ཆུ་བ་འཕྲིན་བཟང་།
གཡུལ་ས་ལ་འགྲོ་མི་ཐུབ་པའི་མི་ཞིག་དཔའ་བོ་རུ་ཇི་ལྟར་ངོས་འཛིན་བྱེད། བཙོན་ཁང་ལ་འགྲོ་མི་འདོད་པའི་མི་ཞིག་ཐོབ་ཐང་རྩོད་ལེན་པར་ཇི་ལྟར་ངོས་འཛིན་བྱེད། ཉེས་རྡུང་ལ་གཡོལ་ཐབས་བྱེད་པའི་མི་ཞིག་རང་བཙན་བརྩོན་ལེན་པར་ཇི་ལྟར་ངོས་འཛིན་བྱེད། འདི་ནི་ཉེ་ཆར་སྤྱི་ཟླ་༡༠ བའི་ཚེས་ལྔའི་ཞོགས་པ་ཨ་རིའི་རྒྱལ་ས་ནེའུ་ཡོག་ཏུ། རྩོམ་པ་པོ་གྲགས་ཆེན་དང་བོད་རང་བཙན་འཐབ་རྩོད་པ་གྲགས་ཆེན་ཏུ་ངོས་འཛིན་བྱེད་བཞིན་པའི་འཇམ་དབྱངས་ནོར་བུ་ལགས་ཀྱིས་་་མེད་ཐབས་མེད་པའི་རང་བཙན།་་་ཞེས་པའི་ཚོགས་ཐོག་ཏུ་གཏམ་བཤད་གནང་དུས། ཁོ་བོས་ཆེས་ཐོག་མའི་འདྲི་འདོད་པའི་དྲི་བ་དང། གཏམ་བཤད་དེས་བདག་ལ་ལྡོག་ཕྱོགས་ནས་་ཚོར་སྣང་ཞིག་སྤྲད་པ་དང། ཚོར་སྣང་དེས་དྲངས་བའི་སྐད་ཆ་འགའ་འདི་ལྟར་མི་བཤད་ཐབས་མེད་བྱུང།
གཅིག ཞོགས་པ་དེར་འཛམ་གླིང་ཤར་ནུབ་ཀུན་ན་འཆའ་བའི་མི་མང་པོ་ཞིག་གིས་རྣ་བ་གཏད་དེ་འཇམ་ནོར་གྱིས་དྲང་ལྡོག་གི་སྐད་ཆ་ཅི་ཞིག་བཤད་ཡོང་སྙམ་པའི་བྲེལ་འཚུབ་དང་དངངས་སྐྲག་ཅིག་རང་བཞིན་སླེབས་ཡོད་ཤག་རེད། དེ་ནི་རྩོམ་པ་པོ་ཁོང་གིས་འདས་བའི་ལོ་རྒྱུས་ཁྲོད། ཕྱི་སྡོད་བོད་མིའི་སྤྱི་ཚོགས་སུ་དྲང་ལྡོག་ཅི་རིགས་ནས་ཤུགས་རྐྱེན་མི་དམན་པ་ཞིག་བཞག་ཡོད་པ་མཚོན་འདུག་སྙམ།
ས་གནས་གཞོན་ནུའི་ཚོགས་ཟུར་ཚེ་བརྟན་ལྷ་རྒྱལ་ལགས་ཀྱིས། རྩོམ་པ་པོ་ཁོང་གི་འདས་བའི་ལོ་རྒྱུས་རགས་ཙམ་ངོ་སྤྲོད་བྱས་པ་དང་ཁོང་དངོས་སུ་གར་སྟེགས་སུ་བསུས་བྱུང། རྩོམ་པ་པོ་ཁོང་གི་སེམས་ཁོང་ན་དད་ཞེན་དང་གུས་བརྩི་ཡོད་མེད་གང་ལྟར་ཡང་། ཧ་ཅང་གུས་ཉམས་དང་བཅས་ཏེ་༧གོང་ས་མཆོག་གི་སྐུ་པར་ལ་ཁ་བཏགས་ཤིག་བསྒྲོན་བྱུང་པས་ཚང་མས་དགའ་ཚོར་ཆེན་པོའི་ངང་ལག་པ་ཐལ་མོ་བརྡབས་བྱུང། དེ་ནི་སྤྱི་ཚོགས་ཁྲོད་རྩོམ་པ་པོ་ཁོང་༧་གོང་ས་མཆོག་ལ་དགའ་དད་ཡོད་མེད་ཀྱི་འཆལ་གཏམ་དེར་ཁ་གཏད་ནས་གསལ་བཤད་གནང་བ་ཞིག་ཀྱང་རེད་སྙམ།
ཉེ་བའི་ལོ་འགའི་རང་རྣམ་རྟོག་ཅིག་གང་སར་ཁྱབ་ཡོད་པ་དེ་ད་ཐེངས་སེལ་སྙམ་པའི་དགའ་ཚོར་དང་། མི་དམངས་ཀྱི་སེམས་ཁོངས་སུ་འཇམ་ནོར་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མར་བཅངས་པའི་དད་ཞེན་དེ་ཡང་མཚོན་པར་བྱས་འདུག་སྙམ། འདི་ནི་ཞོར་འཕྲོས་ཀྱིས་སྐད་ཆ་ཙམ་ལས་སྐབས་བབ་ཀྱི་བརྗོད་གཞི་དངོས་ཏེ་མིན།
འོ་ན་ངས་སྐབས་བབ་ཀྱི་བརྗོད་གཞི་དངོས་ཏེ་གང་ཡིན་ཞེ་ན། ངའི་སེམས་ཀྱི་མཐོ་སར་ཡོད་པའི་རྩོམ་པ་པོ་གྲགས་ཆེན་དང་རང་བཙན་འཐབ་རྩོད་པ་གྲགས་ཆེན་ཁོང་གི་གཏམ་བཤད་ལ་གཟབ་ནན་དང་དགའ་ཚོར་ཆེན་པོའི་ངང་ནས་ཉན་པ་ཡིན། དེ་ལྟ་ནའང། དུས་ཡིན་ཅུང་ཙམ་འགོར་རྗེས་ཁོང་གིས་ངའི་སེམས་པ་འཁྱག་སུབ་སེ་བཏང་སོང་ལ། མགོ་བོ་ནག་འཐོམས་མེར་བྱས་སོང་པས། སྐད་ཅིག་ཉིད་ལ་ཁོང་ངའི་སེམས་པའི་མཐོ་ས་ནས་དམའ་སར་ཟགས་སོང། དེ་ནས་ཁོང་གི་གཏམ་བཤད་ལ་རྣ་བ་གཏོད་མཚམས་བཞག་སྟེ། ཕྱི་རོལ་ནས་ཐ་མག་རྐང་གཅིག་རྔུབ་འཐེན་བྱེད་ཞོར་ཕར་འགྲོ་ཚུར་ཡོང་གང་འཚམས་བྱས་པ་ཡིན།
ངས་སྐད་ཆ་འདི་ལྟར་ཤོད་སྐབས། ཁྱོད་ཚོས་ང་ལ་དོན་ངོ་མ་ཅི་ཞིག་བཤད་རྩིས་ཡིན་ཟེར་ནས་དྲི་བ་ཞིག་འདྲི་འདོད་ཡོད་ཤག ངས་ཀྱང་རང་ཉིད་ཀྱིས་གང་ཤོད་འདོད་པའི་སྐད་ཆ་དེ་ཁྱོད་ཚོར་བརྗོད་འདོད་ཀྱི་བྲེལ་བ་ལངས་ནས་ཡོད། ཡང་གཅིག་བཤད་ན། ངས་བཤད་པའི་སྐད་ཆས་ཁྱེད་ཅག་ལ་སེམས་ཚོར་ཅི་ཡང་སྤྲོད་མི་བཏུབ་ནའང་ཐང། དེ་ནི་ང་ཁྱོད་ཚོ་ལས་ལྟ་རྒྱ་ཐོས་རྒྱ་དམན་པའི་རྒྱུ་མཚན་གྱིས་ཡིན། གང་ལྟར་ཡང་ངས་ཁྱོད་ཚོ་ལ་ཤོད་རྒྱུ་ཡིན། རེད་་་རྩོམ་པ་པོ་གྲགས་ཆེན་ཁོང་གིས་གཏམ་བཤད་འདི་ལྟར་བྱས་སོང། ཁ་ཤས་ཀྱིས་སེམས་ཤུགས་ཡོད་མདོག་གིས་བོད་ལ་འགྲོ་དགོས་རེད་ཟེར། བོད་ལ་སོང་ན་ལམ་སང་ཟིམ་༼འཛིན་གྱི་༽ གི་རེད། ང་ཚོ་ལ་འགུལ་སྐྱོགས་ཐེབས་ས་ཁོ་རང་ཡོད་པ་མ་རེད། མའོ་ཙེ་ཏུང་གིས་བཤད་པ་ནང་བཞིན་རྒྱ་དམག་རྒྱགས་དུས་ཉ་རྒྱ་མཚོའི་ནང་དུ་རྐྱལ་བ་ནང་བཞིན་བྱེད་དགོས་རེད། ང་ཚོའི་རྒྱ་མཚོ་རང་དབང་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་རེད་མིན་བོད་མ་རེད། བོད་ཆུ་ཁོལ་མ་ལྟ་བུ་རེད། ཆུ་ཁོལ་མའི་ནང་རྐྱལ་ན་ཉ་ཤི་རྒྱུ་མ་གཏོགས་འགྲོ་ས་མེད་བ་ཟེར།
སྐད་ཆ་འདིས་ངའི་སེམས་ཀྱི་མཐོ་སར་ཡོད་པའི་རྩོམ་པ་པོ་ཁོང་སྐད་ཅིག་ཉིད་ལ་དམའ་སར་འཐེན་བྱུང་ལ། ཞོར་ཏུ་ཁོང་གིས་རང་བཙན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་ལྟ་གྲུབ་ལ་དོགས་པ་འཕར་མ་ཞིག་ཀྱང་རང་བཞིན་ཏུ་སླེབས་ནས་འོང་། གྲགས་ཅན་རྩོམ་པ་པོ་དང་རང་བཙན་འཐབ་རྩོད་པ་འཇམ་ནོར་ལགས། ངས་ཁྱོད་ལ་འདྲི། དུས་རབས་ཉི་ཤུ་བའི་དུས་སྨད་ནས་དུས་རབས་ཉེར་གཅིག་པའི་དུས་སྟོད་དུ། འཛམ་གླིང་ཤར་ནུབ་ཀྱི་རང་དབང་འཐབ་རྩོད་པ་གྲགས་ཅན་ཚོའི་ཁྲོད་དུ། སུ་ཞིག་ལ་གཡུལ་སར་མ་སོང་བར་རྒྱལ་ཁ་ཐོབ་འདུག སུ་ཞིག་གིས་བཙོན་ཁང་གི་སྒོ་ཐེམ་མ་བརྒྱུད་པར་རྒྱལ་ཁ་བླངས་འདུག སུ་ཞིག་ལ་ཉེས་རྡུང་གཡོལ་ཏེ་རྒྱལ་ཁ་ཐོབ་བྱུང་། སུ་ཞིག་གིས་དགྲ་བོ་ལ་གདོང་ཐུག་མ་རྒྱབ་པར་གཡུལ་ལས་རྣམ་པར་རྒྱལ་འདུག
ཤོད་དང། ལྷོ་ཨ་ཧྥུ་རི་ཁའི་ནེ་སེན་མན་དཱ་ལ་དང་་་མ་ཊིན་ལོའུ་ཊོན་ཁེན་་་འབར་མའི་ལྕམ་ཨན་སོན་སོའུ་ཀེའི་་་རྒྱ་གར་གྱི་མ་ཏི་མ་ཧཱ་གྷན་དྷི་་་བོད་ཀྱི་པཎ་ཆེན་བླ་མ་དང་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་རང་བཙན་གྱི་ཆེད་དུ་རང་སྲོག་ཤོར་མཁན་དང་རང་དབང་གི་ཆེད་དུ་མུན་བཙོན་མ་བརྒྱུད་མཁན་སུ་ཞིག་འདུག རླབས་ཆེན་གྱི་འཐབ་རྩོད་པ་འདི་དག་གི་ལོ་རྒྱུས་དང་མཛད་རྗེས་ཁྱོད་ལ་རེ་རེ་བཞིན་བཤད་ག་ལ་དགོས། དེ་ནི་ང་ལས་ཁྱོད་ལ་ཆ་རྒྱུས་ཟབ་པས་ཡིན།
ཡིན་ཡང་ལྕམ་ཨན་སིན་སོའུ་ཀེའི་་ཀྱི་ལོ་རྒྱུས་ཀྱི་ཟུར་ཙམ་བཤད་ན། དེ་སྔོན་མོ་འབར་མའི་བཟང་བཙོན་འོག་ཏུ་ཡོད་དུས། མོའི་བཟའ་ཟླ་ནད་པར་གྱུར་ཏེ་སྨན་ཁང་དུ་ཤི་གསོན་གྱི་་མཚམས་སུ་སླེབས་དུས། འབར་མའི་གཞུང་གིས་མོའི་བཟའ་ཟླ་ཐུག་རྒྱུའི་གོ་སྐབས་གནང་དུས། མོས་བཤད་རྒྱུར། ཁྱོད་ཚོས་ང་ཤ་ཚ་སྙིང་ཉེ་བའི་ངའི་བཟའ་ཟླ་བལྟ་བར་གོ་སྐབས་གནང་བ་མ་ཡིན་པར་རྒྱ་ནག་གིས་བོད་ཀྱི་ཏཱ་ལའི་བླ་མ་ལ་བྱེད་སྟངས་ཏེ་བྱེད་འདོད་ཡོད་པ་རེད་ཟེར་ནས་རང་ཉིད་ཀྱི་ཚེ་གཅིག་ཁྱོ་བོའི་ཆེས་མཐའ་མཇུག་གི་ཞལ་རས་དང་ལྷན་འཛོམས་ཏེ་ཡང་བློས་གཏོང་གནང་ཏེ། རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་ལོ་ཉི་ཤུ་བཙོན་འོག་དུ་བསྡད་མཐར་རྒྱལ་ཁ་ཐོབ་པ་མ་ཡིན་ནམ།
གཞན་མང་པོ་ཞིག་ཁྱོད་ལ་བཤད་དགོས་མི་འདུག འདས་པའི་མི་ལོ་ཉི་ཤུའི་ནང་གཞིས་སྡོད་བོད་མི་མང་པོ་བྱེས་སུ་འབྱོར་བ་དང། བྱེས་འབྱོར་བ་གང་མང་བོད་ལ་ཕེབས་པའི་ཁྲོད་དུ། བོད་ཀྱི་གཞོན་སྐྱེས་རང་དབང་འཐབ་རྩོད་པ་དང་རྩོམ་པ་པོ་སྐོར་ཅིག་གི་སྙིང་སྟོབས་དང་ཕྱི་རྗེས་མདོར་བསྡུས་ཙམ་ངོ་སྤྲོད་བྱེད།
༡ ་་་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་་ཞེས་བའི་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་། ༢་་མཆོད་མེ་དྲ་བའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ། ༣་་འཇིགས་བྲལ་གློག་བརྙན་ཕབ་ལེན་པ་་་དོན་གྲུབ་དབང་ཆེན་དང་ཁོའི་ལས་རོགས་པ་མགོ་ལོག་འཇིགས་མེད། ༤་་མནར་གཅོད་ཀྱི་གོ་རིམ་རྩོམ་པ་པོ་་་འཇམ་དབྱངས་སྐྱིད། ༥་་་༡༩༩༢ ལོར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བོད་རང་བཙན་གྱི་ཡིག་ཆ་ཐོག་མ་ཨ་མདོ་རྭ་རྒྱ་རུ་འགྲེམ་མཁན་༧སྐྱབས་རྗེ་ཤིང་བཟའ་བླ་མ་བཙན་བྱོལ་དུ་གདན་འདྲེན་མཁན་རྭ་རྒྱ་བློ་བཟང་དར་རྒྱས། བློ་བཟང་དར་རྒྱས་ནི་ངའི་བློ་ཐུབ་པའི་གྲོགས་པོ་ཞིག་ཡིན་ལ། ཁོང་རྒྱ་གར་ནས་ཕྱིར་བོད་ལ་མ་སོང་བའི་ཟླ་གཅིག་གི་ཡར་སྔོན་ཏུ་ཁོས་ང་ལ་འདི་ལྟར་བཤད་མྱོང་།
