སྙན་བཟང་གཡུང་དྲུང་ཚེ་རིང་།
ཕྱག་ན་པད་མོའི་ཞལ་གསུང་རྡོ་རྗེའི་ཚིག །དད་གདུང་སྙིང་ལ་སྲོག་གི་སྟོབས་བསྐྱེད་ནས། །དཀའ་བའི་ཚེགས་ཀྱིས་བྲིས་པའི་གླེགས་བམ་ཆེ། །བགོ་བའི་སྐལ་བར་ཐོབ་པ་བསྔགས་པའི་ཡུལ། །གནའ་ནས་གྲགས་པ་མ་རྙིང་གདོང་དམར་གྱི། །ཡུལ་ཁམས་ཇི་ལྟར་ཆགས་པའི་བཤད་སྒྲོས་ལ། །དེང་རབས་རིག་པའི་འགྲོས་ཀྱིས་གཞལ་སྟངས་དེར། ། མཚོ་ཆེན་བྲི་བའི་ལྟད་མོ་ངང་གིས་འཁྱིལ། །གཞུང་བཟང་སྤྲེའུ་བྲག་གི་སྲིན་མོ་ཡི། །གསང་བའི་ལོ་རྒྱུས་འཚོལ་བའི་རྟིང་གནོན་ལ། །ལྷ་ཡི་སྒྲུང་གི་བཙན་རྗོང་ཉུལ་བའི་རྗེས། །མི་ཡི་རྗེས་ཆགས་ལོ་རྒྱུས་གསར་དུ་རྙེད། །བྲག་དང་ཕུག་པར་ཉལ་བའི་ལོ་རྒྱུས་གཏེར། །རྣམ་དཔྱོད་མཚོན་གྱིས་བསྔོགས་པའི་མཐའ་མ་ལ། །གནའ་བོའི་རུས་ཀོག་ཚོགས་རྣམས་རྙེད་གྱུར་པས། །ཨ་མདོའི་མི་རྒྱུད་གདོད་མའི་མཐའ་ལ་གཏུགས། །ས་ཆེན་གངས་དཀར་འཁྱག་པའི་ཞིང་ཁམས་ན། །སིལ་བུའི་རྒྱལ་ཕྲན་སྐར་ཚོགས་རྗེས་འགྲོ་བ། །འ་ཞ་དྲུ་གུ་དག་ལ་ཕྱག་བསྲིངས་ཏེ། །མདོ་སྨད་ས་ཡི་རྒྱ་ཁྱོན་ཞིབ་ཏུ་བཅལ། །བཙན་པོའི་གྲི་ལ་ཤོར་བའི་ལི་ཡུལ་དང་། །མི་ཉག་འཇང་ཡུལ་ཆཱང་ངམ་སྤྱང་གི་སྡེས། །གང་དུ་སྦྲ་ནག་ཕུབ་པའི་རྗེས་ཤུལ་གྱི། །འཚོ་བའི་རི་མོ་སྟོང་བའི་དབྱིངས་ལས་དྲངས། །གདོང་དམར་ཡུལ་དུ་བོད་དང་བོད་ཆེན་པོར། །སྣ་ཚོགས་མིང་གིས་འབོད་པ་མི་མཐུན་ལུང་། །གཟུར་གནས་བློ་ཡིས་ཤུགས་ཀྱིས་དཔྱད་པའི་ནོར། །རབ་དཀར་ཤོག་བུའི་ངོས་ལ་ཐང་མར་བརྡལ། །བཙན་པོ་ལན་གཅིག་ཁྲོས་པའི་སྡང་མིག་གིས། །སུམ་ཉིས་སྤོབས་པ་ས་ལ་བསྙིལ་བའི་དུས། །མདོ་ཁམས་སྨད་ཀྱི་ལྐོག་གྱུར་གཟུགས་བརྙན་དག །རབ་རིབ་སྒྱུ་མའི་ཀློང་ནས་གུང་དུ་བསྒྲིགས། །བོད་ཁམས་སིལ་བུར་འཐོར་བའི་དུས་ངན་ལ། །སྤུར་རྒྱལ་གདོང་ལ་ཁྲག་གི་ཚོན་བྱུགས་པ། །མི་འཇིགས་གཏུམ་དྲག་ཙོང་ཁའི་དཔའ་བོ་ཡི། །གསར་བརྗེའི་ང་རོ་ཡི་གེའི་གཟུགས་སུ་བཀོད། །རྒྱལ་བློན་ནང་རྩོད་འཐབ་པའི་ཞེ་སྡང་གིས། །རྒྱལ་བསྟན་མིང་གི་ལྷག་མ་བྱས་གྱུར་ཀྱང་། །མདོ་ཁམས་སྨད་ནས་བསྟན་པའི་མེ་རོ་འདི། །གསོས་པའི་དགེ་ལེགས་དེབ་ཀྱི་ཁུག་པར་བསུས། །བཙན་པོའི་གདུང་རྒྱུད་ཙོང་ཁ་རྒྱལ་པོ་ཡི། །གདོང་དམར་དམག་གིས་ཀྭི་སྒྲ་གྱེར་བའི་ཡུལ། །ཙོང་ཁ་ཆེ་ཆུང་མངའ་མཛད་གནང་བའི་ཚུལ། །རྟོག་བཏགས་སྒྲུང་དང་མ་བསྲེས་གླེགས་བུར་བསྡེབས། །བརྟུལ་ཕོད་གླིང་རྗེ་ནོར་བུ་དགྲ་འདུལ་གྱིས། །མདོ་ཁམས་ས་ཡི་དཀྱིལ་འཁོར་བཟུང་བའི་ཚུལ། །མ་བརྩིགས་རང་བྱོན་གླིང་གི་མཁར་ཤུལ་ལ། །དཔྱད་གསུམ་ཕྱག་གིས་རེག་ནས་ངོ་སྤྲོད་གནང་། །ཁམས་གསུམ་ཟིལ་གནོན་ཇིང་གིར་བུ་རྒྱུད་ཀྱིས། །ཉག་ཕྲན་ཁ་ལོ་སྟོབས་ཀྱིས་བསྒྱུར་བའི་མཐར། །ཧོར་བོད་མཛའ་བོར་བསྡེབས་པའི་ལོ་རྒྱུས་ལས། །དགེ་སྐྱོན་སྟོང་གི་སྣང་བརྙན་ཁོལ་དུ་ཕྱུངས། །རྒན་མོ་གསེར་ཁུར་ཞེས་པའི་དུས་ཀྱི་ཚེ། །དངོས་བྱུང་ཨ་མདོའི་ལོ་རྒྱུས་མེ་ལོང་ལ། །ལོ་དང་དུས་ཀྱི་རྡུལ་གྱིས་གཡོགས་གྱུར་པ། །མཁྱེན་དཔྱོད་དར་གྱིས་ཕྱིས་ནས་གསལ་བར་བགྱིས། །རྒྱལ་སྲས་དཔའ་བོའི་རྣམ་རོལ་ཙོང་ཁ་པའི། །སྔོན་མེད་ལེགས་བཤད་ཟབ་མོའི་གྲུབ་མཐའ་འདིས། །གངས་ཅན་རི་བོའི་ཞིང་ཁམས་བཟུང་བ་ཡི། །ངོ་མཚར་གཏམ་རྒྱུད་བརྗོད་ལ་ངལ་མ་གྱུར། །མདོ་སྨད་བོད་སོག་སྦྲེལ་བའི་སྟོབས་ཤུགས་ཀྱིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེ། །བཞེངས་པའི་ལེགས་བྱས་སྣང་བ་དཀར་པོའི་གཟིས། །བོད་ཁམས་ཉིན་མོར་བྱས་པ་ཞིབ་ཏུ་གླེང་། །ཕྱོགས་ཞེན་གྲུབ་མཐས་བརྡར་བའི་གྲི་རྣོན་པོས། །སྡེ་སྲིད་མཇིང་བ་དུམ་བུར་བཅད་པའི་འབྲས། །མན་ཇུ་གོང་མ་ལྷ་བཟང་རྒྱལ་པོའི་ཁྲག །བོད་ལ་སིམ་པའི་ཆག་སྒོ་དྲག་ཏུ་བརྗོད། །མདོ་སྨད་མི་ཡིས་ཤར་ཕྱོགས་རྒྱ་ནག་ལ། །རྒོལ་བའི་ཆུ་ཡོས་དུས་འཁྲུག་ཆེན་མོ་ཡི། །འཇིགས་རུང་ཁྲག་དང་མིག་ཆུའི་གཏམ་རྒྱུད་འདི། །སྒྲོ་མེད་ཚིག་གི་ཚོན་གྱིས་མཚོན་པར་བྱས། །གོང་མ་ལྷ་ཡིས་བཀུར་བའི་དབུ་བླ་བས། །མན་ཇུའི་རྒྱལ་པོའི་སྲིད་ལ་སྟངས་འཛིན་གྱིས། །ཐུགས་ཀྱི་སྙིང་རྗེ་བོད་ལ་བསྲིངས་པའི་གཏམ། །མ་ཐོས་མིའུ་ཐུང་རྣ་བར་གསོས་སུ་བཏབས། །རྒྱལ་བའི་རྒྱལ་ཚབ་ཚ་རྡོར་རིམ་བྱོན་གྱིས། །གངས་ཅན་ལུགས་གཉིས་ཐུགས་འགན་རབ་བཞེས་ཏེ། །བོད་འབངས་སྐྱེ་འགྲོ་ཞི་དང་བདེ་བའི་སར། །བཀོད་པའི་ལེགས་ཚོགས་ཡི་གེའི་རིས་སུ་ཕབ། །ཕྱག་ན་པད་མོ་ཐུབ་བསྟན་རྒྱ་མཚོ་ཞབས། །མདོ་སྨད་ས་ཡི་ཐིག་ལེར་གཤེགས་པའི་ཚེ། །མང་ཐོས་མཁས་གྲུབ་སྐྱབས་མགོན་ཚོགས་ཀྱི་སྡེར། །མཇལ་བའི་ལེགས་ཚོགས་པིར་གྱིས་གཡས་སུ་བསྐོར། །སྤུར་རྒྱལ་བཙན་པོའི་དཔའ་ལ་འགྲན་བཟོད་པའི། །དྲེགས་ལྡན་བླ་མ་དཀར་པོའི་རྣམ་ཐར་འདི། །ལོ་རྒྱུས་དེབ་ཐེར་ཕུག་ནས་ཉེར་དྲངས་ཏེ། །དཔྱོད་ལྡན་སྐྱེས་བུའི་གཟིགས་མོར་གསར་དུ་བྱིན། །ཐུགས་བསྐྱེད་སྨོན་ལམ་བཏབས་པའི་རྫུ་འཕྲུལ་གྱིས། །གངས་ཅན་འགྲོ་བའི་མགོན་པོ་ཉི་ཟླ་ཟུང་། །རྒྱང་རིང་ཨ་མདོའི་ཡུལ་ནས་འཁྲུངས་པ་ཡི། །ངོ་མཚར་གསང་བའི་རྟོགས་པ་ཆེས་ཆེར་སྒྲོགས། །ཨ་མདོའི་དགྲ་བོ་མཱ་ཇག་ཁྱིམ་རྒྱུད་འདིས། །ཙོང་ལ་རིང་མོའི་གནམ་ས་སྤར་འཛིན་གྱིས། །བསད་རྨས་འཁོར་ལོ་བསྐོར་བའི་འཇིགས་རུང་སྒྲུང་། །རིགས་ཞེན་ལ་རྒྱ་འབར་བའི་དཔྱིད་དུ་སྤེལ། །འདི་ནས་དཔག་ཚད་བྱེ་བའི་ཕ་རོལ་ན། །ཞི་བར་ཆགས་པའི་གྲོང་དང་གྲོང་བརྡལ་དང་། །ཚོ་ཁག་མུ་ཏིག་ས་ལ་འཐོར་འདྲ་བ། །སྲད་བུར་བརྒྱུས་ཏེ་ཀུན་གྱི་ལྟད་མོར་བཤམས། །མདོ་སྔགས་རིས་མེད་ས་ཡི་མུ་ཁྱུད་ལ། །བརྒལ་བའི་གྲགས་པ་དོན་ལྡན་མཁས་གྲུབ་སྡེའི། །གསང་བ་བསམ་མི་ཁྱབ་པའི་རྣམ་ཐར་སྟོང་། །ལེགས་པར་བསྒྲིགས་པ་ཨ་མདོའི་མཁའ་ལ་བྲིས། །རིས་མེད་ཆོས་རྒྱུད་བཞི་དང་གཤེན་རབ་ཀྱི། །རྒྱལ་མཚན་གཡོ་མེད་འཛིན་པ་ཆོས་ཀྱི་སྡེ། །ལྷ་དང་གྲུབ་པའི་བསྟི་གནས་སྒྲུབ་ཕུག་གི །ལོ་རྒྱུས་བསྒྲིགས་པའི་དགེ་མཚན་རི་བས་མཐོ། །འཇིགས་མེད་རྣམ་དཔྱོད་རིག་པའི་འཕྲུལ་འཁོར་ལས། །བྱུང་བའི་མདོ་སྨད་ལོ་རྒྱུས་ཆེན་མོ་ལ། །མཇལ་བའི་སེམས་ཀྱི་ཚོར་སྣང་མྱོང་བའི་རྡུལ། །ཡི་གེའི་ལམ་ནས་རི་མོའི་རྡུལ་འདི་སྤྲུགས། །
མདོ་སྨད་ལོ་རྒྱུས་ཆེན་མོ་འདི་མ་བཀློག་སྔོན་ནས། མི་མང་པོས་ཕྱོགས་ལྷུང་གཡོན་ཐལ་ཡིན་རབས་བཤད་པས་ཀློག་འདོད་བརླགས་སོང་། འོན་ཀྱང་མདོ་སྨད་པ་ཞིག་ནས་བཀློག་ན་དྲོ་བ་ཡོད་ས་རེད་ད།
སྙན་བཟང་ཞལ་ལས་ལེགས་འཁྲུངས་པའི།།ཚིག་སྦྱོར་རོལ་དབྱངས་རྣར་འཇེབས་ཀྱང་།།མདོ་སྨད་ལོ་རྒྱུས་ཆེན་མོ་ཡི།།ཞལ་རས་དངོས་ནི་དེ་ལྟ་མིན།།
ཧོར་འཇིགས་ཀྱིས་བརྩམས་པ་དེ་རེད་པས། དེའི་ནང་ན་ཆོས་ལུགས་ཀྱི་ཕྱོགས་ཞེན་སྐད་ཆ་མང་པོ་འདུག དཔེར་ན་མདོ་སྨད་ཀྱི་ནང་ཆོས་དེ་ཚོའི་ཁོངས་ཡོང་རྫོགས་དགེ་ལུགས་པ་ལ་ཐུགས་ཡོད་ཚད་སྨྲས་འདུག བླ་བྲང་འཇམ་བཞད་པས་དམག་དྲངས་ནས་དབུས་ཀྱི་རྙིང་མའི་ཆོས་སྡེ་གཏོར་སྨིན་གླིང་ལོ་ཆེན་གྱི་དབུ་བཅད་པ་སོགས་ལ་འཁྱོག་བརྗོད་ཁོ་ན་བྱས་ཡོད། མདོར་བསྡུས་ན་ཧོར་འཇིགས་དྲངས་བདེན་གྱི་ལོ་རྒྱུས་སྨྲ་མཁན་ཞིག་མ་རེད།
ཏག་ཏག་རེད། མ་བཀླགས་གོང་ནས་དེབ་ཀྱི་དགེ་སྐྱོན་གླེང་ཤེས་ན་མཁས་པ་རབ་ཀྱི་རྩེར་སོན་ཡིན་པས་སྒོ་གསུམ་གུས་པའི་ཕྱག་བྱའོ། རུ
