གསང་གྲོལ་གྱིས་བསྒྱུར།
ཕྱི་ཟླ་༡༠ ཚེས་༡༥ ཉིན། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐུ་ཚབ་ཚོགས་པས་སྤེལ་ལྗམ་དང་ཡུ་རོབ་མཉམ་འབྲེལ་ལ་འཚམས་འདྲི་གནང་ཡོད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་ཀྲོའུ་ཝེ་ཆོན་གྱིས་ཚེས་༡༧ ཉིན་སྦར་སིལ་དུ་ཕྱི་ནང་གི་གསར་འགོད་པ་ཚོར་མཇལ་འཕྲད་སྐབས་བརྗོད་དོན། ཏཱ་ལའི་ཚད་མཐོའི་རང་སྐྱོང་ཟེར་བའི་དོན་དངོས་ནི་བོད་རང་བཙན་རག་འདོད་ཡིན་པ་དང་། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ས་ཁུལ་གྱི་ལམ་ལུགས་དང་རྦད་དེ་ཁ་གཏད་ཡིན་ལ། རྒྱ་ནག་རིགས་སོ་སོའི་མི་མང་གིས་བློ་ཐག་ཆོདཔའི་སྒོ་ནས་ངོ་རྒོལ་གནང་གི་ཡོད།
ཀྲོའོ་ཝེ་ཆོན་གྱིས་མུ་མཐུད་རོའོ་ཊར་གསར་ཁང་དང་ཡུ་རོབ་གསར་བ། ཡུ་རོབ་གསར་འགྱུར་ཁང་བཅས་ཀྱི་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་སུ་བཅའ་སྡོད་གསར་འགོད་པ་ཚོར་རྒྱ་ནག་གི་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་ཇུས་འགྲེལ་བརྗོད་བྱས་ཡོད་ལ། ཁོང་གིས་མི་རིགས་ས་ཁུལ་རང་སྐྱོང་ནི་རྒྱ་ནག་གི་རྩ་བའི་ཆབ་སྲིད་ལམ་ལུགས་ཞིག་ཡིན་ལ། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་གི་ཁྲིམས་སོགས་ཀྱིས་མི་རིགས་སོ་སོའི་ས་ཁུལ་རང་སྐྱོང་གིས་ལོངས་སུ་སྤྱོད་ཆོག་པའི་དབང་ཆ་གཏན་འབེབས་ཞིབ་ཚགས་གནང་སྟེ་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་མང་གི་ཐོབ་ཐང་ལ་ཁག་ཐེག་བྱས་ཡོད།
ཀྲོའུ་ཝེ་ཆོན་གྱིས་༼ཏཱ་ལའི་བཏོན་པའི་ཚད་མཐོའི་རང་སྐྱོང་ཟེར་བ་དང་རྒྱ་ནག་གི་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་དབར་ལ་འབྲེལ་བ་སྤུ་ཙམ་མེད་ལ། དེས་དམིགས་ཡུལ་ནི་(རང་སྐྱོང་)གི་མིང་རྟགས་བཀོལ་ཏེ་ཁ་བྲལ་རིང་ལུགས་ཀྱི་རེ་འདོད་མངོན་གྱུར་ཆེད་རེད། (ཚད་མཐོ)ཟེར་བ་དེར་མི་རིགས་ས་ཁུལ་རང་སྐྱོང་གི་ཁྲིམས་དང་འགལ་ཡོད་པའི་ཁ་བྲལ་རིང་ལུགས་ཀྱི་རྒྱུ་རྐྱེན་བཅུག་ཡོད་པས་ང་ཚོའི་གཏན་ནས་ངོས་ལེན་མི་ཐུབ་པ་རེད།
ཀྲུའུ་ཝེ་ཆོན་གྱིས་ནན་བརྗོད་བྱེད་དོན། ༼ཏཱ་ལའི་རུ་ཚོགས་ཀྱི་ཚད་མཐོ་རང་སྐྱོང་ཟེར་བའི་དོན་དངོས་ནི་བོད་རང་བཙན་ཆེད་གོམ་པ་གཉིས་རྒྱག་གི་ཡོད་ལ། དེ་ནི་སྔོན་ལ་རང་སྐྱོང་དང་རྗེས་ལ་རང་བཙན་བྱ་འདོད་ཡོད་པས། དེ་ལྟ་བུའི་རང་སྐྱོང་ནི་ང་ཚོའི་མི་རིགས་ས་ཁུལ་རང་སྐྱོང་གི་ཁྲིམས་དང་རྒྱལ་ཡོངས་མི་མང་གི་ཁེ་ཕན་དང་རྒྱབ་འགལ་ཆགས་ཡོད་པས་གཏན་ནས་འགྲོ་ས་མེད་པ་རེད།༽
འཚམས་འདྲིའི་སྐབས་སུ་ཀྲུའུ་ཝེ་ཆོན་གྱིས་ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཚན་པའི་རྒྱུན་ལས་ཚོགས་གཙོ་མཱ་ལོ་ཟི་དང་། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་མཐུད་སྐུ་ཚབ་ཚོགས་གཙོ་ལིས་ཧྥན་ཉིའུ། སྤེལ་ལྗམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཞོན་ཨ་ལེན་ནཱ་སོགས་ལ་འཇལ་འཕྲད་གནང་སྟེ་རྒྱ་ནག་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། བོད་ཡར་རྒྱས་ཀྱི་གནས་སྟངས། རྒྱ་ནག་སྲིད་གཞུང་གིས་བོད་ལ་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགྱུར་ཡོངས་ཁུངས http://www.chinaembassy-org.be/chn/zbjl/t1091132.htm
ད་ཡིན་ན་བོད་ཀྱི་དབུ་ལམ་པས་འགྲེལ་བཤད་ག་རེ་གནང་རྩིས་ཡོད་འགྲོ། ཆོལ་གསུམ་ཆིག་སྒྲིལ་གྱི་མིང་དོན་མཚུངས་བའི་རང་སྐྱོང་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མི་རིགས་ས་གནས་ཀྱི་བཅའ་ཁྲིམས་དང་ཡོངས་སུ་མཐུན་ཚུལ་སོགས་གསུངས་བཞིན་པ་དེར་འགྱུར་བ་ཞིག་གཏོང་རྒྱུ་ཡིན་ནམ། ཡང་ན་རང་འདོད་ཀྱིས་སྔ་ལྟར་འཛིན་རྒྱུ་དང་བཤད་རྒྱུ་ཡིན་ནམ།
རྒྱ་ནག་འགོ་ཁྲིད་ཚོས་འཁྱོག་བཤད་ནི་ནམ་རྒྱུན་གྱི་གཏམ་ཞིག་ལས་ཧ་ལས་དགོས་པ་ཞིག་མིན། འདི་ནི་དུས་རྒྱུན་དུ་ཁོང་ཚོས་བཤད་བཞིན་པའི་གཏམ་ཞིག་ལས་གསར་བ་ཞིག་མིན། དམར་ཤོག་པས་བོད་ལ་རང་སྲིད་རང་སྐྱོང་གི་མིང་ཙམ་ཞིག་བཏགས་ཡོད་མོད། དོན་ལ་ལག་ལེན་དུ་ཅི་ཡང་བསྟར་མེད་པ་ཚང་མས་ཤེས་གསལ་རེད། །
རྒྱ་ནག་གིས་རྟག་པར་ཏྰ་ལའི་རུ་ཚོགས་ཞེས་སྐྱོན་བརྗོད་དང་འཁྱོག་བཤད་བྱས་ཤིང་བྱེད་བཞིན་ཡོད། དེ་ལ་ནམ་ཡང་འགྱུར་བའང་འགྲོ་གི་མ་རེད་བསམས། ཚད་མཐོའི་རང་སྐྱོང་དེ་ནམ་ཞིག་ལ་ཐོབ་རྒྱུ་ཡིན་ནམ།
