བསྟན་འཛིན་བཀྲ་ཤིས།
བདག་ཨ་རིའི་མི་སེར་དུ་གྱུར་པའི་ཉིན་དེ་ནི་ནམ་ཡང་མི་བརྗེད། མི་ཚེ་བཙན་བྱོལ་བ་བྱས་ཏེ་ལོ་ངོ་ཉི་ཤུ་ལྷག་ཕྱིན་པའི་རྗེས་དེར་གཞི་ནས་རྒྱལ་ཁབ་གཅིག་གི་མི་སེར་དུ་གྱུར། ད་པཱ་སི་སེར་པོའི་སྡུག་བསྔལ་དང་མནར་གཅོད་ལས་ཐར་པ་མ་ཟད། འཛམ་གླིང་གི་ས་ཁྲའི་ཐོག་མཛུབ་མོ་བཙུགས་ནས་འདི་ངའི་རྒྱལ་ཁབ་ཡིན་ཞེས་སྟོན་རྒྱུ་ཞིག་ཡོད་པར་གྱུར། འོན་ཀྱང་མཛད་སྒོ་དེ་དག་གྲུབ་པ་དང་ངའི་སེམས་ལ་འགྱུར་བ་ཞིག་ཐེབས་མི་འདུག ང་ནི་ད་དུང་ཡང་བོད་མི་སྐྱབས་བཅོལ་བ་ཞིག་རེད་ལ། བོད་ནང་གི་ཆག་འཇིག་རེ་རེ་ནི་ངའི་སེམས་ཀྱི་སྡུག་གི་ཁུར་བོ་ཞིག་རེད། ངེད་ཀྱི་ལས་གྲོགས་ཚོ་ནི་གུང་གསེང་རེ་རེ་ལ་འགྲུལ་བསྐྱོད་བྱེད་ཅིང་། དཀའ་སྡུག་གིས་བསགས་པའི་སྒོར་མོ་དེ་ཚོ་སྤྱད་ནས་འཇིག་རྟེན་ཁམས་གྱི་ངོ་མཚར་བའི་ལྟད་མོ་ལ་ལྟ་བར་འགྲོ།
ང་ནི་གུང་གསེང་གི་དུས་ཚོད་ཡོད་ཚད་སྤྱད་ནས་ཁ་བརྡ་དང་དུས་བབ་སོགས་མྱུལ་ཏེ་བོད་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་བཞིན་འདུག ང་ནི་ནམ་ཡིན་ཡང་འདི་ལྟར་ཡིན་ལ་ད་དུང་ཡང་འདི་ལྟར་ཡིན། ཨ་རིའི་ནང་བསྡད་ནས་ལོ་ངོ་ཉི་ཤུ་ལྷག་ཙམ་ཕྱིན་པའི་རྗེས་ལ་ང་ནི་ད་དུང་ཡང་སྐྱབས་བཅོལ་བ་ཞིག་ཡིན། ངེད་ཀྱི་ཆུང་མ་དང་བྱིས་པ་ཚོར་སེམས་ཁྲལ་ཐོལ་པ་གང་ཡང་མེད། ཁོང་ཚོའི་སློབ་སྦྱོང་དང་ལས་ཀ་ནི་ཁོང་ཚོའི་མི་ཚེ་རེད་ལ། མི་ཚེ་དེ་ནི་ཧ་ཅང་ཡག་པོ་ཞིག་འགྲོ་བཞིན་ཡོད། ང་ལ་མཚོན་ན་ངའི་ལས་ཀ་ནི་ངའི་མི་ཚེ་མ་རེད་ལ་ངའི་འདོད་པ་ཡང་མ་རེད། ངའི་ཀ་ཁ་ག་ངའི་ཀློག་དེབ་འབྲི་འདོད་ལ་ངས་ཀ་ཁ་ག་ངའི་ཚེ་སྲོག་བསྲིངས་འདོད། ངས་རང་གི་འདོད་པ་སྐད་གཟེངས་མཐོན་པོས་གྱེར་ནས་ཤར་ཕྱོགས་ལ་རྒྱུགས་པ་ཡིན།