ཏག་ཏག་རེད། མ་བཀླགས་གོང་ནས་དེབ་ཀྱི་དགེ་སྐྱོན་གླེང་ཤེས་ན་མཁས་པ་རབ་ཀྱི་རྩེར་སོན་ཡིན་པས་སྒོ་གསུམ་གུས་པའི་ཕྱག་བྱའོ།
མ་མཐོང་གོང་ནས་བཟང་ངན་ཁ་ཚོན་བཅད། །
དངོས་སུ་མཐོང་སྐབས་དགེ་སྐྱོན་མི་ཤེས་པ། །
འདི་རིགས་གནའ་ནས་ད་བར་བླུན་པོའི་སྲོལ། །
སྲོལ་ངན་འདི་རིགས་ད་དུང་གནས་པར་འགྱུར། །
མཁས་པའི་རྣམ་དཔྱོད་བླུན་པོའི་ཧམ་པས་འཇོམས། །
བདེན་དོན་ཡོད་ཚད་རྫུན་མའི་འདམ་དུ་འཕེན། །
འཇིགས་མེད་དཔའ་བོའི་གདོང་ལ་ཧམ་རྫུན་གྱི། །
མཆིལ་ཞགས་འཕེན་པ་འདི་རིགས་རང་རེའི་སྲོལ། །
ཧོར་འཇིག་ནི་རྩོམ་རྩལ་ཅན་ཞིག་ཡིན་ཡང་གཟུར་གནས་ཅན་ཞིག་མ་རེད། ངས་མདོ་སྨད་ལོ་རྒྱུས་ཡིན་ན་དེ་ཀློགས་མ་མྱོང་ན་ཡང་། དྲང་བདེན་གྱིས་སླུས་པའི་སློང་མོ་བ་ཞེས་པའི་དགེ་ཆོས་སྐོར་གྱི་དེབ་དེ་ནས་ཧོར་འཇིག་ནི་ཕྱོགས་ཞེན་ཧ་ཅང་ཆེ་བའི་མི་ཞིག་ཡིན་པ་གསལ་པོ་མཐོང་སོང་།
མདོ་སྨད་ལོ་རྒྱུས་ལོ་རྒྱུས་ཆེན་པོ་ཆ་ཚང་བཀླགས་པ་ཡིན་ལ། དེ་འདྲ་ལོ་རྒྱུས་ཆ་ཚང་བོ་དང་བློ་གཟུ་བོར་གནས་པའི་སྒོ་ནས་བྲིས་བཞག་པ་ཅིག་ད་སྔ་མཐོང་མ་སོང་། གཡོ་སྒྱུ་ཅན་མང་པོ་ཅིག་གིས་ཕྱོགས་རིས་ཀྱི་དུག་ལྕེ་གཡུག་བཞིན་དུ། ལོ་རྒྱུས་ཀྱི་དེབ་དེ་མིག་གིས་མ་མཐོང་སྔོན་ནས་རྫུན་ཁྲམ་གྱི་གོང་བུར་བསྒྲིགས་ཏེ་ཧོར་འཇིགས་དང་ཁོ་ལ་བསྐུལ་མ་གནང་མཁན། ༧གོང་ས་སྐྱབས་མགོན་ཆེན་པོ་བཅས་པ་ནག་པོ་བཟོ་རྩིས་བྱེད་བཞིན་པར། མཁས་པའི་མདུན་སར་བཞད་གད་ཀྱི་གནས་རང་ཡིན་པ་གསལ་བོ་རེད།
མདོ་སྨད་ལོ་རྒྱུས་ནང་གནས་ཚུལ་ག་རེ་ཡིན་ན་དྲང་པོ་དྲང་བཞག་གིས་བྲིས་འདུག་མ་གཏོགས། འཁྱོག་བརྗོད་བྱས་པ་གཅིག་ཀྱང་མི་བརྙེད་པས་ཕྱོགས་རིས་ཅན་ཚང་མར་ཕོག་ཐུག་འགྲོ་རྒྱུ་ཉག་གཅིག་རེད་དོ།།དཔེར་ན། ཆེ་ས་ནས་སྡེ་སྲིད་དང་ལྷ་བཟང་། འཇམ་བཞད་དང་ཚངས་དབྱངས་པ་སོགས་ཀྱི་རྙོག་དྲའི་སྐབས་སུ། གནས་སྐབས་གནས་སྐབས་སུ་སུ་ལ་ནོར་འཁྲུལ་ཡོད་པ་ཐེར་འདོན་བྱས་འདུག་མ་གཏོགས། སུ་གཅིག་གི་ཕྱོགས་བྱས་མི་གདའ། ཆུང་ས་ནས་རེབ་གོང་དང་བླ་བྲང་། མགོ་ལོག་དང་རྔ་པ། མཛོད་དགེ་དང་ཅོ་ནེ་སོགས་ཀྱི་རྙོག་བྲ་གང་གི་སྐབས་སུའང་དེ་ལྟར་རང་བྲིས་འདུག་པས། ཚང་ལ་ཕོག་ཐུག་ངེས་པར་སོང་པ་རེད། འོན་ཀྱང་། ཕོག་པ་དེ་ཡག་པོ་རེད་སྙམ། ཕོག་པ་དེ་གནོང་གི་སྟེང་ཁེལ་བའི་རྟགས་རེད།
མདོ་སྨད་ལོ་རྒྱུས་ཆེན་མོ་རོབ་ཙམ་བཀླགས་པ་ཡིན། ད་ལྟ་ཞལ་བཞུགས་པའི་སྐྱེས་བུ་འགའ་རེ་ཡང་གཤིན་གྲལ་དུ་བརྩིས་འདུག་པས་ཞིབ་ཆ་མེད་པའི་ཚོར་བ་བྱུང་། སྤྱིར་ཧོར་འཇིགས་ལ་རྩོམ་རྩལ་ཡག་པོ་ཡོད་པ་རེད།
མི་ཧ་ཅང་གི་རང་རློམ་ཅན་ཞིག་ཡིན་གོ་གཉིས་ལོ་ཙམ་ལ་རྒྱ་གར་དུ་སླེབས་པ་རེད། སླེབས་པ་ནས་བོད་གཞུང་ལ་ཁ་བཏང་ནས་བསྡད་པ་རེད། བར་སྐབས་ཞིག་ནས་་་་་༧གོང་ས་མཆོག་གིས་བོད་གཞུང་གིས་ད་ལྟའི་བར་གང་ཡོང་ཇི་ཡོང་གནང་བ་རེད་ལ་ང་ལ་ཁ་གཏོང་བ་དང་གཞུང་འདི་ལ་ཁ་གཏོང་བ་གཉིས་རྒྱ་མིས་བསམ་བཞིན་བྱེད་ཀྱི་ཡོད་མི་འགའ་ཤས་ཀྱི་མགོ་ཚོད་ལ་མ་ཚོད་ལ་བྱེད་ཀྱིན་མིན་འགྲོ་ལྷག་བསམ་རྣམ་དག་གིས་བྱ་འདོད་ཡོད་ན་མི་འདི་དང་འདིས་སྐྱོན་འདི་དང་བྱས་སོང་ཞེས་བཤད་ན་དགའ་བསུ་ཞུ་ཆོག་གསུངས་པ་རེད། དེ་ནས་བཟུང་ཁྱི་ཟུག་ཟུག་མེད་པ་ཆགས་སོང་བས་རང་རློམ་ཅན་གྱིས་སྐྱེས་བུ་འདིས་དྲིན་ཅན་ལ་དྲིན་ལོག་མེད་བསམ་སོང་། ང་རང་གིས་ལོ་རྒྱུས་ཆེན་མོར་ཞིབ་བལྟ་མ་མྱོང་ལ་ཁོས་བླ་བྲང་མདོ་སྨད་ཀྱི་དབུས་ལ་བཞག་ནས་ཏན་ཏན་འབྲི་གི་རེད། དགེ་ལུགས་པའི་ཞེན་ཁོག་མ་རེད་ལུང་ཞེན་རེད། ཁོས་མདོ་སྨད་དང་ལྷ་ས་ལྷ་ཡི་ཞིང་ཁམས་བར་གཏོར་གཟུགས་མཆོད