འཕྲིན་ལས་ད་ངའི་ཅི་ཞིག་བྱས་ན་བཟང་ངམ། འདི་ལྟར་བསྡད་ན་ངའི་ད་བར་དུ་མི་རིགས་ཀྱི་ལས་དོན་ཞིག་སྒྲུབ་པའང་འཕྲོ་བརླགས་རེད་ཟེར། ངས་ཁོང་ལ་ཨ་རི་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཞིག་ལ་སོང་ན་མི་བཟང་ངམ་ལབ་པ་ཡིན། ཧཧཧ་ཟེར་ཞོར་ཨ་རི་ལ་འགྲོ་འདོད་ན་སང་འགྲོ་གནང་འགྲོ་ཐུབ་ཀི་ར། ཨ་རི་ལ་སོང་ན་དེ་བས་ཀྱང་འཕྲོ་བརླག་རེད་ཟེར། དེ་ནས་ཁོང་༢༠༠༡་ལོར་བོད་ལ་ལོག་ཏེ་འཛིན་བཟུང་བྱས་ནས་མི་ལོ་༡༥་བཙོན་ཐག་བཅད་དེ་ལོ་གཉིས་རྗེས་སུ་བཙོན་ཁང་དུ་ཀྲོངས་བ་རེད། ༦་་་བོད་མི་དམངས་ལ་སྲིད་འབྱོར་རིག་གསུམ་ལ་གང་ཐད་བྱས་རྗེས་བླ་མེད་བཞག་མྱོང་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། ༧་་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་སྐབས་བོད་ནང་གི་དཀའ་སྡུག་ཡོད་ཚད་བརྙན་ལ་ཕབས་ཏེ་ཕྱི་ལ་བསྒྲགས་མཁན་བླ་བྲང་འཇིགས་མེད་མགོ་རིལ། ༨་་་ ༢༠༡༢ ་་་༡་་༨ ཞོགས་པ་རང་ལུས་མེ་མཆོད་ཕུལ་མཁན་མགོ་ལོག་དགའ་བདེ་རྗོང་གི་སྤྲུལ་སྐུ་བསོ་བྷ། ༩་་་༢༠༡༢་་༡༠་་ ༤་་རང་ལུས་མེ་མཆོད་ཕུལ་མཁན་་་རྩོམ་པ་པོ་དགུ་འགྲུབ་ལགས་སོགས་ད་དུང་མང་པོ་ཞིག་ཡོད་མོད། རེ་རེ་བཞིན་ཞིབ་འབྲི་བྱེད་པའི་དགོས་པ་མ་མཐོང། གངས་ཅན་པའི་དཔའ་བོ་དཔའ་མོ་འདི་དག་མང་ཆེ་བ་རྒྱ་གར་ལ་སླེབས་མྱོང་བ་མ་ཟད་རེ་འགའ་ཨ་རི་ལའང་ཕེབས་མྱོང་།
ངས་ཁྱོད་ལ་འདྲི། འོ་ན་གངས་ཅན་པའི་རང་དབང་འཐབ་རྩོད་པ་འདི་དག་རང་དབང་ལྡན་པའི་རྒྱ་མཚོ་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ལས་དོན་མི་སྒྲུབ་པར་ཆུ་ཁོལ་མ་སྟེ་བོད་ཡུལ་ལ་ཅི་ཞིག་གི་དོན་ཏུ་བསྐྱོད་པ་ཡིན་ནམ། ཁྱོད་ཀྱིས་བསམ་ན་ཁོང་ཚོ་ཆུ་ཁོལ་མའི་ནང་དུ་འདས་བཀྲོངས་སུ་གྱུར་ཚེ་ཁོང་ཚོའི་སྙིང་སྟོབས་དང་ལ་རྒྱ་རྨི་ལམ་དང་བཅས་གཏན་ཏུ་ཡལ་འགྲོ་བ་ཡིན་ནམ། ཁྱོད་ཀྱིས་བསམ་ན་བཙོན་ཏུ་བཟུང་ན་ཁོང་ཚོའི་རྣམ་ཤེས་དང་རུས་ཞེན་ཕུགས་བསམ་ཡང་བཙོན་དྲའི་ནང་དུ་བཅུག་འགྲོ་བ་ཡིན་ནམ།
ངས་ཁྱོད་ལ་བཤད། དེ་ལྟར་གཏན་ནས་ཡིན་མི་སྲིད། གངས་ཅན་པའི་དཔའ་རྒོད་འདི་དག་གི་སྙིང་སྟོབས་དང་ལ་རྒྱ་་་རྨི་ལམ་་་རྣམ་ཤེས་་རུས་ཞེན་་ཕུགས་བསམ་་སོགས་དུས་ནམ་ཡང་འཆི་མི་སྲིད་ལ་ནུབ་ཡང་མི་སྲིད། དེ་ནི་ཐོགས་རེག་བྲལ་བའི་རླུང་བུ་དང་མཚུངས་བར་རྟག་ཏུ་གངས་ཅན་པའི་བླ་དང་སྲོག་་་རི་ཆུ་ཐང་གསུམ་ལ་འཐིམས་ནས་ཡོད། དེ་ནི་གཞོན་སྐྱེས་རྩོམ་པ་པོ་དང་གཞས་པ་ཁོ་བསྟན་ལགས་ཀྱི་གཞས་ཚིག་ཅིག་གི་ནང་འདི་ལྟར་བྲིས་ཡོད། ང་ཡི་ལུས་ཀྱི་ཕུང་བོ་ཁྱོད་ལ་དབང་ཡང་། ང་ཡི་སེམས་ཀྱི་འདུ་ཤེས་ཁྱོད་ཀྱིས་མི་རྟོགས་ཅེས་བའི་གླུ་ཚིག་འདིས་ཀྱང་ཁྱོད་ལ་གོ་བརྡ་ཞིག་སྤྲོད་ངེས།
རེད་ཡ་རྩོམ་པ་པོ་གྲགས་ཆེན་དང་བོད་རང་དབང་འཐབ་རྩོད་པ་འཇམ་ནོར་ལགས། མཚམས་འདི་ནས་ངས་ཁྱོད་ཀྱི་སྐད་ཆ་གཉིས་བར་དྲི་ཚིག་ཅིག་འདྲི། ཁྱོད་ཀྱིས་བཤད་ན་རང་དབང་ལྡན་པའི་རྒྱ་མཚོ་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་མི་རིགས་ཀྱི་ལས་དོན་གང་མང་ཞིག་འཁྱོངས་ཡོད་པ་དང་ནུས་བ་གང་མཚམས་ཐོན་ཡོད་ཚོད་ད་དུང་ཐབས་ལམ་མང་པོ་ཞིག་ཡོད་ཚད་ཀྱིས་གདེང་ཚོད་ལྡན་པའི་ངང་བཤད་བྱུང།
འོ་ན་ངས་ཁྱོད་ལ་འདྲི། དམར་པོའི་་སྲིད་གཞུང་གིས་བོད་བཙན་འཛུལ་བྱས་ཏེ་མི་ལོ་དྲུག་ཅུ་ལྷག་འགྲོ་གི་ཡོད་པ་དང་བོད་རྒྱལ་ཁབ་ཤོར་ཏེ་མི་ལོ་ལྔ་བཅུ་ང་བཞི་བརྒལ་ལ་ཉེ། འདས་པའི་དུས་རབས་ཕྱེད་ལྷག་༧གོང་ས་མཆོག་གཙོས་བོད་མི་སྐྱབས་བཅོལ་བ་འབུམ་གཅིག་ལྷག་གིས་དུས་ད་ལྟ་བར་ནུས་ཤུགས་ཡོད་དགུ་རྩལ་འདོན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་གཙོ་བྱས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནུས་བ་གང་ཡོད་ཀྱི་དགོས་འདུན་དང་་འབོད་སྐུལ་་དྲིལ་བསྒྲགས་་་ཞུ་གཏུགས་ཡོད་ཚད་བྱས་པ་རེད།
འོན་ཀྱང་ཡིད་ཕངས་བ་ཞིག་ལ་ཁྱོད་ཀྱི་རེ་བ་བཅིང་སའི་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དེ་དག་གིས་དོན་དངོས་ཁ་ཡོད་ལག་ཡོད་ཀྱི་མནར་གཅོད་དང་གཏོར་བཤིག་འོག་ཏུ་ཉིན་འཁྱོལ་མཚན་འཁྱོལ་དཀའ་བའི་་བོད་ཀྱི་སྣོད་བཅུད་གཉིས་བསྐྱབས་མྱོང་་ངམ། མཐར་ཐབས་ཟད་དེ་རང་བཙན་འདོར་དགོས་བྱུང་མ་ཡིན་ནམ། མདོར་བསྡུས་ནས་བཤད་ན་ཁྱོད་ཀྱིས་གནའ་མི་བོད་ཀྱི་གཏམ་དཔེ་་་འབེན་ཤར་ལ་བཞགས་ཏེ། མདའ་ནུབ་ལ་འཕེན་གྱིན་འདུག།
ཡང་ལྡོག་ཕྱོགས་སུ་བཤད་ན་ཁྱོད་ཚོ་སྐུ་དྲག་མི་དྲག་ཚོའི་བུ་རྒྱུད་དག རང་དབང་ལུང་པར་རང་གི་ནང་མི་གཉེན་ཉེ་ལྷན་ཏུ་འཚོ་བ་རོལ་བཞིན་རྒྱང་ནས་བཀོད་འདོམས་བྱེད་མཁན་དང། ཕ་མ་སྤུན་མཆེད་སོགས་ལ་ཐོར་ལུང་ཐོར་ཏུ་ཡོད་པའི་བོད་མི་དཀྱུས་མ་ཚོ་ཆུ་ཁོལ་མའི་ནང་དུ་རྐྱལ་མཁན་ཡིན་པ་འདྲ། དེ་བས་ངའི་སེམས་ལ་ཁྱོད་ཀྱི་རང་བཙན་ལངས་ཕྱོགས་ལའང་དོགསཔ་་ཞིག་ངང་གིས་འཆར་འོང་གི་གོ།
མཇུག་མཐར་གསལ་བཤད་ཐུང་ངུ་ཞིག་གིས་མཇུག་བསྡུ་རྒྱུ་ཡིན། གཅིག ང་ནི་རང་བཙན་འཐབ་རྩོད་པ་ཞིག་མིན་ཡང་རང་བཙན་ལངས་ཕྱོགས་འཛིན་མཁན་ཞིག་ཡིན། ང་ནི་ཁྱོད་ཀྱིས་བཤད་པའི་གཏམ་དང་བྲིས་བའི་རྩོམ་ཡིག་་མ་བཀླགས་མ་ཉན་པར། གང་བྱུང་ཇ་ཁ་ཆང་ཁའི་་འཆལ་གཏམ་ལ་ཉན་མཁན་ཞིག་དེ་བས་མིན།
གཉིས། གུས་པ་བཙན་བྱོལ་གཞུང་སྒེར་གང་གིས་ཀྱང་བོད་དོན་འཐབ་རྩོད་ཀྱི་ལས་ལ་ཞུགས་དང་འཇུག་བཞིན་པ་དེ་དག་རང་མི་རིགས་ཀྱི་ལས་དོན་ལ་རྔོ་མི་ཐོགས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཞིག་གཏན་ནས་མིན།
གསུམ། ང་ནི་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཡོད་ཚད་གཙུག་ཏུ་བཀུར་མཁན་ཞིག་མིན་ལ། རང་བཙན་འཐབ་རྩོད་པ་ཡོད་ཚད་དགྲ་རུ་འཛིན་མཁན་ཞིག་དེ་བས་ཀྱང་མིན། བདག་གི་བློ་སྙིང་བྲང་གསུམ་གཏོད་ས་ནི་ཁ་ཞེ་གཉིས་མེད་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་གླེང་མཁན་དང་སྒྲུབ་མཁན་དག་ཡིན།
༢༤། ༡༠། ༡༣་
དགྲ་པོ་བཏུལ་བ་ལ། རྒྱལ་ཁ་ཐོབ་པ་ལ།
དཔའ་ཐབས་བྱེད་སྟངས་མ་འདྲ་བ་མང་པོ་ཞིག་འདུག། རང་གང་ལ་མོས་བ་ཡོད་པ་དེ་ངས་མི་ཤེས། ཡིན་ན་ཡང་།
གཅིག། དགྲ་བའི་མཚོན་མགོར་མཆོང་ནས་ལག་འཛིང་བྱེད་ནི་ཞིག།
གཉིས། དགྲ་བའི་གོ་མཚོན་ལ་ཡོལ་བཞིན་ཡོལ་བཞིན་འཛིང་ནི་ཞིག།
གསུམ། དགྲ་པོས་མི་རིག་ས་ནས་ལྐོག་འཛིང་བྱེད་ནི་ཞིག།
བཞི། ཁྱེད་ཀྱིས་གསུང་བཞིན་པའི་ཞི་བའི་སྣེ་ཤན་པ་ཁོང་རྣམ། དེ་མིན་ད་དུང་ཡང་ལམ་གཞན་པ་མང་པོ་ཡོད་སྲིད་པ་ཞིག་རེད།
རེད།
ངས་ག་རེ་ཞིག་བཤད་འདོད་ཡིན་ཟེར་ན།
སོ་སོ་གང་ལ་མཁས་བ་དང་ཐབས་གང་ཞིག་དྲག་པ་དེ་ལ་འགྲོ་དགོས་བ་གལ་ཆེན་དུ་སྣང་། འཛིང་མཁན་ཞིག་གིས་འཛིངས་ནས་ཐོབ་དགོས་བ་དེ་རྒྱལ་བའི་ངང་ནས་རག་པར་ཡང་གལ་ཆེན་དུ་སྣང་།
དེ་མིན། ཅི་ལྟར་འཛིང་དང་ཅི་བྱས་འཛིང་། གང་དུ་འཛིང་དང་ག་དུས་འཛིང་ནི་དེ་འདྲའི་གལ་ཆེན་པོ། ནང་འཛིང་ཤོར་དགོས་བ། རང་མགོ་གཅོག་དགོས་བ། མཐོ་ས་ནས་དམའ་སར་གཡུག་དགོས་བའི་དོན་རྩ་ཆེན་པོ་ཞིག་ཨེ་ཡིན་ནམ་དྲན་བཞིན་ཡོད།
གང་ལྟར་གོང་རྩོམ་ནས་རང་རྒྱལ་གྱི་གོད་ཆགས་ལ་རྒྱས་ཡོད་ཞིག་ཡིན་པས་འཚོར་བ་སྟེར་བས་གུས་གུས་སོ།
ཀློག་འདོད་མ་སོང་། ཡང་རང་བཙན་ལ་ཁ་གཏོང་གི་ཡོད་པའདྲ།
