ཀླུ་སྨྱོན།
བོད་སྔ་རབས་པའི་གསང་སྔགས་འཆང་བ་ཕལ་ཆེ་བ་དང་། དེ་དག་གི་བཤད་སྲོལ་འཛིན་པའི་ཕྱིས་ཀྱི་མཁས་པ་མང་པོས་ཕ་རྒྱུད་མ་རྒྱུད་གཉིས་ མེད་ཀྱི་རྒྱུད་གསུམ་དུ་འབྱེད་ཅིང་། དེ་གསུམ་ནང་ཕན་ཚུན་འགལ་བ་ཅན་ཅན་དུ་ཁས་བླངས་ནས། དེ་དག་གི་འཇོག་བྱེད་ལ་རྒྱུད་གཉིས་ཀྱི་མཐུན་ཕྱོགས་ལ་མཐོང་ཙམ་རེ་བཙལ་ནས་སྣ་ཚོགས་པ་ཞིག་སྨྲ་བར་བྱེད་དོ།།དེ་ཡང་རྟོག་བདུན་རྒྱུད་འགྲེལ་ཆེན་མོར་འདོད་ཚུལ་མང་ཙམ་བཀོད་པ་འདི་ལྟར། ཐབས་ཤེས་རེ་རེ་བ་སྟོན་པ་ཕ་མའི་རྒྱུད་དང་། གཉིས་ཀ་སྟོན་པ་གཉིས་མེད་ཀྱི་རྒྱུད། འདི་སྐད་བདག་ཐོས་ཀྱིས་ཐོག་དྲངས་པ་ཕ་རྒྱུད། གསང་བ་མཆོག་གིས་དགྱེས་པ་ཞེས་པས་ཐོག་དྲངས་པ་མ་རྒྱུད། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་སོགས་ཀྱིས་ཐོག་དྲངས་པ་གཉིས་མེད་རྒྱུད། ཐབས་རྒྱ་ཆེ་སྟོན་པ་ཕ་རྒྱུད། ཤེས་རབ་ཟབ་པ་སྟོན་པ་མ་རྒྱུད། དེ་གཉིས་ཆ་མཉམ་དུ་སྟོན་པ་གཉིས་མེད་རྒྱུད། བསྐྱེད་རིམ་གྱི་དེ་ཉིད་སྟོན་པ་ཕ་རྒྱུད། རྫོགས་རིམ་གྱི་དེ་ཉིད་སྟོན་པ་མ་རྒྱུད། གཉིས་ཀའི་དེ་ཉིད་སྟོན་པ་གཉིས་མེད་རྒྱུད། འབྱུང་བ་རིམ་བརྩེགས་ཞུ་བ་ལས་རྡོ་རྗེའི་སའམ་གཞལ་ཡས་ཁང་བསྐྱེད་པ་ཕ་རྒྱུད། འབྱུང་རིམ་བརྩེགས་བསྐྱེད་ནས་མི་བཞུ་བར་དེ་སྟེང་གཞལ་ཡས་ཁང་བསྐྱེད་པ་མ་རྒྱུད། དེ་བསྐྱེད་ཅིང་ཞུ་བ་ལས་སླར་ཡང་འབྱུང་བ་རིམ་བརྩེགས་སྟེང་གཞལ་ཡས་ཁང་བསྐྱེད་པ་ གཉིས་མེད་ཀྱི་རྒྱུད། ཡེ་ཤེས་པ་དགུག་གཞུག་སོགས་ལ་རྣལ་འབྱོར་ཕ་རྣམས་རྒྱུ་ཞིང་མོ་རྣམས་མི་གཡོ་བར་ གནས་པ་ཕ་རྒྱུད། དེ་ལས་ལྡོག་པ་མ་རྒྱུད། དུས་འཁོར་ནི་གཉིས་མེད་ཀྱི་རྒྱུད། ཡབ་ཡུལ་ཞལ་ཕྱག་མཉམ་པ་ཕ་རྒྱུད། མི་མཉམ་པ་མ་རྒྱུད། གཙོ་བོ་ཡབ་ཡུམ་ཞལ་ཕྱག་མི་མཉམ་པ་ལ་འཁོར་གྱི་དེ་མཉམ་པ་གཉིས་མེད་རྒྱུད། གཙོ་འཁོར་ཕལ་ཆེར་བཞུགས་པ་ཕ་རྒྱུད། དེ་བཞེངས་པ་མ་རྒྱུད། འཁོར་བཞུགས་པ་ལ་གཙོ་བོ་བཞེངས་པ་གཉིས་མེད་རྒྱུད། གཙོ་བོ་ཕོས་བྱས་པའམ་འཁོར་ཕོ་ཤས་ཆེ་བ་ཕ་རྒྱུད། དེ་ལས་ལྡོག་པ་མ་རྒྱུད། རིན་པོ་ཆེའི་ཁྲི་དང་ཕྱག་མཚན་དང་སེང་གེ་ལ་སོགས་པའི་ཁྲི་ལ་བཞུགས་པ་དང་རྒྱན་ རིན་པོ་ཆེ་དང་ཕྱག་མཚན་འཁོར་ལོ་དང་རིན་པོ་ཆེ་སོགས་ཤས་ཆེ་བ་དང་། ཁྲོ་བོ་བཞེངས་པ་རྣམས་གཡོན་བརྐྱངས་ཞི་བ་བཞུགས་པ་རྣམས་གཡོིན་འགྱིང་དང་ན་བཟའ་ ལྷའི་གོས་སོགས་གསོལ་བ་ཕ་རྒྱུད། རོ་དང་ཐོད་པའི་གདན་དང་རུས་རྒྱན་དང་མགོ་ཕྲེང་དང་གྲི་ཐོད་དང་ཁ་ཊྰཾ་ག་དང་ཌ་མ་ རུ་སོགས་ལྡན་ཞིང་། ལྷ་གཡས་བརྐྱངས་གཡོན་འགྱིང་མི་ལྤགས་སོགས་གྱོན་པ་གཅེར་བུར་གནས་པ་མ་རྒྱུད། དེ་གཉིས་འདྲེས་ཏེ་གནས་པ་གཉིས་མེད་རྒྱུད། དཀྱིལ་འཁོར་ལ་དུར་ཁྲོད་མེད་པ་ཕ་རྒྱུད། དེ་ཡོད་པ་མ་རྒྱུད། འཇིག་རྟེན་དང་མཐུན་པའི་ལྷའི་རྣམ་པར་སྟོན་པ་ཕ་རྒྱུད། འཇིག་རྟེན་དང་འགལ་བའི་ལྷའི་རྣམ་པར་སྟོན་པ་མ་རྒྱུད། རང་བྱིན་རླབས་དང་མངོན་པར་བྱང་ཆུབ་པའི་རིམ་པ་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་རྒྱ་ཆེན་པོ་སྦྱོར་བའི་དེ་ཁོ་ན་ཉིད་ལ་ འཇུག་པ་གཙོ་བོར་སྟོན་པ་མ་རྒྱུད། རླུང་གི་དེ་ཉིད་གཙོ་བོར་སྟོན་པ་ཕ་རྒྱུད། རྩའི་དེ་ཉིད་གཙོ་བོར་སྟོན་པ་མ་རྒྱུད། ཕྲ་མོ་དང་ཐིག་ལེའི་རྣལ་འབྱོར་གཙོ་བོར་སྟོན་པ་ཕ་རྒྱུད། དཀྱིལ་འཁོར་འཁོར་ལོའི་རྫོགས་རིམ་གཙོ་བོར་སྟོན་པ་མ་རྒྱུད། དེ་གཉིས་ཀ་སྟོན་པ་གཉིས་མེད་རྒྱུད། ཕུང་པོ་ལྔ་དག་པ་སངས་རྒྱས་ཡབ་ལྔར་སྟོན་པ་ཕ་རྒྱུད། ཁམས་ལྔ་དག་པ་ལྷ་མོ་ལྔར་སྟོན་པ་མ་རྒྱུད། རླུང་དག་པ་བདེ་གཤེགས་ལྔར་སྟོན་པ་ཕ་རྒྱུད། རྩ་དག་པ་མཁའ་འགྲོ་མར་སྟོན་པ་མ་རྒྱུད། ཕྱི་ནང་གི་ཕུང་ཁམས་སྐྱེ་མཆེད་དག་པའི་ལྷ་སྟོན་པ་ཕ་རྒྱུད། ཕྱི་ནང་གི་རྩ་དང་བྱང་སེམས་དག་པའི་ལྷ་སྟོན་པ་མ་རྒྱུད། སྟོན་པ་པོ་རྡོ་རྗེ་འཆང་ངམ་རྡོ་རྗེའི་སེམས་དཔའི་རྣམ་པས་བཙུན་མོའི་འཁོར་དང་ བཅས་པའི་ཚོགས་དབུས་སུ་གསུངས་པ་ཕ་རྒྱུད། སྟོན་པ་པོ་ཧེ་རུ་ཀའམ་ལྷ་མོས་གསུངས་པ་གསུངས་པ་མ་རྒྱུད། ཞུ་བ་བོ་ལྷ་ཕོའམ་ལྷ་ཕོའི་ཆེད་དུ་གསུངས་པ་ཕ་རྒྱུད། ཞུ་བ་བའོ་ལྷ་མོའམ་ལྷ་མོའི་ཆེད་དུ་གསུངས་པ་མ་རྒྱུད། གཉིས་ཀས་ཞུས་པ་གཉིས་མེད་རྒྱུད། ལྷ་ཕོས་བསྡུས་པ་ཕ་རྒྱུད། མོས་བསྡུས་པ་མ་རྒྱུད། སྐྱེས་པ་འདུལ་ཕྱིར་གསུངས་པ་ཕོ་རྒྱུད། བུད་མེད་འདུལ་ཕྱིར་གསུངས་པ་མ་རྒྱུད། གཉིས་ཀ་འདུལ་ཕྱིར་གསུངས་པ་གཉིས་མེད་རྒྱུད། རང་སྡེའི་ལྟ་བ་ཕྱིན་ཅི་མ་ལོག་པ་དང་བྱང་ཆུབ་སྒྲུབ་པར་འདོད་པ་རྣམས་འདུལ་ཕྱིར་ གསུངས་པ་ཕ་རྒྱུད། གཞན་སྡེའི་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་ཅིང་སྲོག་གཅོད་ལ་སོགས་ལ་དགའ་བ་འདུལ་ ཕྱིར་གསུངས་པ་མ་རྒྱུད་དུ་འདོད་ཅིང་། དགེ་ལྡན་རིང་ལུགས་འཛིན་པ་རྣམས་ཀྱིས་ཕ་མའི་རྒྱུད་ཀྱི་འཇོག་བྱེད་ནི་སྒྱུ་ལུས་ དང་འོད་གསལ་གྱིས་འབྱེད་པ་ཡིན་ཏེ། པཎ་ཆེན་ཐམས་ཅད་མཁྱེན་པའི་བདེ་མཆོག་བསྐྱེད་རིམ་ལས། ཐབས་སྒྱུ་མའི་སྐུ་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ་དེའི་སྡེར་གཏོགས་པ་ ནི་ཕ་རྒྱུད་ཅེས་བྱ་སྟེ། སྒྱུ་མའི་སྐུ་དེ་སྣང་ཕྱོགས་ཐབས་ཀྱི་ཆ་དང་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་ རྒྱུ་ཕ་ས་བོན་དང་འདྲ་བས་དེ་སྐད་ཅེས་བྱ། སྒྱུ་ལུས་སྒྲུབ་ཚུལ་གཙོ་བོར་མི་འཆད་ཅིང་དོན་དམ་བདེན་པ་དང་རོ་གཅིག་ཏུ་ཞུགས་ པའི་འོད་གསལ་གྱི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ་དེའི་སྡེར་ གཏོགས་པ་ནི་མ་རྒྱུད་ཅེས་བྱ་སྟེ། དེ་འདྲ་བའི་འོད་གསལ་དེ་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་དང་གཟུགས་སྐུའི་ཐུན་མོང་ བའི་རྒྱུ་མའི་ས་བོན་དང་འདྲ་བས་དེ་སྐད་ཅེས་བྱ་ཞེས་གསུངས་ཤིང་། རྗེ་ཤེས་རབ་རྒྱ་མཚོའི་གསང་འདུས་ཀྱི་བསྐྱེད་རིམ་བརྗེད་བྱང་ལས། ཕ་རྒྱུད་དང་ཐབས་རྒྱུད་ཅེས་པའི་ཕ་དང་ཐབས་སྒྱུ་ལུས་དང་། མ་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཅེས་པའི་མ་དང་ཤེས་རབ་འོད་གསལ་ལ་བྱས་ནས་དང་པོ་སྒྲུབ་ཚུལ་རྩལ་དུ་བཏོན་ནས་འཆད་པ་ཕ་རྒྱུད། གཉིས་པ་སྒྲུབ་ཚུལ་རྩལ་དུ་བཏོན་ནས་འཆད་པ་མ་རྒྱུད་དུ་བཞེད་ཅེས་གསུངས།
|ཡ་་། གྲོགས་པོ་མཆོག་གི་འདོད་ཚུལ་དེ་གོ་སོང་། ཨོ་ན། ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་འཇོག་ཚུལ་དེ་ཅིག་གསུངས་དང་། དེ་ནས་གོ་རྒྱུ་ཞིག་ཡོད། གོ་བའི་བུ་ལ་བརྡ་དང་རི་སྤྱང་སྔོན་མོ་ལ་ཀི་ཡིན་ནོ། ཧ་ཧ ་ཧ་ཧ་ཧོ། བྷ་ག་ཝན།
ཀླད་པ་སླད་དམ་སེམས་པ་མྱོས།།
གང་ཡིན་ཅི་ཆ་མ་འཚལ་ཡང་།།
ལམ་ཕྱོགས་མེད་པའི་སྨྱོན་པ་འདི།།
ཆོས་མེད་ཆོས་འཕེལ་ལས་ཀྱང་ལོད།།
གསང་སྔགས་ཞེས་པའི་མིང་དོན་ཡང་།།
ཁོང་དུ་ནམ་ཡང་མ་འཆར་བའི།།
དན་རྟགས་དྲྭ་རྒྱའི་ཐོག་ཏུ་བཀོད།།
ཟབ་ཆོས་རྩེ་ཆས་གྲས་སུ་བཀོལ།།
མིང་གིས་རྫིགས་ཀྱང་ཁོང་སྟོང་ཞིང་།།
གཞན་དོན་ཁར་ཁྱེར་རྒྱུ་ནོར་རྔམས།།
སྙིགས་དུས་བླ་གཟུགས་བསྟན་དགྲ་ཡིས།།
བསྟན་པ་གཤིགས་ལ་མ་འཁྲེལ་བར།།
དབང་གིས་སྨིན་པ་ཕར་ཞོག་དང་།།
ཆོས་ལ་དུག་ཏུ་ལྟ་བ་ལའང་།།
འདི་འདྲའི་ཟབ་ཆོས་ཁྲོམ་བསྒྲགས་བྱེད།།
མཉམ་མེད་ཤཀྱའི་རྒྱལ་པོ་དེས།།
བུ་རམ་ཤིང་པའི་བསྟན་པ་འདི།།
ང་མིན་ང་འདྲ་ཞིག་གིས་འཇིག།།
ཞེས་པའི་ལུང་བསྟན་ཁྱོད་འདྲ་ཡི།།
སྨྱོན་པ་རྣམས་གསུངས་པར་ངེས།།
ཆོས་ལ་གོ་དོན་མ་ལོན་ཆོས་མིན་གྲས་སུ་ཚུད་པའི་ཆོས་འཕེལ་ཀྱང་།།
ཆོས་དང་མི་མཐུན་མཛད་མཁན་ཁྱོད་འདྲའི་རིགས་ལ་ཞེན་པ་གཏིང་ནས་ལོག།
ཆོས་མེད་ཅེས་པའི་མིང་འདོག་བརྙེད་ཀྱང་ཆོས་ལྡན་ཁས་ཆེས་ཁྱོད་ལས་ཀྱང་།།
ཆོས་ལ་གཏིང་ནས་ཡིད་ཆེས་ཆེ་བ་མ་སྒྲོགས་ངེས་པ་རྐང་དཀྱིལ་འབར།
༄༅། །འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པ་བརྗོད་པ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། །ཨྰརྱ་མཉྫུ་ཤྲྰི་ནྰ་མ་སཾ་གྰི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔལ་བོ་འཇིག་རྟེན་གསུམ་ལས་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཁྲོ་གཉེར་རིམ་པ་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ།།འཇིགས་སུ་རུང་དང་དཔལ་བྱེད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོལ་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོ་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོན་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོང་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟ་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་བཀའ་བཞིན་དུ། །གླུ་བླངས་གང་དག་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་འདི། །བདག་གིས་བསམ་པ་བརྟན་པོས་བཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། ། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤྰཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་སྟེ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །དག་པ་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟེན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །དེ་ནས་བཅོམ་ལྡན་ཤྰཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིགས་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེནགཙུགས་གཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཨ་ཨྰ། ཨི་ཨྰི། ཨུ་ཨྰུ། ཨེ་ཨེེ། ཨོ་ཨོོ། ཨཾ་ཨཿ སྠི་ཏོ་ཧྲྀ་དེ། ཛྙྰ་ན་མྰུརྟྟི་ར་ཧཾ་བུད་དྷོ་བུད་དྷྰ་ནཾ། ཊྱེ་དྷྭ་བརྟྟྰི་ནྰཾ། ཨོཾ་བཛྲ་ཏྰིཀྵཎ་དུཿཁ་ཙྪེ་ད་པྲ་ཛྙྰ་ཛྙྰ་ན་མྰུརྟྟ་ཡེ། །ཛྙྰ་ན་ཀྰ་ཡ་ཝྰ་གྰི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའོ་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཆེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོངས་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོཕ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པ་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོ་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུ་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་བོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་བདག་ཉིད་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེངྒེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱིས་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་བརྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པའི་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མི་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་འབྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ། །མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །རིག་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། ། རྡོ་རྗེ་ཤུགས་ཆེན་འཇིགས་བྱེད་པ། །རྡོ་རྗེ་དྲག་པོ་རྡོ་རྗེ་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གི་བསྒྱིངས། །གླིང་ཆེན་ཀོ་རློན་གོས་སུ་གྱོན། །གྲགས་ཆེན་ཧ་ཧ་ཞེས་སྒྲོག་པ། །ཧི་ཧི་ཞེས་སྒྲོག་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོག་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧྰུྃ་སྟེ་ཧྰུུྃ་ཞེས་སྒྲོག །མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུའི་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟང་། །སྒྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེ་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་འཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་པར་སྒྲོག །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོག་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོག་པ། །ཆོས་ཀྱི་དུང་སྟེ་་སྒྲ་ཆེན་ལྡན། །ཆོས་ཀྱི་གཎ་ཌི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་་ཐམས་ཅད་སྣང་བའི་དཔལ། །གཟུགས་བསྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གི་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱབས་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ཀླས་ལོངས་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོམ་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་བླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱིས་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་པ་བཟང་པོ་ཆེ་བའི་མཆོག །བྱེད་པོ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་བྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་བ་མུན་ཛ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པ་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་བ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་ཀྱང་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་བྲལ་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་འཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གི་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ། །།འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་འཛི་ན་འཛིག །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པ་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་བའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་འཆང་། །ཆོས་ཀུན་མངོན་དུ་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་བའི་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བའི། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱི་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པ་ར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐིལ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་བ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ག་ཆེན་པོ་ཅན། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་སྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པ་ཆེན་པོ་འཆང་། །དྲན་པ་བཞི་བོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུ་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པ་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་གཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་བའི་སྐུ། །བྱེ་བ་དཔག་མེད་འབྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུ་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་གསུམ་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་ཡུལ་