བོད་ཀྱི་རྒྱལ་གླུ་ཡོད་པའི་བརྙན་དཔར་དེ་རྒྱ་ནག་གཞུང་གཉེར་གྱི་དྲྭ་གནས་http://www.vtibet.com/tb/download/. ཀྱི་ APP ཨེཔ་ཕབ་ལེན་ལ་ཕེབས་ནས་བརྙེད་ཐུབ། ཨེཔ་ APP གསར་པ་དེ་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་འགོ་འབྱེད་བྱས་ཡོད་པ་དེའི་སྐབས་དཔར་མིང་ཤའོ་ལིང་གི་ལྷན་དུ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྟ་ཞིབ་དང་སྦྲགས་ཆོག་མཆན་སྤྲད་པ་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཐོག་བརྒྱུད་བསྒྲགས་བྱས་ཡོད་པ་རེད།
གནས་ཚུལ་རྒྱས་པ་དྲ་བྱང་ http://www.voatibetan.com/content/chinas-state-media-in-tibet-plays-the-banned-tibetan-national-anthem-/1784729.html འདི་ནས་གཟིགས་གནང་རོགས།
འདི་ལ་ག་རེ་ཡ་མཚན་རྒྱུ་ཡོད་རེད་་་་་་འགོད་ནོར་ཐེབས་ཡིན་རྒྱུ་རེད། རི་བོ་ལྐྱལ་བྲོས་རང་རེད
རྒྱ་ནག་གཞུང་འབྲེལ་དྲ་ཐོག་ཏུ་བོད་ཀྱི་རྒྱལ་གླུ་བཞག་ཡོད་པ་དེ་ལ་ཕྱོགས་གཉིས་ནས་དཔྱད་ཞིབ་བྱེད་དགོས།
གཅིག རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ལ་གདེང་འཇོག་དང་ཞིབ་འཇུག་ཅི་ཙམ་བྱས་ཡོད་པ་མཚོན་ཐུབ། འདི་ང་ཚོར་མཚོན་ན་ཕམ་ཁ་ཞིག་ལས་རྒྱལ་ཁ་ཞིག་མ་རེད། བོད་གཞི་བྱེས་གཉིས་ཀྱིས། མི་ལོ་བཅུ་ཕྲག་ལྔ་ལྷག་གི་རིང་བོད་རང་དབང་རང་བཙན་བརྩད་དང་རྩོད་བཞིན་ཡོད་མོད། རྒྱ་ནག་སྲིད་གཞུང་གིས་ད་དུང་བོད་ཀྱི་རྒྱལ་གླུ་ཡང་ཤེས་ཀྱིན་མེད་པ་རེད། འདིས་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་གནད་དོན་གལ་ཆུང་དང་སྣང་མེད་བྱས་པ་མཚོན་གྱིན་ཡོད།
གཉིས། ཡོད་ཚད་རྟེན་འབྱུང་དང་ལྟོས་གྲུབ་ལ་བསམ་ན། ད་ལྟའི་གནས་སྟངས་འདི་འདྲའི་སྐབས་སུ་རྒྱ་ནག་སྲིད་གཞུང་གི་གཞུང་འབྲེལ་ཁྱབ་བསྒྲགས་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་སང་སང་བླངས་པ་དེ་མི་འགྱངས་བར་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་ཀྱི་རྒྱལ་གླུ་ལེན་རྒྱུའི་གོ་སྐབས་ཡོད་པའི་སྔོན་བརྡ་ཡིན་སྲིད།
ཡིན་ན་ཡང་ཕྱི་ཕྱོགས་ནས་འདིའི་སྐོར་འཕྲལ་དུ་ཁྱབ་བསྒྲགས་བྱས་པས། བོད་ལྗོངས་འཕྲིན་དྲའི་ཁ་པར་པར་གཞིའི་ཁྱབ་བསྒྲགས་འདི་འཕྲལ་དུ་ནག་གསུབ་གཏོང་རྒྱུའི་ཆ་རྐྱེན་བསྐྲུན་པ་རེད། གལ་ཏེ་ཕྱི་ཕྱོགས་ནས་ཉིན་ཤས་རིང་འདིའི་སྐོར་མ་མཐོང་ཁུལ་བྱས་པ་ཡིན་ན། འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྲིད་མོད། གང་ལྟར་མགོ་འབུས་པ་དང་བཅོམ་པ་དུས་མཉམ་དུ་བྱས་སོང་།