འཇམ་ནོར་གྱིས་ད་བར་དུ་བཤད་བཤད་ཚང་མའི་སྙིང་ཁུ་རྡོག་རྡོག་བྱས་ན་འདི་རེད།
ཁ་ཤས་ཀྱིས་སེམས་ཤུགས་ཡོད་མདོག་གིས་བོད་ལ་འགྲོ་དགོས་རེད་ཟེར། བོད་ལ་སོང་ན་ལམ་སང་ཟིམ་༼འཛིན་གྱི་༽ གི་རེད། ང་ཚོ་ལ་འགུལ་སྐྱོགས་ཐེབས་ས་ཁོ་རང་ཡོད་པ་མ་རེད། མའོ་ཙེ་ཏུང་གིས་བཤད་པ་ནང་བཞིན་རྒྱ་དམག་རྒྱགས་དུས་ཉ་རྒྱ་མཚོའི་ནང་དུ་རྐྱལ་བ་ནང་བཞིན་བྱེད་དགོས་རེད། ང་ཚོའི་རྒྱ་མཚོ་རང་དབང་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་རེད་མིན་བོད་མ་རེད། བོད་ཆུ་ཁོལ་མ་ལྟ་བུ་རེད། ཆུ་ཁོལ་མའི་ནང་རྐྱལ་ན་ཉ་ཤི་རྒྱུ་མ་གཏོགས་འགྲོ་ས་མེད་བ་ཟེར།
འཇམ་དབྱངས་ནོར་བུས་ཡང་རྒྱུ་མཚན་ལྡན་ལ། ཁ་ཡོད་ལག་ཡོད་ཀྱི་བདེན་པ་དམར་བརྗེན་ཞིག་བཤམ་འདུག ཁོང་གིས་བཤད་པ་འདི་བདེན་པ་རེད། རྒྱ་མིའི་འོག་ལ་སྐེ་འཁྱེར་ནས་ཞག་པ་ཉོས་པ་ལས། རང་དབང་ལུང་པའི་ནང་ལ་བསྡད་ནས་བོད་དོན་བསྒྲུབ་ན་མ་འགྲིགས་པ་མིན་འདུག ལྷག་དོན་བོད་ནང་གི་གནས་སྟངས་ལ་བལྟ་དུས། ཕྱི་ནས་ལས་འགུལ་སྤེལ་རྒྱུ་དེ་གལ་ཆེན་པོ་རེད་འདུག འཇམ་ནོར་གྱི་འདི་ལེགས་པར་གང་ཐུབ་ཀྱིས་སྤེལ་བཞིན་འདུག འཇམ་ནོར་ཕར་ཕུད་པའི་དབྱིན་ཇིའི་སློབ་གསོ་ཐོབ་པའི་བོད་པ་གཞན་སུ་ཞིག་གིས་ཁོང་ལྟར་རྩོམ་ཡིག་འབྲི་ཐུབ་ཀྱི་འདུག འབྲི་མཁན་འདུག འབྲི་དུས་ཁོང་ལྟར་སུས་དོ་སྣང་བྱེད་ཀྱི་འདུག དེ་ཚོ་ཡང་བདེན་པ་སྨར་བརྗེན་རེད། བོད་པས་བོད་དོན་བཤད་སྐབས། འཇམ་ནོར་ལྟར་འབྲི་ལེགས་པོ། གཞན་གྱིས་ཆ་འཇོག་བྱེད་མཁན་མིན་འདུག མིང་གཅིག་གཉིས་སྟོན་དང་།
ངས་བལྟས་ན། རྒྱ་ཡིག་ནང་ལ་འོད་ཟེར་དང་། དབྱིན་ཡིག་ནང་ལ་འཇམ་ནོར་ལྟ་བུའི་རྩོམ་པ་པོ་མིང་དོན་མཚུངས་པ་གཞན་མིན་འདུག བོད་ཡིག་ནང་ལ་ཁོང་གཉིས་ལྟ་བུའི་ཚང་མས་ཆ་འཇོག་བྱེད་མཁན་གྱི་རྩོམ་པ་པོ་གཅིག་སྟོན་ཡས་མིན་འདུག མིང་སྟོན་རོགས།
གནད་ལ་ཕོགས་པ་ཞིག་བྲིས་འདུག
ངས་དུས་ཡུན་རིང་མོ་ཞིག་ཏུ་འཇམ་ནོར་དང་ཝང་ལི་ཞུང་གཉིས་ཀྱིས་་་སྐད་ཆ་བཤད་ཕྱོགས་དང་བསམ་གཞིགས་གཏོང་སྟངས་བསྡུར་བ་ཡིན། ཕྱི་ཚུལ་གྱི་བྱ་ཐབས་དང་རྣམ་འགྱུར་ག་འདྲ་ཡིན་མིན་ལ་ལྟོས་པར་་གཉིས་ཀའི་སེམས་དོན་གཙོ་བོ་ནི་་་བོད་དོན་འདི་བོད་མིའི་མངོན་འདོད་ལྟར་ཐག་གཅོད་མ་བྱུང་ནའང་སྙམ་པའི་རེ་བ་དེ་རེད་་་འོན་ཀྱང་ཁྱད་པར་ནི་་ཝང་ལ་རྒྱ་རིགས་ཀྱི་ལ་རྒྱ་ཡོད་པ་དང་་་་འཇམ་ལ་བོད་རིགས་ཀྱི་ལ་རྒྱ་མེད་པ་འདི་རེད། དེ་དང་པོ་ཡིན།
ཡང་རྩོམ་པ་པོ་དེ་གཉིས་ཀྱིས་་རང་་རང་སོའི་གཞུང་གཉིས་ལ་ཁ་གཏོང་གི་ཡོད་པ་གཅིག་མཚུངས་ཡིན་་འོན་ཀྱང་ཝང་གིས་རྒྱ་གཞུང་ལ་ཁ་གཏོང་བ་དེ་གྲོས་འདོན་གྱི་ཆེད་དུ་དམིགས་ཡོད། འཇམ་གྱིས་ཁ་གཏོང་བ་དེ་ཁ་གཏོང་བའི་ཆེད་དུ་དམིགས་ཡོད། དེ་གཉིས་པ་ཡིན།
ཝང་གིས་མ་འོངས་པ་གླེང་གི་ཡོད་་་འཇམ་གྱིས་འདས་པ་གླེང་གི་ཡོད་་་དབང་རང་གི་སྲིད་གཞུང་གི་སྒོ་འགྲམ་དུ་ལངས་ཡོད་་འཇམ་ཕྱི་ཡུལ་གྱི་ལུང་ཁུད་ཅིག་ཏུ་ཉལ་ཡོད། ད་དེ་ཙམ་ཡིན་འོ་་་འཇམ་གྱིས་གླེང་བཞིན་པ་དག་་ནི་བོད་ལ་དགའ་ནས་མིན་་་་རྒྱལ་བ་རིན་པོ་ཆེ་དང་་བོད་ལ་འགན་ཁུར་བའི་བོད་ཤར་ཕྱོགས་པ་དག་ལ་མ་དགའ་ནས་ཡིན། འདི་ང་ཚོས་གསལ་བོ་ཤེས་ཡོད་་་གྲོགས་པོ་ཚོ་ལངས་ཕྱོགས་ཡོད་པར་གྱིས།
བསམ་ཤེས་ཟེར་བ་དེ་བསམ་མི་ཤེས་པའི་མི་ཞིག་རེད། བོད་ལ་འཇམ་ནོར་དང་འོད་ཟེར་གཉིས་ལས་རྩོམ་པོ་མི་འདུག་ཀེ་་་བོད་གྱི་རྩོམ་འདི་དེབ་ཐེར་ཞིག་ཡིན་པའི་དབང་དུ་བཏང་ན་་དེའི་ཁ་ཡིག་ཏུ་ཁྱེད་ཀྱིས་འཇམ་ནོར་དང་འོད་ཟེར་གང་རུང་ཞིག་འབྲི་རྒྱུ་ཡིན་ནམ་་་ངོ་མ་མཐོང་རྒྱ་ཆུང་གི་་་ཁྱེད་ཀྱིས་མ་ཤེས་པ་དེ་བོད་ལ་མེད་པའི་ཚད་རེད་འདུག་ཀ་་་ད་མ་བཟང་ཟིག་་་ཧ་ཧཧཧ་ཁྱི་བརྡུང་ན་རྙིང་བ་རེད་་་ཅི་བྱེད་བདེ་མོ་་་་་དོ་དགོང་གཉིད་སྐྱིད་པོ་ཁུག་ལོ།
ཁྱེད་ཀྱིས་གོང་དུ་འཕྲོས་བཤད་ཅིག་གནང་བ་དེར་ངས་འདི་ནས་ཁ་སྣོན་ཞིག་འབྲི་འདོད་བྱུང་།
རྩོམ་པ་པོ་འཇམ་ནོར་ཁོང་དེ་སྔོན་འདི་ག་རིགས་སློབ་ཏུ་ཕེབས་ཏེ་མཁས་དབང་གདན་ཞུའི་གཏམ་བཤད་གནང་སྐབས་འདི་ལྟར་གསུངས། “ང་རྒྱལ་པ་རིན་པོ་ཆེ་ལ་དད་པ་མེད། ཁོང་ངའི་བླ་མ་མིན། ངས་ཁོང་ལ་ཆོས་འབྲེལ་ཡང་བཞག་མྱོང་མེད། འོན་ཀྱང་ངས་ཁོང་བོད་ཀྱི་རྒྱལ་པོའམ་དབུ་ཁྲིད་ཡིན་པའི་ཆ་ནས་བརྩི་བཀུར་ཞུ་བཞིན་དུ་ཡོད། བོད་དོན་སྒྲུབ་ཀྱི་ཡོད་པའི་ཆ་ནས་དགའ་བོ་བྱེད་ཀྱི་ཡོད། ཅེས་གསལ་སྟོན་གནང་། །”
ཁོང་གིས་རང་བཙན་འཐབ་རྩོད་དང་རྩོད་ལེན་ཇི་ལྟར་གནང་གི་ཡོད་མེད་ངོ་སྤྲོད་སྙིང་བསྡུས་ཤིག་འགོད་རོགས་ཞུ། །
བཀའ་དྲིན་ཆེ།
ཕོ་རྒོད་པོའི་རྒྱབ་ལ་དཔུང་གཅིག་དགོས དཔུང་མེད་ན་སྡར་མ་ཆུ་ཀློད་རེད་
དགོད་མཁོ་དང་དོན་ལ་གནས་པའི་རྩོམ་ཞིག་བྲིས་འདུག ཐབས་སྐྱོ་བ་ཞིག་ལ་འཇམ་དབྱངས་ནོར་བུས་ཁྱོད་ཀྱི་རྩོམ་འདི་ཀློག་མི་ཤེས། ཁོས་བོད་ཡིག་ཅིག་ཤེས་ན་ཅི་མ་རུང་།
ཞིབ་འཇུག་བྱེད་པ་ཐམས་ཅད་ལས་མི་ལ་ཞིབ་འཇུག་བྱེད་མཁན་ནི་ཤེས་ཚད་ཅུང་མཐོ་བའི་གྲས་ཡིན། དངོས་པོ་གཞན་དང་རྩོམ་ཡིག་ལ་ཞིབ་འཇུག་བྱེད་པ་དང་གཏན་ནས་མི་འདྲ།
དགོས་མཁོ་
བཅོས་
འཇམ་ནོར་བོད་ལ་སོང་བ་རེད། འོན་ཀྱང་དེ་ཁོས་ནམ་ཡང་གླེང་མ་མྱོང་ལ། དེང་ཕྱིན་ཡངས་གླེང་མི་སྲིད། རྒྱུ་མཚན་འདས་བའི་ལོ་ངོ་བཅུ་ཕྲག་ལྷག་ལ་བོད་དོན་ལ་སེམས་ཤུགས་དང་ལྷག་བསམ་ཡོད་མདོག་གྱི་གཏམ་བཤད་བྱས་ཏེ་མཚམས་རེར་ཁོས་མ་འོངས་བར་བོད་ལ་སླེབས་ན་མ་མཐའ་ཡང་རྒྱ་མི་གཉིས་གསུམ་རེ་ཁོ་གཅིག་བུས་་བསད་འཇོག་རབས་ཀྱི་ཁ་ཕོ་གནམ་ལ་བསྒྲགས་པ་རེད། ༢༠༠༨་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་བྱུང་བ་ནས་ཕྱི་ཕྱོགས་ཀྱི་བོད་མི་རྣམས་བོད་ལ་འགྲོ་བསྐྱོད་ཀྱི་དམ་དྲག་ཆེ་རུ་བཏང་རྗེས་འཇམ་ནོར་འཇམ་ཤུགས་ཤུགས་ཀྱིས་ལྷ་སར་སླེབས་པ་རེད།
རང་བཙན་འཐབ་རྩོད་མཁན་དང་དབུ་མ་པ་གཉིས་ཀས་བོད་གཞིས་བྱེས་གཉིས་ཀྱི་རང་དབང་ཆེད་དུ་འབད་པ་བྱེད་གི་ཡོད་རེད། དུས་རྒྱུན་དུ་དབུ་མ་པ་ཚོས་རང་བཙན་འཐབ་རྩོད་པ་ཚོར་སྐྱོན་བརྗོད་བྱེད་གི་འདུག དེ་ཡག་པོ་ཡིན་འདུག
ཆོ་མེད་ཀྱི་སྐད་ཆ་ལུང་གང་དེས། འཇམ་དབྱངས་ནོར་བུ་ལ་དགག་པའི་གནད་ལ་ཁེལ་མེད་པ་མ་ཟད། ཆུ་བ་ཕྲིན་བཟང་ཁོ་རང་ཉིད་ཀྱི་རང་མདོག་བསྟན་འདུག
དབུ་མ་པ་ཚོས་རང་བཙན་ལྟ་གྲུབ་པར་དགྲར་འཛིན་གྱི་འདུ་ཤེས་ཡ་མ་བརླ་དེས་ག་དུས་ཡིན་ན་ཡང་རང་དོན་མི་འགྲུབ་པའི་ངུ་འབོད་འདི་བསུན་པ་ཨ། ག་དུས་ངུ་མཚམས་འཇོག་གི་རེད་དམ། དེ་མིན་ན་པེ་ཅིང་བར་དུ་སྐྱང་ཕྱག་བཏང་ནས་ཀྲུང་ནན་ཧེའེ་ལ་རང་སྐྱོང་སྤྲོད་རོགས་ཞེས་ཞུ་འབོད་འཐེན་དགོས་པ་རེད། དེ་མིན་ཡུལ་བགྱར་དུ་བསྡད་ནས་རང་སྐྱོང་ཞིག་རག་ཚོད་མ་རེད། རྒྱུ་མཚན་ཡུལ་བགྱར་དུ་བསྡད་པ་ཙམ་གྱིས་ཀྲུང་གོར་བརྒྱབ་གཏོད་ཆགས་པ་རེད་ལ་ཀྲུང་གོའི་རྩ་ཁྲིམས་ལ་ངོས་ལེན་མེད་པ་གསལ་བསྟོན་བྱས་པ་རེད།
ངས་བསམ་ན་མཆན་འབྲི་མཁན་འདི་ཚོ་དབུ་མ་པ་དང་རང་བཙན་པ་གང་ཡང་ཡིན་རྒྱུ་མ་རེད། འདི་ཚོ་ནི་བར་མ་བར་གྱི་མི་དག་ཡིན་རྒྱུ་རེད། མཆན་འདེབས་དུས་རྩོམ་ཡིག་དང་རྩོམ་པ་པོ་ལ་དམིགས་ནས་མཆན་བཏབ་ན་ཡག་གི་རེད། རྩོམ་འབྲི་མཁན་ཡིན་ན་རང་བཙན་དང་དབུ་མ་པ་ཡིན་པའི་ངེས་པ་ག་ལ་ཡོད། ག་དུས་ཡིན་ན་དབུ་མ་དང་རང་བཙན་པ་ལ་ཁ་མ་གཏོངས་རོགས། རང་བཙན་གྱི་སྐོར་བཤད་མཁན་ཚང་མ་རང་བཙན་པ་མ་རེད་ལ། དབུ་མའི་སྐོར་བཤད་མཁན་ཚང་མ་དབུ་མ་པ་མ་རེད། རང་བཙན་དང་དབུ་མ་ཡིན་ན་ལྟ་གྲུབ་ཡོད་པའི་ཆབ་སྲིད་ཀྱི་ལང་ཕྱོགས་ཤིག་རེད། ལྟ་མིན་ཚོ་འདི་བར་དུ་འཚང་དགོས་དོན་མེད། རང བཙན་པ་དང་དབུ་མ་པ་སུ་སུ་ཡིན་པ་ཁྱོད་ཚོས་ཤེས་ཀྱི་ཡོད་དམ་་་་་་? ? ? ?
