སྤྲུལ་སྐུ་དབང་ཆེན།
ཨ་ཀོང་བླ་མ་ང་ཚོའི་རོགས་པ་ཡིན།།
བོད་ཀྱི་སྐད་ཡིག་སྤེལ་བའི་ཟམ་པ་ཡིན།།
ཨ་ཀོང་བླ་མ་ཡུལ་གྱར་རོགས་པ་ཡིན།།
ནང་ཆོས་ནུབ་ལ་འདྲེན་མཁན་ཐོག་མ་ཡིན།།
ཨ་ཀོང་བླ་མ་གཞིས་བཞུགས་རོགས་པ་ཡིན།།
སྤུན་ཟླའི་སྐྱིད་སྡུག་མཉམ་ཁུར་དྲིན་ཅན་ཡིན།།
ཨ་ཀོང་བླ་མ་བོད་མིའི་རོགས་པ་ཡིན།།
རིག་གཞུང་ཚེ་སྲོག་སྐྱོབ་པའི་མེས་པོ་ཡིན།།
ཨ་ཀོང་བླ་མ་དབྱིན་ཇིའི་རོགས་པ་ཡིན།།
དམ་ཆོས་སློབ་ཁྲིད་གནང་བའི་མཁན་པོ་ཡིན།།
ཨ་ཀོང་བླ་མ་དྭ་ཕྲུག་རོགས་པ་ཡིན།།
མཐུན་རྐྱེན་རྒྱུ་དངོས་སྦྱོར་བའི་ཕ་མ་ཡིན།།
ཨ་ཀོང་བླ་མ་སློབ་མའི་རོགས་པ་ཡིན།།
ཤེས་བྱའི་སློབ་གླིང་བསྐྲུན་པའི་བཟོ་བ་ཡིན།།
ཨ་ཀོང་བླ་མ་མི་རིགས་རོགས་པ་ཡིན།།
ཡུལ་སྲོལ་གོམས་གཤིས་སྲུང་བའི་ཕ་རྒན་ཡིན།།
ཨ་ཀོང་བླ་མ་ཆོས་པའི་རོགས་པ་ཡིན།།
བཤད་སྒྲུབ་སྡེ་རྣམས་འཛུགས་པའི་ཡོན་བདག་ཡིན།།
ཨ་ཀོང་བླ་མ་འཕྲོད་རྟེན་རོགས་པ་ཡིན།།
ཁོར་ཡུག་སྲུང་སྐྱོབ་དོན་གཉེར་གྲོས་མགོ་ཡིན།།
ཨ་ཀོང་བླ་མ་འཁོར་བའི་རོགས་པ་ཡིན།།
ཉམ་ཆུང་ནུས་མེད་སྐྱོང་བའི་གཟའ་དཔོན་ཡིན།།
ཨ་ཀོང་བླ་མ་ཆོལ་གསུམ་རོགས་པ་ཡིན།།
བོད་རིགས་གཅིག་གྱུར་གནང་བའི་མི་སྣ་ཡིན།།
ཨ་ཀོང་བླ་མ་རྒྱལ་སྤྱིའི་རོགས་པ་ཡིན།།
དཀར་ནག་མི་རིགས་རོགས་སྐྱོར་ཚོགས་གཙོ་ཡིན།།
ཨ་ཀོང་བླ་མ་དུས་རབས་རོགས་པ་ཡིན།།
ལོ་རྒྱུས་རྒྱལ་རབས་བཞེངས་བའི་རླབས་ཆེན་ཡིན།།
ཨ་ཀོང་བླ་མ་དབུལ་ཕོངས་རོགས་པ་ཡིན།།
རང་གཞན་མཉམ་བརྗེའི་དྲང་སྲོང་དམ་པ་ཡིན།།
ཨ་ཀོང་བླ་མ་ཀུན་གྱི་རོགས་པ་ཡིན།།
དམན་སའི་རང་ཚུགས་ཟིན་པའི་སྒམ་པོ་ཡིན།།
ཨ་ཀོང་བླ་མ་མི་ཡི་རོགས་པ་ཁྱེད།།
