བོད་སྐོར་གྱི་བརྙན་ཐུང་ཞིག Posted on 2013-11-012013-11-01 By ཁ་བརྡ་ 5 Comments on བོད་སྐོར་གྱི་བརྙན་ཐུང་ཞིག གློག་བརྙན་།
རྒྱ་ཇག་ཚོའི་བྱེད་སྟངས་དེ་ཇི་འདྲའི་འཇིགས་སུ་རུང་ཨང་། རྒྱ་ཇག་དང་མཉམ་གནས་ཇི་ལྟར་བྱེད་ཐུབ་བམ། རྒྱ་ཇག་གི་བརྙས་བཅོས་དེར་ལས་དབང་དུ་ཇི་ལྟར་སྒོམ་དགོས་སམ། ང་ཚོ་ལ་བདེན་པ་རི་རབ་འདྲ་ཡོད་ཀྱང་། ང་ཚོའི་བདེན་པ་ལ་རྒྱབ་སྣོན་ང་ཚོས་ཀྱང་མི་བྱེད་པ་འདི་ཅི་རེད། ཨ་ཁ་ཁ་་་་་
གཞིས་སྡོད་བོད་མིའི་རང་སྲོག་དོར་ནས་རང་བཙན་རྩོད། མི་རིགས་མཐུན་སྒྲིལ་ཆོལ་གསུམ་དཔུང་པ་མཉམ་དུ་གཤིབས། བྱིས་སྡོག་བོད་མིའི་གཞིས་བྱིས་རྩོད་ནས་ཕྱོགས་འཐེན་བྱེད། ཆོལ་གསུམ་བར་ལ་མཐུན་སྒྲིལ་གཏོར་བའི་འགད་མདེལ་འགྱེད། ཧ་ཧོ་ང་ཚོའི་བོད་མིའི་ལས་དབང་་་་་ཡ་ད་མི་ཧྲ་གི།
བོད་དགྲ་དགྲ་དམར་ཚང་གིས་ང་ཚོ་མགོ་ལ་མ་བཞག་པའི་སྡུག་ཞིག་གང་ན་ཡོད། ལས་འདི་ནས་ཐར་བའི་ཐར་ལམ་ཅི་ལྟར་འཚོལ། དེ་ནི་ལས་སླ་བོ་ཞིག་ཡིན། ང་ཚོས་དགྲ་པོ་ནི་དགྲ་པོ་རང་གི་ངོས་འཛིན་བྱས་ནས། བྱ་བ་འབིག་གཙགས་ཙམ་ལས་མ་བྱས་ན་ཡང་། དེ་ལ་ནུས་བ་ཡོད། ཨ་ཞིང་འདྲ་བོ། སྤུན་ཟླ་འདྲ་བོ། སྐྱབས་གནས་འདྲ་བོ། སྦྱིན་བདག་འདྲ་བོ། ཟེར་ནས། དོན་ལ་མ་གནས་བའི་རང་མགོ་གཅག་སྤྱད་ཀྱི་སྐད་ཆ་འདི་ཚོས། ཕར་ལ་སོ་འདེབས་བྱེད་པ་ལ་གནོད་པ་ཤིན་ཏུ་ཡོད་དོ། སྐད་ཆ་འདི་ཚོ་ནི་བོད་མིས་རང་གིས་རང་བཅུག་ནས་རིལ་བུ་བཟོས་བ་ལས་གཞན་མེད་དོ།
ཧི་མ་ལ་ཡའི་གངས་རིའི་མཐོ་ཚད་ནམ་མཁའི་གཟེངས་སུ་མཐོ། གཡང་གཟར་འཆག་རུམ་གྲང་ངར་བཟོད་བསྲན་བྱེད་པའི་དོ་ཟླ་བྲལ། རི་གཟར་རྦབ་ལས་རྒོད་པའི་དགྲ་བོའི་རྒོལ་བརྡུངས་འཇིགས་ཡེར་བ། གསར་འབྱོར་འདི་ཚོའི་ལས་དབང་གླེང་ན་སྐྱོ་བས་མཆིལ་མ་འཆོར། ཕྱི་རོལ་དགྲ་བོའི་འོག་ཏུ་འདུག་ཐབས་བྲལ་ནས་གཞན་ཡུལ་གྱར། བློ་གཏད་བཙན་བྱོལ་གཞུང་ལ་བཅོལ་ནས་ཡོང་བའི་གསར་འབྱོར་བ། ལེགས་པའི་གཟེངས་བསྟོད་ཕར་ཞོག་ངན་པའི་སྐྱོན་འཛུགས་མདའ་མོ་ཞིག། ཟམ་གདོང་ཁ་ཡི་བཞུ་མོ་བཀོང་དེ་གསར་འབྱོར་སྙིང་ལ་འཕང། གསར་འབྱོར་རྒྱ་གར་ཡོང་དོན་འཐོབ་དང་སྐྱིད་ཉལ་ཁོ་ན་ལས། གཞན་གྱི་དམིག་ཡུལ་གང་ཡང་མེད་རབ་སོག་སློབ་ནང་ལ་བཤད། གཞིས་བྱེས་འབྲེལ་ཐག་ཆད་དུས་སྡུག་སྐད་རི་རབ་འདར་བ་ཞིག། དེ་ནི་སྲིད་བློན་བླ་མས་སྲིད་དོན་བྱ་ཉེས་ཆེ་པོ་ཞིག།
རྒྱ་ཇག་ཚོའི་བྱེད་སྟངས་དེ་ཇི་འདྲའི་འཇིགས་སུ་རུང་ཨང་། རྒྱ་ཇག་དང་མཉམ་གནས་ཇི་ལྟར་བྱེད་ཐུབ་བམ། རྒྱ་ཇག་གི་བརྙས་བཅོས་དེར་ལས་དབང་དུ་ཇི་ལྟར་སྒོམ་དགོས་སམ།
ང་ཚོ་ལ་བདེན་པ་རི་རབ་འདྲ་ཡོད་ཀྱང་། ང་ཚོའི་བདེན་པ་ལ་རྒྱབ་སྣོན་ང་ཚོས་ཀྱང་མི་བྱེད་པ་འདི་ཅི་རེད། ཨ་ཁ་ཁ་་་་་
བླ་མ་མཁྱེན་ངའི་མི་རིགས་འདིས་སྡུག་འདི་འདྲ་ཞིག་མྱོང་དགོས་བྱུང་།
གཞིས་སྡོད་བོད་མིའི་རང་སྲོག་དོར་ནས་རང་བཙན་རྩོད། མི་རིགས་མཐུན་སྒྲིལ་ཆོལ་གསུམ་དཔུང་པ་མཉམ་དུ་གཤིབས།
བྱིས་སྡོག་བོད་མིའི་གཞིས་བྱིས་རྩོད་ནས་ཕྱོགས་འཐེན་བྱེད། ཆོལ་གསུམ་བར་ལ་མཐུན་སྒྲིལ་གཏོར་བའི་འགད་མདེལ་འགྱེད།
ཧ་ཧོ་ང་ཚོའི་བོད་མིའི་ལས་དབང་་་་་ཡ་ད་མི་ཧྲ་གི།
བོད་དགྲ་དགྲ་དམར་ཚང་གིས་ང་ཚོ་མགོ་ལ་མ་བཞག་པའི་སྡུག་ཞིག་གང་ན་ཡོད། ལས་འདི་ནས་ཐར་བའི་ཐར་ལམ་ཅི་ལྟར་འཚོལ། དེ་ནི་ལས་སླ་བོ་ཞིག་ཡིན། ང་ཚོས་དགྲ་པོ་ནི་དགྲ་པོ་རང་གི་ངོས་འཛིན་བྱས་ནས། བྱ་བ་འབིག་གཙགས་ཙམ་ལས་མ་བྱས་ན་ཡང་། དེ་ལ་ནུས་བ་ཡོད།
ཨ་ཞིང་འདྲ་བོ། སྤུན་ཟླ་འདྲ་བོ། སྐྱབས་གནས་འདྲ་བོ། སྦྱིན་བདག་འདྲ་བོ། ཟེར་ནས། དོན་ལ་མ་གནས་བའི་རང་མགོ་གཅག་སྤྱད་ཀྱི་སྐད་ཆ་འདི་ཚོས། ཕར་ལ་སོ་འདེབས་བྱེད་པ་ལ་གནོད་པ་ཤིན་ཏུ་ཡོད་དོ། སྐད་ཆ་འདི་ཚོ་ནི་བོད་མིས་རང་གིས་རང་བཅུག་ནས་རིལ་བུ་བཟོས་བ་ལས་གཞན་མེད་དོ།
ཧི་མ་ལ་ཡའི་གངས་རིའི་མཐོ་ཚད་ནམ་མཁའི་གཟེངས་སུ་མཐོ། གཡང་གཟར་འཆག་རུམ་གྲང་ངར་བཟོད་བསྲན་བྱེད་པའི་དོ་ཟླ་བྲལ།
རི་གཟར་རྦབ་ལས་རྒོད་པའི་དགྲ་བོའི་རྒོལ་བརྡུངས་འཇིགས་ཡེར་བ། གསར་འབྱོར་འདི་ཚོའི་ལས་དབང་གླེང་ན་སྐྱོ་བས་མཆིལ་མ་འཆོར།
ཕྱི་རོལ་དགྲ་བོའི་འོག་ཏུ་འདུག་ཐབས་བྲལ་ནས་གཞན་ཡུལ་གྱར། བློ་གཏད་བཙན་བྱོལ་གཞུང་ལ་བཅོལ་ནས་ཡོང་བའི་གསར་འབྱོར་བ།
ལེགས་པའི་གཟེངས་བསྟོད་ཕར་ཞོག་ངན་པའི་སྐྱོན་འཛུགས་མདའ་མོ་ཞིག། ཟམ་གདོང་ཁ་ཡི་བཞུ་མོ་བཀོང་དེ་གསར་འབྱོར་སྙིང་ལ་འཕང།
གསར་འབྱོར་རྒྱ་གར་ཡོང་དོན་འཐོབ་དང་སྐྱིད་ཉལ་ཁོ་ན་ལས། གཞན་གྱི་དམིག་ཡུལ་གང་ཡང་མེད་རབ་སོག་སློབ་ནང་ལ་བཤད།
གཞིས་བྱེས་འབྲེལ་ཐག་ཆད་དུས་སྡུག་སྐད་རི་རབ་འདར་བ་ཞིག། དེ་ནི་སྲིད་བློན་བླ་མས་སྲིད་དོན་བྱ་ཉེས་ཆེ་པོ་ཞིག།