འཇམ་ནོར་ལགས་ཀྱིས་་་ལོ་ངོ་མང་བོ་ཞིག་ལ་རང་བཙན་གླེང་བར་གུས་བཀུར་ཡོད། རེད་དེ་གླེན་པའི་ཨུ་ཚུགས་བྱས་བསྡད་ན་ཡོང་གི་མེད་པར་བསམ་ཤེས་གནང་གི་མེད་པའི་ཚོར་སྣང་ཡང་སེ་སླེབས་ཡོང་།
དྲང་བོ་ཞུས་ན་་་་་འཇམ་ནོར་ཁོང་མྱི་རྣམ་དཔྱོད་ཅན་ཞིག་དང་་རང་རིགས་ལ་ཤ་ཚ་ལ་རྒྱ་ཡོད་མཁན་ཞིག་ཡིན་ན། རང་གིས་ད་བར་དུ་རང་བཙན་གླེང་བར་གྲུབ་འབྲས་བྱུང་ཡོད་མེད་ལ་བསམ་བློ་བཏང་དགོས་པའི་དུས་ལ་སླེབས་ཡོད།
ངོ་མ་བཤད་ན་འཇམ་དབྱངས་ནོར་བུ་སོགས་ནི་༧ གོང་ས་མཆོག་གི་གཟི་བརྗིད་དང་དད་པ་ཡོད་མཁན་ངོ་མའི་གྲས་རེད་སྙམ། འཇམ་དབྱངས་ནོར་བུས་༧གོང་ས་མཆོག་གི་སྐུ་པར་ལ་ཁ་དོག་ཅིག་འཐེན་པ་ལ་ཁྱེད་ཉིད་ཡ་མཚན་སྐྱེས་པ་དེ་ཁྱེད་ཉིད་ལྟ་བུ་ཡ་མཚན་དང་ཁོག་སྟོང་ཡིན་པས་རྟགས་རེད། ང་ཚོའི་སྤྱི་ཚོགས་ཆུང་ངུ་འདི་རུ་འདི་འདྲས་བསམ་ཚུལ་སྣ་ཚོགས་ཀྱིས་མི་དམར་གསོད་གཏོང་གི་ཡོད་པ་རེད།
ང་རང་གོང་ས་མཆོག་ལ་དད་སེམས་ལྷད་མེད་ཡོད་མཁན་ཞིག་དང་དབུ་ལམ་པ་ཞིག་ཡིན། འོོན་ཀྱང་འཇམ་ནོར་སོགས་གོང་ས་མཆོག་ལ་དད་པ་མེད་ན་དེ་ནི་ཁོ་མི་སྒེར་གྱི་རང་དབང་རེད། ཡིན་ཅིག་གོང་ས་མཆོག་ལ་དད་པ་དགོས་ཟེར་ན་རྒྱ་དམར་གུང་ཁྲན་གྱིས་བྱེད་ལས་དང་གཅིག་པ་རེད་ལ་ཆོས་དད་རང་དབང་ཟེར་བ་ཀླད་ཀོར་རེད་དོ། ད་བར་དུ་འཇམ་ནོར་གྱིས་རང་བཙན་བཤད་ནས་གང་ཡང་འཇོན་མེད་པ་བདེན་ངེས་ཀྱང་། དབུ་མའི་ལམ་ཐོག་ཕེབས་མཁན་ཚོས་ད་བར་དུ་དབུ་མའི་ལམ་འབྲུག་གྲགས་གྲགས་བྱས་པ་དེ་ལ་ག་རེ་འཇོན་ཡོད་མེད་བཤད་རྒྱུ་ཡོད། དེར་བརྟེན་དབུ་ལམ་པ་ཚོས་ངེས་པར་དུ་མཛུབ་མོ་རང་ཉིད་བསྐོར་ན་ཧ་གོ་ངེས་རེད། དེར་བརྟེན་སྒེར་གྱི་འཁོན་ནད་ལ་དམིགས་ནས་སྤྱི་སེམས་ཡོད་མདོག་དང་དབུ་ལམ་དར་ཆ་ཕྱར་ནས་གཅིག་སྒྲིལ་གཏོེར་གཤིགས་མ་གཏོང་རོགས།
གོང་གི་རྩོམ་ཡིག་དེས་ཆུ་བ་འཕྲིན་བཟང་གི་རང་ཚང་དམར་རྗེན་དུ་སྟོན་བྱེད་ལས་གཞན་གང་ཡང་མི་འདུག བླུན་པོ་སྨྲ་བ་ཉུང་ན་མཛེས།
དྲང་ཕྱོགས་ལྡོག་ཕྱོགས་གང་ཐད་ནས་བསམ་ཚུལ་འབྲི་མཁན་ཡོངས་ལ་དགའ་བསུ་ཡོད། འཇམ་ནོར་ལ་དད་པ་ཡོད་མེད་དང་༧གོང་ས་མཆོག་བརྩི་མིན་ཞོར་་འཕྲོས་ཙམ་ཡིན་ཞེས་གོང་དུ་བཤད་ཟིན་ཡོད། དེ་བས་ཁྱོད་ཚོ་སུས་འཇམ་ནོར་ལ་དཀར་འདོན་དང་རྒྱབ་སྐྱོར་བྱེད་འདོན་ན་ངས་འཇམ་ནོར་ལ་དྲིས་བའི་དྲི་བ་དེ་ཚོ་རེ་རེ་བཞིན་ལན་འདེབས་བྱོས་དང་ང་ཚོའི་རྩོད་པ་ལྷོད་ཀྱི་བྱེད། དེ་མིན་ང་ཁོག་སྟོང་ཡིན་རབས་དང་ཁྱོད་སྐྱ་སྟོང་ཡིན་ཚུལ་བཤད་ན་ཆུ་ཚོད་འཕྲོ་བརླགས་རེད་་་་
ཨོ་ཡ། ཁ་བརྡའི་དྲ་ཐོག་ཏུ་མཆན་བུ་མ་བཏབ་ནས་ཟླ་བ་ཁ་ཤས་ཕྱིན་སོང་། དེ་རིང་ཡང་མཆན་གཅིག་འབྲི་གི་ཡིན། སྤྱིའི་ཆ་ནས་དྲག་རླུང་ནུབ་ནས་ཤུགས་ཆེ་འོང་དུས་ལ་ཁའི་རྩྭ་འཇག་མ་ཚོའི་འགོ་བོ་ཤར་ལ་གཡོལ་ནས་ཤུགས་གླུ་ལེན་གི་རེད། འདི་ནི་འཇག་མ་ཚོའི་ཆོས་ཉིད་ཤིག་རེད། འདི་ནི་འཇག་མ་ཡི་རང་ཚུགས་ཤིག་རེད།
༡་་་་རྩ་བའི་བརྗོད་གཞིའི་ཐོག་ཏུ་བཤད་ན་བོད་དོན་བོད་ལ་འགྲོ་ནས་བསྒྲུབ་དང་ཕྱི་ལ་སྡོད་ནས་བསྒྲུབ་ན་བཟང་ཞེས་པ་འདིར་རེད། མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་དེང་སྐབས་བོད་ཀྱི་ཡུལ་ནི་དམྱལ་བའི་ཁྲོ་ཆུ་ཚ་བོ་ལྟ་བུ་ཞིག་རེད། དེའི་ནང་དུ་ཉ་མོ་ཞིག་གིས་རང་སྲོག་ཤོར་བར་མ་གཏོགས་ལས་དོན་བསྒྲུབ་ཐུབ་ཐབས་མི་འདུག་གསུངས་པ་རེད། སྐད་ཆ་འདི་ལ་ཐད་པ་མི་འདུག་ཅེས་ཆུ་བ་འཕྲིན་བཟང་གིས་བཤད་ཀྱི་ཡོད་རེད།
ནུབ་ཕྱོགས་པའི་གཏམ་དཔེར་ཞིག་ཡོད་རེད། གཞན་སྲོག་སྐྱོབ་པ་ལ་རང་ཉིད་སྲོག་འགོ་ཐོན་དགོས་པ་རེད་ཅེས་ལབ་ཀྱི་རེད།
༢་་་་་ཆུ་བས་་་་༼བློ་བཟང་དར་རྒྱས་ནི་ངའི་བློ་ཐུབ་པའི་གྲོགས་པོ་ཞིག་ཡིན་ལ། ཁོང་རྒྱ་གར་ནས་ཕྱིར་བོད་ལ་མ་སོང་བའི་ཟླ་གཅིག་གི་ཡར་སྔོན་ཏུ་ཁོས་ང་ལ་འདི་ལྟར་བཤད་མྱོང་།
འཕྲིན་ལས་ད་ངའི་ཅི་ཞིག་བྱས་ན་བཟང་ངམ། འདི་ལྟར་བསྡད་ན་ངའི་ད་བར་དུ་མི་རིགས་ཀྱི་ལས་དོན་ཞིག་སྒྲུབ་པའང་འཕྲོ་བརླགས་རེད་ཟེར། ངས་ཁོང་ལ་ཨ་རི་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཞིག་ལ་སོང་ན་མི་བཟང་ངམ་ལབ་པ་ཡིན།ཧཧཧ་ཟེར་ཞོར་ཨ་རི་ལ་འགྲོ་འདོད་ན་སང་འགྲོ་གནང་འགྲོ་ཐུབ་ཀི་ར། ཨ་རི་ལ་སོང་ན་དེ་བས་ཀྱང་འཕྲོ་བརླག་རེད་ཟེར། དེ་ནས་ཁོང་༢༠༠༡་ལོར་བོད་ལ་ལོག་ཏེ་འཛིན་བཟུང་བྱས་ནས་མི་ལོ་༡༥་བཙོན་ཐག་བཅད་དེ་ལོ་གཉིས་རྗེས་སུ་བཙོན་ཁང་དུ་ཀྲོངས་བ་རེད།༽ཅེས་བཤད་འདུག
ཆུ་བ་ལགས། ཁྱོད་རང་གིས་ཁྱོད་རང་ལ་ལན་བརྒྱབ་ཚར་འདུག་ག་་་ཧཧཧ བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་དམྱལ་བའི་ཁྲོ་ཆུ་ཚ་པོའི་ནང་དུ་མཆོངས་སོང་བའི་རྒྱལ་གཅེས་པ་བློ་བཟང་དར་རྒྱས་ལགས་ཀྱི་སྲོག་འགོ་ཐོན་མེད་པ་འདིས་འཇམ་ནོར་གྱི་སྐད་ཆ་ལ་བདེན་དཔང་བྱས་འདུག་ག ཁྱོད་ཀྱི་བསམ་ཚུལ་ལ་དགག་པ་བརྒྱབ་འདུག་ག
བོད་པའི་གཤིས་ཀ་ལྟར་ཝ་རྔ་མ་ཤ་ལེར་བྲོས་པ་ལས་སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ་ཟེར་ན་་་་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ཕུགས་རྒྱང་རིང་པོའི་ཐུགས་བསམ་བཞེས་མཁན་ཞིག་གི་ངོས་ནས་བཤད་ན་བདེན་ཁ་སྤྲོད་ཀྱི་མ་རེད། རྒྱ་ནག་གི་གཏམ་དཔེ་ལྟར་་་་་སྟག་འཛུམ་དྲུག་ཉིལ་ལེར་ཤི་བ་ལས་་་་་ཝ་རྔ་མ་ཤ་ལེར་གསོན་པ་དགའ་ཞེས་པ་ལྟར། གསོན་དགོས་པ་གལ་ཆེན་རེད་འདོད།་་་ཧཧཧ
ངས་བསམ་ཚུལ་བྱས་ན་བཙན་བྱོལ་བོད་མི་རྣམས་སྲོག་འགོ་ཐོན་ཆེད་དུ་རྒྱ་གར་ལུང་པའི་ནང་དུ་སྐྱབས་བཅོལ་བསླེབས་པ་རེད་བསམས་ཀྱི་འདུག ༧གོང་ས་མཆོག་གཙོ་བོ་གྱུར་པའི་བཙན་བྱོལ་བོད་མི་རྒྱལ་གཅེས་པ་འདི་དག་ཕྱིའི་ལུང་པའི་ནང་དུ་སྐྱབས་བཅོལ་མ་བསླེབས་པ་ཡིན་ན་་་་པན་ཆེན་རིན་པོ་ཆེན་གཙོ་བོ་གྱུར་པའི་བོད་མི་རྒྱལ་གཅེར་ཚོ་ནང་བཞིན་ཕྱི་མའི་ལམ་བཏངས་ཚར་ཡོད་ཀྱི་རེད་འདོད་དོ།
༣་་་་ཆུ་བས་་་༼ངས་ཁྱོད་ལ་འདྲི། འོ་ན་གངས་ཅན་པའི་རང་དབང་འཐབ་རྩོད་པ་འདི་དག་རང་དབང་ལྡན་པའི་རྒྱ་མཚོ་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ལས་དོན་མི་སྒྲུབ་པར་ཆུ་ཁོལ་མ་སྟེ་བོད་ཡུལ་ལ་ཅི་ཞིག་གི་དོན་ཏུ་བསྐྱོད་པ་ཡིན་ནམ། ཁྱོད་ཀྱིས་བསམ་ན་ཁོང་ཚོ་ཆུ་ཁོལ་མའི་ནང་དུ་འདས་བཀྲོངས་སུ་གྱུར་ཚེ་ཁོང་ཚོའི་སྙིང་སྟོབས་དང་ལ་རྒྱ་རྨི་ལམ་དང་བཅས་གཏན་ཏུ་ཡལ་འགྲོ་བ་ཡིན་ནམ། ཁྱོད་ཀྱིས་བསམ་ན་བཙོན་ཏུ་བཟུང་ན་ཁོང་ཚོའི་རྣམ་ཤེས་དང་རུས་ཞེན་ཕུགས་བསམ་ཡང་བཙོན་དྲའི་ནང་དུ་བཅུག་འགྲོ་བ་ཡིན་ནམ།༽ཞེསབཤད་འདུག
ལན་་་མི་ལོ་དྲུག་བཅུའི་རིང་དུ་རང་སྲོག་བློ་བཏང་བྱེད་མཁན་བོད་མི་རྒྱལ་གཅེས་པ་ཁྲི་ཕྲག་མང་པོའི་སྙིང་སྟོབས་དང་ལ་རྒྱ་རྨི་ལམ་བཅས་གཏན་ཏུ་ཡལ་སོང་མེད། གཏན་ཡལ་འགྲོ་མི་བཅུག་མཁན་གྱི་མི་སྣ་གཙོ་བོ་ཞིག་འཇམ་ནོར་རེད། ཡིན་ཀྱང་དཔའ་བོ་ཁོང་རྣམས་པ་འཇིག་རྟེན་མི་ཡུལ་ནས་ཡལ་སོང་བ་རེད། རྒྱལ་གཅེས་བོ་ཁོང་རྣམས་པ་བཞུགས་ཡོད་ན། ཕན་ཐོག་ཆེན་བ་ཡོད་ས་རེད་དམ་མ་རེད། འདིའི་ཐོག་ཏུ་ཐུགས་བཞེས་རྒྱུ་གལ་ཆེན་རེད།
མདོ་ན་་་་་་་་༧གོང་ས་ཏྭ་ལའི་བླ་མ་གཙོ་བོ་གྱུར་པའི་བཙན་བྱོལ་བོད་མི་དམངས་ཁྱོད་དང་འཇམ་ནོར་བཅས་པ་ཝ་རྔ་མ་ཤ་ལེར་གསོན་པོ་རེད། པན་ཆེན་རིན་པོ་གཙོ་བོ་གྱུར་པའི་བོད་མི་རྒྱལ་གཅེས་པ་སྐུ་ལུས་མེར་སྲོག་གནང་མཁན་དང་ཚེ་སྲོག་མེ་མདའི་ཁ་རུ་ཤོར་སོང་བའི་དཔའ་བོ་རྣམས་་་སྟག་འཛུམ་དྲུག་ཉིལ་ལེར་ཤི་བོ་རེད།