ཤར་ཕྱོགས་ན་ངེད་ཀྱི་ཕ་ཡུལ་བོད་ཡོད། ཕ་ཡུལ་བོད་ནས་ང་ལ་ཁྱེད་ཕྱི་རྒྱལ་གྱི་མི་ཡིན་སྟབས་ང་ཚོར་ཇུས་གཏོགས་མ་བྱེད་དང་ཟེར། ཁྱེད་ལ་ཕྱི་རྒྱལ་གྱི་ལྟ་བ་ཡོད་སྟབས་ང་ཚོར་རན་པོ་མི་འདུག་ཟེར། ང་དེ་ལྟར་ཕ་ཡུལ་གྱི་མི་གྲལ་ནས་བསྐྲད་བྱུང་། ང་རང་གི་རྒྱལ་ཁབ་ལ་སླར་ལོག ང་ནི་སླར་ཡང་བོད་མི་སྐྱབས་བཅོལ་བ་ཞིག་གི་ཚུལ་དུ་ཉིན་མཚན་གཉིས་ཀ་ལ་སེམས་སྡུག་བྱེད་པའི་ལས་ལ་ཞུགས་པར་གྱུར་ཏོ།།
ཁྱེད་རྣམ་པ་ཚོས་ང་ལ་ལམ་སྟོན་ཞིག་གནང་རོགས། ང་སེམས་སྐྱིད་པོ་བྱས་ནས་ཉི་མ་རེ་བཞིན་འཚོ་ན་འདོད། ངའི་སྙིང་གི་སྡུག་བསྔལ་ལྗིད་པོ་དེ་ཇེ་ཡངས་སུ་བཏང་ན་འདོད། ཁྱེད་རྣམ་པ་ཚོས་ང་ལ་ལམ་སྟོན་ཞིག་གནང་རོགས།
ཨ་མི་རི་ཀའི་མངའ་སྡེ་ག་གེ་མོ་ཞིག་ནས་ཕུལ།
དེ་ནི་བོད་པ་རྣལ་མ་ཞིག་གི་ཁྱད་ཆོས་རེད། མི་རིགས་ལ་དུངས་ཞེན་ཆེ་བའི་མངོན་རྟགས་ཤིག་རེད། མི་རིགས་ལ་ཅི་ཙམ་གྱིས་དུངས་ཞེན་ཟབ་ན་སྡུག་བསྔལ་དེ་སེལ་ཐབས་མེད་པ་ལྟ་བུ་ཞིག་རེད། ང་དང་ངའི་གྲོགས་པོ་འགའ་ཡང་ཁྱེད་ལྟར་རེད། ཀ་ཁ་ག་ངའི་ཚེ་སྲོག་བསྲིང་ཕྱིར་རང་ཉིད་ཀྱི་རྒྱལ་ཁོངས་ཨ་རི་ཆགས་ཡོད་པར་སེམས་ཚོར་ཅི་ཡང་མི་འདུག ལུས་པོ་ཨ་རིར་ཡོད་ཀྱང་སེམས་པ་ནི་ནམ་ཡང་བོད་ཐད་རེད། ཐ་ན་སྲིད་འཛིན་ཨོ་སྦ་མ་ཡག་པོ་མེད་ཚུལ་གྱི་རྒྱུ་མཚན་གཙོ་བོ་ལ་ཡང་ཁོ་ཡིས་བོད་ཐད་རྒྱབ་སྐྱོར་མ་བྱས་པའི་ཕྱོགས་ཙམ་ནས་ང་ཚོས་བརྗོད་ཀྱིན་ཡོད།
འཛམ་གླིང་སྤྱི་སྤྱོད་དུ་ཆགས་པའི་ཨིན་ཇིའི་སྐད་ཡིག་གི་ཕ་ས་འདི་ལྟ་བུ་ནས་ཀྱང་ཀ་ཁ་ག་ང་ནི་ང་ཚོའི་གཙོ་འཛིན་ཆགས་ཡོད། དེ་འདྲའི་གཅིག་མཚུངས་ཀྱི་སེམས་ཁྲལ་དང་སྡུག་བསྔལ་འདི་དག་ཁྱེད་དང་ང་ཚོའི་ལྷན་སྐྱེས་ཀྱི་གདུང་ཡུས་ཤིག་ཡིན་པ་འདྲ། སྡུག་བསྔལ་འདི་སེལ་ཐབས་ལ་བོད་དོན་བདེན་མཐའ་གསལ་ཏེ་བོད་ཅིག་ལོགས་སུ་བྱུང་ན་མ་གཏོགས། ལམ་སྟོན་གཞན་ཅི་ཡང་མེད་པ་འདྲ། སྡུག་བསྔལ་དེ་ཤ་གསེང་གི་རུས་གསེང་གི་སྡུག་བསྔལ་ཞིག་རེད།