མི་མིན་འདྲེ་ཡིས་ཚེ་སྲོག་བཅད་འདི་སྐྱོ།།
ཨ་ཀོང་བླ་མས་རོགས་པ་གནང་གནང་མཐར།།
རོགས་དྲིན་རོགས་པ་བཀྲོངས་འདི་ཀྱཻ་མ་ཧུད།།
ཨ་ཀོང་བླ་མས་འདི་ནས་རོགས་གནང་བས།
རོགས་བཅས་ཕྱི་མར་གཤེགས་འདིས་སྙིང་ཆུང་གས།།
ཨ་ཀོང་བླ་མའི་ཤུལ་ལས་རོགས་སྐྱོར་འོག།།
གནས་ཀུན་མིག་ནས་མཆི་མའི་གསོལ་འདེབས་ནི།།
ཨ་ཀོང་བླ་མའི་རོགས་སྐྱོར་གནང་བ་ཡི།།
དཀར་དགེས་ཨ་ཀོང་ཐར་ལམ་ཟིན་པར་ཤོག །
༡༠/༣༠/༢༠༡༣ ཉིན་བྲིས་པའོ།།
བོད་ཡིག་ཀློག་པ་པོ་ཡོངས་ཀྱི་སྙན་ལམ་དུ། རོགས་པ་ལབ་དུས། ག་ཡིག་མེད་ན་ཡང་། འབྲི་དུས་ག་ཡིག་ཡོད་པར་བྱས་ཏེ། གྲོགས། འབྲི་གྲོགས། ཨིན་སྐད་དུ། འདི་ལྟ་བུའི་མིང་ཚིག་མཐའ་ཡས་པ་ཡོད། དཔེར་ན། know ཞེས་པར་no་ཞེས་མ་གཏོགས་མ་འཐོན་ཀྱང་འབྲི་དུས། ཡི་གེ་ཡོངས་རྫོགས་འབྲི་དགོས་པ་ཡོད། དེ་བཞིན་དུ། བོད་ཀྱི་མིང་ཚིག་མཐའ་ཡས་པ་ཡོད་པ་ལ་འབྲི་དུས་ཡི་གེ་ཡོངས་རྫོགས་འབྲི་ན། སྔར་གྱི་ཡི་གེའི་དག་ཆའི་སྲུང་སྐྱོབ་ཏུ་འགྱུར་བ་དགོངས་པར་མཛོད།
ཨོ་རྒྱན་ཉི་མ་ལགས།
ཨ་ཀོང་བའི་ཆེད་དུ་སྐུ་མདུན་ལ་བསྔོ་རྟེན་ཕུལ་ཡོད་དམ།
ཨོ་ཉི་ལ་ད་ལམ་ཆགས་སྒོ་ཆེན་པོ་བྱུང་བ་རེད་གཅིག་བྱས་ན་ཁོང་ལ་རྐྱེན་ངན་ལམ་སློང་འབྱུང་མི་སྲིད་པ་ཞིག་ཀྱང་མ་རེད། གང་ལྟར་ཨོ་ཉི་ཁོང་ཨ་ཀོང་སར་སླེབས་ནས་རྒྱུ་བཤད་དཔུང་ངོམས་ཀྱིས་ཆོས་ལུགས་ཆོས་རྒྱུད་གཞན་པ་ཚོར་ཐལ་ཆེ་བའི་སྐད་ཆ་མང་པོ་བཤད་ཡོད། དེ་ཚོའི་ནག་ཉེས་དེ་ཨ་ཀོང་ལ་འགེལ་འདོད་མེད་དེ་ཚོའི་ལེ་ལན་ཨ་ཀོང་ལ་ཡོང་དོན་མེད། ཨ་ཀོང་ལ་ཞུ་དགོས་པ་གང་ཡང་མེད། རྒྱས་མངའ་ཡང་མེད།
