༧གོང་ས་མཆོག་སྨན་ཁང་ནས་ཕེབས་ཐོན་གནང་གི་ཡིན་པ་རེད། Posted on 2008-08-31 By དགེ་རབ་ 6 Comments on ༧གོང་ས་མཆོག་སྨན་ཁང་ནས་ཕེབས་ཐོན་གནང་གི་ཡིན་པ་རེད། དེ་རིང་དྲ་རྒྱའི་ནང་འཁོད་པའི་གནས་ཚུལ་ཁག་ལྟར་ན། ༧རྒྱལ་བ་རིན་པོ་ཆེ་ཚང་སྐུ་ཁམས་བདེ་མིན་གྱིས་རྒྱ་གར་མུམ་བྷེའི་སྨན་ཁང་ཞིག་ཏུ་ཉིན་བཞིའི་རིང་བཞུགས་མོད། ད་ཆ་དྲག་སྐྱེད་ཀྱིས་སང་ཉིན་རེས་གཟའ་ཟླ་བ་ཉིན་སྨན་ཁང་ནས་ཕེབས་ཐོན་གནང་གི་ཡོད་པའི་གཏམ་བཟང་གི་གནས་ཚུལ་འདུག གསར་འགྱུར།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། ། ཆེ་ཆེར་གསལ་མཛད་གངས་ལྗོངས་བསྟན་འགྲོའི་མགོན། ། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི། ། ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག ། དིལ་མགོ་མཁྱེན་བརྩེའི་གསུང་བྱིན་ཅན་ནོ།། གུས་པས། ཆེ་ཆེར་གསལ་མཛད་འཛམ་གླིང་ཞི་བདེའི་བདག ཅེས་ཁ་ཅུང་ཟད་བསྒྱུར་ནས་འདོན་གྱིན་ཡོད།
གངས་རི་ར་བས་བསྐོར་བའི་ཞིང་ཁམས་དེར། ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། གངས་ཅན་མགོན་པོ་བསྟན་འཇིན་རྒྱ་མཆོ་ཡི། ། ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག། ངས་ས་མཐའ་ནས་དུས་དང་རྣམ་པ་ཀུན་ཏུ་སྨོན་ལམ་འདི་ལྟར་འདེབས་གྱིན་ཡོད་ལ། ལྷག་པར་ད་ལོ་ལྟ་བུ་ དཀའ་ཁག་ཆེ་བའི་ལོ་ཟླ་འདི་དག་ཏུ་སྨོན་ལམ་འདིའི་བྱིན་རླབས་དང་གལ་ཆེ་རང་བཞིན་དྲན་ཡོང་གི །
ངས་འདིར་གསལ་བཤད་ཆེས་ཐུང་ངུ་ཞིག་བྱེད་འདོད་བྱུང་། གསལ་བཤད་བྱེད་དགོས་པའི་དོན་དག་འདི་གནད་འགག་ཅིག་མིན་མོད། ང་ཚོར་ཆུང་ས་ནས་གཟབ་གཟབ་བྱེད་རྒྱུའི་གོམས་གཤིས་ཤིག་ཆགས་ན་ཡག་པོ་འདུག་བསམ་བྱུང་། དེས་ན་བཤད་བྱ་གཙོ་བོ་ནི། བཀུར་འོས་སྐུ་ཞབས་ཡེ་ཤེས་ལགས་ཀྱིས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། ། ཆེ་ཆེར་གསལ་མཛད་གངས་ལྗོངས་བསྟན་འགྲོའི་མགོན། ། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི། ། ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག ། དིལ་མགོ་མཁྱེན་བརྩེའི་གསུང་བྱིན་ཅན་ནོ།། ཞེས་གསུངས་མོད། དེ་ནི་དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེས་༧གོང་ས་མཆོག་ལ་ཉིད་ཀྱི་གསོལ་འདེབས་ཤིག་དགོས་ཞེས་ཞུས་པའི་ངོར་༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བ་ཞིག་ལས་དིལ་མགོའི་བརྩེའི་གསུང་མ་རེད། གང་ལྟར་གསོལ་འདེབས་དེའི་ཚིག་ཅི་བཞིན་བཀོད་ན་འདི་ལྟར། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། ། ཆེ་ཆེར་གསལ་མཛད་གངས་ལྗོངས་བསྟན་འགྲོའི་མགོན། ། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།། གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག། ཡིན་ན་ཡང་། གང་ཟག་སྒེར་གྱིས་གསོལ་འདེབས་འདི་འདོན་སྐབས། སྐབས་བབ་ཀྱི་དགོས་མཁོ་དང་། དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་ཁ་བསྒྱུར་འཕང་ཀྱང་དེ་ཙམ་འགལ་བ་ཨེ་ཡོད་སྙམ། མཇུག་མཐར་༧གོང་ས་ཡིད་བཞིན་ནོར་བུའི་སྐུ་ཁམས་གསལ་དངས་ཐོག་སྨན་ཁང་ནས་ཕྱིར་བཞུགས་སྒར་དུ་ཕེབས་པར་སྙིང་ཁུང་རུས་པའི་གཏིང་ནས་དགའ་བསུ་ཞུ།
༧གོང་ས་མཆོག་སྙུང་གཞི་ལས་གྲོལ་ཏེ་ཟས་བཅད་ལ་མཉམ་ཞུགས་གནང་བ་མགོ་ནག་བོད་པ་ཡོངས་ཀྱིས་བཀའ་དྲིན་བསམ་ཤེས་ཐོག་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལས་འགུལ་འདི་ལ་བསམ་འཆར་ཞིག་ཞུ་འདོད་བྱུང་། ལས་འགུལ་འདི་ཉིད་ངོ་བོའི་ཐོག་ནས་བོད་མིའི་གཞིས་བྱེས་སྐྱ་སེར་རྗེ་འབང་ཡོངས་རྫོགས་ལྷན་དུ་མཉམ་ཞུགས་ཀྱིས་གནང་བ་ཡིན་སྟབས་ཧ་ཅང་གཟི་བརྗིད་ཅན་གྱི་རང་བཞིན་ཆགས་ཡོད། འོན་ཀྱང་ཕངས་པ་ཞིག་ལ་རང་གཞུང་བཀའ་ཤག་གི་གཏམ་བཤད་དེས་ལས་འགུལ་འདི་ཉིད་ནུས་མེད་ཀྱི་ཕྱོགས་སུ་བསྒྱུར་ཏེ་འཛམ་གླིང་མི་མང་གིས་དོ་སྣང་བྱ་ཡུལ་དུ་གྱུར་མེད། གལ་སྲིད་བོད་ཀྱི་འཐབ་བརྩོད་ཞི་བའི་རང་བཞིན་འགྱུར་ཆེད་གསུངས་པ་ཡིན་ན་ཞི་རྒོལ་གྱི་ཟས་བཅད་དང་། ཞི་བའི་ཟས་བཅད་སོགས་གང་བརྗོད་ན་ཆོག་མོད་འདིར་སྨྱུང་གནས་ཞེས་ཆོས་ལུགས་ཀྱི་ཆོ་ག་ཞིག་གི་མིང་ཁྱེར་དགོས་པའི་རྒྱུ་མཚན་མི་འདུག་སྙམ། ད་དུང་བོད་མི་ཡོངས་ཀྱིས་ལུས་ངག་ཡིད་གསུམ་གྱིས་འཚེ་བ་གཏན་སྤོངས་མ་ཐུབ་པས་བོད་དོན་བདེན་མཐའ་གསལ་མ་ཐུབ་སྐད། དེས་ན་བོད་དོན་བདེན་མཐའ་གསལ་བ་ལ་བོད་མི་ཡོངས་ཀྱིས་མ་མཐའ་ས་དང་པོ་ཐོབ་དགོས་པ་མ་ཡིན་ནམ། དེ་སྔོན་འཛམ་གླིང་ནང་དུ་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་ལས་ཐར་པའི་རང་དབང་འཐབ་བརྩོད་ལ་རྒྱལ་ཁ་ཐོབ་མཁན་ཚང་མས་འཚེ་བ་གཏན་ནས་སྤོངས་པ་ཡིན་ནམ་ཡང་ན་བོད་ལ་དམིགས་བསལ་ཡིན། བསམ་གཞིགས་ནན་མོ་ཞིག་བྱས་ན་ལམ་དབུ་མའི་ཐབས་ལམ་གྱིས་བོད་དོན་འདི་ངོ་མ་སྟོང་པ་ཉིད་དུ་བསྒྱུར་ཟིན་པ་འདྲ།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། ། ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། ། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། ། གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེ་ཆེར་གསལ་མཛད་གངས་ལྗོངས་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག །
དིལ་མགོ་མཁྱེན་བརྩེའི་གསུང་བྱིན་ཅན་ནོ།།
གུས་པས། ཆེ་ཆེར་གསལ་མཛད་འཛམ་གླིང་ཞི་བདེའི་བདག ཅེས་ཁ་ཅུང་ཟད་བསྒྱུར་ནས་འདོན་གྱིན་ཡོད།
གངས་རི་ར་བས་བསྐོར་བའི་ཞིང་ཁམས་དེར། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
གངས་ཅན་མགོན་པོ་བསྟན་འཇིན་རྒྱ་མཆོ་ཡི། །
ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག།
ངས་ས་མཐའ་ནས་དུས་དང་རྣམ་པ་ཀུན་ཏུ་སྨོན་ལམ་འདི་ལྟར་འདེབས་གྱིན་ཡོད་ལ། ལྷག་པར་ད་ལོ་ལྟ་བུ་
དཀའ་ཁག་ཆེ་བའི་ལོ་ཟླ་འདི་དག་ཏུ་སྨོན་ལམ་འདིའི་བྱིན་རླབས་དང་གལ་ཆེ་རང་བཞིན་དྲན་ཡོང་གི །
ངས་འདིར་གསལ་བཤད་ཆེས་ཐུང་ངུ་ཞིག་བྱེད་འདོད་བྱུང་། གསལ་བཤད་བྱེད་དགོས་པའི་དོན་དག་འདི་གནད་འགག་ཅིག་མིན་མོད། ང་ཚོར་ཆུང་ས་ནས་གཟབ་གཟབ་བྱེད་རྒྱུའི་གོམས་གཤིས་ཤིག་ཆགས་ན་ཡག་པོ་འདུག་བསམ་བྱུང་། དེས་ན་བཤད་བྱ་གཙོ་བོ་ནི། བཀུར་འོས་སྐུ་ཞབས་ཡེ་ཤེས་ལགས་ཀྱིས།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེ་ཆེར་གསལ་མཛད་གངས་ལྗོངས་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག །
དིལ་མགོ་མཁྱེན་བརྩེའི་གསུང་བྱིན་ཅན་ནོ།། ཞེས་གསུངས་མོད། དེ་ནི་དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེས་༧གོང་ས་མཆོག་ལ་ཉིད་ཀྱི་གསོལ་འདེབས་ཤིག་དགོས་ཞེས་ཞུས་པའི་ངོར་༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བ་ཞིག་ལས་དིལ་མགོའི་བརྩེའི་གསུང་མ་རེད།
