ཨེ་ཝྃ་རིག་པ།
ན་མོ་གུ་རུ།
སྐྱབས་བསླུ་བ་མེད་པའི་མཆོག་གསུམ་གྱི་བྱིན་རླབས།།
གནས་འཁོར་བའི་འགྲོ་ལ་དུས་དྲུག་ཏུ་གཟིགས་ཡོད།།
ཕྱོགས་མུ་མཐའ་དབེན་པའི་ལྷ་ལམ་གྱི་དབྱིངས་ནས།།
སྐྱབས་ཀུན་འདུས་རྩ་བའི་བླ་མ་ཁྱེད་དྲན་བྱུང་།།
མཐོ་སྤྲིན་དཀར་བང་རིམ་སིལ་བུ་རུ་གཏོར་སྟེ།།
བྱ་རྒོད་པོའི་གནམ་འཕངས་བསྐྱོད་པ་དང་གཅིག་མཚུངས།།
དུས་ཐུང་ངུར་རྒྱལ་ཁམས་ཕྱི་ནང་དུ་བགྲོད་པའི།།
རྫས་ཚན་རྩལ་ལས་བཟོས་མཁའ་འཕྲུལ་འདི་ངོ་མཚར།།
སྒོམ་ཉམས་ལེན་དབེན་པའི་སོ་སྐྱེ་ཞིག་ཡིན་ན།།
མཐོ་ལྷ་ལམ་བགྲོད་ན་མཁའ་འཕྲུལ་ལ་རྟེན་དགོས།།
དོན་དེས་ཕྱིར་གྲྭ་རྐྱང་འཁྱམ་པོ་ངས་ཚོར་སྣང་།།
ནུབ་བདེ་ལྡན་ཞིང་གི་སྨོན་ལམ་དེ་དྲན་བྱུང་།།
༢༠༡༣ ༡༠ ༢༨ ཕྱིར་རང་ཡུལ་དུ་བགྲོད་པའི་དུས་སྐབས་སུ་སྟེང་ན་ནམ་མཁའ་གཡའ་དག་པས་ཞབས་ན་སྤྲིན་དཀར་རྣམས་གངས་རི་ལྟར་བརྩེགས་པའི་མཛེས་ལྗོངས་ལྟ་ན་སྡུག་པ་མཐོང་བའི་ཚེ་ན་མཁའ་འཕྲུལ་གྱི་ནང་དུ་སྐྱོད་བཞིན་པའི་ཨེ་ཝྃ་རིག་པ་སུ་འབོད་པ་གང་དེས་བྲིས་པའོ།།