ས་སྒོ་བསམ་གཏན་སྒྲོལ་མ་ལགས། དེ་འདྲ་ལ་ཇུས་དོགས་དགོས་ཡ་ཡོད་མ་རེད། ཨ་ཀོང་འདསམཆོད་ལ་རྒྱལ་ཕྱི་ནང་འཛམ་གླིང་གོ་ཧྲིལ་བོ་འདས་མཆོད་ཚོགས་བསགས་ཀྱིས་འགུལ་ཤིག་ཤིག་གནང་སོང་། ངོ་མ་བཤད་ན་རྡ་ས་གཅིག་པུ་རེད། ཨ་ཀོང་རིན་པོ་ཆེ་འདས་ཟིན་ཀྱང་། ཨ་ཀོང་སོང་གི་ལྷག་ཅིག་མཁས་གྲུབ་གཉིས་ལྡན་སྤྲུལ་སྐུ་ཨོ་རྒྱན་ཉི་མ་རྒྱལ་ཚབ་ལ་བཞུགས་ཡོད་པས་གངས་ཅན་བོད་ལ་ཕན་བདེ་ཁྱད་འཕགས་སྔར་ལས་གནང་བསྐྲུན་འགྱུར་བ་ལ་ཐེ་ཚོམ་མི་འདུག
ཨ་ཕྱི་ཆོས་སྒྲོན་ལགས།།
ཨ་ཀོང་ཁྱི་དང་། ཨོ་ཉི་སེངྒེ་རེད་པས།
དཔེ་དོན་དེ་འདྲ་སྦྱར་་ན་ཡག་པོ་རང་ཨེ་ཡོད་དམ། ལགས།
སྤྱིར་བཏང་ནས་བསད་པའི་བོད་མི་ཞིག་ལ་མཚོན་ནས་བཤད་ན། རྗེས་རབས་པ་ཚོས། ཆོས་ཕྱོགས་ནས་འདས་མཆོད་སྒྲུབ་པར་ཆེད་དུ་བླ་མ་ལ་བསྔོ་རྟེན་ཕུལ་རྒྱུ་དང་དགོན་སྡེ་ཁག་ལ་མཆོད་འབུལ་བྱེད་རྒྱུ་དང་། ཤི་བོའི་ཆེད་སྨོན་ལམ་བརྒྱག་ཡ་དེ་རེད། འཇིག་རྟེན་གྱི་སྟེང་ནས་བཤད་ན་བསོད་མཁན་རྩད་གཅོད་དང་ཁྲིམས་ལ་སྤྱར་བ་སོགས་བྱ་རྒྱུ་དེ་རེད། དེ་ནི་དགའ་མ་་དགའ་བའི་སྐད་ཆ་གང་ཡང་མ་རེད། སྤྱི་བཏང་གི་དྲན་གསོ་དང་སྐུལ་འདེད་ཙམ་རེད།
རྩོམ་འཆལ་རེ་བྲིས་དེ་དོན་མེད་རྙོག་གྲ་སློང་བ་ནི་དགོས་ཀྱི་དོན་དག་་ཅིག་དང་ཤི་བོའི་རེ་བ་ཡིན་མི་སྲིད། འཇོན་འཇོག་མགོ་བདེ་དང་གཡོ་འཁྲམ་ཆབ་སྲིད་པའི་བྱེད་ལས་ཅིག་རེད་བསམ་ཡོད།
ཏུང་ཧྲན་ཧྲི་ལེན་ཧྭག་ཟམ་ཆེན་ཁ་ནས་གང་མགྱོགས་བྲིས།
རྩོམ་འདི་ངས་ངོ་དེབ་ནས་མཐོང་སོང་།
བྱ་བྱེད་སྐོར་ཅུང་བསྐྱར་བཟོ་བྱེད་དགོས་པ་མིན་ནམ་སྙམ་སོང་། ངའི་བསམ་ཚུལ་ཡིན།
ཁྱེད་ཅག་དྲ་འབུ་མཆུ་ནག ཁ་ནག་དེ་ཚོ་བཤད་རྒྱུ་མང་ཆེ། ཧཧཧཧཧ
རྒྱ་གུང་ཁྲན་དྲིན་ཅན་ཕ་མ་རེད། དངུལ་ད་ཡང་ཆར་པ་འབབ་འབབ་རེད། དངུས་བྱུང་ན་ཚང་མ་འགྲིག་ག།