གང་ལྟར་གསོལ་འདེབས་དེའི་ཚིག་ཅི་བཞིན་བཀོད་ན་འདི་ལྟར།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེ་ཆེར་གསལ་མཛད་གངས་ལྗོངས་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།
ཡིན་ན་ཡང་། གང་ཟག་སྒེར་གྱིས་གསོལ་འདེབས་འདི་འདོན་སྐབས། སྐབས་བབ་ཀྱི་དགོས་མཁོ་དང་། དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་ཁ་བསྒྱུར་འཕང་ཀྱང་དེ་ཙམ་འགལ་བ་ཨེ་ཡོད་སྙམ།
མཇུག་མཐར་༧གོང་ས་ཡིད་བཞིན་ནོར་བུའི་སྐུ་ཁམས་གསལ་དངས་ཐོག་སྨན་ཁང་ནས་ཕྱིར་བཞུགས་སྒར་དུ་ཕེབས་པར་སྙིང་ཁུང་རུས་པའི་གཏིང་ནས་དགའ་བསུ་ཞུ།
ཆེས་ཆེར་གསལ་མཛད་མ་ཡིན་ནམ།
༧གོང་ས་མཆོག་སྙུང་གཞི་ལས་གྲོལ་ཏེ་ཟས་བཅད་ལ་མཉམ་ཞུགས་གནང་བ་མགོ་ནག་བོད་པ་ཡོངས་ཀྱིས་བཀའ་དྲིན་བསམ་ཤེས་ཐོག་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལས་འགུལ་འདི་ལ་བསམ་འཆར་ཞིག་ཞུ་འདོད་བྱུང་། ལས་འགུལ་འདི་ཉིད་ངོ་བོའི་ཐོག་ནས་བོད་མིའི་གཞིས་བྱེས་སྐྱ་སེར་རྗེ་འབང་ཡོངས་རྫོགས་ལྷན་དུ་མཉམ་ཞུགས་ཀྱིས་གནང་བ་ཡིན་སྟབས་ཧ་ཅང་གཟི་བརྗིད་ཅན་གྱི་རང་བཞིན་ཆགས་ཡོད། འོན་ཀྱང་ཕངས་པ་ཞིག་ལ་རང་གཞུང་བཀའ་ཤག་གི་གཏམ་བཤད་དེས་ལས་འགུལ་འདི་ཉིད་ནུས་མེད་ཀྱི་ཕྱོགས་སུ་བསྒྱུར་ཏེ་འཛམ་གླིང་མི་མང་གིས་དོ་སྣང་བྱ་ཡུལ་དུ་གྱུར་མེད། གལ་སྲིད་བོད་ཀྱི་འཐབ་བརྩོད་ཞི་བའི་རང་བཞིན་འགྱུར་ཆེད་གསུངས་པ་ཡིན་ན་ཞི་རྒོལ་གྱི་ཟས་བཅད་དང་། ཞི་བའི་ཟས་བཅད་སོགས་གང་བརྗོད་ན་ཆོག་མོད་འདིར་སྨྱུང་གནས་ཞེས་ཆོས་ལུགས་ཀྱི་ཆོ་ག་ཞིག་གི་མིང་ཁྱེར་དགོས་པའི་རྒྱུ་མཚན་མི་འདུག་སྙམ། ད་དུང་བོད་མི་ཡོངས་ཀྱིས་ལུས་ངག་ཡིད་གསུམ་གྱིས་འཚེ་བ་གཏན་སྤོངས་མ་ཐུབ་པས་བོད་དོན་བདེན་མཐའ་གསལ་མ་ཐུབ་སྐད། དེས་ན་བོད་དོན་བདེན་མཐའ་གསལ་བ་ལ་བོད་མི་ཡོངས་ཀྱིས་མ་མཐའ་ས་དང་པོ་ཐོབ་དགོས་པ་མ་ཡིན་ནམ། དེ་སྔོན་འཛམ་གླིང་ནང་དུ་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་ལས་ཐར་པའི་རང་དབང་འཐབ་བརྩོད་ལ་རྒྱལ་ཁ་ཐོབ་མཁན་ཚང་མས་འཚེ་བ་གཏན་ནས་སྤོངས་པ་ཡིན་ནམ་ཡང་ན་བོད་ལ་དམིགས་བསལ་ཡིན། བསམ་གཞིགས་ནན་མོ་ཞིག་བྱས་ན་ལམ་དབུ་མའི་ཐབས་ལམ་གྱིས་བོད་དོན་འདི་ངོ་མ་སྟོང་པ་ཉིད་དུ་བསྒྱུར་ཟིན་པ་འདྲ།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག །