རྒྱ་ཆེར་བཞེས་པའོ། དེ་མིན་གོང་ས་མཆོག་ལ་ཆོལ་ཁ་རེ་ཡིས་བརྟེན་བཞུགས་སོགས་མཛད་དཀའ་འོ།
ལི་ཐང་སྐྱིད་སྡུག་ཚོགས་པས་བརྟན་ཞུགས་དང་། ནང་ཆེན་ཉེར་ལྔའི་བརྟན་ཞུགས། སྟོད་པ་སྐྱིད་སྡུག་གིས་བརྟན་ཞུགས། ད་དུང་རྙིང་མ་སྤྱིའི་བརྟན་ཞུགས་ཟེར་བ་ལུང་ཚན་འདྲ་མིན་གྱིས་༧མགོན་པོ་གང་གི་བཀའ་དྲིན་མཚོན་ཆེད་དང་སྐུ་ཚེ་ཞབས་པད་བརྟན་ཆེད་རླབས་ཆེན་གྱི་ལས་དོན་སྒྲུབ་བཞིན་ཡོད་རེད། དེ་མི་འཐད་པ་དང་མི་འགྲིག་པ་ཞིག་རེད་ཟེར་མཁན་ཕྲག་དོག་གི་མིག་ཅན་ལས་གཞན་ལྷག་བསམ་ཅན་གྱི་གཏམ་ཞིག་མ་རེད། དེ་བཞིན་མདོ་སྟོད་མདོ་སྨད་དབུས་གཙང་སུས་གོ་སྒྲིག་གནང་ཡང་དེ་ལ་ཡི་རིངས་གནང་ན་འགལ་བ་ཅི་ཡང་མེད་པར་འདོད། དེ་མིན་དང་པོ་ནས་ཆོལ་ཁའི་སྐད་ཆ་རྫོབ་པོ་དེ་ཚོ་དྲུད་སླེབས་ནས་ནང་འཁྲུག་སློང་ནས་གྱ་སྟོན་ལ་འགོག་སྐྱེན་བཟོ་འདོད་འདི་དངོས་གནས་འཇིགས་སུ་རུང་བ་ཞིག་མ་རེད་དམ།
# 14 གཡུ་བྲག་པ།་ལགས་ཀྱིས་མཆན་བཏབ་པ།: October 19th, 2013 at 10:08 PM ལི་ཐང་སྐྱིད་སྡུག་ཚོགས་པས་བརྟན་ཞུགས་དང་། ནང་ཆེན་ཉེར་ལྔའི་བརྟན་ཞུགས། སྟོད་པ་སྐྱིད་སྡུག་གིས་བརྟན་ཞུགས། ད་དུང་རྙིང་མ་སྤྱིའི་བརྟན་ཞུགས་ཟེར་བ་ལུང་ཚན་འདྲ་མིན་གྱིས་༧མགོན་པོ་གང་གི་བཀའ་དྲིན་མཚོན་ཆེད་དང་སྐུ་ཚེ་ཞབས་པད་བརྟན་ཆེད་རླབས་ཆེན་གྱི་ལས་དོན་སྒྲུབ་བཞིན་ཡོད་རེད། དེ་མི་འཐད་པ་དང་མི་འགྲིག་པ་ཞིག་རེད་ཟེར་མཁན་ཕྲག་དོག་གི་མིག་ཅན་ལས་གཞན་ལྷག་བསམ་ཅན་གྱི་གཏམ་ཞིག་མ་རེད། དེ་བཞིན་མདོ་སྟོད་མདོ་སྨད་དབུས་གཙང་སུས་གོ་སྒྲིག་གནང་ཡང་དེ་ལ་ཡི་རིངས་གནང་ན་འགལ་བ་ཅི་ཡང་མེད་པར་འདོད། དེ་མིན་དང་པོ་ནས་ཆོལ་ཁའི་སྐད་ཆ་རྫོབ་པོ་དེ་ཚོ་དྲུད་སླེབས་ནས་ནང་འཁྲུག་སློང་ནས་གྱ་སྟོན་ལ་འགོག་སྐྱེན་བཟོ་འདོད་འདི་དངོས་གནས་འཇིགས་སུ་རུང་བ་ཞིག་མ་རེད་དམ། ཟེར། བདེན་པ་རེད་འདུག་ལགས། ཕན་ཐོག་ཡོད་པའི་ལས་ཀ་ཞིག་བྱ་མ་ཐུབ་ན་ཡང་གནོད་སྐྱེལ་ན་ཡག་པོ་ཡོད་མ་རེད། ཤར་པ་་ལགས། ག་དུས་ཡིན་ན་ཡང་རང་གིས་མཆན་ཡག་པོ་འབྲི་ཤེས་ཀྱི་མི་འདུག རྗེས་མ་ནས་དེ་འདྲ་མ་གནང་རོགས། འབྲི་མི་ཤེས་ན་ཡིན་གཅིག་མིན་གཉིས་ཨུ་ཚུགས་བརྒྱབ་ནས་འབྲི་དགོས་མ་རེད་ལགས།
བདག་གིས་བལྟ་ཚུལ་ཡིན་ན མདོ་སྨད་གཅིག་བུ་མ་ཡིན་པར་བོད་སྤྱི་བོ་གནམ་ལྟན་ཡོངས་ཀྱིས་ཆིག་སྒྲིལ་གྱི་གྱ་སྟོན་ཞིག་བྱུང་ན་བོད་ཀྱི་ལོ་རྒྱུས་ཐོག་བླ་མེད་ཀྱི་མཐོང་ཆེན་ཞིག་ཡིན་པར་ངོས་འཛིན་ཡོད། དེ་མིན་མདོ་སྨད་གཅིག་བུས་གྱ་སྟོན་གོ་སྒྲིག་བྱེད་ཁུལ་བྱས་པ་ཡིན་ན་ མདོ་སྟོད་དང་དབུང་གཙང་སོགས་ཕྱིར་གྲལ་དུ་ཕུད་པའི་བཟོད་ཅིག་ངང་གིས་སྐྱེ་ཡོང་།