ཁ་སང་(ཨ་དཀོན་བླ་མའི་འོད་སྣང་དང་རྡ་སའི་གླིང་གི་མུན་ནག)ཟེར་བ་ཞིག་བྲིས་ནས་བོད་རྡོག་རྩ་ཆིག་སྒྲིལ་གྱི་གོང་བུ་གཏོར་དགོ་བསམ་ཡང་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པར་བརྟེན་རྒྱ་གཞུང་ལ་དགོས་པའི་ཞབས་ཞུ་དེ་ཞུ་མ་ཐུབ་པ་རེད། དེ་རིང་སླར་ཡང་མིང་རྫུན་མ་ཞིག་བེད་སྤྱད་ནས་རྩོམ་ཡིག་ཞིག་སྤེལ་ཁུལ་བྱས་མོད་ཁ་སྔོན་ནང་བཞིན་ཆགས་རྒྱུ་ལས་ལམ་ཁ་གཞན་མེད། སྔ་གཞུག་གི་རྩོམ་འཆལ་སྤེལ་མཁན་གཉི་ག་ཨོ་ཉི་མ་གཏོགས་འགྲོ་ས་མེད་པ་དེ་རེད། གང་ལྟར་ང་ཚོས་ཨ་ཀོང་རིན་པོ་ཆེ་ལ་རྗེས་སུ་ཡི་རངས་བྱེད་བཞིན་ཡོད་མོད། ཨོ་ཉི་ཞེན་ཁོག་གི་གདོན་གྱིས་སྨྱོས་ཏེ་ཨ་ཀོང་རིན་པོ་ཆེ་སློབ་དཔོན་པདྨ་འབྱུང་གནས་ལས་ཀྱང་གོང་དུ་ལྟོས་ནའང་། ང་ཚོ་ཚང་མས་དེ་ལྟར་དུ་ལྟ་དགོས་ཟེར་ན་དེ་ནི་གནས་ལུགས་ལས་བརྒལ་བས་ཁས་ལེན་ཐབས་བྲལ།
སྦྱིན་པའི་ནང་ན་ཆོས་སྦྱིན་རྣམ་དག་དང་།། ཞེས་གསུང་བ་ལྟར་ཨ་ཀོང་རིན་པོ་ཆེ་བོད་ས་ཆ་ཁག་ཉུང་ཤས་ཞིག་ལ་ཟང་ཟིང་གི་སྦྱིན་པ་ཙམ་གནང་ཞིག་ཡིན་པར་བརྟེན་གནས་བབས་དེ་ལས་བརྒལ་ནས་ང་ཚོ་ལ་ཆོས་ཀྱི་སྦྱིན་པ་གནང་མཁན་རྩ་བའི་བླ་མ་ནང་བཞིན་ལྟ་དགོས་ཟེར་ན་དེ་ནི་མི་འགྲིག།
ང་ནི་ཨ་ཀོན་རིན་པོ་ཆེ་ཟེར་བ་ད་ཐེངས་ལས་གོ་མ་མྱོང་། རྒྱ་ནག་ཁྲུན་དུའུ་ནས་ཨ་ཀོན་རིན་པོ་ཆེ་དམར་གསོད་བཏང་འདུག་ཟེར་བའི་གནས་ཚུལ་ཐོས་སྐབས་རྗེས་ནས་ཨ་ཀོན་རིན་པོ་ཆེ་ཟེར་བ་སུ་ཡིན་མིན་གསར་འགྱུར་ཁག་ཀློག་པ་ཡིན། ཁོང་དམར་གསོད་བཏང་བ་ལ་བཤད་ཚུལ་འདྲ་མིན་མང་པོ་ཞིག་འདུག། བཤད་ཚུལ་ཁག་ཅིག་ལ་ལྟོས་ན་ཁོང་ལ་ཡང་སྐྱོན་ཏོག་ཙམ་ཡོད་ས