ཁྱོད་ཀྱི་བསམ་ཚུལ་དེར་དེ་ཙམ་འཕྱོ་མི་འདུག ཡིན་ནའང་པ་སེ་སེར་པོའི་སྡུག་བསྔལ་དང་མནར་གཅོད་ཟེར་བ་དེ་རྒྱུ་རྟགས་མེད་པའི་སྐད་ཆ་བཤད་སྟངས་ཤིག་རེད། རྒྱ༌གར་གྱི་པ་སེ་སེར་པོ་འདི་སྤྲད་མེད་ཚེ་ཁྱོད་ལ་དེ་རིང་རིགས་རྒྱུད་མ་གཅིག་པའི་མི་རིགས་ཤིག་རྒྱལ་ཁོངས་སུ་ཁྲིམས་མཐུན་བསྡད་ཐུབ་ཐབས་ཡོད་མ་རེད། ཁྱོད་ལྟ༌བུའི་བཤད་སྟངས་ཅོལ་ཆུང་དེ་ཚོས་ཆུ་ཐོན་ནས་ཟམ་པ་ག་ལེར་བཞུགས་ཟེར་བ་འདྲ༌པོ་འདུག རྒྱ༌གར་བཀའ་དྲིན་ཅན་དེས་པ་སེ་སེར་པོ་ཞིག་གནང་མེད་ཚེ་ང་ཚོ་བོད་པ་ག་ཚོད་ཙམ་ཕྱི་རྒྱལ་ལ་སླེབས་ཐུབ་ཀྱི་རེད་པས། ལམ་ཁ་འདི་ཁྱིམ་མཚེས་རྒྱལ་ཁབ་སུས་སྤྲད་ཀྱི་རེད། བསམ་བློ་སྔ་ཕྱི་ཚང་མ་བཏང་ནས་སྐད་ཆ་བཤད་ན་ཡག་པོ་འདུག་ག
གྲོགས་པོ་ལགས་ཁྱོད་རང་ཁྲིམས་ཐོག་ནས་ཨ་རི་བ་ཞིག་ཆགས་ཟིན་ཡང་། ཁྲག་རྒྱུན་དང་རིགས་རུས་ནི་ནམ་ཡང་བོད་པ་ཞིག་ཡིན། དེས་ན་བོད་མིའི་འདུ་ཤེས་མ་དོར་བའི་སྟེང་ནས་མི་རིགས་ལ་དུང་བ་དང་རིག་གཞུང་ལ་གཅེས་སྐྱོང་གནང་རྒྱུ་དེ་ནི་རང་འགན་རང་ཁུར་རང་རེད། ད་དུང་ཁྱོད་ཀྱི་བུ་ཕྲུག་རྣམས་བོད་ཕྲུག་རྣལ་མ་ཞིག་ཡོང་མིན་ནི་གཙོ་བོ་ཁྱེད་ལ་རག་ལས་ཡོད། མ་འོངས་སོན་རྩ་གྱུར་མིན་ནི་གནའ་དེང་གཉིས་ཀྱི་ཤེས་ཡོན་ལྡན་པའི་བོད་པའི་གཞོན་སྐྱེ་ཞིག་གསོ་སྐྱོང་གནང་རྒྱུ་དེ་གལ་ཆེ་ནང་གི་དོན་ཆེ་ཞིག་ཏུ་མཐོང་།
གཞན་གྱིས་ཅི་བྱེད་དང་ཅི་བཤད་ལ་བལྟས་ན། ཁྱོད་ནམ་ཡང་སྐྱིད་ཀི་མ་རེད། སྐྱིད་ན་འདོད་ན། རང་གིས་གང་འབྱོན་གྱིས་མི་བུ་ཞིག་གི་འགན་འཁུར་དགོས་བ་རེད། དེ་ནས་སྐྱིད་པོ་ཡོད་པ་རེད། གཞན་གྱིས་ཁྱོད་བོད་ཡིན་མིན་ལ་རྟོག་མི་དགོས་བར། རང་དགས་རང་བོད་ཡིན་པའི་བློ་ཐག་ཆོད་ཀི་རེད། དེ་ནས་སྐྱིད་སྡུག་གང་ནས་གནས་དགོས་ན་ཡང་། དེ་རིང་གི་ཁྱོའི་དཀའ་ངལ་འདི་བསལ་ཚར་བ་རེད།
