ལོ་མ་རྒྱལ།
དལ་མ་དལ་གྱིས་ཡར་ལ་ལངས།།
རྡོག་པ་ལྡུམ་རའི་ཕྱོགས་སུ་བསྒྱུར།།
ལོ་མའི་ཁམས་ཀྱི་ལྗང་གུ་དེ།།
བྲང་ལ་སྦྱར་ཏེ་སྨོན་ལམ་ནི།།
ས་ལ་ལོ་མའི་ས་བོན་འདེབས།།
མེ་ཏོག་འཛུམ་གྱིས་ལྷུག་པོར་བཞད།།
མདའ་མཚོན་གོ་ཆའི་ཁ་དོག་མེད།།
ཡལ་འདབ་ངོས་ཀྱི་མཛེས་རིས་ནི།།
བདེ་བར་བགྲོད་སའི་ཐམ་སྐས་འདྲ།།
ས་ལ་ཡིད་འོང་མེ་ཏོག་འདེབས།།
ལྷུག་པའི་མེ་ཏོག་ཁ་བཀྲ་བ།།
གཞུང་རྟའི་སྲོག་གིས་ཀེར་རེར་བཀྱགས།།
ས་ཡིས་རུས་རྐང་སྦྱིན་པ་ན།།
མེ་ཏོག་མིག་ཀུན་ཡུལ་ན་མཛེས།།
ས་ལ་དབྱིངས་ཀྱི་མེ་ཏོག་འདེབས།།
ཕྱེ་ལེབ་སྦྲང་མ་བྱ་བྱིའུ་སོགས།།
འཁྲུག་པ་མུ་གེའི་ཆ་དང་བྲལ།།
རབ་ཏུ་དྭངས་བའི་བར་སྣང་ན།།
མཛེས་བའི་གཤོག་འགྱུར་ལྷབ་ལྷུབ་གཡོ།།
ས་ལ་སྨོན་པའི་གཤོག་འགྱུར་འདེབས།།
རྩ་ལྗང་ངོས་ཀྱི་མུ་ཏིག་དེ།།
སེམས་ཀྱི་སྟེང་གི་ཟིལ་བ་འདྲ།།
ཞོགས་པའི་ཉི་འོད་འཕྲོས་བའི་དུས།།
ཟིལ་བ་སྔར་ལས་འོད་དུ་འཚེར།།
ས་ལ་དྭངས་བའི་ཟིལ་བ་འདེབས།།
ཆུ་ཕྲན་གླུ་ཡི་ཁྲོད་དུ་བཞུར།།
རྩ་ཕྲན་མཉེས་ཏེ་གཡོན་ལ་ལོག།
དྭངས་ཤིང་གཙང་བའི་ཉམས་ལྡན་པ།།
ལྡུམ་རྭའི་ཡོངས་ཀྱི་མེ་ལོང་བྱེད།།
ས་ལ་དྭངས་བའི་མེ་ལོང་འདེབས།།
བསིལ་རླུང་བྲང་ལ་དྲི་ཞིམ་བཏགས།།
ལྡུམ་ར་ཡོངས་ལ་གཅིག་ཏུ་མཆེད།།
མེ་ཏོག་ལོ་མའི་མགོ་ལྕོག་ཀྱང་།།
རླུང་བུས་བྱིལ་བྱིལ་ཁྲོད་ན་འགུལ།།
ས་ལ་འཇམ་པའི་བསིལ་རླུང་འདེབས།
རྒྱུད་མངས་ལག་ཏུ་བཟུང་བ་ལྟའི།།
ལྷ་མོ་ཞིག་གིས་བྱིན་རླབས་པའི།།
ངག་རིག་ལྡུམ་རའི་སྐྱེད་ཚལ་འདིར།།
མིག་གི་བུང་བ་དབང་མེད་ལྡིང་།།
ལྗང་ཏིག་ཏིག་གི་ལོ་མ་ནི།།
ཡལ་གའི་སྟེང་ན་ལྡེམ་ལྡེམ་གཡོ།།
རྒྱང་རིང་ངག་རིག་དབང་འབྱོར་བ།།
མདུན་དུ་འགུག་པའི་གཡབ་མོ་འདྲ།།
ནེམ་ཤ་ཆགས་པའི་ལྟེབ་ཁུག་ན།།
ཆུ་ཐིག་ཟིལ་མ་བཀྲམ་པ་ནི།།
མཛེས་མ་དག་གི་འགྲམ་པ་ན།།
མིག་ཆུས་སྙིང་སྡུག་སྒུག་དང་མཚུངས།།
མེ་ཏོག་རེ་རེའི་འདབ་ལོ་ནི།།
གང་བུ་གང་བུ་ཟུམ་པ་ནི།།
དད་པའི་ལག་ཟུང་ཟུམ་པ་ལྟར།།
མཆོག་གསུམ་མཆོད་པའི་འདོན་ཡོན་འདྲ།།
འདོད་པ་འདོད་པའི་་་་་་་་་་་་་
བོད་སྐད་དག་མ། བརྡ་སྤྲོད་འཆུག་མེད། གོ་དོན་འཛོལ་མེད། དཔེ་ལུང་སྡེབ་མཐུན།
རྩོམ་དེ་མོ་ཨེ་རིག་ལྟ་འི་ཡོད།
རིག་དང་ན་ཀློག་རྒྱུར་དཀའ་སྣང་མེད།
རིང་དྲག་ན་གཉོད་མགོ་མི་ནོན་གི།
གཉིད་སོང་དུས་ཡོན་ཏན་མ་འབྱོར་ཟིག།
དོན་མེད་པར་ཆུ་ཚོད་ཤོར་སོང་ཟིག།
རྩོམ་རིང་རིང་རིག་ན་མི་དགའ་འི།།
རྩོམ་ཐུང་ཐུང་གཅོད་མཚམས་བདེ་མོ་ཅན།
དུས་ནམ་ཡིན་བར་ན་མགུར་གི་ཡོད།