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་བ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ་། །སྐད་ཅིག་ཐམས་ཅད་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམ་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །སངས་རྒྱས་ཀུན་གྱི་རྟོག་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡིག་གེ་བརྒྱ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་བྱེད་བྱེད་ཐིག་ལེ་འཆང་། །ཡན་ལག་མེད་པ་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་བའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་བའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་བ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་བླ། །ལྷ་ཡི་བདག་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་་ཆེས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱི་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བསྐུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་བ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་མཆོག་མཆོད་འདུད། །ཡང་དག་མཐའ་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་པ་ཁྱོད་ལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱེད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཅམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་སརྦྦ་དྷརྨྨ་ཨ་བྷྰ་བ་བི་ཤུད་དྷ་བཛྲ་ཙཀྵུཿཨ་ཨྰ་ཨྰཾ་ཨཿ པྲ་ཀྲི་ཏི་པ་རི་ཤུདྡྷ། སརྦ་དྷརྨྨ། ཡ་དུ་ཏ་སརྦྦ་ཏ་ཐྰ་ག་ཏ་ཛྙྰ་ན་ཀྰ་ཡ་མཉྫུ་ཤྲྰི་་པ་རི་ཤུདྡྷི་ཏྰ་མུ་པྰ་དྰ་ཡ་ཏི། །ཨ་ཨྰཿ སརྦྦ་ཏ་ཐྰ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧྰུཾ་ཧྲྰཾཿ བྷ་ག་ཝྰན་ཛྙྰ་ན་མྰུརྟྟི། བྰ་གྰི་ཤྭ་ར། །མ་ཧྰ་པྰ་ཙ། སརྦྦ་དྷརྨྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུད་དྷ་དྷརྨ་དྷྰ་ཏུ་ཛྙྰ་ན་གརྦྷ་ཨྰཿ དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནས་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྡན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །བྱང་ཆུབ་འཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་པ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པས་གསུངས་པ་རྫོགས་སོ། ། ། ། ཡིག་མཆན་མི་གསལ་བས་འདིར་བཀོད་མེད་དོ། གཞན་དག་ཆ་ཚང་བར་དཔལ་དགྱེས་པ་རྡོ་རྗེས་ཞུ་དག་བྱས་ནས་ཨེ་མ་ཧོའི་རིག་མཛོད་དུ་སྤེལ་བ་ཤྲྰི་སརྦ་བི་ཛ་ཡནྟུ། །། །
ད་ཅང་མི་དྲན་གི
ནམ་རྒྱུན་གདན་ས་གྲྭ་ཚང་གི་ལྷ་ཁང་འདུ་ཁང་ནང་ནས་ཀྱང་མཇལ་མི་ཐུབ་པའི་རྡོ་རྗེ་འཆང་། དེ་རིང་སྔོ་ཀྲུག་ཀྲུག་ཁ་བརྡ་ནང་དུ་ཡུམ་རྡོ་རྗེ་རོ་ལངས་མ་དང་ལྷན་དུ་ཕེབས་འདུག་ཀ
ཨ་རོག་ཀླུ་སྨྱོན་ཁྱོད་ཀྱི་གསང་བ་སྔག་ཀྱི་རྩ་ལྟུང་མ་ཤེས་ན་ཡང་
རྩ་ལྟུང་བཤགས་པ་ཁ་ནས་འདོན་མ་མྱོང་བས་
དྲ་དཔོན་ལགས་ཁྱེད་ཀྱི་ང་ཡི་མཆན་བུ་རྣམས་མ་བསུབ་རོག་སྐུ་ཆེ་།
ལགས། རྒྱ་ནག་གི་ཡུལ་དུ་གསང་སྔགས་ལ་རྒོལ་བ་བྱེད་མཁན་ཉིན་བཞིན་འཕེལ་བས། དེ་ལ་ལན་རེ་ཡོད་ན་སྐབས་སུ་བབས་ཤིང་། མཁྱེན་རབ་གྱི་རལ་གྲི་གདེངས་འོས་པ་ཉིད་དོ། ཕ་མའི་རྒྱུད་དང་། ཡོ་ག་སྡེ་གསུམ་གྱི་རྣམ་བཞག་སོགས་སྐལ་ལྡན་གདུལ་བྱའི་སྤྱོད་ཡུལ་དུ་བཞུགས་སུ་གསོལ་ན། ཆོས་སྐྱོང་བའི་སྲུང་མ་རེ་ཡོད་ན་དེས་ཀྱང་ལེགས་སོ། ལེགས་སོ། ལེགས་པར་གསུངས་ཞུ་སྲིད་དོ། །
ཨོ་གཞོན་ནུ་ཟླ་མེད་ལོ་ལོ། ནམ་རྒྱུན་གདན་ས་གྲྭ་ཚང་གི་ལྷ་ཁང་ནང་ནས་མིག་ཞགས་དང་གྲྭ་ཁང་ནང་གི་གྲྭ་རྟ་གཞོན་པ་ལས། མཇལ་བར་དཀའ་བའི་རྡོ་རྗེ་འཆང་ཆེན་ཡུབ་ཡུམ་གྱི་རྒྱུད་སྡེ་ལ་ཐོས་བསམ་བསྒོམ་པ་བྱས་ན་ལེགས་སོ། ཁྱོད་ཀྱིས་དེ་རིང་སྔོ་ཀྲུག་ཀྲུག་ཅེས་ཁ་བརྡ་ནང་དུ་ཡུམ་རྡོ་རྗེ་རོ་ལངས་མ་དང་ལྷན་དུ་ཕེབས་འདུག་ཀ་ཅེས་མཁས་པའི་སྟངས་ཚིག་བཅས་བཤད་པ་ལ་བལྟས་ན། མངལ་སྒོ་བཟང་པོ་ཙམ་ཡང་གདམས་ཚུལ་བློ་ལ་མ་འཆར་བ་ལྟར་སྣང་བས། ཆོས་ཉིད་བར་དོ་ལ་སྔོ་ལམ་ལམ་ཡོང་བ་ཚོ་དང་ངོ་ཤེས་ན་གཅིག་པ་རེད། ངོ་མ་ཤེས་ན། མོས་གུས་མེད་བཞིན་བར་དོ་མཇལ་བར་མཚར་གསུངས་པ་དེ་དག་རེད་ལགས། བླ་མ་ཡབ་ཡུམ་དང་རབ་བྱུང་གང་བཟང་བཟང་ཆ་དྲ་ཐོག་ཏུ་བཀོད་ཆོག་པ་ན་ཡི་དམ་ཞེས་པ་ཡང་དེ་ལས་གཞན་པ་ཞིག་མིན་ནོ། །
སྤྱིར་གསང་སྔགས་ཀྱི་ཆོས་ཁྱབ་བརྡལ་དུ་སྤེལ་ན་ཡག་པོ་ཡིན་མིན་མི་ཤེས། གོང་དུ་ཕ་རྒྱུད་དང་མ་རྒྱུད། གཉིས་མེད་ཀྱི་རྒྱུད་སྡེའི་དབྱེ་ཚུལ་ཙམ་ཡིན་པས་འདི་ཙམ་སྐྱོན་ཅི་ཞིག་ཡོད།
དྲ་ངོས་འདི་ན་གསང་སྔགས་ཀྱི་དབང་ཆེན་མ་ཐོབ་པ་ཞིག་ཡོད་ཀྱི་མ་རེད་བསམས་ནས་འདིར་བཞག་པ་ཡིན། ད་དུང་གསང་སྔགས་ལ་མོས་པ་ཡོད་མཁན་ཞིག་དང་དབང་སྐུར་ཞུས་མྱོང་མཁན་ཞིག་ཡིན་ན་འདི་དག་ཤེས་རྒྱུ་གལ་ཆེན་པོ་རེད། སྤྱིར་ན་ཕ་རྒྱུད་མ་རྒྱུད་ཀྱི་ཁྱད་པར་འཇོག་ལུགས་འདི་ཙམ་ཞིག་བརྗོད་ན་གསང་སྔགས་ཀྱི་རྩ་ལྟུང་དང་འགལ་ལུགས་ཤིག་གང་ནས་གསུངས་འདུག མ་སྨིན་མི་ལ་གསང་བ་བྱིན་ཞེས་པ་ནི་ཐེག་པ་ཐུན་མོང་བས་རྒྱུད་མ་སྦྱངས་པའི་གང་ཟག་ལ་གསང་སྔགས་ཀྱི་ཉམས་ལེན་མཐར་ཐུག་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་སྐུར་བ་མི་མོས་བཞིན་དུ་དམ་ཚིག་གི་རྫས་བསྟན་པ་སོགས་ལ་ཟེར་ཞིང་། དྲ་ཐོག་འདི་ན་གསང་སྔགས་ཁས་མི་ལེན་མཁན་ཞིག་ཡོད་ན་ལག་པ་ཡར་ཁྱོགས་དང་དེ་ནས་ལྟ་ཡ།
ཡ་ཀླུ་སྨྱོན་ལ། དེ་རིང་ཕ་རྒྱུད་དང་མ་རྒྱུད་ཀྱི་འཇོག་བྱེད་སྐོར་ལ་བགྲོ་གླེང་ཅིག་བྱས་ན་འདོད། ཁོ་ན་རེད། ཐབས་ཤེས་རེ་རེ་བ་སྟོན་པ་ཕ་མའི་རྒྱུད་དང་། གཉིས་ཀ་སྟོན་པ་གཉིས་མེད་ཀྱི་རྒྱུད། ཟེར་ན། ཕ་རྒྱུད་དང་མ་རྒྱུད་མེད་རེ་རེ་བ་མེད་པར་ཐལ། ཐབས་ཤེས་ཕྱོགས་རེ་བ་སྟོན་པ་མེད་པའི་ཕྱིར། རྒྱུད་ཡིན་ན་གཉིས་མེད་ཀྱི་རྒྱུད་ཡིན་པས་ཁྱབ་པར་ཐལ། ཐབས་ཤེས་གཉིས་སྟོན་པའི་ཁྱབ་པའི་ཕྱིར་རོ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་བདག་མེད་རྟོགས་པ་མི་སྟོན་པ་མེད་པའི་ཕྱིར་རོ། དཔེར་ན་དགྱེས་རྡོ་རྗེ་ལྟ་བུ། རིགས་པ་འདིས་འཇོག་བྱེད་ཡོངས་སུ་རྫོགས་པ་ལ་འདྲའོ།
གོང་གི་རིགས་པ་གཅིག་བུ་འདིས་ཁྱེད་རང་གིས་བཞག་པའི་ཕ་རྒྱུད་མ་རྒྱུད་འཇོག་བྱེད་དང་པོ་ནས་དགེ་ལུགས་པར་གྱི་ཆ་ཚང་ལ་ལེབ་རྡུང་བྱས་པས་སྐྱོན་སྤོང་བྱེད་ཐུབ་བམ།
ཨ་རོགས། རྒྱུད་ཡིན་ན་ཐབས་ཤེས་གཉིས་ཀ་སྟོན་པས་མ་ཁྱབ་ཟེར་བ་མིན་པར་་གཙོ་བོར་གང་སྟོན་མིན་གསུང་གི་ཡོད་པ་མ་རེད་དམ། དེ་ཡིན་པ་ནི་དགེ་ཕྱོགས་ཀྱིས་སྒྱུ་ལུས་དང་འོད་གསལ་རྩལ་དུ་བཏོན་ནས་འཆད་མིན་གསུངས་པ་དེས་བློ་སྒོ་རེ་མི་ཕྱེ་འམ།
ཁྱབ་མ་ཁྱབ་གཅིག་པོ་ཐུགས་དམ་གྱི་མཐིལ་དུ་མི་འཛིན་པར་ཚིག་རེ་རེའི་ངོ་གདོང་ལ་བསམ་བློ་ཞིག་ཐོངས། གྲོགས་པོ་ནང་ཚགས་ཀྱི་གསེར་སྲང་སྟོང་གིས་མི་ཁུགས་པའི་ལོ་གསར་ལེགས་སྐྱེས་ཡིན།
ཡང་གཞོན་ནུ་ཟླ་མེད་ཟེར་བའི་འདྲེ་འབངས་འདིས་དགེ་བླུགས་དགེ་བླུགས་ཞེས་འོ་དོད་འབོད་ཞོར་ལ་སླེབས་སོང་། སྐལ་ཆད་རྒྱུ་བོ། ཁྱོད་ཀྱིས་དགེ་བླུགས་བྱེད་རྒྱུ་མང་དྲགས་ནས་བརྒྱལ་སོང་བ་མིན་ན་ཀླུ་སྨྱོན་གྱིས་ཐབས་ཤེས་རེ་རེ་ཟེར་བ་དེ་ཐབས་ཤེས་རེ་རེ་གཙོ་བོར་སྟོན་པ་ལ་ཟེར་གྱི་ཡོད་པ་རེད། གལ་དེ་དེ་ལ་སྐྱོན་ཡོད་ན་རྗེ་རིན་པོ་ཆེས་སྒྱུ་ལུས་གཙོ་བོར་སྟོན་པ་ཕ་རྒྱུད་དང་། འོད་གསལ་གཙོ་བོར་སྟོན་པ་མ་རྒྱུད་ཅེས་གསུངས་པ་ལ་ཡང་ཁྱབ་མ་ཁྱབ་ཀྱི་འབིག་ཚགས་བྱེད་དགོས་པར་མི་འགྱུར་རམ། གཡག་ཞར་གྱིས་རྩྭ་ཟ་སྟངས་མ་བྱེད། རིགས་གཏེར་ལས། ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས།། བདག་ཉིད་ཆེན་པོའི་རིགས་པ་འགོག ནགས་ན་གནས་པའི་སྤྲེའུ་དག། ལྗོན་པའི་ཤིང་ལ་མི་གཙང་འདོར་ཟེར་བ་དེ། བློ་བཟང་གྲགས་པའི་གཞུང་བཟུང་ནས།། བདག་ཉིད་ཆེན་པོའི་རིགས་པ་འགོག ནགས་ན་གནས་པའི་སྤྲེའུ་དག། ལྗོན་པའི་ཤིང་ལ་མི་གཙང་འདོར་ཞེས་ཁ་བསྒྱུར་བྱེད་ཆོག་ས་རེད།
མྱིག་རྫོབ་མཇེ་ཀོག་ཀྱེན་དུ་ལངས་ནས་ཤི་རྒྱུ་བོ། ཁྱོས་གཙོག་བཤད་མ་གཏོགས་ཅི་ཤེས། ཁྱོད་ཀྱིས་ཤེས་ན་ཕ་རྒྱུད་གསང་བ་འདུས་པ་ནས་ཐབས་གཙོར་བོ་བསྟན་པའི་ཚད་རྒྱུད་ཚིག་དང་སྦྱར་ནས་ཤོད་དང་། མ་རྒྱུད་གསང་བ་འདུས་པ་ནས་ཤེས་རབ་གཙོ་བོར་བསྟན་པའི་ཚད་རྒྱུད་ཚིག་དང་སྦྱར་ནས་ཤོད་དང་། དེ་མིན་གཉིས་མེད་དགྱེས་པ་རྡོར་རྗེ་ནས་དེ་གཉིས་ཀ་གཙོ་བོར་བསྟན་པའི་ཚད་རྒྱུད་ཚིག་དང་སྦྱར་ནས་ཤོད་དང་།
དེ་མིན་དཔལ་ཉམས་མེད་རི་བོ་དགེ་ལུགས་པར་སྐྱོན་བརྗོད་བྱས་པས་ཁྱོད་ཀྱིས་རང་རོ་རང་གིས་ས་ལ་འདྲིད་པ་རེད། ཤེས་སོང་ངམ།
དགེ་ལུགས་པའི་ཚིག་གི་ལྷན་པ་དེ་རྐུ་མ་རྒྱབ་ནས་ཁྱོད་རང་གི་དོར་ཐུང་ལ་ལྷན་པ་རྒྱག་ཞོར་དུ་དགེ་ལུགས་པར་ཁ་གཏོང་བར་ངོ་མི་ཚ་འམ། ༼གཙོ་བོ༽ ལྷན་པ་འདི་ཡག་པོ་རེད་བསམ་སོང་ངམ།
ལྷག་པར་དུ་དགེ་ལུགས་པས་སྒྱུ་ལུས་དང་འོད་གསལ་གཙོ་བོར་བསྟན་མ་བསྟན་གྱིས་འཇོག་ན། རྒྱུད་སྡེ་འོག་མ་གསུམ་ཆོས་ཅན། ཁྱོད་རྒྱུད་སྡེ་མ་ཡིན་པར་ཐལ། ཁྱོད་ལ་ཕ་རྒྱུད་དང་མ་རྒྱུད་གཉིས་མེད་སོགས་བཤད་དུ་མེད་པའི་་ཕྱིར་དེ། སྒྱུ་ལུས་དང་འོད་གསལ་འདི་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར། དབྱེ་གཞི་གང་ཞིག་ལ་དབྱེ་བས་ཁྱབ་དགོས་པ་རིགས་སྨྲ་སྤྱིའི་ལུགས་སོ། རྒྱུད་སྡེ་ལ་བཞི། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་རྒྱུད་བཅས་སོ།
ཨ་རོགས། སུས་རྒྱུད་སྡེ་ཡིན་ན་བླ་མེད་ཀྱི་རྒྱུད་སྡེ་ཡིན་དགོས་པའམ་ཡང་ན་ཕ་མ་གཉིས་མེད་རྒྱུད་གསུམ་གྱི་ཁོངས་སུ་འདུ་དགོས་ཟེར་གིན་འདུག དགེ་ལུགས་པས་བླ་མེད་ཀྱི་རྒྱུད་སྡེ་གང་ཞིག་སྒྱུ་ལུས་གཙོ་བོར་སྟོན་པ་ཕ་རྒྱུད་དང་། དེ་གང་ཞིག་འོད་གསལ་གཙོ་བོར་སྟོན་པ་མ་རྒྱུད་དུ་གསུངས་པའི་ཞིབ་ཆ་འབྱེད་ལོས་དགོས་ལ་ཁྱོད་ཀྱང་དེ་མི་ཤེས་མཁན་ཞིག་ག་ལ་ཡིན།
ནོར བཅོས། མ་རྒྱུད་འཁོར་ལོ་སྡོམ་པ་ཟེར་དགོས། ལག་པ་འདི་སེམས་ཀྱིས་ཟིན་ཡོད་ས་མ་རེད། སེམས་ལ་མ་རྒྱུད་འཁོར་ལོ་སྡོམ་པ་ཞེས་དྲན་ནས་གློག་གླད་ནང་དུ་ལག་པས་མ་རྒྱུད་གསང་བ་འདུས་པ་ཅེས་བཏགས་འདུག
fa-rgyud thab-ston, ma-rgyud she ston,
gnyis-ston gnyis-med sgud!