ཝ་མ་རྔ་མ་ཤ་ལེར་གསོན་པ་དགའ་གི་མེད་ན་བཙན་བྱོལ་ལ་བྲོས་ཡོང་བ་ནོར་འཁྲུལ་རེད། ངས་བསམ་ཚུལ་བྱས་ན་ཆུ་བ་ཁྱོད་རང་ཡང་བཙན་བྱོལ་བ་ཞིག་མིན་འགྲོ་བསམས་ཀྱི་འདུག དྲང་ཤོད་དང་། འཇམ་ནོར་ལགས་ཀྱི་སྐད་ཆ་འདི་དག་ལ་གནད་ལུགས་ཆེན་པོ་འདུག དོན་མེད་དགོས་མེད་བཅུག་བཤད་ཀི་མ་འདུག་ཅེས་རེ་བ་ཡིན།
གནས་ལུགས་བཤད་ས་ནས་གནས་ལུགས་རང་ཤོད་ཐུབ་ན་ལེགས། ད་དུང་ཆུ་བ་ལ་ལན་ཐེབས་མི་འདུག སོ་སོ་རྩོམ་འབྲི་བ་ཞིག་གམ་མི་དྲང་མོ་ཞིག་ཡིན་སྙམ་ན་ཆོ་མེད་པའི་སྐྱོན་བརྗོད་མ་བྱས་ན་བཟང།
ཅོ་རི་ལགས་མ་མཇལ་ཡུན་རིང། དེ་རིང་ཅིག་ནས་ཇོར་སེ་ཐོན་བྱུང་ང་ཧཧཧཧཧ
ཁྱོད་དྲང་མོ་ཞིག་ཡིན་བསམ་གི་ཡོད། སྟག་འཛུམ་དྲུག་གྱི་ལེ་ཤི་བ་དང་ཝ་རྔ་མ་དྲུད་དེ་བྲོས་་པ་གཉིས་བསྡུར་ནས་བཟང་ངན་དབྱེ་བ་འབྱེད་པ་མི་འོས། དེ་སོ་སོར་དགེ་སྐྱོན་ཡོད་པ་རེད།
མདོར་ན་དགྲ་ལ་འཐབ་སྟངས་ལ་ཞི་དྲག་གཉིས་ཀ་མཁོ་བ་ཁྱོད་ཀྱིས་ཁས་ལོས་ལེན། ངས་ཁྱོད་ཚོར་འདྲི། འོ་ན་ད་བར་བོད་མི་ཚང་མ་ཝ་རྔ་དྲུད་ཏག་ཏག་ཡིན་ན་དེ་རིང་གི་བོད་འདི་ཡོད་དམ་མེད། སྐུ་གཤེགས་དཔའ་བོ་དཔའ་མོ་དག་གི་བྱས་རྗེས་དེ་ལྷག་ཅིག་ཝ་རྔ་དྲུད་ཚོའི་ནང་ན་སུ་ལ་ཡང་མེད། ངས་བཤད་འི་ཝ་རྔ་དྲུད་ནང་ན་ང་འདྲ་བོའི་རིགས་མ་གཏོགས་བཙན་བྱོལ་བ་ཚང་མ་མེད། ལྷག་ར་དུ་༸གོང་ས་མཆོག་གིས་གཙོས་སྐྱབས་བཅོལ་བ་དཔའ་རྒོད་དུ་མ་ཡོད་པས་དེ་དག་ངས་ནམ་ཡང་ཝ་རྔ་དྲུད་དུ་ངོས་ལེན་མི་ཐུབ་བོ། སྐད་ཆ་བདེན་པ་ཡིན།
སྤྱིར་ན་མི་ཚང་མ་དཔའ་བོ་མིན་ལ་སྡར་མ་ཡང་མིན། ཚང་མ་མཁས་པ་མིན་ལ་བླུན་པོ་ཡང་མིན། ཚང་མ་གཅིག་པ་མིན་པས་སོ་སོའི་ཐུབ་པ་དང་འཇོན་པ་རེ་ཡོད་པ་དེ་རང་བེད་སྤྱོད་གང་ཡག་གཏོང་ཐུབ་ན་དེ་མི་རེད་འདོད། དེ་དག་སོ་སོར་སོ་སོའི་ནུས་པ་ཡོད་པར་འདོད།
མདོར་ན་འཇམ་དབྱངས་ནོར་བུ་ལགས་ཀྱིས་བྲིས་ནས་བཤད་ནས་གཞན་ལས་ལྷག་པའི་ནུས་པ་ཐོན་གྱིན་པ་ཡང་ཁས་ལེན་དགོས་ལ། སྐད་འབོད་དང་རང་སྲེག་གིས་སྐུ་སྲོག་བློས་གཏོང་མཁན་རྣམ་པར་ཡང་ཚེ་སྲོག་གི་རིན་ཐང་ཁྱད་པར་བ་རེ་ཡོད་པ་ཁས་ལེན་དགོས།
དོན་ཆེན་བསྒྲུབ་པར་ངང་རིང་དགོས་བྱས་པ་རེད། བྱས་ཙང་ཁྲོ་ཆུ་མཁོལ་མའི་གཡུལ་ས་ན་ཉྭ་རྐྱལ་རྩ་ཆེ་ཡང་རྒྱལ་ཁ་ཞིག་མེད་པ་སྔ་ས་ནས་ཤེས་ཡོད། དེས་ན་ཇིའུ་མི་རིགས་ལ་དཔེ་ལོངས་དང་མི་ལོ་དུ་མ་ཡུལ་འཁྱར་བྱས་ནས་གདོང་འཐུག་གིས་གཡུལ་ས་འགྲིམས་ཚོད་མེད། འོན་ཀྱང་མཐའ་མཇུག་རང་དབང་གི་རྒྱལ་ཁ་ཐོབ་ཏེས་རང་བཙན་བླངས་འདུག། འདི་གཞན་གང་ཡང་མ་རེད་སྐབས་དང་དུས་ལ་བབས་པ་རེད། སྐབས་དང་དུས་ལ་བབས་ན་མཐོ་དམའ་དང་ཆེ་ཆུང་ལ་འགྲོ་ནི་མ་རེད། བྱས་ཙང་བོད་ཀྱི་སེངྒེས་རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་ལྡོག་ལྷག་པར་དུ་ཨེ་ཤི་ཡའི་འགྱུག་ལྡོག་གི་གོ་སྐབས་བསྲུང་དགོས་པ་བཤད་པ་དེ་རྒྱུ་མཚན་ངེས་ཅན་ལྡན་འདུག།
དེ་ནས་ཆུ་འཕྲིན་ལགས། འཇམ་ནོར་དཀར་འདོན་བྱེད་དགོས་མ་རེད་ལ་ནག་འདེད་བྱེད་དགོས་པ་ཡང་མ་རེད། ལྷག་པར་དུ་དད་པ་ཡོད་མེད་བརྩད་གཅོད་བྱེད་སྟངས་འདི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཆ་རྒྱུས་ཡ་རྒྱུས་མེད་པའི་རང་ཚང་ཕྱི་རོལ་དུ་སྔོན་སོང་བ་རེད། མི་རིགས་ཀྱི་རྩ་དོན་བསྒྲུབ་པར་དད་པ་ཡིན་ཅིག་མཁོ་ཡོད་ན་བོད་དང་དང་བོད་མི་རིགས་འདི་སྔར་ནས་རང་བཙན་ཤོར་ཡོད་ཚོད་མེད། དད་པ་ནི་སྔར་མེད་གསར་དུ་སྐྱེས་ཆོག་ཆོག་ཞིག་དང་སྔར་ཡོད་འདོད་མོས་ཀྱི་འགལ་རྐྱེན་ཅུང་ཟད་ཅིག་གིས་ལོག་ལོག་ཆོག་ཆོག་ཞིག་རེད། མི་རིགས་ཀྱི་ལྟ་བ་དང་ལ་རྒྱ། མི་རིགས་ཀྱི་གདུང་ཞེན། མི་རིགས་ཀྱི་སྙིང་སྟོབས་སོགས་ནི་རུས་རྐང་དུ་ཟུག་ཡོད་པས་འགྱུར་ཆོག་ཆོག་ཞིག་ནམ་ཡང་མ་རེད། དེས་ན་དད་པ་དང་བརྩི་མིན་སོགས་མི་རིགས་ཀྱི་རྩ་དོན་སྟེང་དུ་བཙན་གྱིས་དྲུད་ནས་འདོད་མོས་ཀྱིས་རང་ལྟ་མཆོག་འཛིན་གྱི་གཏམ་རྙོག་བཤད་བསྡད་ན་དགེ་མཚན་ཞིག་ཅང་མ་རེད།
ཅོ་རི་ཉི་མས། “མི་ལོ་དྲུག་ཅུའི་རིང་དུ་རང་སྲོག་བློས་བཏང་བྱེད་མཁན་བོད་མི་རྒྱལ་གཅེས་པ་ཁྲི་ཕྲག་མང་པོའི་སྙིང་སྟོབས་དང་ལ་རྒྱ། རྨི་ལམ་བཅས་གཏན་ཡལ་དུ་སོང་མེད། གཏན་ཡལ་དུ་འགྲོ་མི་འཇུག་མཁན་གྱི་མི་སྣ་གཙོ་བོ་ཞིག་འཇམ་ནོར་རེད།”
ཅེས་དང་། ཡང་༸གོང་ས་ཏཱ་ལའི་བླ་མ་གཙོ་བོར་གྱུར་པའི་བཙན་བྱོལ་མི་དམངས་ཁྱེད་དང་འཇམ་ནོར་བཅས་པ་ཝ་རྔ་མ་ཤ་ལེར་གསོན་པོ་རེད་ཅེས་ཟེར།
བཀའ་འདྲི་ཞུ་རྒྱུར། འཇམ་ནོར་ལགས་ཀྱིས་ཚུལ་ཇི་ལྟར་དུ་མི་ལོ་དྲུག་ཅུའི་རིང་དུ་རང་སྲོག་བློས་བཏང་བྱེད་མཁན་བོད་མི་རྒྱལ་གཅེས་པ་ཁྲི་ཕྲག་མང་པོའི་སྙིང་སྟོབས་དང་ལ་རྒྱ། རྨི་ལམ་བཅས་གཏན་ཡལ་དུ་འགྲོར་མ་བཅུག་པའི་ཚུལ་མདོར་ཙམ་གསུང་རོགས་ཞུ། །
རང་དབང་དང་མང་གཙོ་ཐོབ་ཐང་སོགས་གང་ཞིག་ཡིན་ཀྱང་རུང་དེ་རྩོད་ལེན་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་སྟག་འཛུམ་དྲུག་གྱི་ལེ་ཤི་བ་དང་མཚུངས་པར་ཤི་དགོས་པ་ཅིའི་ཕྱིར་ཡིན་ནམ། དེའི་ཆེད་དུ་མ་ཤི་བ་དག་ནི་ཝ་རྔ་མ་ཤ་ལེར་གསོན་པོའམ་རྡར་མ་ཡིན་དོན་ཡང་ཅིའི་ཕྱིར་ཡིན་ནམ།
དེ་དག་གི་ཆེད་དུ་ཤི་མཁན་སྟག་འཛུམ་དྲུག་གྱི་ལེར་ཤི་བ་ཡིན་ནའང་དེའི་ཆེད་དུ་མ་ཤི་བ་དག་ཀྱང་ངེས་པར་དུ་ཝ་རྔ་མ་ཤ་ལེར་རྡར་མ་ཞིག་ཡིན་དགོས་པའི་ངེས་པ་ཅང་ཡོད་དམ། ཚང་མ་དེ་དག་གི་ཆེད་ཤི་སོང་ན་མཇུག་རྫོགས་སོང་བ་མ་ཡིན་ནམ། ལྟ་ཚུལ་འདིས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་གཤེགས་མཁན་ཞིག་ཡིན་ན་སྐྱེས་པ་རླབས་ཆེན་དང་ཤི་བ་གཟི་བརྗིད་རེད་ཅེས་པའི་ཨ་ཁུ་མོ་ཚང་གི་བརྗོད་ཚིག་རྫིག་པོ་དེ་དྲན་བཅུག་སོང་།
གཤེག་མཁན་གཤེགས་པ་རེད་དེ་གསོན་མཁན་མུ་མཐུད་གསོན་ཏེ་ལས་ཀ་བྱེད་དགོས་ངེས་མ་ཡིན་ནམ། སྤྱིར་བོད་མི་རིགས་རིག་གཞུང་ལ་རྒྱ་དང་བཅས་པའི་ཆེད་ཡིན་ན་འདས་གསོན་གང་ཞིག་ཡིན་ཀྱང་རུང་སྟག་འཛུམ་དྲུག་གྱི་ལེ་བ་ཡིན་ན་ཡིན་མཉམ་དང་། ཝ་རྔ་མ་ཤ་ལེ་བ་ཡིན་ན་ཡིན་མཉམ་ཡིན་པར་ཤིན་ཏུ་འདོད།
༸གོང་ས་ཏཱ་ལའི་བླ་མ་གཙོ་བོར་གྱུར་བའི་བཙན་བྱོལ་བ་དག་ཝ་རྔ་མ་ཤ་ལེ་རྡར་མ་ཡིན་ཀྱང་རུང་སྟག་འཛུམ་དྲུག་གྱི་ལེ་དཔའ་བོ་ཡིན་ཀྱང་ཆོག གང་ལྟར་མི་ལོ་དྲུག་ཅུ་ལྷག་གི་རིང་དུ་རང་སྲོག་བློས་བཏང་བྱེད་མཁན་བོད་མི་རྒྱལ་གཅེས་པ་ཁྲི་ཕྲག་མང་པོའི་སྙིང་སྟོབས་དང་ལ་རྒྱ་རྨི་ལམ་བཅས་གཏན་ཡལ་དུ་འགྲོར་མ་བཅུག་པར་དེ་དག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་དེ་རིང་གི་བར་དུ་རྒྱུན་མཐུད་མཁན་ནི་གཙོ་བོ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་ཞབས་འབྲངས་རྒྱལ་གཅེས་ལྷག་བསམ་ཅན་དེ་དག་རེད། དེ་ལ་སུས་ཀྱང་བསྙོན་མི་བཏུབ། མཚམས་འདིར་ངས་ཀྱང་ཁྱེད་ལ་ཅིག་འདྲི། འོ་ན་ཝ་རྡར་མ་ཞིག་གིས་མི་རིགས་ཤིག་གི་སྙིང་སྟོབས་དང་ལ་རྒྱ་རྨི་ལམ་རེ་བ་ཡོད་ཚད་གཏན་ཡལ་དུ་བརླག་མ་བཅུག་པའི་བྱ་བ་རླབས་པོ་ཆེ་འདི་འདྲ་སྒྲུབ་ཐུབ་བམ། །
བཀའ་དྲིན་ཆེ།
ལྷ་མོ་སྐྱབས་ལགས། དྲ་ཐོག་མཇལ་བར་དགའ་པོ་བྱུང་། ཁྱོད་ཀྱིས་ང་ཅོ་རི་མི་དྲང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པར་ཐུགས་རྗེ་ཆེ། ཡུན་རིང་དྲ་ཐོག་ཏུ་ཡོང་པའི་རྒྱུ་མཚན་ཀྱང་བོད་མི་རིགས་ནང་ཁུལ་དུ་གདོང་ཐུག་རྒྱབ་ས་རེད་བསམས་པས་ཡིན། ཁྱོད་ཀྱིས་ཀྱང་གོ་སྐབས་འཛིན་ནས་རྒྱལ་གཅེས་པ་ཀརྨ་ཆོས་འཕེལ་ལགས་སུ་ཁ་རྡུང་བཏང་སོང་།
གཉིས་པ། དབུ་མ་པ་ཚོའི་ནང་ཁུལ་དུ་རྒྱ་ནག་གི་མཉམ་དུ་དམངས་གཙོ་རྩོད་འདོད་ཡོད་མེད་རིགས་གཉིས་ཡོང་གི་ཡོད་པར་འདི་གནད་དོན་གསར་པ་ཞིག་རེད་བསམས་ཀྱི་འདུག ཁ་ཅིག་གིས་དམར་ཕྱོགས་རང་བྱ་འདོད་པ་དང་ཁྱོད་ལྟ་བུ་ཚོས་དམངས་གཙོ་ལ་འདོད་མོས་བྱེད་ཀྱི་ཡོད་པར་གཉིས་ཀྱི་འགལ་ཟླ་ཇི་ལྟ་བསལ་གྱི་ཡིན་ནམ།?????