རང་ཡག་མདོག་མ་ཤོད།
གཞན་ངན་མདོག་མ་སྟོན།
སོ་སོས་སོ་སོ་སུ་ཡིན་ཤེས་ན་འགྲིག་པ་རེད། ཨ་རི་ན་ཡོད་ན་འདྲ། མྱལ་ཡུལ་ན་ཡོད་ན་འདྲ། ལྷ་ཡུལ་ན་ཡོད་ན་འདྲ། གང་ལྟར། སྐྱེས་ས་དེ་གཙོ་ཆེ་བ་རེད། དེ་ཤེས་པར་བྱོས། ཁོ་རེ་ལས་ངན་པོ།
ལེགས་སྦྱར་ནས་བསྒྱུར་པའི་བརྗོད་ཚིག་འདི་ལྟ་སྟེ།
་
སྐྱེད་མ་དང་སྐྱེ་ས་དེ་མཐོ་རིས་ལས་ཀྱང་ལྗིད་ཆེའོ།
གང་ལྟར་རྒྱལ་ཁབ་གཞན་པ་ཞིག་གི་མི་སེར་བྱེད་དགོས་པ་ནི་འུ་ཐུག་ཐབས་ཟད་ཡིན་པ་ལས་གཟི་བརྗིད་ཅིག་དང་དགའ་སྤྲོ་བྱེད་འོས་པ་ཞིག་ནམ་ཡང་མིན། བོད་པ་སུ་ཡིན་ཡང་དེ་ཤེས་དགོས་རྒྱུ་གལ་ཆེ། ཨ་རིས་མི་སེར་ཆགས་སོང་ཞེས་དགའ་འབོད་བྱེད་མཁན་དེ་དག་ནི་མི་ཡི་ལུས་ལ་ཁྱི་ཡི་སེམས་ཅན་ཡིན།
སྐྱེ་ས་སྐྱེ་ཡུལ། རྒན་ལ་ཏོག་པས་བཅོས་པར་དགའ་མོ་བྱུང།
ལུང་རྟོགས་ལགས། རྒྱལ་ཁབ་གཞན་གཅིག་གི་མི་སེར་ལེན་ན་་་འུ་ཐུག་མ་རེད། ཨ་རི་ལྟ་བུར་མཚོན་ན་རྒྱ་རིགས་དང་ཀོ་རི་ཡ། རྒྱ་གར་བ་སོགས་མི་རིགས་མང་པོས་སོ་སོའི་རྒྱལ་ཁབ་གྱི་ལག་འཁྱེར་ཡོད་བཞིན་དུ། ད་དུང་ཨ་རིའི་མི་སེར་གྱི་པ་སི་ལེན་གྱི་ཡོད་རེད། ང་ཚོ་བོད་པ་སྐྱབས་བཅོལ་བ་པ་སེ་མེད་མཁན་ལ་དེ་འདྲ་རག་ན་དགའ་སྤྲོ་བྱེད་འོས་པ་ཞིག་རེད།
ངོ་མ་ཤ་ཚ་ མི་ལོ་ཉི་ཤུས་རིང་ལ་སྐད་ཆ་འདི་བཤད་དགོས་བསམས་ཡང་ད་བར་བཤད་མ་ཐུབ་པ་དངོས་གནས་ཁྱེད་ལ་དཀའ་ངལ་ཕྲོད་འདུག་ ཕ་ཡུལ་དུ་ཨ་རིས་མི་སེར་ཡིན་མདོག་དང་སྤོབ་པ་ཆེ་མདོག་སྟོན་ནས་སོང་ན་མི་སུ་ཡང་སྣང་བ་འགྲོ་མི་སྲིད་ དེ་ཁྱེད་རང་གིས་ལྐུག་རྟགས་སྟོན་པ་རེད་ དོན་དངོས་སུ་ཁྱེད་ཀྱི་ལག་དུ་ཤོག་ལྷེབ་མགའ་ཞིག་ཐོབ་པ་ལས་ཁྱེད་ཀྱི་མགོ་ནས་མཇུགས་བར་དུ་བཀྲུས་ན་མ་དག་པའི་བོད་མི་ཞིག་ཡིན་པ་ནམ་ཡང་རྗེད་མི་རུང།