གཞོན་ཟླ་ལགས།
གལ་ཏེ་ཐབས་ཁོ་ན་སྟོན་པ་ཕ་རྒྱུད་དང་། ཤེས་རབ་ཁོ་ན་སྟོན་པ་མ་རྒྱུད། གཉིས་ཀ་སྟོན་པ་གཉིས་མེད་ཀྱི་རྒྱུད་སྡེ་ཡིན་ཞེས་བཤད་ཡོད་ན། རང་གི་རིག་པ་དེ་དོན་གནས་ཀྱང་དེ་འདྲ་མ་རེད། ཡང་ཚིག་ལ་གོ་བ་ལོན་མི་འདུག
གཞོན་ནུ་ཟླ་མེད། མཇེ་ཀོག་ཀྱེན་དུ་ལངས་ནས་ཤི་མཁན་དེ་འདྲེ་ཡི་སྲོག་གཏད་ཞུ་མཁན་སྐུ་དྲིན་ཅན་ཁྱེད་ཀྱི་བླ་བརྒྱུད་ཚོ་རེད། ངས་འདྲེ་མཆོད་ཀྱི་མེད་པས་མཇེ་ལངས་ནས་ཤི་དོན་མེད་ཀ དེ་ནས་ཁྱོད་ཀྱིས། “ཕ་རྒྱུད་གསང་བ་འདུས་པ་ནས་ཐབས་གཙོར་བོ་བསྟན་པའི་ཚད་རྒྱུད་ཚིག་དང་སྦྱར་ནས་ཤོད་དང་། མ་རྒྱུད་གསང་བ་འདུས་པ་ནས་ཤེས་རབ་གཙོ་བོར་བསྟན་པའི་ཚད་རྒྱུད་ཚིག་དང་སྦྱར་ནས་ཤོད་དང་།” ཞེས་ལག་པ་འདར་སིག་རྒྱག་ཞོར་དང་གཅིན་ཤོར་གྲབས་བྱེད་ཞོར་ལ་ངར་ངར་ཅིག་བྱེད་ཁུལ་བྱས་འདུག་པ་དེ། སྒྱུ་ལུས་གཙོ་བོར་སྟོན་པ་ཕ་རྒྱུད་དང་། འོད་གསལ་གཙོ་བོར་སྟོན་པ་མ་རྒྱུད་ཅེས་གསུངས་མཁན་དེ་རྗེ་རིན་པོ་ཆེ་ཡིན་པས་ཁྱོད་ཀྱིས་ངར་ངར་རྫིག་རྫིག་དེ་རྗེ་རིན་པོ་ཆེ་ལ་བྱོས་ཤིག དེ་མིན་ང་ལ་དེ་རིང་གསང་འདུས་དང་འཁོར་ལོ་སྡོམ་པ་སོགས་དང་། སྔགས་རིམ་ཆེན་མོ་སོགས་ཀྱི་ལུང་མང་པོ་དྲངས་ནས་ཁྱོད་དང་ཤག་འགྱེད་བྱེད་འདུག་རྒྱུའི་དུས་ཚོད་མེད་དོ། ཨ་ཤོ་བ་རིས་ལྟ་བུའི་བུ་མོ་ཞིག་དང་མཉམ་དུ་མཚན་ཚོགས་ཞབས་བྲོ་ལ་འགྲོ་དགོས་ཡོད། དེ་ནས་ཕྱིར་ཁྱིམ་དུ་སླེབས་རྗེས་ནམ་ཕྱེད་ཀྱི་རིང་ལ་འཇིབ་ལྡག་དང་། 69 སྒྱུ་རྩལ་གྱི་མངར་ཁ་སོགས་ལ་རོལ་དགོས་ནི་རེད། རྒད་པོས་རྒད་པོ་ལ་བརྡར་ནས་ཤམས་ཐབས་སྟེང་དུ་བླུགས་མི་དགོས་པ་དེ་སྐྱིད་ཅིག་རེད་ཡ། གཞོན་དུ་ལོ་ལོ། ཁྱོད་ཨ་བ་རིས་ལ་སྙིང་རེ་རྗེ།
སང་ཉིན་ཐུག་ལོ། ཟླ་མེད་གློའུ་རྒན་ལུག་གི་ཤེས་རན་ཅན།།
ཤེས་རབ་
ཚིག་གི་སྤྱི་བམ་ཤེས་མ་ཤེས་མ་རེད། བགྲོ་གླེང་བྱེད་པ་ལ་དགོས་པ་ཁ་ཤས་ཡོད། ༡༽ སེམས་ངོར་འཇགས་རྒྱུའི་ཁྱད་ཡོད། ༢༽ ཞིབ་ཚགས་སྒྲོ་འདོགས་ཆོད་པའི་ཁྱད་ཡོད། ༣༽ བཞེད་ཚུལ་མང་པོ་ཡོད་པ་ཤེས་པའི་ཁྱད་ཡོད། དེའི་རྐྱེན་གྱིས་བགྲོ་གླེང་བྱེད་ཀྱི་ཡོད།
དང་པོ་དེར་སྐབས་འདིའི་རྒྱུད་ཟེར་བར་གོ་བ་ཅི་ལྟར་ལེན་དགོས་སྐོར་ཤེས་ན་འདོད།
གཉིས་པ་དེར། ལོ་མང་པོ་ཞིག་གི་སྔོན་ནང་ཆོས་སློབ་སྦྱོང་ལ་དབྱིངས་ཞུགས་ཡོད་པའི་སྐབས་དབྱིན་ཇི་ནང་ཟབ་ཆོས་སྐུ་གསུམ་ལམ་འཁྱེར་དང་རིམ་བདུན། ཕུང་བོ་ཕྲ་མོའི་རྩ་རླུང་ཐིག་ལེའི་བཀོད་པ་དང་།གཉིད་དང་བརྒྱལ་བ་དང་།གཉིས་གཉིས་སྦྱོར་བ།འཆི་ཁ་སོགས་ལ་ཕུང་བོའི་ཐིམ་རིམ། སྣང་མཆེད་ཐོབ་གསུམ་ཤར་སྟངས་དང་འོད་གསལ་མ་བུ་འཕྲད་སྟངས། རླུང་སེམས་ཕྲ་རགས་ལ་འཇུག་ལྡོག་བྱེད་པ་སོགས་ཀྱི་སྐོར་དབྱིན་དེབ་ནང་གང་དགོ་དགོ་ཡོད་པ་མཇལ་ནས་ཁ་སང་དེ་རིང་འདིར་གསང་སྔགས་ཟེར་བ་འདི་ཁྲོམ་ལ་སླེབས་འདུག་སྙམ་སོང་ལ། མགོ་སེར་ལས་ཅན་འདི་ཚོ་ལས་བཟང་བ་ལ གཞུང་ཆེན་པོ་ཚེགས་ཀློག་མི་དགོས་པར་སྔོན་ཚེ་གངས་རིའི་ཡུལ་གྱི་སྐྱེས་ཆེན་ཚོས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ གསེར་སྲང་ཕོན་ཆེན་གྱིས་ཉོས་པའི་ཤེས་བྱ་འདི་དག་དེང་སང་ཨ་སྒོར་ཁ་ཤས་ཀྱི་ཉོ་ཐུབ་ཅིང་། ཕྱོགས་འཁྱམས་སྐྱིད་ཉལ་མཁན་པོ་དག་གི་ཉལ་སའི་ནང་ན་གསང་རྒྱ་གྲོལ་འདུག་ཀྱང་བསམ་སོང་། ད་དུང་ཨ་ཤི་རེ་ཁོ། བླ་མ་འདི་ཚོས། བོད་ཕྲུག་མི་ནག་བསོད་སྐམ་བདག་འདྲ་བ་དག་ལའང་གོ་སླ་བའི་བོད་ཡིག་ནང་མགོ་སེར་ཚོའི་ཚན་རིག་ཟེར་བའི་དཔེ་ཆ་ནང་ན་མེད་པའི་ཤེས་བྱ་ངོམ་རིན་ཡོད་པ་འདི་ཅུང་ཙམ་བགོ་སྐལ་དུ་བསྩལ་ན་ཅི་མ་ཆོག་ཨང་་བསམས་སོང་། སྐབས་དེར་གྲོགས་པོ་ནང་ཚགས་ལའང་འདི་ལྟར་ལབ་གླེང་བྱེད་རྒྱུ་བྱུང་།།