བློ་མཐུན་འབྲོང་གཡག་ལགས། ཁམས་བཟང་། མ་མཇལ་ཡུན་རིང་། ཟླ་ཤས་རིང་དྲ་ཐོག་ཏུ་བསླེབས་མ་ཐུབ་ཀྱང་ཁྱོད་ཀྱི་མཆན་བུ་ཚང་མར་བཀླགས་ཡོད། དུས་ཚོད་འདི་འདྲ་ལ་དཀའ་ལས་བརྒྱབ་པར་བཀའ་དྲིན་ཆེ་ཞུ་རྒྱུ་་ཡིན།
བློ་སྤྱིན་ལགས། མི་ལོ་དྲུག་བཅུའི་རིང་དུ་རང་སྲོག་བློས་བཏང་ཟིན་པའི་བོད་མི་རྒྱལ་གཅེས་པ་ཁྲི་ཕྲག་མང་པོའི་རེ་བ་དང་རྨི་ལམ་ནི་བོད་རང་དབང་རང་བཙན་རེད། བོད་རང་དབང་བཙན་འདི་ཡལ་མ་སོང་བར་འཛམ་གླིང་ཐོག་ཏུ་གྲགས་འགུལ་ཞིག་ཡོད་པ་འདི་ཡང་བོད་རང་བཙན་འཐབ་རྩོད་པ་ཚོའི་དྲིན་རེད། འཇམ་ནོར་ལགས་རང་བཙན་འཐབ་རྩོད་པ་གཙོ་བོ་ཞིག་རེད་བསམས་ཀྱི་འདུག
༢་་་་ཁྱོད་ཀྱིས་་་༼རང་དབང་དང་མང་གཙོ་ཐོབ་ཐང་སོགས་གང་ཞིག་ཡིན་ཀྱང་རུང་དེ་རྩོད་ལེན་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་སྟག་འཛུམ་དྲུག་གྱི་ལེ་ཤི་བ་དང་མཚུངས་པར་ཤི་དགོས་པ་ཅིའི་ཕྱིར་ཡིན་ནམ། དེའི་ཆེད་དུ་མ་ཤི་བ་དག་ནི་ཝ་རྔ་མ་ཤ་ལེར་གསོན་པོའམ་རྡར་མ་ཡིན་དོན་ཡང་ཅིའི་ཕྱིར་ཡིན་ནམ།
དེ་དག་གི་ཆེད་དུ་ཤི་མཁན་སྟག་འཛུམ་དྲུག་གྱི་ལེར་ཤི་བ་ཡིན་ནའང་དེའི་ཆེད་དུ་མ་ཤི་བ་དག་ཀྱང་ངེས་པར་དུ་ཝ་རྔ་མ་ཤ་ལེར་རྡར་མ་ཞིག་ཡིན་དགོས་པའི་ངེས་པ་ཅང་ཡོད་དམ། ཚང་མ་དེ་དག་གི་ཆེད་ཤི་སོང་ན་མཇུག་རྫོགས་སོང་བ་མ་ཡིན་ནམ།༽་་་་་ཞེས་པའི་དྲི་བ་འདི་དག་ལ་འདྲི་ས་ང་མ་རེད། ཆུ་བ་ལགས་སུ་དྲིས།
ང་ལ་དྲིས་ན་ཁས་ལེན་མེད་པའི་དགག་ལན་ཆགས་འགྲོ་གི་ཡོད་རེད། ་་་རང་དབང་དང་མང་གཙོ་ཐོབ་ཐང་སོགས་གང་ཞིག་ཡིན་ཀྱང་རུང་དེ་རྩོད་ལེན་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་སྟག་འཛུམ་དྲུག་གྱི་ལེ་ཤི་བ་དང་མཚུངས་པར་ཤི་དགོས་པ་རེད་ཅེས་ངས་ལབ་མེད་པ། སྐད་ཆ་བཤད་དུས་དྲི་བ་གཏོང་ཤེས་དགོས་པ་རེད།
དམ་པ་དགེ་ཆོས་མཆོག་གིས། སོ་སོར་སྐྱེ་བོའི་རྣམ་རྟོག་ལ་རྩ་བ་བརྟེན་པའི་ཚུལ་གསུམ་རྟོག་གེ་རིག་པ་འདི་ཁས་ལེན་མེད་པའི་ལྟ་བ་ལ་གནོད་པའི་ལག་ཆ་བྱས་ན་ཆོས་ཀྱི་དབྱིགས་ལ་འཇུག་པའི་སྐབས་མེད་དོ་་་ཅེས་གསུངས་ཡོད་རེད།
ཁས་ལེན་མེད་པའི་དགག་ལན་འཕེན་མ་འོང་ཨ་་་་་ཧཧཧཧ
ལྷ་མོ་སྐྱབས་ལགས། ཡུན་རིང་དྲ་ཐོག་ཏུ་མ་ཡོང་པའི་རྒྱུ་མཚན་ཀྱང་བོད་མི་རིགས་ནང་ཁུལ་དུ་གདོང་ཐུག་རྒྱབ་ས་རེད་བསམས་པས་ཡིན། ཞེས་བཅོས་རོགས་བྱོས།
འཇམ་ནོར་གྱིས་བཤད་པའི་སྐད་ཆར་ཉན་པ་ཡིན། དྲང་པོར་བཤད་ན། སྐད་ཆ་ལ་མི་བདེན་པའི་ཆ་ཐལ་ཆེར་མ་མཐོང་། སྐད་ཆའི་ནང་དོན་ངོ་མ་ཉན་འདོད་ན་ཐད་ཀར་དྲ་རྒྱར་སོང་དང་། ཉན་ཐུབ། མི་གཞན་གྱིས་བྲིས་པའི་རྩོམ་ཉོག་ལ་བདེན་མི་བདེན་སྣ་ཚོགས་ཡོང་ངེས་རེད། རྒྱུ་མཚན་ནི། རང་གི་རྣམ་རྟོག་གི་འཆར་སྣང་དང་བསྲེས་ནས་བྲིས་པས་སོ། །
བློ་མཐུན་ཅོ་རི་ཉི་མས་ངའི་དྲི་བ་དག་ལ་ལན་གཅིག་ཀྱང་མ་བརྒྱབ་པར་ཁས་ལེན་མེད་པའི་དགག་ལན་ངོ་མ་ཞིག་ང་ལ་བྲིས་བཞག་འདུག ཧེ་ཧེ་ཧེ་ཧེ།
དྲ་གྲོགས་དང་དྲ་འབུ་གཉིས་ཀ་ཐོག་མར་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། འཇམ་ནོར་ལ་གཡམ་རྒྱུགས་བྱེད་མཁན་ཚོ་ཡང་འཚམས་འདྲི་ཡོད། ལྷ་མོ་སྐྱབས་ལགས་གཙོའི་དྲ་གྲོགས་འགས་གཡས་ཐལ་གཡོན་ཐལ་མེད་པར་དྲང་ཐད་ནས་སྐད་ཆ་རེ་བཤད་འདུག་པའི་ཚོར་སྣང་བྱུང། བཀའ་དྲིན་ཆེ། ཅོ་རི་ལགས་ཀྱིས་རྟ་བཤད་སྒ་བཤད་དེ་ཙམ་མ་ཡིན་པར་བརྗོད་བྱ་དངོས་ལ་ཉེ་བའི་བསམ་ཚུལ་རེ་བྲིས་འདུག་སྙམ། དེ་བས་བཀའ་དྲིན་ཆེ་ཞུ། ཡིད་སྐྱོ་བ་ཞིག་ལ་ཅོ་རི་ལགས་ཀྱིས་ང་ལ་ལན་འདི་ལྟར་རྒྱབ་འདུག། ཆུ་བ་ལགས། ཁྱོད་རང་གིས་ཁྱོད་རང་ལ་ལན་བརྒྱབ་ཚར་འདུག་ག་་་ཧཧཧ བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་དམྱལ་བའི་ཁྲོ་ཆུ་ཚ་པོའི་ནང་དུ་མཆོངས་སོང་བའི་རྒྱལ་གཅེས་པ་བློ་བཟང་དར་རྒྱས་ལགས་ཀྱི་སྲོག་འགོ་ཐོན་མེད་པ་འདིས་འཇམ་ནོར་གྱི་སྐད་ཆ་ལ་བདེན་དཔང་བྱས་འདུག་ག་ཁྱོད་ཀྱི་བསམ་ཚུལ་ལ་དགག་པ་བརྒྱབ་འདུག་ག། ངས་རྒྱལ་གཅེས་པ་བློ་དར་གཙོའི་གངས་ཅན་པའི་དཔའ་བོ་དཔའ་མོ་ཚོའི་གཡུལ་ས་རུ་སྲོག་འགོ་ཐོན་ཡོད་མེད་བརྩོད་ཀྱིན་མེད་ལ་ སྲོག་འགོ་མ་ཐོན་པ་ཁོང་ཚོའི་ཕམ་ཁ་ལ་དེ་བས་་བརྩི་བཞིན་མེད་པ་མ་ཟད་གཟི་བརྗིད་དུ་བསྒྲངས་བཞིན་ཡོད། འཇམ་ནོར་དང་ཁྱོད་ལྟ་བུར་ཁོང་ཚོའི་ཚེ་སྲོག་མར་མེ་གཟིམ་པ་བཞིན་ནག་ཚུབ་བེ་ནམ་ཡང་འོད་སྣང་མེད་པ་འདོད་ཀྱིན་མེད་་་་་་དེ་མིན་ཁྱོད་ཀྱིས་ཝ་མ་རྔ་མ་ཤ་ལེར་གསོན་པ་དགའ་གི་མེད་ན་བཙན་བྱོལ་ལ་བྲོས་ཡོང་བ་ནོར་འཁྲུལ་རེད་ཟེར། དེ་ནོར་འཁྲུལ་ཡིན་མིན་ངས་བྲིས་བའི་མཇུག་མཐའི་གསལ་བཤད་ཐུང་ངུ་གསུམ་བྲིས་ཡོད་པའི་ནང་གཉིས་པར་བཤད་ཡོད། མགོ་རྔ་མི་མཚུངས་བའི་སྐད་ཆ་སྔར་བཤད་མྱོངས་མེད་ལ་་་ད་དུང་ཡང་བཤད་རྩིས་མེད་ཧཧཧཧཧཧ
གྲོགས་ཅོ་རི་ཉི་མས། ” མི་ལོ་དྲུག་བཅུའི་རིང་དུ་རང་སྲོག་བློས་བཏང་ཟིན་པའི་བོད་མི་རྒྱལ་གཅེས་པ་ཁྲི་ཕྲག་མང་པོའི་རེ་བ་དང་རྨི་ལམ་ནི་བོད་རང་དབང་རང་བཙན་རེད། ” ཅེས་ཚིག་ཐག་ཆོད་པོའི་སྒོ་ནས་གསུངས་པ་དེ་ད་དུང་བསྒྲུབ་བྱ་རེད་བསམ་གྱི་འདུག
ལྷག་བསམ་དང་སྙིང་སྟོབས་རིགས་ཞེན་གྱིས་ཕྱུག་པའི་རྒྱལ་གཅེས་དཔའ་རྒོད་ཕོ་མོ་མང་པོ་ཞིག་གནས་གནའ་ནས་ད་བར་གདུག་རྩུབ་ཧ་ཅང་ཆེ་བའི་རྒྱ་དམར་གཞུང་གིས་བོད་ཁ་བ་གངས་ཅན་པའི་སྣོད་བཅུད་རིག་གཞུང་དང་བཅས་པར་མཐོང་ཆུང་དང་དབང་ཡོད། བརྙས་བཅོས། བཙན་འཛུལ། ཧམ་བཟུང་། གཉའ་གནོན། བཤུ་གཞོག མནར་གཅོད་སོགས་རབ་དང་རིམ་པ་བཏང་བཏང་བར་མ་བཟོད་པར་མི་འདོད་པའི་ངོ་རྒོལ་མུ་མཐུད་འབྱུང་བཞིན་ཡོད་པ་འདི་རེད།
འོན་ཀྱང་དྲང་མོར་བཤད་ན་མང་པོ་ཞིག་གིས་བོད་རང་དབང་རང་བཙན་ཟེར་བ་གང་འདྲ་ཞིག་ལ་ཟེར་གྱིན་ཡོད་མེད་ཙམ་ཡང་ཤེས་ཀྱི་ཡོད་མེད་ཐེ་ཚོམ་རེད། དབུ་མའི་ལམ་ནི་རྒྱ་མཚོའི་ཕ་རོལ་རེད། གང་ལྟར་སྐད་ཆ་ཞིག་ཤོད་སྐབས་མི་བུ་སྒེར་ཁག་སོ་སོའི་སེམས་ཚོར་གྱི་དབང་དུ་འགྲོ་མི་ཉན་པར་བློ་ལྷོད་ལ་བབས་ཏེ་གཟུ་བོའི་ངང་ཕྱོགས་ཡོངས་ནས་སྐད་ཆ་དྲང་མོ་ཞིག་བཤད་རྒྱུ་དེ་ནི་སྐད་ཆ་ཞིག་བཤད་ཤེས་པའི་དོན་སྙིང་དེ་ཡང་ཡིན་བསམ་སོང་། །
གཟིམ་བདེ་བར་སྨོན། །
སྐུ་ཞབས་འཇམ་ནོར་ནི་འགན་མི་འཁུར་བའི་གཏམ་བཤད་པ་གཅིག་རེད། ཅོ་ཁྱི་ཕྲུག་གིས་ཁྱི་སྐད་གཡུག་ཞོག
གང་ལྟར་འགན་མི་འཁུར་བ་ནི་བརྩེ་བ་མེད་པ་དང་དངོས་ཡོད་མ་ཤེས་པ་དང་རང་ཚོད་མི་ཟིན་པའི་དབང་ལས་འབྱུང་གི་ཡོད་པས་དེ་ཙམ་གླེང་རིན་མེད།
ང་ཚོས་གླེང་དགོས་པ་ནི་གཏམ་འཆལ་སྦེལ་བ་པོ་དང་འུར་བསྒྲགས་བྱེད་པ་པོ་དག་རེད། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཟེར་བ་འདི་བྱ་ཁུག་རྟའི་སྒེར་སེམས་ཁྱབ་བསྒྲགས་ལྟ་བུ་མིན་པར་འདི་ནི་སྨྲ་བརྗོད་རང་དབང་ཡོད་པའི་ལུང་པ་དང་རང་དབང་གི་ཁྲིམས་ཞིབ་ཡོད་ས་དག་ཏུ་གལ་ཆེན་པོ་མིས་བཀུར་འོས་པའི་བསྒྲགས་གཏམ་ཡིད་དུ་འོང་བ་ཞིག་ཡིན་མོད།
འོན་ཀྱང་སྤྱི་བསྒྲགས་འདིས་བོད་འགྱུར་དང་རྒྱ་འགྱུར་མ་དྲྭ་ཐོགས་སུ་རྒྱུགས་པས་བོད་མི་ཚོས་རྒྱལ་ཚོགས་ཟེར་བ་གཅིག་ཡོད་པ་དང་འཛམ་གླིང་ན་ནག་ཅན་ལ་ཉེས་ཁྲིམས་གཅོད་པ་པོ་ཅིག་འདུག་སྙམ་ཏེ་སྤྱི་བསྒྲགས་དེ་དང་འགལ་བའི་ཀྲུང་ཀོའི་གཞུང་གི་ཉེས་པ་དག་རྒྱལ་ཚོགས་དང་འགྲོ་བ་མི་རྣམས་ལ་གསལ་སྟོན་དང་བོད་མིའི་དཀའ་སྡུག་བརྗོད་ཕྱིར་རང་ལུས་མེར་བསྲེག་བཏང་ཡོད།