བྱ་ཞིག་ཡིན་ཡང་རང་གི་སྐྱེས་ཁོངས་སུ་གཏོགས་ཀྱིན་ཡོད་ན། ༧གོང་ས་མཆོག་ཀྱང་མི་ཞིག་ཡིན་ཙང་རང་གི་སྐྱེས་ཁོངས་སམ་སྐྱེས་ཡུལ་ཆོལ་ཁའི་ཁོངས་སུ་གཏོགས་ཀིན་ཡོད་པར་གླེང་མ་དགོས་སོང་ཙང་། ད་རེས་མདོ་སྨད་པ་ཡོངས་ནས་རང་འགན་ཕྲག་ཏུ་བླངས་ཏེ་རང་རིགས་ཁ་བ་རི་བའི་སྐྱབས་མགོན་རིན་པོ་ཆེའི་བརྟན་ཞུགས་ཟབ་རྒྱས་གནང་གིན་འདུག་པར་སྙིང་ནས་གུས་བཀུར་ཞུ། འདི་ཕྱོགས་ལྷུང་གི་སྐད་ཆ་མ་རེད་དངོས་ཡོད་གནས་ཚུལ་རེད། གཞན་ཞིག་གི་ཐོག་ནས་བཤད་ན་་་་༧་གོང་ས་མཆོག་གི་མཐོ་གོ་ས་དང་་་་ཐུགས་སྐྱེད་སྨོན་ལམ་གྱིས་བོད་ཆོལ་ཁ་ཆོས་ལུགས་རེས་མེད་ཀྱི་སྤྱི་མི་ཞིག་ལ་ཆགས་སོང་བ་ལས། སྐྱེས་ཡུལ་སྐྱེས་ཁོངས་ཀྱི་ཕྱོགས་ནས་སྤྱི་མིར་ཆགས་སོང་བར་མིན་པ་ཤེས་དགོས།
མཆན་འབྲི་མཁན་ཤར་པ་དང་དགེ་འདུན་རྒྱ་མཚོ།སྦྲ་དཔལ་ལྡན་སོགས་བླུན་པོ་སྨྲ་བ་ཉུང་ན་ལེགས།བར་ལམ་མདོ་སྨད་འཚོགས་ཆེན་སྐབས་ཀྱི་མཛད་སྒོར།མདོ་སྟོད་དང་དབུས་གཙང་།མངའ་རིས་དང་དེ་མིན་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སྐུ་ཚབ་སྐད་བཏང་སྟེ།སྐུའི་གྱ་སྟོན་དེ་མདོ་སྨད་གཅིག་པུའི་ལམ་སྲོལ་ཙམ་ཡིན་ནའང་།ཆོལ་གསུམ་མཉམ་འབྲེལ་གྱིས་གནང་ཐུབ་ན་རྟེན་འབྲེལ་ཡག་པོ་རེད་ཅེས་ནན་ཏན་གྱིས་མདོ་སྨད་གནད་ཡོད་མི་སྣ་མང་པོས་གསུངས་སོང་ལ།གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་རེའང་དེ་ལྟར་རང་རེད་འདུག་མོད།ཆོལ་ཁ་གཞན་ཚོས་ཡ་ལན་གང་ཡང་མེད་པར་མདོ་སྨད་ལ་ཐབས་ཤེས་མེད་པ་ཤེས་ན་ལེགས། ཁ་ཤས་ནས་མདོ་སྨད་ཀྱིས་གོ་སྒྲིག་བྱས་ཏེ་ཆོལ་གསུམ་གྱི་མིང་འདོགས་དགོས་པ་འདྲ་བོ་གསུངས་འདུག་སྟེ།དེ་འདྲ་ཆོལ་ཁ་གཞན་གྱི་ཆོག་མཆན་མེད་པར་བྱེད་ཆོག་གི་སྙིང་ཁམས་མདོ་སྨད་ལ་ཡོད་རྒྱུ་མ་རེད།
མདོ་སྨད་པའི་གྱ་སྟོན་ལ་རྟེན་འབྲེལ་ལ་ཐུགས་རྗེ་ཆེ་ཞུ། གྱ་སྟོན་ལུགས་སྲོལ་མདོ་སྨད་གཅོག་པུ་ཡིན་ས་མ་རེད། ངའི་མངའ་རིས་འབྲོག་ཁུལ་ས་ཆ་འགར་བརྒྱད་བཅུ་གོས་དཀར་ཞེས། ལོ་ན་བརྒྱད་བཅུ་ལོན་པའི་རྒན་པོ་ཚོར་གོས་དཀར་པོ་གྱོན་ནས་རྟེན་འབྲེལ་ཞུས་པ་མཐོང་བྱུང་། བལ་ཡུལ་དུ་རྒུ་རུང་Gurung མི་རིགས་ཚོས་ལོ་ན་བརྒྱད་བཅུ་གྱ་བཞི་ལོན་པ་ཚོར་དེ་བཞིན་དུ་རྟེན་འབྲེལ་ཞུས་སྲོལ་འདུག