རི་སྤྱང་ཁེར་འགྲོ་ལགས། རྒྱུད་ཟེར་ན་རྒྱུན་མ་ཆད་མི་ཆད་ཆད་པར་མི་འགྱུར་བར་བརྒྱུད་པ་མི་འཆད་པའམ་རྒྱུན་མི་ཆད་པའི་དོན་རེད། དེ་ཡང་གཞི་བདེ་བ་ཆེན་པོ་སེམས་ཅན་ནས་སངས་རྒྱས་བར་དུ་རྒྱུན་མ་ཆད་པར་གནས་པ། ལམ་རིམ་པ་གཉིས་རྒྱུན་མ་ཆད་དུ་ཉམས་སུ་བླངས་པར་བརྟེན་འབྲས་བུ་སྐུ་གཉིས་མངོན་དུ་གྱུར་པ། མངོན་དུ་གྱུར་པའི་སངས་རྒྱས་དེ་ཡང་ཉན་རང་ལྟར་ཕྱོགས་གཅིག་པའི་མྱང་འདས་ཙམ་མིན་པར་གདུལ་བྱའི་ཁམས་ཅི་སྲིད་པར་དུ་འཕྲིན་ལས་རྒྱུན་མི་ཆད་པ་ཞིག་སྟེ་གཞི་ལམ་འབྲས་གསུམ་གྱི་རང་བཞིན་ཅན་ཞིག་རེད་ཟེར། དེ་ལྟ་བུའི་བརྗོད་བྱ་ཅན་གྱི་གསུང་རབ་རྣམས་ལ་རྒྱུད་སྡེ་ཟེར་བ་རེད།
དྲ་གྲོགས་སྤོབས་པ་མཐའ་ཡས་མཆོག་ནས་དུས་ཐོག་གྲུ་ཆར་འཇོ་བ་སྙིང་ནས་དགའ།
སྤོབས་པ་ལགས སྨན་གྱི་རྒྱུད་བཞིའི་སྐབས་སུའང་གོང་ལྟར་གོ་ནའགྲིག་གམ།
ཁོང་རྡོ་རྗེ་འཆང་ཟེར་བའི་སྔོ་སྔོ་འདི་དང་། །
སྔགས་རྒྱུད་སྡེ་གསུམ་ཟེར་བའི་ཁྲ་ཁྲ་འདི་ཚོ། །
འཚང་རྒྱ་འདོད་མེད་ན་ལོགས་ཀ་རེད་མ་གཏོགས། །
མི་སུས་ཀྱང་མ་ཤེས་ཐབས་མེད་ཅིག་རེད་འདུག །
དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་བའི་གུས་ཕྱིར་མིན།།ཞེས་དང་།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུས་ཤིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།།
ཉིད་ཀྱིས་རྟོགས་པའའང་གཞན་ལ་འཕོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་
བར་མཛད།། ཅེས་དང་།
མིག་དང་སྣ་དང་རྣ་ཡང་ཚད་མ་མིན། ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། གལ་ཏེ་དབང་བོ་འདི་དག་ཚད་ཡིན་ན།། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།།
ད་དུང་།
མ་བརྟགས་ཉམས་དགའ་བརྟགས་ན་ངོས་བཟུང་མེད།། ཤིན་ཏུ་བརྟགས་ན་སྨྲ་བསམ་བརྗོས་ལས་འདས།།
དང་།
ཟབ་ཞི་སྤྲོས་བྲལ་འོས་གསལ་འདུས་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།།
…..སོགས་གདངས་ལ་གྱེར་བཞི་་ཁ་སང་དེ་རིང་འདིར་བདག་ནི་་མི་ཡི་མཆོག་དེར་སྙིང་ནས་དགའ་ཞིང་སྤོབས་པའི་གདེངས་འདི་ཇེ་མཐོ་རེད་ལགས།
ཨ་ལག་ཡི་ཤུ་མ་ཤི་ཀ་ཚང་དང་ཨ་ཁུ་སྦྲང་རྩི་བློ་གྲོས་ཚང་གི་ཞལ་ནས་འདི་འདྲ་གསུངས་ཡོད་མིན་ཨེ་ཤེས།།།
ད་དུང་། སེམས་ཀྱི་རང་བཞིན་འོད་ཟེར་བ་འདིར་ངོ་མ་དགའ་གི།།
རྟེན་འབྲེལ་དང་སྟོང་ཉིད། མི་རྟག་པའི་ཚིག་བཞི་དེ་ཚོ་ང་ལ་སློབ་རོགས་གནང་།སློབ་འབྲིང་གི་སློབ་མ་་ཞིག་ལྟར་བློར་འཛིན་བྱེད་ན་འདོད། སྙན་ངག་པ་སྨྱོན་པ་ཞིག་ལྟར་གྱེར་ཀློག་བྱེད་ན་འདོད།།
སེམས་ཀྱིས་རང་བཞིན་འོད་གསལ་བ་ཟེར་བ་ལ་བཅོས།
རང་ཚུགས་མི་ཐུབ་བརྟེན་ཅིང་འབྲེལ་འབྱུང་། །
རང་ངོས་མ་གྲུབ་སྟོང་པའི་རང་བཞིན། །
རང་གཞན་རྐྱེན་གྱིས་འཇིག་འགྱུར་མི་རྟག །
རང་གིས་ཤེས་ན་རང་སེམས་ལྷོད་ལྷོད། །
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ལ་བཅོས་གནང་འཚལ། དོ་དགོང་བུ་རྫི་ཡིན་པས་བར་ཆད་ཆེ་གི་ཡ།།
ཨ་ལག་ཚང་ངོ་མ་ཡིན། གཞུང་ན་གསལ་བའི་ཚིག་བཞི་དེ་ཚོ་སློབས་གནང་དང་།།
ཚིག་དེ་ཚོར་གཞོན་ནུ་ཟླ་མེད་མཁས་ནི་རེད། ཁོང་དགེ་བཤེས་ཤིག་རེད། ང་གྲྭ་ས་ནས་ལོ་གཅིག་ལ་མ་གཏོགས་བསྡད་མེད།
ཡ་ཡ། དི་ནས་ཟླ་མེད་འདི་ཕྱོགས་ལ་སླེབས་དུས་ཤིག་ལ་ཟིན་བྲིས་རྒྱག་གི་ཡིན།
ཡིན་ནའང་། རྟོགས་པ་ཀློང་བརྡོལ་ཀླུ་སྨྱོན་ལགས་ལ་འབོད་སྐུ་ཞུ་རྒྱུ་ཞིག་ལ། ཁོམ་པ་འདྲ་བྱུང་ན། ངེད་མི་ནག་ཚོ་ཡིད་ལ་བཟུང་ནས་་ངས་གོང་དུ་ཞུས་པའི་ལུས་སེམས་ཕྲ་མོ་རྩ་རླུང་ཐིག་ལེའི་རྣམ་བཞག་དང་ལུས་སེམས་ཐིམ་རིམ། ལུས་སེམས་ཕྲ་མོ་མངོན་དུ་འགྱུར་ཚུལ། སྣང་བ་དཀར་དམར་ནག་གསུམ་འཆར་སྟངས། འོད་གསལ་འཆར་ཚུལ་སོགས་ཁ་གསལ་ལ་གོ་བདེ་བ་།དེ་ཡང་ས་དགེ་བཀའ་རྙིང་བོན་ལུགས་དང་བཅས་བའི་བཞེད་ཚུལ་ཞིབ་བསྡུར་མཛད་པའི་་དཔེ་དེབ་གོ་བདེ་མ་ཞིག་རྩོམ་ཐུབ་ན་ཟིན་ཏུ་ལེགས།།