རྒྱ་ནག་གི་མིས། བློ་ཐག་ཆོད་པས་ངོ་རྒོལ་བྱས་བས་མ་ཚད། ང་ཚོ་བོད་རིགས་རྣམས་གསོད་བསམ་དུས་སད། འཛིན་བསམ་དུས་བཟུང་ནས་འགྲོ་བཞིན་པ། ང་ཚོས་ཤེས་ཡོད།
ང་ཚོའི་རུ་ཚོགས་ཀྱི་དམིགས་ཡུལ་ཤེས་ཡོད་ན་བཟང་། དེ་ཤེས་དགོས་ནི་རེད།
ཁྱེད་ཚོའི་བཙན་གནོན་དང་། ང་ཚོའི་སྙིང་སྟོབས་གཉིས་དོ་མཉམ་གྲབས་ཡོད་པ་དེ་ཡང་ཤེས་ཡོད་རྒྱུ་རེད། ཉིན་ཞིག་དགྲ་ནག་ཚང་གི་མ་འོངས་སྙིང་སྟོབས་ཀྱིས་ཁ་ལོག་བསྒྱུར་རྒྱུ་ཡིན་པ་ཡང་ཤེས་ཡོད་རྒྱུ་རེད།
ད་ལྟ་སྔོན་མ་དང་མི་འདྲ། སྔོན་མར་ང་ཚོའི་དབའ་བོ་གཅིག་བཏུལ་བ་ལ་དགྲ་བོས་མི་ལོ་མང་པོ་བཏང་ཡོད། དེ་ཚོ་ཡང་ཤེས་ན་བཟང་། ཀྲོའུ་ཝེ་ཆོན་དང་དེའི་རྗེས་འབྲང་རྒྱུ་ཁྱི་ཚོས་སྐྱིད་པོ་ཤོད་ཨ།
ད་འབྲེལ་མོལ་གནང་མཁན་ཚོས་ཀྲོའུ་ཝེ་ཆོན་གྱི་གཏམ་བཤད་༼ཏཱ་ལའི་བཏོན་པའི་ཚད་མཐོའི་རང་སྐྱོང་ཟེར་བ་དང་རྒྱ་ནག་གི་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་དབར་ལ་འབྲེལ་བ་སྤུ་ཙམ་མེད་ལ། དེས་དམིགས་ཡུལ་ནི་(རང་སྐྱོང་)གི་མིང་རྟགས་བཀོལ་ཏེ་ཁ་བྲལ་རིང་ལུགས་ཀྱི་རེ་འདོད་མངོན་གྱུར་ཆེད་རེད། (ཚད་མཐོ)ཟེར་བ་དེར་མི་རིགས་ས་ཁུལ་རང་སྐྱོང་གི་ཁྲིམས་དང་འགལ་ཡོད་པའི་ཁ་བྲལ་རིང་ལུགས་ཀྱི་རྒྱུ་རྐྱེན་བཅུག་ཡོད་པས་ང་ཚོའི་གཏན་ནས་ངོས་ལེན་མི་ཐུབ་པ་རེད།༽འདི་ལ་འགྲེལ་བརྗོད་ཇི་ལྟར་བྱ་རྒྱུ་ཡིན་ནམ། ཁོས་བཤད་པའི་སྐད་ཆ་དེ་ནམ་རྒྱུན་ལྟར་འཁྱོག་བརྗོདརེད་ཅེས་བཤད་ན་འབྲེལ་མོལ་ནམ་ཡང་ཡོང་རྒྱུ་མེད། ཁོས་བཤད་པ་དེ་ཁས་བླང་ན་རྐང་རྗེས་ལག་བསུབ་ཏུ་འགྲོ་བས་དེའང་གཏན་ནས་ཡོང་མི་སྲིད།
ཚད་མཐོའི་རང་སྐྱོང་མ་རགས་ཀྱང་འགྲིག ཚད་དམའ་བའི་རང་སྐྱོང་རྩོད་རྒྱུ་རེད། དེ་ཡང་མ་གནང་ན་རྒྱ་ནག་ལ་སྐྱབས་འཚོལ་རྒྱུའི་གོ་སྐབས་རྩོད་རྒྱུ་རེད། རྩོད་གཞི་གསུམ་ལས་གང་རུང་ལ་འཐོབ་ངེས་རེད། ཐོབ་པའི་མིང་ཙམ་ཡོད་ན་དེས་ཆོག་པ་རེད།
འདི་ལོ་ཤས་གོང་གི་གནས་ཚུལ་ཞིག་མ་རེད་པས། ལོ་དུས་ཀྱང་བྲིས་མི་འདུག
དེ་ག་དུས་ཡིན་ལ་མ་ལྟོས་བར་བོད་མི་རྣམས་ཀྱིས་ནམ་རྒྱུན་དྲན་དགོས་ཤིང་། ཤེས་དགོས་བའི་གནད་དོན་ཞིག་རེད། རྒྱུ་མཚན་ནི། རྩོད་བཞིན་པའི་གནད་དོན་ལ་ད་དུང་ཡང་འགྱུར་བ་ཅི་ཡང་ཕྱིན་མེད་པས་རེད།