ཀྲུང་གོས་ཀྱང་འདི་དག་བརྩི་ལོས་དགོས་བསམ་ཡོད།
མེར་བསྲེགས་ལ་རྒྱ་ནག་གིས་རྒྱུད་སྐུལ་བྱེད་པོ་འདུག་ཟེར་བ་བཞིན་ཏན་ཏན་སྐུལ་སློང་བྱེད་མཁན་ཡིན་ཆོག་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་བསྒྲགས་དེ་སྤེལ་བ་པོ་དག་རེད།
འདི་ནི་དེང་སང་ད་ལྟའི་ཆར་འཆལ་གཏམ་ལྟ་བུ་ཞིག་ཏུ་གྱུར་འདུག
ང་ནི་བོད་ནང་གི་མེར་བསྲེགས་བྱུང་བྱུང་ཚེ་སྤྱི་བསྒྲགས་དེ་ཁྱབ་སྤེལ་བྱེད་མཁན་ལ་འཚིག་པ་ཟ་གིན་འདུག རྒྱ་ནག་གཞུང་ནི་ཡ་མཚན་པོ་ཞེ་དྲག་རེད་ལ་མེར་བསྲེགས་ལ་དོ་ཁུར་བྱེད་པའི་བོད་ནང་གི་སངས་རྒྱས་ཆོས་ལུགས་པ་དག་ཡ་མཚན་རེད། སངས་རྒྱས་ཆོས་ལུགས་ནང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་གྱུར་ཅིག་ཞེས་ཡིད་སྨོན་ཤུགས་དྲག་བྱེད་པ་མ་གཏོགས་པ་དད་མོས་རང་དབང་དང་མི་རིགས་འདྲ་མཉམ་ལ་འགན་འཁུར་དང་དེ་སྲུང་སྐྱོབ་བྱེད་རྒྱུ་ཆོས་རྒྱུད་ཚོས་ཁས་བླངས་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དེ་འདྲ་ཁས་བླངས་ཡོད་སྟབས་མེར་བསྲེག་པ་ཚོས་རྒྱལ་ཚོགས་ཀྱི་ཤེས་ཐབས་སུ་རེ་བ་ཆེན་པོས་བློས་བཏང་འདི་འདྲ་བྱུང་བ་རེད།
ད་དུང་ཡང་འགྲོ་བ་མིའི་སྤྱི་བསྒྲག་དེ་ཚོར་རྩིས་མེད་གསལ་བསྒྲགས་མ་གནང་བ་ཡིན་ན་བོད་མི་ཚོས་སྤྱི་བསྒྲག་ལ་རེ་བ་རྒྱག་ངེས་རེད།
བོད་འགྱུར་མ་དང་རྒྱ་འགྱུར་མ་དེ་ཚོར་བྱུང་མེད་ན་རྒྱལ་སྤྱི་ཚོགས་ལ་རེ་ཞིང་རྒྱ་ནག་གི་དམག་དཔུང་ལ་ཁ་གཏད་པའི་མེར་བསྲེགས་ལས་འགུལ་གཅིག་གྱང་མི་འབྱུང་བའི་གདེངས་ཚོད་ང་ལ་ཡོད།
འུ་ཐུགས་པ་ཙམ་གྱིས་འུ་ཚུགས་ཀྱིས་མེར་བསྲེག་གནང་གི་མ་རེད།
གནམ་ལོ་ཡག་ལྟ་བུའི་གཏུགས་གཤེར་གྱིས་ཁོམ་ལོང་ཡོད་པ་དག་གིས་ཏན་ཏན་རྒྱལ་ཚོགས་ཀྱི་དྲུང་ཆེ་ཁྲིམས་ཐོག་ལ་བསྐྱལ་དགོས་ཀྱིན་འདུག རྒྱ་མི་བོང་ལུ་ཞོན་གྱིས་མེར་བསྲེགས་པས་སྤྱི་བསྒྲགས་གནང་བ་པོ་རྒྱལ་ཚོགས་དང་ཏང་གི་ཚོགས་ཆེན་ལ་རེ་བ་ཆེན་པོས་སྲོག་བློས་བཏང་པ་ཤེས་ཡོད། སྐུ་ཞབས་འཇམ་ནོར་ནི་ཤེས་མེད་ཆོ་མེད་རང་རེད།
ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་སྐྱུག་ཁུ་འཐུང་མཁན་ཕག་ཕྲུག་དྲན་དཀར་ཁྱོད་རང་གིས་འགན་ཁུར་མེད་པའི་སྐད་ཆ་བཤད་ཀྱི་གཡུག་ཞོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་ཁྲིམས་ལ་སྦྱར་དགོས་རེད་ཅེས་པའི་སྐད་ཆ་འདི་དག་འགན་ཁུར་མེད་པའི་ཕག་སྐད་རེད།
འཇམ་དབྱངས་ནོར་བུས་བཤད་པ་དེ་འགྲིགས་འདུག བོད་ནང་ལ་ཕྱིན་ནས་རྒྱ་ལ་སྤྲེལ་ལད་བཤད་པ་ལས། ཕྱི་ལ་བསྡད་ནས་རང་དབང་བརྩོད་ན་ལེགས།
ཁྱོད་ཚོ་ཁ་བདེ་པོ་དེ་ཚོ་ཅིའི་ཕྱིར་ཁ་བརྡར་དུས་ཚོད་འཕྲོག་བརླགས་གཏོང་གི་ཡོད། བོད་ལ་ཕྱིན་ནས་རང་དབང་མི་ལེན་པར་འདིར་ཅི་བྱེད་བཞིན་ཡོད། འཇམ་དབྱངས་ནོར་བུས་ཁ་བརྡར་ཡོང་ནས་དུས་ཚོད་འཕྲོག་བརླགས་གཏོང་གི་མིན་འདུག ཁོས་རྒྱལ་སྤྱིའི་ཐོག་ལ་ཀློག་མཁན་ཡོད་པ་དང་། ཀློག་རིན་ཡོད་པའི་ཚགས་ཤོག་དེ་ཚོའི་ཐོག་ལ་རྒྱ་ལ་ཁ་གཏད་འཇལ་གྱི་འདུག དྲན་དཀར་དཔལ་ཡོན་དང་། ཆུ་བ་འཕྲིན་བཟང་དང་། རྣོན་པོ་ཟེར་བ་འདི་ཚོས་བོད་ཡིག་ཐ་ཐོར་ཤེས་མཁན་འཛོམས་སའི་་ཁ་བརྡ་འདིར་ཡོང་ནས་འཇམ་དབྱངས་ནོར་བུར་ཁ་གཏད་འཇལ་བ་ནི། ཕུ་ལ་ཨ་ཕས་དགྲ་འཇག་ལ་གྲིས་ཁ་གཏད་འཇལ་དུས། མདའ་ལ་རྨོ་མོས་ཐབ་ཁའི་ཟུར་ནས་ཨ་ཕར་ཁ་གཏོང་བ་་དང་ཅིས་མི་མཚུངས། སྙིང་རྗེ་སྐྱེ་བའི་རྒྱུ་མཁོ་ན་ལས་མ་འདས་སོ། ཁྱེད་ཆུ་བ་འཕྲིན་བཟང་ཁ་བརྡ་མིན་པའི་ཚགས་ཤོག་ཅིག་གི་ཐོག་ལ་རྩོམ་གཅིག་བྲིས་ནས་བསྐུར་དང་། སུས་ཁ་ཡ་བྱེད་ཀྱི་འདུག་ལྟ་ཆོག ངོ་མ་དགོད་བྲོ་བའི་ལས་ཀ།
བཀྲ་ཤིས་ལེགས་འགྲིག་བྱ། མ་གཞི་ནས་ལག་ལེན་དང་ཁ་བདེ་ག་བར་ཡོད་མེད་ཐད་གཟིགས་སྟངས་ཤེས་ཀྱི་ཡོད་ཚོད་འདུག
ཁྱི་ཕྲུག་ཁོར་ཁ་སྔོན་ནས་བཤད་ཡོད་ཁྱིའི་སེམས་ཆུང་ཆུང་ཡིན་དུས་མིའི་རིག་པར་སྦྱོང་བརྡར་བགྱིས། ཁྱི་སྐད་ཁྱི་འབོད་དེ་ཚོར་སེམས་ཆུང་ཆུང་གི་ལས་ཀ་རེད། རྗེས་མར་རྒྱ་དངུལ་ཡང་ཐོབ་ཀྱི་མ་རེད་ལ་བོད་དོན་ནི་བསམ་བློར་ཤོང་དཀའ་མོ་རེད། ཁྱིའི་ལས་ཀར་རྒྱུགས་ཨ། འགྲོ་བ་མིས་ཅི་ལྟར་གཏུགས་གཤེར་བྱ་མིན་ཁྱི་ཚོགས་ལ་འོས་བབ་མེད། འདི་བོད་དོན་རེད་ང་ཚོས་བྱ་ནུས་ཡིན།
འཛམ་གླིང་འདིའི་ཐོག་ཏུ་ཉམ་ཐག་མི་སེར་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་མཁན་མཉམ་འབྲེལ་རྒྱལ་ཚོགས་འདི་ནི་མི་སེར་ཉམ་ཆུང་རྣམས་ཀྱི་སྐྱབས་གནས་དམ་པ་རེད། རྒྱལ་ཚོགས་ལ་སྐྱབས་རེ་མི་དགོས་པའི་ཉམ་ཆུང་མི་རིགས་ཤིག་འཛམ་གླིང་ཐོག་ཏུ་མེད།
ང་ཚོའི་བོད་མི་རིགས་ཡང་རྒྱལ་ཚོགས་ལ་རེ་དགོས། རྒྱལ་ཚོགས་ཀྱི་དྲུང་ཆེན་ལ་རེ་དགོས། དེར་བརྟེན་རྒྱལ་ཚོགས་ཀྱི་དྲུང་ཆེན་ནི་བོད་མི་རིགས་ཀྱི་སྐྱབས་གནས་ཡིན་པར་ལས་ཁྲིམས་ལ་སྦྱར་དགོས་པའི་ཁ་གཏད་ཀྱི་དགྲ་བོ་མིན། ཕག་ཕྲུག་ཁྱོད་ལྟ་བུ་སྒེར་གཅོད་གུན་ཁྲན་གསར་དམར་པོ་ལ་སྐྱབས་སུ་འགྲོ་མཁན་ཚོས་ངོས་ནས་ཉམ་ཆུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་རྒྱལ་ཚོགས་ཀྱང་གཏོར་འདོད་དང་དྲུང་ཆེན་ཀྱང་ཁྲིམས་ལ་སྦྱར་འདོད་ཡོད་པ་ནི་ཕག་པ་ཁྱོད་རང་ཚོའི་མངོན་འདོད་རེད། གཅིག་བྱོས།
གཉིས་པ། རྗེས་མར་རྒྱ་དངུལ་ཡང་འཐོབ་ཀྱི་མ་རེད་ཟེར་བའི་སྐད་ཆ་འདི་ག་རེ་རེད་དམ། རྒྱ་དངུལ་འཐོབ་མིན་རེ་བ་བྱས་བསྡད་མཁན་ཕག་པ་ཁྱོད་རང་འདྲ་བ་ཚོ་རེད། ཕག་པ་ཁྱོད་ཚོ་ཡང་རྗེས་མ་བེད་སྤྱོད་མེད་དུས་རྒྱ་དངུལ་མི་སྤྲོད་པ་མ་ཟད་གོ་སྐབས་དང་བརྟེན་ནས་བཤའ་གི་རེད་དོ།།
ཆུ་བ་འཕྲིན་བཟང་།
གཡུལ་ས་ལ་འགྲོ་མི་ཐུབ་པའི་མི་ཞིག་དཔའ་བོ་རུ་ཇི་ལྟར་ངོས་འཛིན་བྱེད། བཙོན་ཁང་ལ་འགྲོ་མི་འདོད་པའི་མི་ཞིག་ཐོབ་ཐང་རྩོད་ལེན་པར་ཇི་ལྟར་ངོས་འཛིན་བྱེད། ཉེས་རྡུང་ལ་གཡོལ་ཐབས་བྱེད་པའི་མི་ཞིག་རང་བཙན་བརྩོན་ལེན་པར་ཇི་ལྟར་ངོས་འཛིན་བྱེད།
ཨོ་རེད། ད་དུང་བཤད་ཀྱི་ཞིག་ཡོད། དེང་སང་རྒྱལ་ཚོགས་ནང་དུ་ཏང་གི་ཕག་པ་ཚོའི་སྐུ་ཚབ་ཀྱིས་གུན་ཁྲན་དམར་པོའི་འོག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད། ཡར་རྒྱས་བཏངས་ཡོད། བདེ་སྐྱིད་ཡོད། རང་དབང་ཡོད། བཀའ་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་ཡོད། བོད་དང་ཡུར་གེར་རྒྱ་ཁུངས་ཡིན་པས་ནང་སྲིད་ལ་འཇུས་གཏོགས་བྱེད་མ་འོང་ཟེར་ནས་རྒྱལ་ཚོགས་ཀྱི་དྲུང་ཆེན་ཀྱང་ཁྲིམས་ལ་མ་སྦྱར་ཙམ་རེད་འདུག་ག ཧམ་པ་རི་ལས་མཐོ་བ་འདུག་ག སྐུ་ལུས་མེར་སྲེག་བཏངས་བཅུག་མཁན་རྒྱལ་ཚོགས་མིན་ནམ་བསམས་བསམས་ཧམ་བཤད་བྱེད་ཀྱི་འདུག་ག
ཉེ་སྔོན་སྐད་རྒྱབ་ནས་ག་ཚོད་ཐོབ་བྱུང་། གྲོད་པ་རྒྱ་བཟེད་ཆབ་སྲིད་ལ་ཞེད་སྣང་སྐྱེ་དགོས་ཀྱི་མ་རེད། ཁྱི་ཚོགས་རྒྱལ་ཚོགས་ཀྱི་ཁྱད་པར་ཤེས་མདོག་མ་བྱས། གོ་ཨེ་བྱུང་།
ཕག་ཕྲུག་ཁྱོད་རང་ལ་རྒྱལ་བཙོང་བ་དང་ལྐོག་ཟ་རུལ་སུངས་ཚོའི་སྤྲད་པའི་ཕག་ལྟོ་དེར་ཟོ་ནས་སྡོད། དམ་ཉམས་ཁྱོད་ལ་ཀླད་པ་དང་སློབ་སྦྱོང་། མི་གཤིས་ཅི་ཡོད་གསལ་པོ་རེད། མཇེ་ལངས་ན་གཞང་ཁང་དུ་སོང་། ཁྱོད་ཀྱི་རྒྱུད་ཀྱི་བདག་འཛིན་སྨྱོན་པ་དེར་ངོ་མ་གཞན་གྱི་བདག་འཛིན་དང་འདྲ་བཞིན་མི་འགུ་ལེ། ཉེ་སྔོན་ནས་ངས་ཧོ་རུང་རེད་བསམས་བྱུང་། ཇི་གསལ་ནས་ཇི་དྭངས་རེད་འོང་བཞིན་འགུ་ལེ། གཟའ་རོ་་་ཁྱོད་སྙིང་རྗེ།།