་རྟེན་དཔེར་བཞག་འདུག་ང་ཧ་ཅང་གི་དགའ་བོ་བྱུང་། ཁོས་མདོ་སྨད་ལ་ཡང་གཏོར་གཟུགས་མཆོད་རྟེན་འདྲ་མོར་ཞིག་གི་རྨི་ལམ་བཏང་གི་ཡོད་ཚོད་འདུག་དེ་ནི་གཏོང་ཆོག་གི་རེད། རྨི་ལམ་ནི་རྨི་ལམ་རང་ཡིན་སྟབས་སྨོན་ལམ་ཙམ་གྱིས་མི་འགྲུབ་པར་སྲིད་དཔལ་རིག་གསུམ་གྱིས་སློས་གཏོང་གི་བདེན་པ་དགོས་ཀྱིས། དྲ་འབུ་ཤེས་མེད་ཚོས་ནང་འཛིང་ཙམ་མིན་པར་གཏམ་བཤད་ཐད་ཀར་བཤད་པ་ལས་གཞན་ད་ལྟའི་བོད་ཀྱི་གནས་བབ་ངོས་ནས་ང་ཚོར་ཆར་གདུགས་མེད་ན་ཆར་པ་གཏོང་གི་ཡིན་ཟེར་གི་ཡོད་པ་འདྲ་མོ་རེད།
མཁས་དབང་ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་དེ་འབྲི་སྟངས་སྒྲིག་སྟངས་གང་ཐད་ནས་བྲག་སྒོམ་པའི་མདོ་སྨད་ཆོས་འབྱུང་ལས་ཡག་པོ་འདུག་བསམ་པ་ཞིག་བྱུང་། དེ་ནི་ང་ལ་ཚོར་སྣང་དེ་བྱུང་བས་ཞུ་གི་ཡོད། ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
གོ་ཐོས་ལ། སྐུ་སྒེར་ཡིག་ཚང་གིས་ལོ་ལྔ་ཡི་འགྲོ་གྲོན་གཏོང་རྒྱུ་བྱས་ཏེ། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་གཙོ་འགན་བཞེས་ནས། ལྷ་ལུང་རྒྱལ་དང་ཤར་ཕྱོགས་ཁུག་རྟ་བཅས་ནས་མདོ་སྨད་ཀྱི་ལོ་རྒྱུས་ཤིག་བསྐྱར་དུ་འབྲི་གི་ཡོད་པ་རེད་ཟེར། སྔོན་གྱི་དེ་ཚོ་ལས་ལྷག་པ་ཞིག་ཡོང་བའི་རེ་བ་ཞུ་གི་ཡོད།
འདིའི་དེབ་ཕྲེང་མང་ཆེ་བ་བཀླགས་ཟིན། འདི་ལ་མིང་གཞན་པ་ཞིག་བཏགས་ན་ལེགས། མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་ན་མིང་དོན་མཚུངས་མི་འདུག ༼བླ་བྲང་ལོ་རྒྱུས་ཆེན་མོ༽འམ་༼མདོ་སྨད་དགེ་ལུགས་ཆོས་འབྱུང་ཆེན་མོ།༽ཞེས་བཏགས་ན་འཚམས་པ་ཞིག་རེད།
མདོ་སྨད་ལོ་རྒྱུས་འདི། ད་ལྟ་བཀླགས་ན། དྲ་འབུ་ཚོས་སྐྱོན་མ་གཏོགས་ཡོན་ཏན་མི་ཤེས། དེའི་སྒང་ལ་ཧོར་འཇིགས་སྐུ་བཞུག་ཡོད་པས། མཐོང་ཆེན་མི་བྱེད།
ད་ནས་མི་རབས་ལྔ་ཕྱིན་ན། དཔེ་ཆ་དེ་ལོ་རྒྱུས་བ་ང་ཡིན་པ་ཚོའི་ཡིག་མཛོད་ན་ཡོད། རྒྱལ་སྤྱིའི་ལོ་རྒྱུས་ཡིག་ཚོགས་ན་ཡང་ཉེར་ཡོད། རྒྱ་བོད་དབྱེ་འབྱེད་ཀྱི་ཁྲིམས་ཁ་ན་ཡང་ཡོད།
ད་ལྟའི་དྲ་འབུ་འགས་རིན་མེད་དུ་འདོད་པ་འདི། རྗེས་མར་རྒྱལ་ཁ་ཞིག་གི་ཀ་བ་ཡིན་པ་མ་ཤེས་སམ། ལོ་རྒྱུས་ནི་ལོ་རྒྱུས་རེད། མི་རེ་རེ་ལ་བཤད་ཚུལ་རེ་ཡོད་པ་རེད། བཤད་ཚུལ་ཆ་མཚུངས་ཆ་ཚང་ཞིག་བཤད་འབྲི་བྱེད་ཐུབ་ནིའི་ལོ་རྒྱུས་བ་ཞིག་འཇིག་རྟེན་ཟླུམ་འདི་ལ་ཡོང་མྱོང་མེད།
བླུན་རྒན་ཚོ། མྱིག་གིས་མི་རིག་ས་མ་ལྟོས། རྣ་འིས་མི་གོ་ས་ལ་ཉོན། དེ་ནས་ཡར་རྒྱས་ལ་འགྲོ་འི་རེད། ཤེས་སོང་ངམ།
ལོ་རྒྱུས་ཇི་ལྟར་ཡིན་པ་ངས་མི་ཤེས།
གངས་ཅན་སྐད་ལ་ལེགས་པར་སྦྱུངས་འདུག་པས།
བོད་པ་ཡིན་ན་འདི་ལྟར་བོད་སྐད་སྦྱོངས།
བོད་ཀྱི་རིག་གཞུང་སྐད་ཀྱིས་སྣང་བར་བྱེད།།
ཐ་སྙད་ཁ་ཤས་སྒྲིག་ཤེས་བ་ཙམ་གྱི་མི་རེ་ཟུང་ནམ་དུ་ཡང་གཞན་གྱི་བྱེད་ལས་ལ་ནག་འགེལ་ཁོ་ན་བྱེད་ནས་དུས་ཚོད་གཏོང་གི་འདུག མི་འདིའི་རིགས་དངོས་གནས་ཡ་ང་ཞིག་འདུག ད་དུང་ཁ་ཤས་ཤིག་གིས་དེབ་དེ་མིག་གིས་ལྟ་ཙམ་མ་བྱེད་པར་ཉ་ཉོག་མང་པོ་ཞིག་བཤད་ཀྱི་འདུག དོན་ངོ་མ་སུ་ཞིག་གིས་ཕྱོགས་ཞེན་ཟེར་བའི་སྐད་ཆ་རྫོབ་དོ་དེ་ཚོ་གླེང་གི་ཡོད་དམ། ཞོར་ཏུ་བཤད་རྒྱུ་ཞིག་ལ་ལྷ་ལུང་རྒྱལ་དང་ཁུག་རྟ་ལྟ་བུས་མདོ་སྨད་ཀྱི་ལོ་རྒྱུས་ཤིག་བྲིས་བ་ཡིན་ན”བོད་ཀྱི་རིག་གཞུང་གི་ཕྱུགས་ཚད་”ཟེར་བའི་དེབ་གྲགས་ཅན་དེ་ལས་ཡན་ཞིག་ཡིན་པའི་རེ་བ་ཆེ། མི་འདི་གཉིས་ལོ་རྒྱུས་ཀྱི་མྱོང་བ་མང་ཚོད་ཡོད་ལོ་ཁ་ཤས་ཤིག་གི་རིང་འཁོར་ཡུག་གཅིག་ནས་བསྡད་མྱོང་།
