བྱང་ཕྱོགས་བོད་སློབ་ཁག་དབར་རིག་གཞུང་འགྲན་སྡུར། Posted on 2013-11-022013-11-02 By ཁ་བརྡ་ 1 Comment on བྱང་ཕྱོགས་བོད་སློབ་ཁག་དབར་རིག་གཞུང་འགྲན་སྡུར། གནས་ཚུལ་མཁོ་འདོན་པཿ བསམ་གླིང་ཚེ་རིང་ལྷ་མོ། ༢༠༡༣ ཟླ་༡༠་ ཚེས་༢༥ དང་༢༦ ཉིན་གཉིས་རིང་འདི་ག་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབས་ཁོངས་སློབ་གྲྭ་ཁག་རིག་གཞུང་འཁྲབ་སྟོན་འགྲན་སྡུར་བྱས་པ་རེད། འདི་ག་བྱང་ཕྱོགས་སློབ་གྲྭའི་རིག་གཞུང་འགྲན་སྡུར་དེ་སྡེ་ར་རྡུན་ས་གནས་ཧར་པར་པུར་གཏན་སློབ་ནང་གཉེར་ཡོད་པ་དང་། འགྲན་སྡུར་དེར་འཛུལ་བཞུགས་བྱེད་མཁན་ཁྱོན་སློབ་གྲྭ་ཁག་ལྔ་བྱུང་ཡོད་པ་རེད། སློབ་གྲྭ་ཁག་ལྔ་ནི། མ་སུ་རི་གཏན་སློབ་དང་། སིམ་ལ་གཏན་སློབ། རྡོར་ལན་ཇི་གཏན་སློབ། ཌལ་ཧའོ་སི་གཏན་སློབ། ཧར་པར་པུར་གཏན་སློབ་བཅས་སློབ་གྲྭ་ཁག་ཡིན་པ་རེད། འགྲན་སྡུར་གྱི་རྣམ་གྲངས་ནི། སློབ་མ་རྒན་པའི་འཁྲབ་གཞས་དང་མཉམ་གཞས། ཟུང་གཞས། རྒྱ་གར་གྱི་མཉམ་གཞས། དེ་བཞིན། སློབ་མ་གཞོན་པའི་འཁྲབ་གཞས་དང་མཉམ་གཞས། ཟུང་གཞས། རྒྱ་གར་གྱི་མཉམ་གཞས། བཅས་དང་། སློབ་མ་རྒན་པའི་བོད་སྐད་དང་དབྱིན་སྐད་ཐོག་ནས་གཏམ་བཤད་། སྙན་ཚིག་སྐྱོར་འདོན། གཏམ་བརྗོད་བཅས་དང་། སློབ་མ་གཞོན་པའི་གྲོས་གླེང་། སྙན་ངག་སྐྱོར་འདོན་བཅས་བྱས་པ་རེད། ཐེངས་འདིའི་འགྲན་སྡུར་གྱི་རྣམ་གྲངས་འདྲ་མིན་ནང་། ཚན་རིག་དང་། སྤྱི་ཚོགས་རིག་གནས། ཨང་རྩིས་བཅས་ཀྱི་འགྲེམས་སྟོན་ཁག་ཀྱང་འགྲན་སྡུར་བྱས་པ་རེད། དེ་ཡང་དམིགས་གསལ་སློབ་མ་རྒན་པའི་ཨང་རིམ་དང་པོ་དེ་ཌལ་ཧའོ་སི་གཏན་སློབ་དང་། གཞོན་པའི་ཨང་རིམ་དང་པོ་རྡོར་ལན་ཇི་གཏན་སློབ་ལ་ཐོབ་པ་རེད་ལ། སྤྱི་ཡོངས་ཨང་ཀི་དང་པོ་ཌལ་ཧའོ་སི་གཏན་སློབ་དང་། གཉིས་པ་ཧར་པར་པུར་གཏན་སློབ། གསུམ་པ་མ་སུ་རི་གཏན་སློབ་བཅས་ལ་ཐོབ་པ་རེད། ད་རེས་ཀྱི་འགྲན་སྡུར་རྣམ་གྲངས་ཁྲོད་སློབ་གྲྭ་ཚང་མར་ཨང་རིམ་དང་པོ་དང་། གཉིས་པ་གསུམ་པ་སོགས་ཀྱི་ཨང་རིམ་ཐོབ་ཡོད་པས་དགེ་ལས་མང་ཆེ་བས་ད་རེས་ཀྱི་འགྲན་སྡུར་ཨང་ཐོབ་དྲང་པོ་དྲང་བཞག་བྱུང་ཡོད་པར་ཡིད་ཆེས་དང་འདོད་བློ་ཁེངས་པ་གནང་གི་འདུག ། གསར་འགྱུར།
རིག་གཞུང་འགྲན་བསྡུར་ཞེས་བཏགས་ན་འགྲིག་གི་མ་རེད།