་རེད་བསམ་བསམ་ཡང་འདུག། གང་ལྟར་ཁོང་གིས་བོད་ནང་ལོག་ལ་རོགས་སྐྱོར་མང་པོ་གནང་ཡོད་པ་ཧ་གོ་ནས་རྗེས་སུ་ཡི་རངས་བྱས་པ་ཡིན། བོད་ནང་ནས་རྗེས་དྲན་ཚོགས་འདུ་འཚོགས་པ་ཡང་དོན་ངེས་རེད་དངོས་ནས་ཡག་པོ་རེད། འོན་ཀྱང་དགོན་སྡེ་ཁག་ཁ་ཤས་དང་ཡུལ་ལུང་ཁག་ཁ་ཤས་ཡིན་པ་དངོས་ཡོད་གནས་ཚུལ་རེད། དྲ་གྲོགས་ཁ་ཤས་ཀྱིས་བོད་ས་ཡོངས་རྫོགས་ཡིན་པ་འདྲ་བོ་བཤད་འདུག་པ་ནི་རྫུན་པ་རང་རེད། ང་ཚོ་འདི་ནས་ཁོང་ལ་རྗེས་དྲན་བྱ་དགོས་པ་ལས་ཁོང་ཚོས་རྗེས་དྲན་བྱས་སོང་ཁོང་ཚོ་བྱས་མ་སོང་ཟེར་ནས་རྩོད་པ་བྱེད་པ་ནི་ཅོལ་ཆུང་ནང་ནས་ཀྱང་བྱབ་ཆུང་རང་རེད། ལྷག་པར་དུ་རྡ་རམ་ས་ལ་ནས་ཚོགས་པ་ཁག་དང་གཞུང་གིས་བྱས་མ་སོང་ག་གེ་མོ་ཅིག་ལ་བྱས་སོང་ཟེར་བ་ཀླད་ཆུང་གི་བསམ་ཚུལ་ཞིག་རེད། བསམ་ཚུལ་དེ་འདྲ་གནང་ན་ཧ་ཅང་ཐལ་དྲགས་པ་རེད། དེ་འདྲ་ཡིན་ན་ང་ཕོད་དང་པན་ཆེན་རྫུན་མ་སོགས་མང་པོ་མང་པོ་ཞིག་ལ་ཡང་རྗེས་དྲན་བྱེད་དགོ་ཁེལ་གྱི་རེད། སོང་ཙང་ཧ་ཅང་ཐལ་དྲགས་པ་རེད་ཟེར་བ་ཡིན།
མདོར་ན་ང་ཚོ་དངོས་ཤུགས་བརྒྱུད་གསུམ་ནས་གཟབ་གཟབ་གནང་དགོས་པ་ཞིག་ལ། ཨོ་རྒྱན་ཉི་མ་འམ་ཨོ་རྒྱན་སྤྲུལ་སྐུ་ཟེར་བ་འདི་ག་དུས་ཡིན་ཡང་༧གོང་ས་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་སྐུར་འདེབས་སྒྲོ་འདོགས་བྱེད་མཁན་དང་། རང་རེའི་བོད་གཞུང་འདི་ལ་ཁ་གཏོང་མཁན་དང་། སྡིག་པ་མིག་བཙུམ་བྱེད་མཁན། རྒྱ་གུང་བྲན་ཏང་ལ་སྐྱོན་བརྗོད་ཀྱི་དགག་པ་ཡི་གེ་སྣ་གཅིག་མི་འབྲི་མཁན་ཞིག་ཡིན་པ་ཤེས་དགོས་རྒྱུ་དེ་རེད།
རྟེན་འབྱུང་ལགས། སྙིང་མ་ན། ཨ་དཀོན་རིན་པོ་ཆེས་ག་རུ་གནང་ཡོད་མེད་དེ། འཛམ་གླིང་གི་དྲ་རྒྱ་ཁག་ལ་ལྟོས་དང་ཤེས་ངེས་རེད།