མདོ་སྨད་མང་ཚོགས་ཀྱིས་༸སྐུའི་གྱ་སྟོན་གྲ་སྒྲིག་གང་ལེགས་བྱེད་ཐུབ་པར་སྨོན། དེ་རིང་གཞས་ཚིག་དགོས་ཀྱི་འདུག་ཟེར་སང་ཉིན་གཞས་གཏོང་མཁན་ཞིག་ངེས་པར་དགོས་སྟབས་ཡང་བསྐྱར་གསལ་བསྒྲགས་ཤིག་སྤེལ་དགོས། གང་ལྟར་མདོར་བསྡུས་བཤད་ན། ༸གོང་ས་མཆོག་གིས་གང་གསུངས་བ་དོན་དངོས་ལག་ལེན་བསྟར་ཐུབ་ན་དེ་ནི་རྒྱལ་བ་དགྱེས་བའི་མཆོད་སྤྲིན།
མདང་དགོང་ངས་གཞས་ཚིག་དགོས་ཞེས་པའི་གསལ་བསྒྲགས་སྐོར་ལ་བསམ་འཆར་ཞིག་བྲིས་པ་ཡིན། དེ་དུས་མཆན་དེ་དྲ་ངོས་སུ་བཀོད་སོང་། ད་ནངས་ལས་ཁུངས་སུ་ཡོང་ཏེ་ཡང་བསྐྱར་ཁ་བརྡ་ཚང་གི་དྲ་ངོས་སུ་གནས་ཚུལ་ཅི་ཡོད་ལྟ་དུས། ཁ་བརྡ་ཚང་གིས་ངའི་མཆན་དེ་ནག་བསུབ་བཏང་འདུག ཁ་བརྡ་ཚང་ལགས། ངའི་མདང་དགོང་གི་མཆན་དེའི་ནང་མི་ལེགས་གང་ཡང་བྲིས་མེད་།ཕྱོགས་གཅིག་ལས་ཁྱེད་དྲ་ངོས་རྩོམ་སྒྲིག་པ་ཚོས་ཁ་བརྡ་དྲ་ངོས་འདི་ཁ་བརྡ་རང་བཞིན་གྱི་རང་དབང་ཡོད་ཚུལ་བརྗོད་ཀྱང་།མཐར་ཐུག་ན་འདི་འདྲ་བྱེད་ཀྱི་ཡོད་དམ།
མདང་དགོང་ངས་གཞས་ཚིག་དགོས་ཞེས་པའི་གསལ་བསྒྲགས་སྐོར་ལ་བསམ་འཆར་ཞིག་བྲིས་པ་ཡིན། དེ་དུས་མཆན་དེ་དྲ་ངོས་སུ་བཀོད་སོང་། ད་ནངས་ལས་ཁུངས་སུ་ཡོང་ཏེ་ཡང་བསྐྱར་ཁ་བརྡ་ཚང་གི་དྲ་ངོས་སུ་གནས་ཚུལ་ཅི་ཡོད་ལྟ་དུས། ཁ་བརྡ་ཚང་གིས་ངའི་མཆན་དེ་ནག་བསུབ་བཏང་འདུག ཁ་བརྡ་ཚང་ལགས། ངའི་མདང་དགོང་གི་མཆན་དེའི་ནང་མི་ལེགས་གང་ཡང་བྲིས་མེད་།ཕྱོགས་གཅིག་ལས་ཁྱེད་དྲ་ངོས་རྩོམ་སྒྲིག་པ་ཚོས་ཁ་བརྡ་དྲ་ངོས་འདི་ཁ་བརྡ་རང་བཞིན་གྱི་རང་དབང་ཡོད་ཚུལ་བརྗོད་ཀྱང་།མཐར་ཐུག་ན་འདི་འདྲ་བྱེད་ཀྱི་ཡོད་དམ།
བོད་ཆོལ་ཁ་གསུམ་གྱི་མཉམ་དུ་གྱ་སྟོན་ཚོགས་པ་ཞིག་ཡིན་ན་བཟང་བ་ལགས། ད་རེས་མདོ་སྨད་ཅིག་པུའི་གྱ་སྟོན་ཚོགས་པ་དེས་ཆོལ་ཁ་གཞན་གཉིས་ལས་ཟུར་དུ་བཀར་བ་དེས་ཕན་ལས་གནོད་ཆེ་ལ་། དེས་བོད་པའི་སྤྱི་ཚོགས་ལ་བསམ་ན་ཡག་པོ་མེད་དོ།
མདོ་སྨད་ཆོལ་ཁ་གཅིག་པུར་མ་ཟད་མི་སྒེར་བ་གཅིག་གིས་གྱ་སྟོན་གནང་ན་ཡང་ངས་རྗེས་སུ་ཡིད་རང་ཞུ་ངེས་ཡིན། དེང་སྐབས་གྱ་སྟོན་དང་འབྲེལ་བའི་དགོས་མེད་མཆན་ཉོག་དང་རྩོམ་ཉོག་སྤེལ་མཁན་རེ་ཟུང་ཡོང་བཞིན་པ་འདི་ནི་ཆོལ་ཆོས་ཕྱོགས་རིས་དང་། ནང་ཁུལ་དཀྲུགས་འདོད་ཀྱིས་བསམ་སྦྱོར་ངན་པར་མངོན་དུ་གྱུར་བ་ཙམ་ལས་དོན་དངོས་རིན་ཐང་དང་། ཆ་འཇོག་འོས་པས་ལེགས་བཤད་ལ་གཟུར་གནས་སྐྱེ་བོ་ཀུན་གྱིས་ངོས་མི་འཛིན། མདོར་ན་ཁྱེད་རང་གྱ་སྟོན་ལ་དགའ་མོས་ཡོད་ཚེ་མཉམ་ཞུགས་གནང་ན་སུ་གང་གིས་དགག་བྱ་མེད་པ་མ་ཟད་དགའ་བསུ་ཐོ་ངེས་རེད།
ཧྲིཿང་ཡི་སློབ་དཔོན་མཐོང་བ་ལྡན་གང།།
ཨོཾ་ཿབགྲང་བྱ་བཅུ་ཕྲག་བརྒྱད་པའི་དགའ་སྟོན་ལ།།
ཨཿཆོལ་གསུམ་ཅིག་བསྒྲིལ་གྱ་སྟོན་བྱེད་ན་བཟང།།
ཧུཾཿཆོལ་ཅིག་མི་ཅིག་མི་འབོད་གང་ཅན་ཡོངས།། ལྷ་བབས་ནས་ཐོག་ཕེབས་ཡིན་ནི་འགི།
གོང་དོན་ལྡན་ཞེས་བཅོས
གོང་གི་འཇམ་གཅེས་གསུང་བ་ལ་རྒྱབ་སྐྱོར་ཡོད། སུ་ཞིག་ཡིན་ནའང་སྤྱི་བ་ལ་འགན་འཁུར་ནས་སྐད་ཆ་བཤད་བཟང་མོ། དེ་མིན་ནང་ཁུལ་དཀྲུགས་འདོད་ཀྱི་བློ་ངན་དེ་དག་གི་ཕན་ལས་གནོད་ཆེ།
ངས་བསམ་ན་ཡང་འཇམ་གཅེས་ཀྱིས་བཤད་པ་འདི་བདེན་པ་རེད། ངས་ཁོ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
གང་ཡིན་ཟེར་ན་ག་དུས་ཡིན་ན་ཆོལ་ཁ་དང་ཆོས་ལུགས་ཞེན་ཁོག་དེ་འཁྱེར་མ་ཡོང་ན་ཡག་པོ་ཡོད་རེད། མདོ་སྨད་ཀྱིས་གང་བྱེད་པ་དེ་གཞན་གྱིས་བྱེད་དགོས་པ་མ་རེད་། བྱེད་ཐུབ་ཡ་ཡང་ཡོད་མ་རེད། དེ་བཞིན་དུ་ཆོལ་ཁ་གཞན་གྱིས་བྱེད་ཐུབ་ཡ་དེ་མདོ་སྨད་ཀྱིས་བྱེད་ཐུབ་པའི་ངེས་པ་མེད། བྱེད་དགོས་པ་ཡང་མ་རེད་སྙམ།
གང་ལྟར་རང་རང་གིས་ནུས་ཚོད་དང་འཇོན་ཚོད་ཀྱིས་ཕྱག་ལས་འདྲ་མིན་གནང་ན་འགྲིག་གི་རེད། ཚང་མ་དགེ་པའི་ལས་རེད་འདུག་ད།
མདོར་ན་རྐང་པས་འཐེན་པའི་སྲོལ་དེ་ཡག་པོ་མཐོང་མ་སོང་།
ངས་བསམ་ན་ལུང་མཚན་སུ་ཞིག་གིས་གྱ་སྟོན་བྱེད་པ་དང་ཡང་གཞུང་དང་ཚོགས་པ་སྒེར་བ་ཆོས་རྒྱུད་སུ་ཞིག་གིས་གོང་༧་ས་མཆོག་པ་ཆོས་སྲིད་ཀྱི་བཀའ་དྲིན་མཚོན་བྱེད་ཕྱི་ལུགས་ལྟར་གཟེངས་རྟགས་འབུལ་བ་དང་བོད་ལུགས་ལྟར་བརྟེན་བཞུགས་འབུལ་བ་སོགས་ལ་སུས་ཀྱང་བཀག་འགོག་བྱེད་ཡ་མེད།
ཕྱི་རྒྱལ་པས་གོང་༧་མཆོག་ལ་རྟགས་མ་ག་ཚོད་ཕུལ་སོང་། བོད་པ་ཚོས་ག་ཚོད་ཕུལ་ཡོད། རང་མྱི་རེད་ཟེར་ནས་མཐོང་ཆུང་དང་གནང་མེད་བྱེད་པ་དེ་ཡག་པོ་མ་རེད།
ད་དུང་མི་འགའ་ཤས་ཀྱིས་གྱ་སྟོན་བྱེད་པའི་ལུགས་སྲོལ་དེ་ཡང་ཆོལ་ཁ་ཞིག་གི་ལམ་སྲོལ་ལ་ངོས་འཛིན་གྱིས་འགལ་རྐྱེན་བཟོ་རྩིས་ཡོད་རེད།