རྟེན་འབྲེལ་བཟང་ དེའང་བྱིས་པ་དེ་ཚོའི་དུས་ལ་བོད་དུ་བོད་པའི་རྒྱལ་གླུ་གཏོང་རྒྱུ་ཡོང་བའི་རྟེན་འབྲེལ་བཟང།།།།།།།།།།།
འུར་མ་རྒྱབ། གང་འགྱོམས་མཐོང་ལམ་དུ་མེད་པར་འགྱུར་རྒྱུ་རེད། ཀླད་མེད་འདི་ཚོ།
ངས་ལྟས་ན་འདི་ནི་བོད་ཡིག་གི་དྲྭ་ཚིག་ཅིག་ཡིན་དུས། འདིས་ནང་ལ་ལས་ཀ་བྱེད་མཁན་མང་ཆེ་བ་བོད་པ་ཡིན་ངེས་པས། དེ་འདྲ་ཞིག་གིས་ཆེད་མངག་བྱས་པ་མིན་ནམ་སྙམ། གཞན་རྒྱ་གཞུང་གིས་བོད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས་བོད་ཀྱི་རྒྱལ་གླུ་མ་ཤེས་པ་ཞེས་པ་ཞིག་ཡོང་མི་སྲིད་པ་རེད།
དྲོད་མ་ཡལ་གོང་ནས་དོན་མེད་སྐད་མང་པོ་བརྒྱབས་ཙང་ཉིན་ཁ་ཤས་ལས་གོ་རྒྱུ་མེད་པ་ཆགས་སོང་། ང་ཚོ་ཕྱི་ལོག་དུ་སྡོད་མཁན་ཚོ་དང་། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཕྱག་ལས་གནང་མཁན་ཚོས་གནས་ཚུལ་ཁ་ཤས་དྲི་བསྒྲགས་གནང་སྐབས་རྒྱབ་མདུན་ཚང་མར་ཐུགས་བསམ་བཞེས་དགོས་འདུག
འདི་ན་དྲ་ཐག་ཅིག་བཞག་པ་དེ་ནི་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་དྲ་ཐག་རེད་མ་གཏོགས་རྒྱ་ནག་གཞུང་འབྲེལ་ཞིག་ཅང་མ་རེད། དྲ་ཐག་ངོ་མ་འདིར་མི་འཇོག་དོན་ག་རེ་རེད།་ཡང་སྙིང་སུས་དཀྲོག་གཏམ་སྤེལ་གྱིན་ཡོད་པ་རེད། གཞུང་འབྲེལ་གྱི་དྲ་ཐག་གང་ན་འདུག དྲ་ཐག་འདིར་ཞོག་དང་། དཀྲོག་གཏམ་འདི་རིགས་སྤེལ་བ་དེ་ཧ་ཅང་གི་ཅོལ་ཆུང་གི་བྱེད་སྟངས་སུ་མཐོང་སོང་།
ཕྱི་སྡོད་ཀྱི་གསར་འགོད་ལ་མང་ཆེ་བ་ལྐུག་པ་ཡིན་པས་གནས་ཚུལ་ཞིག་གོ་བ་དང་མཉམ་དུ་བསྒྲོགས་རྐྱང་བྱེད་པས་དེ་ནང་འཇུག་བྱེད་མཁན་གྱི་ལས་བྱེད་ཚོ་མནར་གཅོད་བཏང་ངེས་རེད། མ་ཟད་མ་འོངས་བར་དྲ་རྒྱ་དམ་དུ་བཏང་ངེས་རེད། རྒྱ་ནག་གི་གཉེན་རྟོག་པའི་ལས་ཀ་ཨ་རླུང་ཁང་གིས་བསྒྲུབ་པ་ནི་ངུ་དགོས་བའི་གནད་དོན་ཞིག་རེད།
ངམ་ནམ་གཏིང་རིང་གི་སྲིད་ཇུས་དང་ཁ་ཡག་ཁོག་ནག་གི་གཡོ་སྒྱུ་སོགས་མདོར་ན་མགོ་བསྐོར་རང་བཞིན་ཁོ་ན་ལས་མེམས་པར་སེམས། ཡིད་རྟོན་མི་རུང་བོད་པ་ཚོ།
ཉེ་སྔོན་ཟླ་བ་ཁ་ཤས་གོང་ལ་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་རྗོད་མི་བྱེད་ཚུལ་གྱི་དཀྲོག་གཏམ་སྤེལ་སོང་། སྐབས་འདིར་བོད་ཀྱི་རྒྱལ་གླུ་བཞག་ཡོད་ཚུལ་གྱི་དཀྲོག་གཏམ་སྤེལ་འདུག དཀྲོག་གཏམ་འདི་ཚོ་སྤེལ་མཁན་སུ་ཡིན་རྩད་གཅོད་དགོས་པར་མངོན།་འདི་རྒྱ་དམར་གྱི་ཕྱོགས་ཀྱི་མགོ་སྐོར་འཐབ་ཇུས་ཤིག་ཡིན་པ་འདྲ་བོ་འདུག