ད་ལྟ་ངས་ཀྱང་ལོ་རྒྱུས་ཆེན་མོ་འདི་ལ་ཚིག་ཐོ་འགའ་འབྲི་བཞིན་ཡོད། འོན་ཀྱང་དེ་རིང་འདིར་ཞུ་དགོས་པ་ཞིག་ནི་འདི་ཡིན། ཐབ་ཚང་གི་ལས་ཀ་བྱེད་པ་དང་། དེབ་ཀྱི་ལས་ཀ་བྱེད་པ་གང་ཡིན་ཡང་དཀའ་སྡུག་ལ་བཟོད་སྒོམ་བྱེད་དགོས་པ་རེད། དུས་ཚོད་གཏོང་དགོས་པ་རེད། དེབ་ཀྱི་ལས་ཀ་ལ་དེ་ལས་ལྷག་པའི་རྣམ་དཔྱོད་གཏོང་དགོས་པ་རེད། དེ་བས་རྩོམ་པ་པོ་འདིས་དཀའ་སྡུག་ལ་གདོང་ལེན་གྱིས་འདི་ལྟར་འབྲས་བུ་ཐོན་པ་དེ་ནི་བསྔགས་བརྗོད་བྱ་ཡུལ་ལས་ཞིག་ལས་བཀའ་བཀྱོན་གཏོང་ཡུལ་ཞིག་རྩ་ནས་མ་རེད། འདི་ལྟ་བུའི་འབད་བརྩོན་བསྟེན་བཞིན་པའི་མི་གཞན་པ་རྣམས་ལའང་སེམས་ཤུགས་སྤར་དགོས་པ་ལས་གཅོག་མི་རུང་བ་རེད།
དེ་ནས་ནོར་འཁྲུལ་འདི་དང་དེ་འདུག བྱས་ཙང་ཡག་པོ་མི་འདུག་ཅེས་གསུངས་ཀྱིན་འདུག ནོར་འཁྲུལ་རེ་ཟུང་ཡོད་པ་དེ་ནི་ཡག་པོ་མེད་པའི་རྒྱུ་མཚན་མ་རེད། ནོར་འཁྲུལ་མེད་པའི་ལས་ཀ་བྱེད་རྒྱུ་ནི་འཇིག་རྟེན་ན་དཀོན་པོ་རེད། ཤོག་ངོས་བརྒྱ་ཅན་གྱི་རྩོམ་ཞིག་ལ་ཞུ་དག་གཏོང་སྐབས་ཀྱང་མིག་འོག་ནས་ཤོར་སྲིད་པ་མང་པོ་རེད། “མི་ཚང་མས་ནོར་འཁྲུལ་བཟོ་གི་རེད།” “མི་སུ་ཡིན་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མ་རེད།” འདི་འདྲའི་བཤད་སྲོལ་འདུག དེ་ལས་ཀྱང་ཡིད་ཕངས་པ་ཞིག་ལ་ནོར་འཁྲུལ་འདི་ཤོག་ངོས་འདི་ན་འདུག་ཅེས་ཁུངས་ལུང་མེད་པར་བཤད་སྒྲོས་ཙམ་པ་བོ་ཞིག་ལ་བརྟེན་ནས་སྐྱོན་བརྗོད་བྱེད་པ་འདི་རེད། འདི་དག་ནི་ངེས་པར་དུ་སྤངས་འོས་པ་རེད། ནོར་ཡོད་ན་ཤོག་ངོས་འདི་ན་དོན་འདི་ནོར་འདུག་བརྗོད་ན་ཡོ་བསྲང་ཐུབ་ཀྱི་རེད།
དེ་ལས་གཞན་པའི་རྩོམ་པ་པོའི་མི་སྒེར་གྱི་ཐོག་ནས་སྐད་ཆ་བཤད་པ་ནི་འོས་པར་མ་མཐོང་ངོ་།།
ངས་ཀྱང་ཧོར་འཇིགས་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་དེ་དགོས་མཁོ་ཞིག་གི་ཆེད་དུ་རོབ་ཙམ་བཀླགས་པ་ཡིན་མོད། འོན་ཀྱང་བློ་ཕམ་པ་ཞིག་ལ་རྩོམ་པ་པོ་ཁོང་གིས་ཕྱོགས་ཞེན་གྱིས་ལོ་རྒྱུས་དོན་དངོས་དང་མི་མཐུན་པའི་འཁྱོག་བརྗོད་མང་པོ་བྱས་འདུག
སྙིང་དཀར་ལགས། འཁྱོག་བརྗོད་ཅི་དག་བྱས་འདུག འཁྱོག་བརྗོད་ཡིན་པའི་རྒྱུ་མཚན་ཅི། མ་འཁྱོག་པའི་དྲང་པོ་དེ་གང་ཡིན། དེའི་ཁུངས་ལུང་གི་ཡིག་ཆ་གང་ཡོད། འདི་ཚོ་གསུངས་དང་། དེ་མིན་བསམ་ཚུལ་ཙམ་ཞིག་ལ་སུས་ཆ་འཇོག་བྱེད། ངས་ཀྱང་མཚམས་རེར་འཛམ་གླིང་གོར་གོར་མ་རེད་བསམས་སྲིད། དེ་ལ་སུས་ཆ་འཇོག་གི་རེད།
གོང་དུ་དགེ་རབ་ཀྱི་མཆན་འདྲ་ཞིག་་དུས་ད་ེ་རིང་བར་ཁ་བརྡ་ཚང་ནས་མཐོང་མ་སོང་། དགེ་བ་ཞིག་ཡོད་གི
རྩོམ་པ་ཁོང་གིས་དཀའ་ལས་ཞེ་དྲག་བརྒྱབ་ནས་དེབ་ཆེན་དྲུག་ལེགས་གྲུབ་གནང་འདུག་པར་གུས་བཀུར་གནང་རྒྱུ་ལས་ཁོངས་ལུང་མེད་པའི་སྐད་ཆ་བཤད་ན་ཡག་པོ་མ་རེད།
སྙན་ངག་ཅེས་པ་དེ་འདི་འདྲའི་རྩོམ་རྩལ་ངག་རིག་ལ་བརྗོད་ན་ཤིན་ཏུ་མཛེས་སོ།། བརྗོད་བྱ་དེ་གོང་ས་མཆོག་གི་དགོངས་པ་ཡིན་ནམ། རྩོམ་པ་པོའི་རྟོག་སྒྲུང་གང་ཤེས། མི་ལ་རས་པ་དང་གེ་སར་སྒྲུང་འདྲ་བོ་བཟོས་འདུག་སྙམ་སོ།
# 16 དགེ་རབ་་ལགས་ཀྱིས་མཆན་བཏབ་པ།:
October 30th, 2013 at 11:57 AM
སྙིང་དཀར་ལགས། འཁྱོག་བརྗོད་ཅི་དག་བྱས་འདུག འཁྱོག་བརྗོད་ཡིན་པའི་རྒྱུ་མཚན་ཅི། མ་འཁྱོག་པའི་དྲང་པོ་དེ་གང་ཡིན། དེའི་ཁུངས་ལུང་གི་ཡིག་ཆ་གང་ཡོད། འདི་ཚོ་གསུངས་དང་། དེ་མིན་བསམ་ཚུལ་ཙམ་ཞིག་ལ་སུས་ཆ་འཇོག་བྱེད། ངས་ཀྱང་མཚམས་རེར་འཛམ་གླིང་གོར་གོར་མ་རེད་བསམས་སྲིད། དེ་ལ་སུས་ཆ་འཇོག་གི་རེད།
སྐད་ཆ་འདི་ལ་རྣམ་དཔྱོད་རབ་ཏུ་ཡང་པའི་མཁས་བ་ཞིག་གི་དགོངས་ཚུལ་འདུག་པས་གུས་སོ།
གང་བྱས་ལ་ཡི་རངས་ཞུ།