ད་ལྟ་བར་དུ་ཁྱེད་ཚོས་ག་རེ་འཇོན་ཡོད། འདི་དྲི་བ་ཞིག་ཡིན། ? དྲང་མོར་གསུངས་རོགས་གནང་།
ཧྲཱི༔ ཀ་དག་གདོད་མའི་ཆོས་དབྱིངས་གཞལ་མེད་ནས།།
ཧྲཱི༔ ཆོས་སྐུ་ཀུན་བཟང་སྤྲུལ་སྐུ་སྣང་མཐའ་ཡིས།།
ཧྲཱི༔ ཆོས་རྒྱལ་ཆེན་པོའི་བཀའ་ལུང་འགལ་མེད་གྱིས།།
ཧྲཱི༔ ཆོལ་གསུམ་ཆོས་བརྒྱུད་མ་དབྱེ་རིས་མེད་མཛོད།།
དྲ་འབུ་ཚོ་འདིར་ཉོག་གཏམ་མ་གནང་རོགས་ཞུ། བཀྲ་ཤིས་པའི་རྟེན་འབྲེལ་བརྩིགས་ས་ལ་ཁྭ་ཏས་ཅག་སྐད་མ་སྒྲོགས་ཟེར་བ་ཡིན། ༧སྐྱབས་མགོན་རྒྱལ་བའི་དབང་པོ་ཕྱག་ན་པདྨོ་དགུང་གྲངས་བརྒྱད་ཅུར་ཕེབས་གྲབས་ཡོད་རེད། རྩོམ་ཡིག་འབྲི་ཤེས་ན་བྲིས་རོགས། མི་ཤེས་ན་མཆུ་བཙུམ་རོགས་ཞུ་བཞིན་ཡོད།
མ་གཞི་གྱ་སྟོན་ཟེར་བ་ཨ་མདོ་ལ་མ་གཏོགས་མེད་པས་རྒྱུ་མཚན་གྱིས་རེད་ཅེས་གསར་འགོད་གསལ་བསྒྲགས་སྔོན་སོང་ལྟར་རེད། ལུང་ཀྱོག་ལ་འཛུལ་ནས་མཐོང་རྒྱ་མེད་པའི་གཏམ་ངན་མ་གནང་རོགས་ཞུ། སྐུ་མཁྱེན།།
ཤར་པ་ལགས། མདོ་སྨད་ཆོལ་ཁས་འདིར་གཞས་ཚིག་བསྡུ་བའི་གསལ་བསྒྲགས་གནང་ཡོད་པ་ལས་ཆོལ་ཁའི་གསལ་བསྒྲགས་གནང་ཡོད་མ་རེད། དོན་མེད་དཀྲུགས་ཤིང་འཕེན་གི་མ་འདུག
འཇམ་གཅེས་ཀྱིས་བཤད་པ་དེ་ལ་མགུ
ཆོལ་ཁ་ཆོས་བརྒྱུད་ཚོགས་པ་སུ་ཞིག་གིས།
བཟང་པོའི་ལས་ཤིག་གནང་བར་ཡི་རང་འོས།
སུ་ཞིག་ཕྱོགས་ལྷུང་ཞེན་ཁོག་ཆེ་དྲགས་པ།
དེ་ཡི་མིག་དེས་དྲང་མོ་མཐོང་བ་དཀོན།
གཞས་ཚིག་བརྒྱ་ཡི་ཞལ་འདེབས་འབྱུང་བར་ངེས།
གཞས་ཀྱི་རྒྱལ་བོ་གཅིག་དེ་རྙེད་པར་ངེས།
གཞས་པ་གྲགས་ཅན་ཞིག་གིས་ལེན་པར་ངེས།
གཞས་ཀྱི་རྟེན་འབྲེལ་ཀུན་པོས་རྩོད་པར་ངེས།་ཧཧཧཧཧཧཧཧ
སྐུའི་གྱ་སྟོན་ཆེད་གཞས་ཚིག་བསྡུ་བ་ལེགས། གཞས་ཚིག་གང་བྱུང་བ་རྣམས་ལས་གཅིག་འདམས་རྒྱུ་དང་ལེགས་གསོལ་ཡང་ཡོད་ལབ་འདུག འདི་ག་རེ་རེད། གཞས་ཚིག་འགྲན་བསྡུར་ལས་འགུལ་ཞིག་རེད་དམ་ཅི་རེད། གཞས་ཚིག་བསྡུས་ནས་གཅིག་འདམས། དེར་ལེགས་གསོལ་ཞིག་སྤྲད་ནས་ཚར་བ་རེད་དམ་ཅི་རེད། གསལ་བསྒྲགས་འདི་གཞས་ཚིག་འགྲན་བསྡུར་གྱི་གསལ་བསྒྲགས་ཡིན་མིན་ཧ་གོ་མ་སོང་། མདོ་སྨད་གྱ་སྟོན་ཚོགས་ཆུང་གིས་གསལ་བཤད་ཅིག་གནང་རོགས།
མདོ་སྨད་ཀྱིས་ཆོལ་ཁ་གཞན་དང་མཉམ་འབྲེལ་མི་བྱེད་ལབ་ཡོད་རྒྱུ་མ་རེད་འདོད། ལྷག་པར་དུ་ཆོལ་ཁ་གཞན་དང་ཚོགས་པ་གཞན་གྱིས་སྐུའི་གྱ་སྟོན་གོ་སྒྲིག་བྱེད་པར་འགོག་རྐྱེན་བཟོ་མདོག་ཁ་པོ་མ་རེད། དྲ་འབུ་ཚོ་སྨྲ་བ་ཉུང་ན་བཟང་།