རྒྱ་དམར་རྩ་ཁྲིམས་འོག་ལ་འགྲོ་གི་ཡིན་ལབ་ཚར་རྗེས། ཁྲིམས་ལ་མཐུན་ནམ་མི་མཐུན་དེ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཐག་གཅོད་དགོས་ཀྱི་ཡོད་པ་རེད་ལ། ཚོགས་པ་དེའང་དམར་ཤོག་གཞུང་གི་སྟངས་འཛིན་འོག་ཡོད་པས། མདོར་དེད་ན་རྒྱ་དམར་གཞུང་གིས་འགྲེལ་བཤད་ཇི་ལྟར་རྒྱག་ཆོག་ཆོག་རེད། ད་རྩོད་ཡ་གཅིག་ལྷག་ཡོད་པ་ནི་རྒྱལ་བ་རིན་པོ་ཆེ་ཡི་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་སླར་གསོ་བྱེད་རྒྱུ་དེ་རེད་ལ། དེ་ལྟར་པཎ་ཆེན་རིན་པོ་ཆེ་ནང་བཞིན་ལོ་ཁ་ཤས་ཕྱག་ལས་གནང་ཐུབ་ཀི་རེད། ཡིན་ནའང་། བོད་ནང་ཡར་ལངས་མཚམས་ཆད་མི་ཐུབ་པར་སྣང་། གནས་སྟངས་སྡུག་ནས་སྡུག་ཏུ་འགྲོ་བཞིན་པས་རེད།
རྒྱ་ནག་སྲིད་གཞུང་གིས་གོ་མི་འདོད་པ་དང་ལན་སྤྲོད་མི་འདོདཔ་སྟེ། རང་བཙན་ཟེར་ན་རེད་་་་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་འདི་གཉིས་རེད། རྒྱ་ནག་སྲིད་གཞུང་ནས་༧གོང་ས་མཆོག་ལ་གོ་གནས་ཤིག་འཕུལ་ཏེ་བོད་དོན་དེ་འཇགས་སོང་ན་བསམ་པ་ཡོད་ཤས་ཆེ། གལ་ཏེ་༧གོང་ས་མཆོག་ལ་གོ་གནས་ཤིག་འཕུལ་ཏེ་ཕྱིར་ཕེབས་རོགས་ཞུས་ཀྱང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོངས་དེ་མ་རེག་པར་རྩ་ནས་ཕེབས་མི་སྲིད། རྒྱ་ནག་སྲིད་གཞུང་གི་དཔོན་རིགས་ཚོར་ངོ་མས་རྣམ་དཔྱོད་ལྡན་པ་དང་། རྒྱ་ནག་རྩ་ཁྲིམས་འོག་གི་བོད་དང་བཅས་ཏེ་གྲངས་ཉུང་མི་རིགས་དག་ལ་ཅུང་གུ་ཡངས་སུ་བཏང་སྟེ། རྒྱ་མི་རིགས་དང་མཚུངས་པའི་ལྟ་ཚུལ་གཅིག་བྱས་པ་ཡིན་ན་ཕན་ཐོགས་ཏན་ཏན་ཡོད་ནི་རེད་ལ། ད་ལྟའི་བོད་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ལ་འགྲོ་སོང་ཚད་མེད་གཏོང་སྟེ་དམག་མི་འབོར་ཆེན་འཇོག་དགོས་དོན་ཡང་ཆེན་པོ་རང་ཨེ་ཡོད་ན་དྲན།
༄༄། ཀྱེ་མ་ཀྱེ་ཧོད། བོད་རེ་བ་དང་ རྒྱ་དྭོགས་པ་འདི་གཉིས་བར་ བོད་འདི་ལང་ཕྱོགས་དང་མི་རིགས་ལོ་རྒྱུས་བཅས་པ་ནམ་མཁའི་པདྨོ་དང་ རི་བོང་གི་རྭ་དང རུ་སྦལ་གྱི་སྤུ་བཞིན་གཉིས་སུ་མེད་པའི་སེང་གེར་འགྱུར་ཉེན་ཆེ་།