ཁ་ཤས་ཀྱིས་བཀླགས་མ་མྱོང་ཡང་དྲང་བོ་མེད་རབས་ཟེར་་་་ཁ་ཤས་ཀྱིས་རོབ་ཙམ་བཀླགས་ཏེ་འཁྱོག་བཤད་བྱས་ཡོད་རབས་ཟེར། དྲང་བོ་བཤད་ན་སྐད་ཆ་འདི་དག་གད་སྙིགས་རང་རེད། བཀླགས་མ་མྱོང་མཁན་ཞིག་གིས་དྲང་བོ་ཡིན་མིན་ཇི་ལྟར་ཐག་ཆོད་་་སྙིང་རྗེ་་ཁ་རོག་སྡོད་ལ་ཤོག ཡང་རོབ་ཙམ་བཀླགས་ཏེ་འཁྱོག་བཤད་བྱས་འདུག་ལབ་མཁན་ཚོར་་་་ལོ་རྒྱུས་ཟེར་བ་རོབ་ཙམ་བཀླགས་པས་ཤེས་འགྲོ་བའི་དེ་འདྲའི་ལས་སླ་མོ་རེད་པས་་་སྙིང་རྗེ་ཁ་ཚུམས་ནས་སྡོད་དང་ཡག་གི་རེད་ལོ།
གང་ལྟར་བཤད་རུང་མ་བཤད་རུང་དགེ་ལུགས་པ་ཙམ་ལས་ཆོས་རྒྱུད་གཞན་དག་གིས་ལོ་རྒྱུས་འདི་ལ་གདེང་འཇོག་བྱེད་ཀྱི་མེད་པ་གསལ་པོ་རེད།
འདྲེ་རྐང་ཐོས་མོས་མཐུན་བྱེད་སར་ལྷ་རྐང་ཅན་གྱིས་གཟབ་དགོས་པ་ཆོས་ཉིད་ཡིད།
རྒྱུ་མཚན་མེད་པའི་སྐད་ཆ་གང་མང་འདུག
ད་དུང་ཡང་རྩོམ་པ་པོ་ཆེན་པོ་འདིའི་རྣམ་དཔྱོད་ཀྱི་སྒོ་མོ་ཆེ་ཆེར་གདེངས་ཏེ། ལོ་རྒྱུས་ཆེན་མོ་རྣམས་ནས་གནད་བསྡུས་པའི་དཔེ་དེབ་པོད་གཅིག་ཅན་མ་ཞིག་ཐོན་ན་ཅི་མ་རུང་སྙམ་དུ་ཡང་ཡང་བསམ་མོ།
ཡ་མཚན་པ་ཞིག་ལ་སྐུ་སྒེར་ཡིག་ཚང་ནས་འགྲོ་གྲོན་ཕངས་མེད་གཏོང་སྟེ་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་ལེགས་གྲུབ་བྱུང་ཟིན་ནས་༧ གོང་ས་མཆོག་གིས་དགྱེས་གཟིགས་གནང་ཡོད་ཀྱང་། སྐབས་འཚོལ་བླུན་རྒན་ཐུབ་བསྟན་ལུང་རིགས་ལྟ་བུའི་ལག་ཏུ་མདོ་སྨད་ལོ་རྒྱུས་འབྲི་བའི་དབང་ཆ་སྤྲད་པ་དེ་ངོ་མ་གད་མོ་ཤོར་བ་རང་རེད། སྐུ་སྒེར་ཡིག་ཚང་ནས་ནམ་མཁའི་ནོར་བུ་དང་མཁར་རྨེའུ་བསམ་གཏན། བཀྲ་ཤིས་ཚེ་རིང་།ཚེ་རིང་ཤཀྱ་སོགས་བཞག་ནས་སྐབས་འཚོལ་བ་བླུན་རྨོངས་ལག་རྡུམ་ཁ་ཤས་ཀྱི་ལག་ཏུ་བོད་ཀྱི་ལོ་རྒྱུས་འབྲི་བའ་གོ་སྐབས་བསྩལ་བ་དེ་ང་ནི་ཡ་མཚན་ནས་ཡོད།
དངོས་གནས་མྱོང་འཚོར་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
ལོ་རྒྱུས་ནི་དྲང་པོ་དྲང་བཞག་གིས་བྲིས་དགོས་པ་རེད་མ་གཏོགས། དེ་ཆོས་ལུགས་དང་ལུང་ཚན་བྱེ་བྲག་པ། ལྷག་པར་སྲིད་དོན་གྱི་དམིགས་ཡུལ་བཅས་བཟུང་སྟེ་བྲིས་དུས་ནས་ཚར་བ་རེད། དེ་ནི་ལོ་རྒྱུས་རྫུན་མ་ཆགས་འགྲོ་གི་རེད། དཔེར་ན། ཧོར་འཇིགས་རང་གིས་མདོ་སྨད་ཀྱི་ལོ་རྒྱུས་སྤྱིའི་གཞུང་ཤིང་གི་ནང་དུ། ལོ་རྒྱུས་རིག་པར་ཞིབ་འཇུག་བྱས་ཏེ་མི་རིགས་ཀྱི་མཆེད་ཁུངས་ཕུ་འདེད་བྱས་ཡོང་དུས། རང་གི་རིགས་རྒྱུད་མཆེད་ཁུངས་དེ་དགྲ་གཉེན་བར་མ་དང་ཡག་སྡུག་གང་ལ་ཐུག་རུང་དེ་ག་རང་བཤད་དགོས་པ་མ་གཏོགས། ཡག་པོ་ཅིག་ལ་ཁུངས་གཏུག་ཅི་ཐུབ་སོགས་བྱེད་པ་ནི་ནོར་འཁྲུལ་རེད་ཅེས་གསུངས་པ་ནི་བོད་མི་ཚོས་ངེས་པར་དང་ལེན་བྱེད་དགོས་པ་ཅིག་རེད།
བོད་པ་ཚོ་ལ་ཧ་ཅང་གིས་ཨ་གསར་གྱི་གཡའ་ལ་འདྲེས་པའི་ནོར་འཁྲུལ་ཅིག་ཡོད་པ་ནི། ནམ་རྒྱུན་གཞན་ཅིག་ལ་ཨ་གསར་གྱིས་རང་གི་མཆེད་ཁུངས་གཞན་བླ་ན་མེད་པ་ཅིག་ལ་ཁུངས་གཏུགས་ཅི་ཐུབ་བྱེད་པ་རེད། དཔེར་ན། ཨ་མདོ་བ་མང་པོས་རང་གི་མཆེད་ཁུངས་བོད་དབུས་དང་བཙན་པོའི་དམག་རྒྱུད་ལ་རྡ་ཆག་བཙན་སྒྲིག་གང་འབྱོར་བྱེད་ལ། བོད་དབུས་ཀྱི་མཁས་པ་མང་པོས་སོ་སོའི་མཆེད་ཁུངས་རྒྱ་གར་གྱི་རྒྱལ་བློན་པཎ་གྲུབ་ཅིག་ལ་གཏུགས་ཐབས་བྱེད། དེའི་ནང་༧རྒྱལ་དབང་ལྔ་བ་སོགས་ཀྱང་ཚུད་ཡོད་རེད།
ཡང་ཕྱིས་སུ་བཙན་བྱོལ་ནང་དུ་སྟོད་པ་མང་པོས་ཆོལ་ཁོངས་བརྗེ་བསྒྱུར་གྱིས་ཁམས་པ་བྱེད་རྒྱུར་ཨ་གསར་ཆེན་པོ་ཡོད་པའང་མཐོང་སོང་། བོད་པ་ཟེར་བ་དེ་འདྲ་བཅོས་མ་བྱེད་རྒྱུ་དང་ཨ་གསར་འདྲ་ཆགས་པོ་ལ་དགའ་བོ་ཡོད་རེད། ༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་བཙན་བྱོལ་ནང་བོད་པ་ཚོ་ཨ་གསར་འདྲ་ཆགས་པོ་བྱེད་རྒྱུ་ཚད་ལས་བརྒལ་འདུག་ཅེས་བཀའ་ཐེངས་མང་ཕེབས་སོང་།