ལུང་ཚན་དང་ཞེན་འགོག་མིན་ན་ཆོལ་གསུམ་ཆིག་བསྒྲིལ་གྱི་་གྱ་སྟོན་དང་ཆོལ་གསུམ་གྱ་སྟོན་ཚོགས་པ་ཞེས་འབོད་བར་བྱེད་ན་བཀྲིས་དགུ་རྩེག་དང་། ཡུལ་དུས་གནས་སྐབས་གང་ལ་ཡང་བདེ་ལེཊ་དང་དངོས་བོད་སྤྱི་པ་ལ་ཐུགས་བསམ་རྒྱ་ཆེར་བཞེས་པའོ། དེ་མིན་གོང་ས་མཆོག་ལ་ཆོལ་ཁ་རེ་ཡིས་བརྟེན་བཞུགས་སོགས་མཛད་དཀའ་འོ།
ལི་ཐང་སྐྱིད་སྡུག་ཚོགས་པས་བརྟན་ཞུགས་དང་། ནང་ཆེན་ཉེར་ལྔའི་བརྟན་ཞུགས། སྟོད་པ་སྐྱིད་སྡུག་གིས་བརྟན་ཞུགས། ད་དུང་རྙིང་མ་སྤྱིའི་བརྟན་ཞུགས་ཟེར་བ་ལུང་ཚན་འདྲ་མིན་གྱིས་༧མགོན་པོ་གང་གི་བཀའ་དྲིན་མཚོན་ཆེད་དང་སྐུ་ཚེ་ཞབས་པད་བརྟན་ཆེད་རླབས་ཆེན་གྱི་ལས་དོན་སྒྲུབ་བཞིན་ཡོད་རེད། དེ་མི་འཐད་པ་དང་མི་འགྲིག་པ་ཞིག་རེད་ཟེར་མཁན་ཕྲག་དོག་གི་མིག་ཅན་ལས་གཞན་ལྷག་བསམ་ཅན་གྱི་གཏམ་ཞིག་མ་རེད། དེ་བཞིན་མདོ་སྟོད་མདོ་སྨད་དབུས་གཙང་སུས་གོ་སྒྲིག་གནང་ཡང་དེ་ལ་ཡི་རིངས་གནང་ན་འགལ་བ་ཅི་ཡང་མེད་པར་འདོད། དེ་མིན་དང་པོ་ནས་ཆོལ་ཁའི་སྐད་ཆ་རྫོབ་པོ་དེ་ཚོ་དྲུད་སླེབས་ནས་ནང་འཁྲུག་སློང་ནས་གྱ་སྟོན་ལ་འགོག་སྐྱེན་བཟོ་འདོད་འདི་དངོས་གནས་འཇིགས་སུ་རུང་བ་ཞིག་མ་རེད་དམ།
# 14 གཡུ་བྲག་པ།་ལགས་ཀྱིས་མཆན་བཏབ་པ།:
October 19th, 2013 at 10:08 PM
ལི་ཐང་སྐྱིད་སྡུག་ཚོགས་པས་བརྟན་ཞུགས་དང་། ནང་ཆེན་ཉེར་ལྔའི་བརྟན་ཞུགས། སྟོད་པ་སྐྱིད་སྡུག་གིས་བརྟན་ཞུགས། ད་དུང་རྙིང་མ་སྤྱིའི་བརྟན་ཞུགས་ཟེར་བ་ལུང་ཚན་འདྲ་མིན་གྱིས་༧མགོན་པོ་གང་གི་བཀའ་དྲིན་མཚོན་ཆེད་དང་སྐུ་ཚེ་ཞབས་པད་བརྟན་ཆེད་རླབས་ཆེན་གྱི་ལས་དོན་སྒྲུབ་བཞིན་ཡོད་རེད། དེ་མི་འཐད་པ་དང་མི་འགྲིག་པ་ཞིག་རེད་ཟེར་མཁན་ཕྲག་དོག་གི་མིག་ཅན་ལས་གཞན་ལྷག་བསམ་ཅན་གྱི་གཏམ་ཞིག་མ་རེད། དེ་བཞིན་མདོ་སྟོད་མདོ་སྨད་དབུས་གཙང་སུས་གོ་སྒྲིག་གནང་ཡང་དེ་ལ་ཡི་རིངས་གནང་ན་འགལ་བ་ཅི་ཡང་མེད་པར་འདོད། དེ་མིན་དང་པོ་ནས་ཆོལ་ཁའི་སྐད་ཆ་རྫོབ་པོ་དེ་ཚོ་དྲུད་སླེབས་ནས་ནང་འཁྲུག་སློང་ནས་གྱ་སྟོན་ལ་འགོག་སྐྱེན་བཟོ་འདོད་འདི་དངོས་གནས་འཇིགས་སུ་རུང་བ་ཞིག་མ་རེད་དམ།
ཟེར།
བདེན་པ་རེད་འདུག་ལགས། ཕན་ཐོག་ཡོད་པའི་ལས་ཀ་ཞིག་བྱ་མ་ཐུབ་ན་ཡང་གནོད་སྐྱེལ་ན་ཡག་པོ་ཡོད་མ་རེད། ཤར་པ་་ལགས། ག་དུས་ཡིན་ན་ཡང་རང་གིས་མཆན་ཡག་པོ་འབྲི་ཤེས་ཀྱི་མི་འདུག རྗེས་མ་ནས་དེ་འདྲ་མ་གནང་རོགས། འབྲི་མི་ཤེས་ན་ཡིན་གཅིག་མིན་གཉིས་ཨུ་ཚུགས་བརྒྱབ་ནས་འབྲི་དགོས་མ་རེད་ལགས།