ད་ཁྱེད་རང་བར་དོའི་མི་ཞིག་ཆགས་ཟིན་པ་རེད། བར་དོའི་རྣམ་ཤེས་ལ་འོད་ཀྱི་རྣམ་པ་ཁ་དོག་དཀར་དག་རེས་མོས་སུ་འཆར་གི་རེད། མུན་སྣང་དང་འོད་སྣང་ཡང་རེས་མོས་སུ་འཆར་གི་རེད། དེ་ནི་ཁྱེད་རང་སྲིད་པ་བར་དོ་རུ་སྐྱེས་པ་དང་བར་དོ་ངོ་འཕྲོད་མེད་པའི་རྟགས་རེད། འོན་ཀྱང་དུས་ཡུན་གང་འཚམ་འགོར་བ་དང་བར་དོའི་སྣང་བ་འདི་འགག་འགྲོ་གི་རེད། འོན་ཀྱང་ཁྱེད་རང་དུས་བབ་དང་ཁབ་བརྡ་སོགས་ལ་སེམས་པ་ཆགས་ན། ཁྱེད་་བར་སྲིད་དུ་ཡུན་རིང་ལུས་ཀྱང་སྲིད་པ་རེད།
ཨ་ཁ་ཁ། ད་རེག་བར་དུ་ཉིད་ཀྱིས་ནུབ་བདེ་བ་ཅན་དུ་བགྲོད་པའི་ལམ་ཡིག་ནས་སྐྱབས་བཅོལ་བའི་ཐོབ་ཐང་། ད་དུང་དེ་གའི་སྤྱི་དམངས་སུ་འགྱུར་བའི་རེ་དོན་ལ་རྩོལ་བ་གང་མང་བྱས་པའི་འབྲས་བུ་མངོན་དུ་གྱུར་དུས་སེམས་པར་ན་ཟུག་གཞན་ཞིག་བསླང་གི་ཡོད་ན་ད་དཀའ་ལས་ཆེ་ཀ དེ་ལས་ལག་འཁྱེར་ནི་ཡོད། ཨ་སྒོར་ནི་ཡོད། ད་ཚེ་སྨད་ཕ་ཡུལ་གངས་ཅན་ལ་ཁ་ཕྱོགས་ན་ཡག་པོ་མེད་འགྲོ
ནུབ་ཕྱོགས་གང་ཕྲུག་ལགས། སོ་སོ་ལ་རྒྱལ་ཁབ་ཡོད་བཞིན་དུ་རྒྱལ་ཁབ་གཞན་གྱི་མི་སེར་བྱེད་མཁན་དེ་དག་ནི་རྒྱུ་མཚན་གཞན་ཡོད་སྲིད་ཀྱང་། གཙོ་བོ་ནི་མི་ཀླད་མེད་དག་གི་བྱེད་སྟངས་ཤིག་རེད། བོད་མི་སྐྱབ་བཅོལ་བ་ཚོར་མཚོན་ན་སོ་སོ་ལ་རྒྱལ་ཁབ་མེད་རྐྱེན་གནས་སྟངས་མང་པོ་ཞིག་གི་རྐྱེན་གྱིས་རྒྱལ་ཁབ་གཞན་གྱི་མི་སེར་མ་བཟོས་རང་བཟོས་ཆགས་ཀྱི་ཡོད་པ་ལས། དགའ་བཞིན་དུ་བཟོ་མཁན་ཞིག་མང་པོ་ཨེ་ཡོད་སྙམ། དེ་འདྲ་ཞིག་ཡོད་ན་མི་དེ་ནི་རང་ཉིད་ཀྱི་རིགས་རུས་རྗེད་སོང་བའི་མི་ཐ་ཤལ་ཞིག་ལས་འཇོན་ཐང་ཅན་ཞིག་ཏན་ནས་མ་རེད་འདོད།
གཅིག་ལག་འཁྱེར་ཡོད་ནའང་འདྲ་མེད་ནའང་འདྲ་ གཉིས་ཤར་ཕྱོགས་ལ་བསྡོད་དང་ནུབ་ཕྱོགས་ལ་བསྡོད་ གསུམ་སྐྱིད་པོ་ཡོད་ནའང་འདྲ་སྡུག་བསྔལ་ཡོད་ནའང་འདྲ་ གཙོ་བོ་རང་ཉིད་བོད་མི་ཞིག་དང་མཉམ་དུ་དོར་ཐབས་མེད་པའི་ལས་འགན་ཞིག་ཀྱང་ཡོད་པ་ནམ་ཡངས་རྗེས་རྒྱུ་མེད་