སེམས་པ་སྐྱོ་བྱུང་་་་མི་ཚོས་ད་དུང་གནས་ལུགས་དང་དྲང་བདེན་ལ་བར་ཐེག་ཅི་བས་རིང། ཁྱོད་ཚོ་ཅེའི་ཕྱིར་གནས་ལུགས་དང་དྲང་བདེན་ལ་གཡོལ་ཐབས་བྱས་བ་ཡིན་ནམ་་་་་་
ཁྱི་ཤ་བཟའ་སྲོལ་བོད་པར་མེད། སྨོན་ལོག་པ་གང་དུ་སོང་ན་ཐལ་འཚུབ་འདྲ་ཞིག་ལང་གི་རེད། གཙང་མ་གཙང་རྐྱང་བཤད་ཀ་བྱེད་ཀྱིན་རེད། ཆོས་དྲི་མ་ཅན་བྱེད་ཀྱི་རེད། ཤེས་རབ་ཀྱི་སྒྲོན་མ་ཡོད་ས་ནས་བྲོས་འགྲོ་གི་རེད། གཅིག་སྤྱོད་པའི་མཇུག་མ་མི་གྲལ་ནས་ཆད་ཟིན། ཆོས་དགག་པའི་མིང་འོག་ནས་ཅིག་མཐུད་ཀྱི་ཡིན་མདོག་མདོག་བྱ་གི་རེད། གཙང་མ་གཙང་རྐྱང་བཤད་བཤད་པའི་མཐར་རྒྱ་ཁྱི་གཙང་མ་གཙང་རྐྱང་ཆགས་པ་རེད། སྨོན་ལོག་པ་ཟེར་ན་དད་མེད་ཏང་ཡིན་ཡིན་མདོག་མདོག་གིས་ཕན་མི་ཡོང་།
ཅོ་ཁྱི་ཕྲུག་ལས་ཀ་ཅིག་འཚོལ་་་མི་གསོད་ཡ་མིན་པ་ཅིག་འཚོལ་་་་ཁྱེད་རང་གི་སྡོམ་པ་ཤོར་སོང་ན་ཕ་མ་སྤུན་མཆེད་ཚ་བོ་ཚ་མོ་ཤོར་སོང་པ་མ་རེད། ནང་མི་ཚོར་ཁ་པར་མང་སེ་མང་སེ་གཏོང་། ལས་ཀ་འདི་ཡོད་བསམ་ནས་གདེངས་ཚོད་ཡོད་པ་ཅིག ག་དུས་ཡིན་ན་རྒྱ་དངུལ་ཟོས་ན་ཕན་གྱི་མ་རེད། བར་སྐབས་ཞིག་ལ་དེ་ཡང་ཁྲིམས་མཐུན་ཡིན་མདོག་བྱ་དགོས་ཀྱི་རེད། གོ་ཨེ་བྱུང་།
དད་པ་མེད་མདོག་གིས་ཕན་མི་ཡོང་།
ང་ཚོ་བོད་མི་རྣམས་གནའ་ནོན་མྱོང་མཁན་གྱི་ཉམ་ཆུང་ཡིན་སྲིད་མོད་ཆེས་བདེན་པ་དང་ཆེས་དྲང་བདེན་གྱི་ཁྲིམས་ཁང་གཅིག་འཛམ་གླིང་ལ་ཡོད་ན་ང་ཚོ་ཉེས་ཅན་པ་གཏན་ནས་མིན། གསལ་བོར་ཞུ་བགྱིར་རུ་ང་ཚོ་ནི་རང་གི་ཁ་གསོ་ཆེད་མི་རིགས་གཞན་གྱི་ལོ་རྒྱུས་ལ་འཁྱོག་བརྗོད་ཀྱི་ཆེད་མེ་མདའ་སར་འཇོག་མ་མྱོང་བའི་རྒྱ་མི་ལ་ཁྲེལ་དགོད་ཤོར་མཁན་གྱི་ཨེ་ཤ་ཡའི་མི་རིགས་རྙིང་པ་ཅིག་ཡིན། རྒྱལ་ཚོགས་ནང་བཞིན་ཁ་སྟོང་དང་ཚིག་སྟོང་བཤད་ཀྱི་མེད། རྒྱལ་ཚོགས་ཀྱི་རྒྱ་གཞུང་གི་ཉེས་སྐྱོན་འཚོལ་ན་དགའ་བསུ་ཡོད་ཀྱང་རྒྱལ་ཚོགས་ཀྱིས་གཏམ་འཆལ་སྤེལ་ཏེ་ང་ཚོར་མེ་ནང་མ་གཡུག་རོགས། སྨོན་ཚིག་ལ་ཁས་བླངས་ཀྱིས་བསྒྲགས་གཏམ་ཅེས་མ་འབོད་རོགས། དཔེར་སྟངས་ཆ་བཞག་ན་ཌོ་ལར་རྫུན་མ་དཔར་བསྐྲུན་བྱ་ཆོག་གི་མེད། འགན་ལེན་གང་ཡང་མེད་པའི་འཆལ་གཏམ་ཕྱིར་བསྡུ་གནང་རོགས།
ཁྱི་འགྲོ་ས་དང་། མི་འགྲོ་ས་ལོག་ག་རེད་དོ།
ང་ཚོ་བོད་མི་རྣམས་གཉའ་ནོན་མྱོང་མཁན་གྱི་ཉམ་ཆུང་ཡིན་སྲིད་མོད། ཆེས་བདེན་པ་དང་ཆེས་དྲང་བདེན་གྱི་ཁྲིམས་ཁང་གཅིག་འཛམ་གླིང་ལ་ཡོད་ན་ང་ཚོ་ཉེས་ཅན་པ་གཏན་ནས་མིན། གསལ་བོར་ཞུ་བགྱིར་རུ་ང་ཚོ་ནི་རང་གི་ཁ་གསོ་ཆེད་མི་རིགས་གཞན་གྱི་ལོ་རྒྱུས་ལ་འཁྱོག་བརྗོད་ཀྱི་ཆེད་མེ་མདའ་སར་འཇོག་མ་མྱོང་བའི་རྒྱ་མི་ལ་ཁྲེལ་དགོད་ཤོར་མཁན་གྱི་ཨེ་ཤ་ཡའི་མི་རིགས་རྙིང་པ་ཅིག་ཡིན། རྒྱལ་ཚོགས་ནང་བཞིན་ཁ་སྟོང་དང་ཚིག་སྟོང་བཤད་ཀྱི་མེད། རྒྱལ་ཚོགས་ཀྱི་རྒྱ་གཞུང་གི་ཉེས་སྐྱོན་འཚོལ་ན་དགའ་བསུ་ཡོད་ཀྱང་རྒྱལ་ཚོགས་ཀྱིས་གཏམ་འཆལ་སྤེལ་ཏེ་ང་ཚོར་མེ་ནང་མ་གཡུག་རོགས། སྨོན་ཚིག་ལ་ཁས་བླངས་ཀྱིས་བསྒྲགས་གཏམ་ཅེས་མ་འབོད་རོགས། དཔེར་སྟངས་ཆ་བཞག་ན་ཌོ་ལར་རྫུན་མ་དཔར་བསྐྲུན་བྱ་ཆོག་གི་མེད། འགན་ལེན་གང་ཡང་མེད་པའི་འཆལ་གཏམ་ཕྱིར་བསྡུ་གནང་རོགས།
ཁྱི་འགྲོ་ས་དང་། མི་འགྲོ་ས་ལོག་ག་རེད་དོ།
སྐུ་ཞབས་འཇམ་ནོར་ནི་འགན་མི་འཁུར་བའི་གཏམ་བཤད་པ་གཅིག་རེད། ཅོ་ཁྱི་ཕྲུག་གིས་ཁྱི་སྐད་གཡུག་ཞོག
གང་ལྟར་འགན་མི་འཁུར་བ་ནི་བརྩེ་བ་མེད་པ་དང་དངོས་ཡོད་མ་ཤེས་པ་དང་རང་ཚོད་མི་ཟིན་པའི་དབང་ལས་འབྱུང་གི་ཡོད་པས་དེ་ཙམ་གླེང་རིན་མེད།
ང་ཚོས་གླེང་དགོས་པ་ནི་གཏམ་འཆལ་སྦེལ་བ་པོ་དང་འུར་བསྒྲགས་བྱེད་པ་པོ་དག་རེད། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཟེར་བ་འདི་བྱ་ཁུག་རྟའི་སྒེར་སེམས་ཁྱབ་བསྒྲགས་ལྟ་བུ་མིན་པར་འདི་ནི་སྨྲ་བརྗོད་རང་དབང་ཡོད་པའི་ལུང་པ་དང་རང་དབང་གི་ཁྲིམས་ཞིབ་ཡོད་ས་དག་ཏུ་གལ་ཆེན་པོ་མིས་བཀུར་འོས་པའི་བསྒྲགས་གཏམ་ཡིད་དུ་འོང་བ་ཞིག་ཡིན་མོད།
འོན་ཀྱང་སྤྱི་བསྒྲགས་འདིས་བོད་འགྱུར་དང་རྒྱ་འགྱུར་མ་དྲྭ་ཐོགས་སུ་རྒྱུགས་པས་བོད་མི་ཚོས་རྒྱལ་ཚོགས་ཟེར་བ་གཅིག་ཡོད་པ་དང་འཛམ་གླིང་ན་ནག་ཅན་ལ་ཉེས་ཁྲིམས་གཅོད་པ་པོ་ཅིག་འདུག་སྙམ་ཏེ་སྤྱི་བསྒྲགས་དེ་དང་འགལ་བའི་ཀྲུང་ཀོའི་གཞུང་གི་ཉེས་པ་དག་རྒྱལ་ཚོགས་དང་འགྲོ་བ་མི་རྣམས་ལ་གསལ་སྟོན་དང་བོད་མིའི་དཀའ་སྡུག་བརྗོད་ཕྱིར་རང་ལུས་མེར་བསྲེག་བཏང་ཡོད།
ཀྲུང་གོས་ཀྱང་འདི་དག་བརྩི་ལོས་དགོས་བསམ་ཡོད།
མེར་བསྲེགས་ལ་རྒྱ་ནག་གིས་རྒྱུད་སྐུལ་བྱེད་པོ་འདུག་ཟེར་བ་བཞིན་ཏན་ཏན་སྐུལ་སློང་བྱེད་མཁན་ཡིན་ཆོག་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་བསྒྲགས་དེ་སྤེལ་བ་པོ་དག་རེད།
འདི་ནི་དེང་སང་ད་ལྟའི་ཆར་འཆལ་གཏམ་ལྟ་བུ་ཞིག་ཏུ་གྱུར་འདུག
ང་ནི་བོད་ནང་གི་མེར་བསྲེགས་བྱུང་བྱུང་ཚེ་སྤྱི་བསྒྲགས་དེ་ཁྱབ་སྤེལ་བྱེད་མཁན་ལ་འཚིག་པ་ཟ་གིན་འདུག རྒྱ་ནག་གཞུང་ནི་ཡ་མཚན་པོ་ཞེ་དྲག་རེད་ལ་མེར་བསྲེགས་ལ་དོ་ཁུར་བྱེད་པའི་བོད་ནང་གི་སངས་རྒྱས་ཆོས་ལུགས་པ་དག་ཡ་མཚན་རེད། སངས་རྒྱས་ཆོས་ལུགས་ནང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་གྱུར་ཅིག་ཞེས་ཡིད་སྨོན་ཤུགས་དྲག་བྱེད་པ་མ་གཏོགས་པ་དད་མོས་རང་དབང་དང་མི་རིགས་འདྲ་མཉམ་ལ་འགན་འཁུར་དང་དེ་སྲུང་སྐྱོབ་བྱེད་རྒྱུ་ཆོས་རྒྱུད་ཚོས་ཁས་བླངས་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དེ་འདྲ་ཁས་བླངས་ཡོད་སྟབས་མེར་བསྲེག་པ་ཚོས་རྒྱལ་ཚོགས་ཀྱི་ཤེས་ཐབས་སུ་རེ་བ་ཆེན་པོས་བློས་བཏང་འདི་འདྲ་བྱུང་བ་རེད།
ད་དུང་ཡང་འགྲོ་བ་མིའི་སྤྱི་བསྒྲག་དེ་ཚོར་རྩིས་མེད་གསལ་བསྒྲགས་མ་གནང་བ་ཡིན་ན་བོད་མི་ཚོས་སྤྱི་བསྒྲག་ལ་རེ་བ་རྒྱག་ངེས་རེད།
བོད་འགྱུར་མ་དང་རྒྱ་འགྱུར་མ་དེ་ཚོར་བྱུང་མེད་ན་རྒྱལ་སྤྱི་ཚོགས་ལ་རེ་ཞིང་རྒྱ་ནག་གི་དམག་དཔུང་ལ་ཁ་གཏད་པའི་མེར་བསྲེགས་ལས་འགུལ་གཅིག་གྱང་མི་འབྱུང་བའི་གདེངས་ཚོད་ང་ལ་ཡོད།
འུ་ཐུགས་པ་ཙམ་གྱིས་འུ་ཚུགས་ཀྱིས་མེར་བསྲེག་གནང་གི་མ་རེད།
གནམ་ལོ་ཡག་ལྟ་བུའི་གཏུགས་གཤེར་གྱིས་ཁོམ་ལོང་ཡོད་པ་དག་གིས་ཏན་ཏན་རྒྱལ་ཚོགས་ཀྱི་དྲུང་ཆེ་ཁྲིམས་ཐོག་ལ་བསྐྱལ་དགོས་ཀྱིན་འདུག རྒྱ་མི་བོང་ལུ་ཞོན་གྱིས་མེར་བསྲེགས་པས་སྤྱི་བསྒྲགས་གནང་བ་པོ་རྒྱལ་ཚོགས་དང་ཏང་གི་ཚོགས་ཆེན་ལ་རེ་བ་ཆེན་པོས་སྲོག་བློས་བཏང་པ་ཤེས་ཡོད། སྐུ་ཞབས་འཇམ་ནོར་ནི་ཤེས་མེད་ཆོ་མེད་རང་རེད།
ཤེས་མེད་མང་དྲག་ན་འབྱུང་རྒྱུ་ཆུ་ཚོད་འཕྲོ་བརླགས་རང་རེད། ཆོ་མེད་མང་དྲག་ན་འབྱུང་རྒྱུ་ནང་འཛིང་བྱེད་ཡ་ཡིན་པ་འདྲ།
དྲ་འབུ་བསམ་མེད་འདི་ཚོ་བོད་རྩམ་ཟད་བྱེད་རང་རེད།
ལགས་སོ།
ས་སྒོ་ཚང་གི་ཨ་ནེ་འདི་ནམ་རྒྱུན་ནས་སྨྱོ་འཚུབ་འཚུབ་འདྲ་ཞིག་རེད། གནས་ལུགས་བཤད་ས་ན་མོས་སྨྱོ་ལབ་བརྒྱག་གི་རེད། ལྷ་སྡེ་ཚང་ལགས། དེ་འདྲའི་བརྩད་གཅོད་གནང་དགོས་མ་རེད་ལ་ཁ་ཡ་དེ་བས་བྱེད་དགོས་མ་རེད། ལས་དོན་མ་འཕྱུག་ན་དེ་གས་འགྲིགས་པ་རེད་དོ།
དགོངས་དག། ངས་མཆན་བཏང་ནོར་ཤོར་འདུག་པས་དྲ་བདག་གིས་བཟོ་བཅོས་གནང་རོགས། ངའི་མཆན་འདི(སངས་རྒྱས་བཀྲོངས་པ)ཞེས་པ་དེར་ཡིན།
དྲང་བདེན་དང་དངོས་ཡོད་ཀྱི་གཏམ་ཞིག་དེ་རིང་མཇལ་བྱུང་དགའ་པོ་བྱུང་།
ཚང་མ་ཁ་བདེ་བོ་འདུག