སློབ་དཔོན་ཆེན་པོ་དང་ཨ་དཀོན་གཅིག་པ་ཡིན་པར་ཁས་ལེན་མེད་ཀྱང་། གོང་དུ་བཀུར་རུང་བ་ཞིག་ཡིན་པ་ལ་ཡིད་ཆེས་རྙེད་སོང་།
ཨོ་རྒྱན་ཉི་མ་དང་སྤྲུལ་སྐུ་དབང་ཆེན་ཟེར་བ་གཉིས་གང་ཟག་གཅིག་ཡིན་ནམ། ངས་ནི་ཁོ་གཉིས་གང་ཟག་ཐ་དད་ཅིག་ཏུ་བསམ་བསྡད་ཡོད།
ཕཔ་པར་སྨྲ་བ་དཀོན་པ་སྟེ།
དེ་དག་པས་ཀྱང་ཉན་པ་དཀོན།
དབང་ཆེན་ཨ་རིའི་ཡུལ་དུ་ཡོད། །ཨོ་རྒྱན་ང་ནི་དབྱིན་ཡུལ་ཡོད། །དེ་གཉིས་གང་ཟག་གཅིག་ཡིན་ན། །ཆོས་ཀུན་གཅིག་ཉིད་ཐལ་བར་འགྱུར། །
དིང་རབས་ཚན་འཕྲུལ་རིག་རྩལ་ཀྱིས།
གོ་ལ་ཧྲིལ་པོ་གཅིག་བསྡུད་ངང་།
ཨ་རི་དབྱིན་ཡུལ་གཉིས་མེད་ཕྱིར།
དབང་ཆེན་ཨོ་རྒྱན་གཅིག་ཏུ་སྲིད།
གང་ལྟར་ཨ་ཀོང་བླ་མ་བཀྲོངས་བ་དེར་རྒྱུ་མཚན་ཁ་ཤས་ཞིག་གོ་མྱོང། མ་གཞི་ནས་རྒྱུ་མཚན་གཙོ་བོ་ཞིག་ནི་བླ་མ་ཐུབ་བསྟན་ཉི་མ་ཟེར་བ་ཨ་ཀོང་བླ་མའི་ཆོས་ཚོགས་བསམ་ཡས་གླིང་ལ་སྐུ་འདྲ་བཞེངས་ཕྱིར་སླེབས་ནས་ཕྱིར་ལོག་པ་ཞིག་དང་སྐབས་དེར་ཨ་ཀོང་བླ་མས་ཕལ་ཆེར་སྐུ་བཞེངས་གླ་རྒྱ་ནོམ་པ་ཞིག་མ་གནང་བའི་རྒྱུ་མཚན་མིན་ནམ་བསམ། གཞན་ཡང་ཨ་ཀོང་བླ་མས་དྲུང་པ་རིན་པོ་ཆེ་མཐའ་ཕུད་བཏང་བའམ་དྲུང་པའི་ཆོས་ཚོགས་དེ་ཨ་ཀོང་བླ་མས་བདག་ཏུ་བཟུང་བར་བླ་མ་ཤེས་རབ་སོགས་ཀྱིས་སྐྱོན་བརྗོད་བྱས་མྱོང། མ་གཞི་ནས་བསམ་ཡས་གླིང་དེར་གྲིར་ཤི་ཞིག་དར་མྱོངས་ཡོད། ཐོག་མར་བསམ་ཡས་དགོན་གྱི་མཁན་པོ་ལྷ་ལུང་དཔལ་རྡོར་གྱིས་བོད་བཙན་པོ་གླང་དར་བཀྲོངས་བ་སོགས་ལ་བརྟེན་ནས་་་་་བླ་མ་ཤེས་རབ་ཟེར་བ་དེའང་བསམ་ཡས་གླིང་དུ་རང་ཤི་རྒྱབ་རབས་གོ་མྱོང། སྤྲུལ་སྐུ་ཨོ་ཉི་ལས་སོགས་ཀྱིས་གནས་ཚུལ་གསལ་པོ་ཞིག་བཤད་མ་སོང།