བདག་གིས་བལྟ་ཚུལ་ཡིན་ན མདོ་སྨད་གཅིག་བུ་མ་ཡིན་པར་བོད་སྤྱི་བོ་གནམ་ལྟན་ཡོངས་ཀྱིས་ཆིག་སྒྲིལ་གྱི་གྱ་སྟོན་ཞིག་བྱུང་ན་བོད་ཀྱི་ལོ་རྒྱུས་ཐོག་བླ་མེད་ཀྱི་མཐོང་ཆེན་ཞིག་ཡིན་པར་ངོས་འཛིན་ཡོད། དེ་མིན་མདོ་སྨད་གཅིག་བུས་གྱ་སྟོན་གོ་སྒྲིག་བྱེད་ཁུལ་བྱས་པ་ཡིན་ན་ མདོ་སྟོད་དང་དབུང་གཙང་སོགས་ཕྱིར་གྲལ་དུ་ཕུད་པའི་བཟོད་ཅིག་ངང་གིས་སྐྱེ་ཡོང་།
སྙིང་རྗེ་་་ཡང་འདི་ན་དྲ་འབུ་ཕྱོགས་ལྷུང་བ་དག་སླེབས་ནས་ཅོལ་ཆུང་གི་སྨྲ་བ་དགུ་བརྩེགས་བྱས་འདུག
བྱ་ཞིག་ཡིན་ཡང་རང་གི་སྐྱེས་ཁོངས་སུ་གཏོགས་ཀྱིན་ཡོད་ན། ༧གོང་ས་མཆོག་ཀྱང་མི་ཞིག་ཡིན་ཙང་རང་གི་སྐྱེས་ཁོངས་སམ་སྐྱེས་ཡུལ་ཆོལ་ཁའི་ཁོངས་སུ་གཏོགས་ཀིན་ཡོད་པར་གླེང་མ་དགོས་སོང་ཙང་། ད་རེས་མདོ་སྨད་པ་ཡོངས་ནས་རང་འགན་ཕྲག་ཏུ་བླངས་ཏེ་རང་རིགས་ཁ་བ་རི་བའི་སྐྱབས་མགོན་རིན་པོ་ཆེའི་བརྟན་ཞུགས་ཟབ་རྒྱས་གནང་གིན་འདུག་པར་སྙིང་ནས་གུས་བཀུར་ཞུ། འདི་ཕྱོགས་ལྷུང་གི་སྐད་ཆ་མ་རེད་དངོས་ཡོད་གནས་ཚུལ་རེད། གཞན་ཞིག་གི་ཐོག་ནས་བཤད་ན་་་་༧་གོང་ས་མཆོག་གི་མཐོ་གོ་ས་དང་་་་ཐུགས་སྐྱེད་སྨོན་ལམ་གྱིས་བོད་ཆོལ་ཁ་ཆོས་ལུགས་རེས་མེད་ཀྱི་སྤྱི་མི་ཞིག་ལ་ཆགས་སོང་བ་ལས། སྐྱེས་ཡུལ་སྐྱེས་ཁོངས་ཀྱི་ཕྱོགས་ནས་སྤྱི་མིར་ཆགས་སོང་བར་མིན་པ་ཤེས་དགོས།
སྐུ་གྱ་སྟོན་མཛད་པར་རྗེས་སུ་ཡི་རངས་དང་བྱ་བ་ལམ་ལྷོངས་ཡོང་བར་སྨོན།
ཁ་དྲོ།
མཆན་འབྲི་མཁན་ཤར་པ་དང་དགེ་འདུན་རྒྱ་མཚོ།སྦྲ་དཔལ་ལྡན་སོགས་བླུན་པོ་སྨྲ་བ་ཉུང་ན་ལེགས།བར་ལམ་མདོ་སྨད་འཚོགས་ཆེན་སྐབས་ཀྱི་མཛད་སྒོར།མདོ་སྟོད་དང་དབུས་གཙང་།མངའ་རིས་དང་དེ་མིན་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སྐུ་ཚབ་སྐད་བཏང་སྟེ།སྐུའི་གྱ་སྟོན་དེ་མདོ་སྨད་གཅིག་པུའི་ལམ་སྲོལ་ཙམ་ཡིན་ནའང་།ཆོལ་གསུམ་མཉམ་འབྲེལ་གྱིས་གནང་ཐུབ་ན་རྟེན་འབྲེལ་ཡག་པོ་རེད་ཅེས་ནན་ཏན་གྱིས་མདོ་སྨད་གནད་ཡོད་མི་སྣ་མང་པོས་གསུངས་སོང་ལ།གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་རེའང་དེ་ལྟར་རང་རེད་འདུག་མོད།ཆོལ་ཁ་གཞན་ཚོས་ཡ་ལན་གང་ཡང་མེད་པར་མདོ་སྨད་ལ་ཐབས་ཤེས་མེད་པ་ཤེས་ན་ལེགས།