མདོ་རྩ་ལོ་རྒྱུས་ཤིག་བྲིས་ནའང་བོད་པར་དགོས་པ་དེ་དངོས་ཡོད་གནས་ཚུལ་ཡག་སྡུག་ལེགས་ཉེས་གང་བྱུང་དེ་མིན་པར། རང་ཕྱོགས་ལ་ཆེ་བསྟོད་ཡག་རབས་རྐྱང་རྐྱང་བཤད་དགོས་པ་རེད་མ་གཏོགས། སོ་སོའི་ཕྱོགས་ཀྱིས་ཞབས་འདྲེན་ཞུས་རབས་དང་མི་མ་བྱུང་བ། མ་འཇོན་པ་སོགས་ལོ་རྒྱུས་རང་བཀོད་པ་ཡིན་པ་མི་དགའ་བ་དང་ཕོག་འགྲོ་གི་རེད།
འོན་ཀྱང་།ལོ་རྒྱུས་དངོས་ཡོད་བྲིས་དུས་ཆོས་ལུགས་གྲུབ་མཐའ་དང་ལུང་ཚན་ཆོལ་ཁ།མི་ཆེན་དཔོན་ཆེན་སོགས་སུ་ལ་ཕོག་ན་སྡིག་གྱོང་རེད།དངོས་ཡོད་ནི་དངོས་ཡོད་རང་རེད་དོ།།
མདོ་སྨད་ལོ་རྒྱུས་ཡག་བཙག་གང་ཡངམི་ཤེས། ཡིན་ན་ཡང་། སྙན་བཟང་བའི་བཀླགས་བྱང་སྙན་རྩོམ་འདི་ལ་ངོ་མ་རིན་ཐང་འདུག
” 30 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
མདོ་སྨད་ལོ་རྒྱུས་ཡག་བཙག་གང་ཡངམི་ཤེས། ཡིན་ན་ཡང་། སྙན་བཟང་བའི་བཀླགས་བྱང་སྙན་རྩོམ་འདི་ལ་ངོ་མ་རིན་ཐང་འདུག”
ཧ་ཧ་ཧ། མདོ་སྨད་ལོ་རྒྱུས་ཡག་བཙོག་གང་མི་ཤེས་ཨེ། དེ་ཁྱད་མཚར་ཞིག་རེད།
བསྟན་འཛིན་ཆོས་འཛོམས་ལགས། སྟོད་པ་ཚོས་ཆོལ་ཁ་མདོ་སྟོད་བྱེད་དདགོས་ཟེར་བ་དེ་རིང་མ་གཏོགས་གོ་མྱོང་མེད། ངས་མ་གོ་ན་མེད་པས་ངེས་པ་ག་ལ་ཡོད་དེ་མེད་མོད། ས་ཆའི་ཆགས་རིམ་དང་མཆེད་ཁུང་གང་ལ་བརྟགས་ཀྱང་དེ་ནི་ཡོང་སྲོལ་མེད་པ་ཞིག་རེད། གཞན་གྱི་ངག་ལས་ཐོས་ཚོད་ལ་སྟོད་པ་ལ་ཆོལ་ཁ་གསར་བ་ཞིག་གི་ཐོབ་ཐང་དང་ཆོལ་ཁ་གསར་བ་ཞིག་བྱས་ན་དགེ་མཚན་ཆེ་རབས་མི་ཆེན་ཞིག་གིས་བཤད་རབས་གོ་མྱོང་དེ་ལ་གོ་ནོར་མིན་ན་གསལ་བཤད་ཅིག་གནང་རོགས་ཤེས་འདོད་འདུག
ལོ་རྒྱུས་ཆེན་མོ་འདིའི་པོད་དང་གཉིས་ཞིབ་ཏུ་བཀླགས་མྱོང་། རིན་ཐང་གཞལ་དུ་མེད་པར་མཐོང་སོང་། འདི་ལྟ་བུ་ཞིག་ལེགས་གྲུབ་ཡོང་བར་བརྩོན་པ་བརྟེན་པ་དེ་གར་ཧ་ལར་གྱུར། འུ་ཅག་བོད་པ་ཚང་ལ་བཤད་མཁན་མང་ལ་སྒྲུབ་མཁན་ཧ་ཅང་དཀོན།
དྲན་དཀར་དཔལ་ཡོན་ལགས།
འདྲེ་རྐང་ཐོས་ཀྱང་མྱི་སྐད་གསོན་པོ་བཤད་ཤེས་ན་་་་འདྲེ་རྐང་ཅན་ཁྱོད་ཀྱི་རིགས་ལ་ལབ་མི་དགོས་པ་ཞིག་རེད་དེ་་་་་ཡ་མཚན་པ་ཞིག་ལ་ཁྱོད་ཚོ་འདྲེ་རྐང་ཐོ་ལས་སྡིག་ཅིག་ཡིན་ནོ་ཅིག་འགྲིག་མེད་ས་རེད་དོ།
སེམས་དཀར་རྐང་ཐོ་ལགས།
ང་དེ་རིང་ར་བཟི་མེད། ཁྱེད་ཀ་ཡ་རབས་ཀྱི་མྱི་ཅིག་ཡིན་ཙ་འདྲེ་འབོག་དེ་ངའི་ལྟར་ན་ཁྱེད་ཀར་འཛའ་མོ་ཅིག་མ་རེད། གཞན་ཞུ་ཡ་མེད།
ཁ་ཤས་ཤིག་གིས་སྐྱིད་པོ་བཤད་ཀྱི་འདུག
མདོ་སྨད་ལོ་རྒྱུས་ཞེས་པ་དེ་བཀླགས་ཡོད་རབས་ཀྱང་བཤད་ཀྱི་འདུག
ཆ་ཚང་བཀླགས་ཡོད་རབས་བཤད་ཀྱི་འདུག
དེ་ཤོ་ལོ་ཀ་ཁ་ཤས་ཤིག་མ་རེད།
དེ་འདྲའི་མང་པོ་ཞིག་བཀླགས་ཐུབ་མཁན་གྱི་མི་ཞིག་ཡིན་ཚེ།
དྲ་ཚིགས་ཁག་ཏུ་བླ་བཙག་ཕྱི་རྡུང་བྱེད་ཀྱི་མ་རེད།
དེང་སང་དྲ་ཚིགས་ཁག་ཏུ་མི་བཤད་དགུ་བཤད་མཁན་ཇེ་མང་ཇེ་མང་རེད།
ངས་མདོ་སྨད་ལོ་རྒྱུས་ཆེན་མོ་རང་དང་འབྲེལ་ཡོད་ཀྱི་སྐོར་ཞིག་བཀླགས་མྱོང་ཡོད། རྩ་བའི་ཆ་ནས་ཡག་པོ་ཞེ་དྲག་འདུག འོན་ཀྱང་མི་ཞིག་གི་དུས་ཚོད་དང་བསམ་བློའི་འགྲོ་གྲོན་ཅི་ཙམ་བཏང་བའི་སྐོར་ལ་མི་བསམས་པར་གང་བྱུང་དུ་ཆགས་སྡང་གི་སྐྱ་རིས་འབྲི་བའི་དྲ་གྲོགས་ཚོར་་་་་་ནམ་ཡང་རང་གི་ཚོད་ཀྱི་སྐད་ཆ་བཤད་རྒྱུ་མ་བརྗེད་རོགས་ཞུ་རྒྱུ་ཡིན། སྐུ་ཞབས་ཧོར་འཇིགས་ལགས་ཀྱིས་རང་གི་གང་ནུས་པ་དང་། འཇོན་པ་དེ་སྩལ་དུ་བཏོན་ཡོད་ཤག་རེད། དེ་མིན་ཤེས་བཞིན་དུ་ནག་བསུབས་བཏང་བ་དེ་འདྲ་ཡོད་ན། དེ་ལོ་རྒྱུས་ཀྱིས་གླེང་ཡོང་གི་རེད། དེ་བས་གཞན་གྱིས་ཅི་སྨྲས་ལ་མི་ལྟ་བར་རང་ངོས་ནས་དཔེ་དེབ་ཆེན་པོ་དེ་དག་ཞིབ་བཀླགས་བྱས་རྗེས། ད་གཟོད་ལྟ་བ་དངོས་དེ་འཆད་ཐུབ་ན་ཤེས་ཡོན་ཅན་ཟེར་བའི་མི་གཞི་དེ་མཐོང་ཐུབ་ཀི་རེད་འདོད། ངས་སྤོབས་པ་ཆེན་པོས་ཧོར་འཇིགས་ཀྱིས་བྲིས་པ་དེ་་་་་བྲག་སྒོམ་པ་སོགས་ཀྱི་ལོ་རྒྱུས་ལས་བརྒྱ་འགྱུར་གྱིས་ལེགས་པ་འདུག་ཅེས་ཞུ་འདོད་ཡོད།
ལོ་རྒྱུས་ཀྱི་དེབ་གང་ཞིག་ཡིན་ཡང་ཆད་ལྷག་ནོར་གསུམ་ཡོད་པས། སུ་ཞིག་གིས་ཆད་པ་ཁ་གསབ་རེ་དང། བསྡུས་པ་རྒྱས་བཤད་རེ། ནོར་བ་ལེགས་བཅོས་རེ་ཐུབ་པའི་རྩོམ་ཡིག་དམ་དུམ་རེའི་ལེགས་སྐྱེས་རེ་འབུལ་ཐུབ་ན་ཨ་མའི་བུ་རེད།
ཕྲག་དོག་དང་ཕྱོགས་ལྷུང་གི་ཚིག་མཚོན་ཙམ་གྱིས་མཁས་པ་དག་ནམ་ཡང་གཞོམ་མི་ནུས།
ང་ཚོའི་མཐོ་སློབ་ནང་བོད་ཆོལ་ཁ་གསུམ་ཞེས་པའི་ལོ་རྒྱུས་སློབ་ཚན་གྱི་གཞི་འཛིན་ལས་གཅིག་ནི་་མདོ་སྨད་ལོ་རྒྱུས་ཆེན་མོ་རང་བྱེད་ཀྱིན་ཡོད་དོ།
ཤར་ཕྱོགས་བོད་ཀྱི་བྱུང་རིམ་འོ་མཚོ་ལས། སྲིད་འབྱོར་རིག་གསུམ་གནད་ཀྱི་མར་ལོ་སྟེ།
<>འི་གླེགས་བམ་དྲུག སྒང་དྲུག་རི་བོའི་ཁྲི་ལ་མཆོད་པར་འོས།
སྐུ་སྒེར་ཡིག་ཚང་དང་དགའ་ལྡན་ཕོ་བྲང་གི་ཚོགས་གཙོ་ཟམ་གདོང་གིས་རང་གི་ཨབ་ཕྲུག་ཐུབ་ལུང་རིིགས་དང་ཤར་ཕྱོགས་ཁུག་རྟ་སོངས་ཀྱི་ལག་ཏུ་བོད་ཀྱི་ལོ་རྒྱུས་འབྲི་བའི་དབང་ཆ་སྤྲད་དགོས་པ་དེ་རང་ཚོའི་ལོ་རྒྱུས་སྒང་གི་དག་ཐབས་བྱེད་འདོད་ཡིན་ཡང་། ལོ་རྒྱུས་ཀྱིས་ནམ་ཡང་ཁོ་ཚོར་གུ་ཡངས་གཏོང་ལེ་མ་རེད།
བསོད་ནམས་དམན་ལ་ཅི་ཡང་མི་དགོས་སྲིད།
མདོ་སྨད་སྟག་གི་རི་མོ་དགྱས་མི་འབྲི།
ཟམ་གདོང་ཐུགས་གཤིས་མཐའ་མེད་ནགས་ཚལ་འདྲ།
སྟག་མོ་ནགས་འགྱིང་རི་མོ་འཛམ་གླིང་རྒྱན།
<>གླེགས་བམ་དྲུག་ཅན་དེ་ལ་མི་འདོད་ཕྲག་དོག་གི་མདའ་མོ་ཇི་ལྟར་འཕངས་ནའང་གནད་ལ་ཕོག་པའི་ཚིག་གཅིག་ད་རུང་མཐོང་རྒྱུ་དབེན་འདུག གཟབ་གཟབ་མ་གནང་ན་ལུང་རིགས་ཀྱི་ལྗིད་ཁོགས་ཆེ་བའི་གླེགས་བམ་དྲུག་པོ་མར་ལྷུང་ཚེ་ཁྱེད་ཚོ་གསོད་ནའང་ཐེ་ཚོམ་མི་འདུག ཧོར་འཇིགས་ཀྱིས་དཀའ་ལས་བརྒྱབ་ནོ་ངོ་ཡོད་ནི་བྱོས་ཐུགས་རྗེ་ཆེ་ཁ་ནས་ཟེར་མི་ཐུབ་ན་ར་ཁོག་ནས་སྨོན་པ་འཆོར་གོ་ནོ་ཤེས་ཀི
དེབ་དྲུག་པོ་ཞིབ་བལྟ་བྱེད་མྱོང་། ༡་ལོ་རྒྱུས་ཀྱི་ངོས་ནས་མདོ་སྨད་ལོ་རྒྱུས་ཆེན་མོར་རིན་ཐང་གཞལ་དུ་མེད། ༢་རྩོམ་པོ་སྒེར་གྱིས་ཆེད་དུ་བཟོས་པའི་ཆོས་ལུགས་ཕྱོགས་རིས་ཡོད་པ་མ་མཐོང་། མདོ་སྨད་ཆོས་འབྱུང་ནང་གི་ཕྱོགས་ཞེན་བཤད་པ་དེ་དག་བཀོད་པ་ལོ་རྒྱུས་ཀྱི་བདེན་དཔང་དུ་སེམས། ༣་བླ་བྲང་དང་རེབ་གོང་གི་ཕྱོགས་ཞེན་བསམ་བཞིན་བཤད་པ་ཞིག་མི་འདུག བཀྲ་ཤིས་འཁྱིལ་གྱི་རྣམ་ཐར་ལོ་རྒྱུས་རྩོམ་པ་པོ་རང་ལ་རྒྱུས་ཡོད་པ་ཇི་བཞིན་བཀོད་པས་རེབ་གོང་ཕྱོགས་པ་དབུ་རེག་ཞབས་ཕོག་ནི་ངེས་པར་འབྱུང་སྲིད། ༤་མཉྫུའི་སྐབས་ཀྱི་རྒྱ་བླ་གོང་མའི་ཐོབ་ཐང་གིས་བོད་མགོ་ལྡོག་རོལ་དུ་གཏོང་མཁན་མི་ཉུང་བར་གདེངས་འཇོག་བྱས་པ་རྩོམ་པ་པོའི་རང་བཞེད་ཡིན་ན་ལེགས་སོ་ཞུ་ག་ལ་ཐུབ། ༥་ཡིག་ནོར་དང་སྡེ་ཚན་ནོར་བ་ཁ་ཤས་ཡོད་པ་ནི་ཞུ་དག་དང་སྒྲིགས་པོས་ནན་ཏན་མ་བྱས་པའི་སྐྱོན་ཏེ་སུ་ལའང་འབྱུང་རུང་བ་ཞིག་གོ། མདོ་ཧྲིལ་གྱིས་དྲིལ་ན་མདོ་སྨད་ལོ་རྒྱུས་མཛད་པ་པོར་བཀའ་དྲིན་ཆེ་ཞུ། །
རྩོམ་མཆོག་བཀླགས་ཡིན།
བོད་ཀྱི་ལོ་རྒྱུས་འབྲི་བར་ཕར་ཞོག དང་ཐོག་རང་གི་ལོ་རྒྱུས་སམ་ནང་མིའི་ལོ་རྒྱུས་ལེགས་པོ་ཞིག་འབྲི་ཤེས་པའམ་བྲིས་པ་ཡིན་ན།་དེ་ནས་ད་བཟོད་མི་གཞན་གྱིས་བྲིས་པའི་དཔེ་ཆར་སྐྱོན་བརྗོད་བྱེད་ཆོག མི་གཞན་ལ་སྐྱོན་བརྗོད་བྱེད་པ་ལས། རང་ཉིད་ཀྱིས་བོད་རང་ལ་མེད་པའི་དེང་རབས་ཀྱིས་ཚིག་གསར་འགའ་སྦྱང་ན་མི་ལེགས་སམ།