ཚང་མ་སོ་སོའི་་སེམས་ལ་ཐུག་ཡོད་། བོད་པ་ཡིན་ན་ཧ་ལས་རྒྱུ་དང་མིན་ན་ཡ་ང་རྒྱུ་གང་ཡང་མེད་དོ།
མགོ་མཁན་པོནས་བླ་མ་རྫུན་པར་དུ་ཕྱི་ལ་ཐར་བའི་སྨོན་ལམ་འདེབས་ཀྱི་ཡོད
ལུང་རྟོགས་ལགས། རྒྱལ་ཁབ་གཞན་གྱི་ལག་འཁྱེར་བཟོ་བ་ལ། རིགས་རུས་རྗེས་མི་སྲིད། དེས་ན་ཨ་རིའི་བོད་པ་ཚོ་tibetan origin, American citizen ཞེས་འབོད་ན་འགྲིག མ་འོངས་པར་མི་རིགས་དེ་ཚོས་ཨ་རིས་ལག་འཁྱེར་བེད་སྤྱོད་བཏང་ནས་བོད་མི་རིགས་ལ་ཕན་ཐོགས་སྲིད། དཔེར་ན་ཨ་རིས་Jew མི་རིགས་ཀྱི་Israel ལ་རོགས་པ་གང་འདྲ་བྱེད་ཀྱི་འདུག མིག་དཔེ་ཡག་ས་ལ་བལྟ་དགོས།
མིག་དཔེ་ཡག་ས་ལྟས་ན་ཡག་པོ་རེད་དེ་ཡག་ས་ལ་ལྟ་མཁན་ཇི་ཙམ་ཡོད། མི་མང་པོ་ཞིག་གིས་རང་ཉིད་རྒྱལ་ཁབ་གཞན་གྱི་མི་སེར་ཆགས་པ་དང་། རང་གི་སྐྱེ་ཁུང་རུས་ཁུང་ཡོངས་རྫོགས་བརྗེད་ནས། རང་གི་ལྟོ་གོས་ཙམ་ལས་མི་རིགས་ཀྱི་ལས་དོན་གཏིང་བརྗེད་དུ་ཕྱིན་པ་མང་པོ་ཡོད་པ་མཐོང་གསལ་རེད།
བོད་མགོ་ནག་ཕྱི་རྒྱལ་ཇེ་འགྲོ་རེད། །
འགྲོ་ཚར་དུས་ཕྱི་མི་ཇེ་བཟོ་རེད། །
གནས་འདི་ནི་བོད་དོན་ཛ་དྲག་རེད། །
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ། །
བོད་རང་ལ་བོད་མི་ཇེ་ཉུང་རེད། །
ཡུལ་གཞན་གྱི་བོད་མི་ཇེ་མང་རེད། །
གནས་འདི་ནི་བོད་དོན་ཛ་དྲག་རེད། །
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ། །
རྒྱ་མི་རིགས་བོད་མིར་བཟོ་བར་དགའ། །
བོད་མི་རིགས་ཕྱི་མིར་བཟོ་བར་དགའ། །
གནས་འདི་ནི་བོད་དོན་ཛ་དྲག་རེད། །
བཤད་བསམ་ཡང་བཤད་སྟངས་མ་ཤེས་ཐལ། །
འདིར་བན་རྒན་ང་ལ་ཆ་མཚོན་ན། །
ཚེ་འདི་དང་སྐྱེ་བ་ཚེ་རབས་བར། །
རྟེན་བོད་པའི་ཡུལ་མི་ཤ་སྟག་དང་།
ཡུལ་གངས་ལྗོངས་ཞིང་དེར་སྐྱེ་བར་ཤོག །