ཁ་ཤས་ནས་མདོ་སྨད་ཀྱིས་གོ་སྒྲིག་བྱས་ཏེ་ཆོལ་གསུམ་གྱི་མིང་འདོགས་དགོས་པ་འདྲ་བོ་གསུངས་འདུག་སྟེ།དེ་འདྲ་ཆོལ་ཁ་གཞན་གྱི་ཆོག་མཆན་མེད་པར་བྱེད་ཆོག་གི་སྙིང་ཁམས་མདོ་སྨད་ལ་ཡོད་རྒྱུ་མ་རེད།
མདོ་སྨད་པའི་གྱ་སྟོན་ལ་རྟེན་འབྲེལ་ལ་ཐུགས་རྗེ་ཆེ་ཞུ། གྱ་སྟོན་ལུགས་སྲོལ་མདོ་སྨད་གཅོག་པུ་ཡིན་ས་མ་རེད། ངའི་མངའ་རིས་འབྲོག་ཁུལ་ས་ཆ་འགར་བརྒྱད་བཅུ་གོས་དཀར་ཞེས། ལོ་ན་བརྒྱད་བཅུ་ལོན་པའི་རྒན་པོ་ཚོར་གོས་དཀར་པོ་གྱོན་ནས་རྟེན་འབྲེལ་ཞུས་པ་མཐོང་བྱུང་། བལ་ཡུལ་དུ་རྒུ་རུང་Gurung མི་རིགས་ཚོས་ལོ་ན་བརྒྱད་བཅུ་གྱ་བཞི་ལོན་པ་ཚོར་དེ་བཞིན་དུ་རྟེན་འབྲེལ་ཞུས་སྲོལ་འདུག
མདོ་སྨད་མང་ཚོགས་ཀྱིས་༸སྐུའི་གྱ་སྟོན་གྲ་སྒྲིག་གང་ལེགས་བྱེད་ཐུབ་པར་སྨོན། དེ་རིང་གཞས་ཚིག་དགོས་ཀྱི་འདུག་ཟེར་སང་ཉིན་གཞས་གཏོང་མཁན་ཞིག་ངེས་པར་དགོས་སྟབས་ཡང་བསྐྱར་གསལ་བསྒྲགས་ཤིག་སྤེལ་དགོས། གང་ལྟར་མདོར་བསྡུས་བཤད་ན། ༸གོང་ས་མཆོག་གིས་གང་གསུངས་བ་དོན་དངོས་ལག་ལེན་བསྟར་ཐུབ་ན་དེ་ནི་རྒྱལ་བ་དགྱེས་བའི་མཆོད་སྤྲིན།
མདང་དགོང་ངས་གཞས་ཚིག་དགོས་ཞེས་པའི་གསལ་བསྒྲགས་སྐོར་ལ་བསམ་འཆར་ཞིག་བྲིས་པ་ཡིན། དེ་དུས་མཆན་དེ་དྲ་ངོས་སུ་བཀོད་སོང་། ད་ནངས་ལས་ཁུངས་སུ་ཡོང་ཏེ་ཡང་བསྐྱར་ཁ་བརྡ་ཚང་གི་དྲ་ངོས་སུ་གནས་ཚུལ་ཅི་ཡོད་ལྟ་དུས། ཁ་བརྡ་ཚང་གིས་ངའི་མཆན་དེ་ནག་བསུབ་བཏང་འདུག ཁ་བརྡ་ཚང་ལགས། ངའི་མདང་དགོང་གི་མཆན་དེའི་ནང་མི་ལེགས་གང་ཡང་བྲིས་མེད་།ཕྱོགས་གཅིག་ལས་ཁྱེད་དྲ་ངོས་རྩོམ་སྒྲིག་པ་ཚོས་ཁ་བརྡ་དྲ་ངོས་འདི་ཁ་བརྡ་རང་བཞིན་གྱི་རང་དབང་ཡོད་ཚུལ་བརྗོད་ཀྱང་།མཐར་ཐུག་ན་འདི་འདྲ་བྱེད་ཀྱི་ཡོད་དམ།
མདང་དགོང་ངས་གཞས་ཚིག་དགོས་ཞེས་པའི་གསལ་བསྒྲགས་སྐོར་ལ་བསམ་འཆར་ཞིག་བྲིས་པ་ཡིན། དེ་དུས་མཆན་དེ་དྲ་ངོས་སུ་བཀོད་སོང་། ད་ནངས་ལས་ཁུངས་སུ་ཡོང་ཏེ་ཡང་བསྐྱར་ཁ་བརྡ་ཚང་གི་དྲ་ངོས་སུ་གནས་ཚུལ་ཅི་ཡོད་ལྟ་དུས། ཁ་བརྡ་ཚང་གིས་ངའི་མཆན་དེ་ནག་བསུབ་བཏང་འདུག ཁ་བརྡ་ཚང་ལགས། ངའི་མདང་དགོང་གི་མཆན་དེའི་ནང་མི་ལེགས་གང་ཡང་བྲིས་མེད་།ཕྱོགས་གཅིག་ལས་ཁྱེད་དྲ་ངོས་རྩོམ་སྒྲིག་པ་ཚོས་ཁ་བརྡ་དྲ་ངོས་འདི་ཁ་བརྡ་རང་བཞིན་གྱི་རང་དབང་ཡོད་ཚུལ་བརྗོད་ཀྱང་།མཐར་ཐུག་ན་འདི་འདྲ་བྱེད་ཀྱི་ཡོད་དམ།
ད་ངས་མཆན་གཏོང་དགོས་ཀྱི་མ་རེད་ཁ་བརྡ་ཚང་ལགས