ཚིག་རེ་རེ་ནས་བསམ་བློ་བཏང་ན་དངོས་པོ་ཀུན་གྱི་གནས་ལུགས་སྟོན་པས་ན་ཟབ་པ་དང་། ཡང་ན་ངན་སོང་གསུམ་གྱི་སྡུག་བསྔལ་རྒྱ་ཆེར་བསྟན་ཏེ་སྐྱེས་བུ་ཆུང་ངུའི་རིགས་རྗེས་སུ་འཛིན་པས་ན་ཟབ་པ་དང་། ཉོན་མོངས་པ་ཕྲ་རགས་ཐམས་ཅད་ཞི་བར་བྱེད་པ་འམ། ཡང་ན་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་གྱི་རང་བཞིན་རྒྱ་ཆེར་བསྟན་ནས་སྐྱེས་བུ་འབྲིང་གི་རིགས་རྗེས་སུ་འཛིན་པས་ན་ཞི་བ། ཉོན་མོངས་པ་ཙམ་མ་ཡིན་པར་ཕྱི་ནང་གི་ཆོས་ཀུན་བདེན་པར་འཛིན་པར་བདེན་འཛིན་གྱི་སྤྲོས་པའམ་རྣམ་རྟོག་གི་སྤྲོས་པ་དང་བྲལ་བས་སྤྲོས་བྲལ། ཡང་ན་ཤེས་བྱའི་གནས་ལུགས་ཕྲ་མོ་ལ་རྨོངས་པའི་ཐེག་ཆེན་རིགས་ཅན་ནམ་སྐྱེས་བུ་ཆེན་པོའི་རིགས་རྗེས་སུ་འཛིན་ཕྱིར་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ལམ་བཟང་སྟོན་པས་ན་སྤྲོས་བྲལ། ཐ་མལ་སྣང་ཞེན་གྱི་མུན་པས་སྙིང་ཁམས་དཀྲིགས་པའི་གདུལ་བྱ་དག་ལ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་འཁྱེར་བའི་བསྐྱེད་རིམ་གྱི་ཟབ་གནད་སྟོན་པས་འོད་གསལ་བ་དང་། མ་དག་པའི་སྒྱུ་ལུས་དག་པ་འཇའ་འོད་ཀྱི་སྐུ་རུ་སྒྱུར་བར་བྱེད་པའི་རྫོགས་རིམ་ཕྲ་རགས་ཀྱི་གནས་ལུགས་བསྟན་ཏེ་གཞོན་ནུ་བུམ་སྐུའི་དགོངས་ཀློང་དུ་གྲོལ་བར་བྱེད་པས་འདུས་མ་བྱས་པའི་ཐ་སྙད་ཀྱིས་བསྟན་པ་ཨེ་ཡིན། ངས་ངོ་མ་ཅང་མི་ཤེས།
ཡ། ད་ཉལ་སོང་། ཨ་ལག་ཚང་བདེ་མོ།།།
རི་སྤྱང་ཁེར་འགྲོ་ལགས། སྔགས་ཀྱི་རྒྱུད་བཞི་དང་སྨན་གྱི་རྒྱུད་བཞི་དེ་དོན་ཁ་ཁ་རེད་ལགས། སྨན་གྱི་རྒྱུད་བཞི་ནི་རྩ་རྒྱུད། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་ཟེར་བ་རེད། རྒྱུད་བཞི་འདི་སངས་རྒྱས་ཀྱི་བཀའ་ཡིན་པར་འདོད་པ་དང་། གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པའི་པསྟན་བཅོས་ཡིན་པར་འདོད་པ་དང་། གཏེར་མར་འདོད་པ་སོགས་བཤད་ཚུལ་མི་འདྲ་བ་ཡོད་རེད་ལགས།
སྔགས་ཀྱི་རྒྱུད་སྡེ་བཞི་ནི། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཟེར་བ་རེད་ལགས།
དབང་བསྐུར་ཐོབ་མིན་ཀུན་ལ་ཡང་།།
བཤད་རུང་རྒྱུད་སྡེའི་རྣམ་བཞག་ལ།།
གསར་རྙིང་འདོད་ཚུལ་མི་འདྲ་སོགས།།
ཚུལ་འཐུན་བགྲོ་གླེང་བྱེད་ན་རྨད།།
ཆུ་དང་འོ་མ་ངང་པས་འབྱེད།།
ཐུན་མོང་ཐུན་མིན་མཁས་པས་ཤེས།།
སྨྱོན་པས་ལྷན་གཅིག་སྦག་པ་དང་།།
རྟོག་གེའི་རིག་པས་གཞལ་འདིས་སྐྱོ།།
ཡོངས་སུ་མ་སྨིན་སེམས་ཅན་ལ།།
གསང་བ་སྒྲོགས་པ་བདུན་པ་ཡིན།།
གསུངས་པའི་རྩ་ལྟུང་བདུན་པའི་དོན།།
ཅི་འདྲ་ཞིག་ལ་ངོས་འཛིན་དགོས།།
དབང་གིས་སྨིན་དང་མ་སྨིན་དོན།།
དབང་གྲལ་སྡད་ཙམ་ཨི་ཡིན་ན།།
རྡོར་འཆང་ཡབ་ཡུམ་སྦྱོར་བའི་རིས།།
གསང་རྒྱུའི་གསང་བ་མ་ཡིན་ནམ།།
ལུས་ཀྱི་དབང་པོ་ཉམས་གྱུར་ན།།
མིག་དབང་གསལ་ཀྱང་གཟུགས་མི་མཐོང་།།
རྩ་བ་རུལ་བའི་གདོང་པོ་ལ།།
འབྲས་བུ་རེ་ཡང་ངལ་བའི་རྒྱུ།།
བསྙེན་པར་མ་རྫོགས་སྔོན་རོལ་དུ།།
ལས་ཚིགས་མྱོང་ན་ལས་མི་ཆགས།།
དབང་གིས་མ་སྨིན་སྔོན་རོལ་དུ།།
གསང་སྒྲོགས་བྱས་ན་ཉམས་པའི་རྒྱུ།།
སློབ་དཔོན་སློབ་མ་གཉིས་ཉམས་ན།།
ཉམས་པར་གྱུར་བ་སྣོད་མིན་ཞེས།།
ཆོས་ཀྱི་རྒྱལ་པོས་ཡང་ནས་ཡང་།།
ནན་གཏན་མཛད་པའི་དོན་གང་ཡིན།།
སེངྒེའི་འོ་མ་རིན་ཆེན་གྱི།།
སྣོད་དུ་ཚོགས་ཀྱི་གཞན་མིན་ལྟར།།
མཆོག་ཐུན་དངོས་གྲུབ་རྒྱུད་སྡེ་བཞིན།།
སྒྲུབ་ལ་ཡིན་གྱི་གཞན་དུ་མིན།།
སྔགས་འཆང་ཆོས་བརྒྱད་ཀྱིས་སྨྱོ་ནས།།
སྐལ་མེད་གསང་སྒྲོགས་དགའ་ལ་འཕྲད།།
མེས་པོས་ཡོད་དགུས་བསགས་པའི་ནོར།།
ཚོང་དུས་ཟང་ལས་མོད་པ་འདིས།།
སངས་རྒྱས་བསྟན་པ་རྣལ་མ་དེ།།
མཐའ་རུ་ཐུག་པའི་མཚན་མ་དངོས།།
ཀུན་ལ་བགྲོ་གླེང་བྱེད་དགའ་ཡང་།།
གསང་སྒྲོགས་བྱེད་ལ་བདག་མི་དགའ།།
ཆོས་མེད་ཆོས་འཕེལ་ཆོས་ལྡན་གྱི།།
མཁས་པས་ཟབ་ཆོས་བགྲོ་གླེང་ལ།།
ཞུགས་པའི་སྐལ་བ་དབེན་པ་འདིར།།
ཞེ་འཁྲེལ་མཛད་ནའང་འདོད་མོས་མཛོད།།
རྩ་བ་རུལ་བའི་སྡོང་པོ་ལ། ནོར་བཅོས
ཨ་ཨ་མེ་ལྕེ་ལས་མུན་པ་དང་། ཆོས་འཕེལ་ཁ་ནས་ཀྱང་ཆོས་སྐད་འདྲ་ཡོང་གི་འདུག་གོ
གང་ཤར། །
ན་མོ་གུ་རུ་ཀ་ལ་ཙཀྲ་ཡེ། །
བཀྲ་ཤིས་བདེ་ལེགས་གྲོགས་པོ་ཚོ། །
གནམ་ལོ་གསར་བའི་ལེགས་སྐྱེས་འདི། །
དག་སྣང་ཅན་ལ་ཤེས་བྱའི་དཔལ། །
མ་དག་སྔོ་དམར་བསྲེས་པའི་གཟུགས། །
གཞོན་ནུ་ཟླ་མེད་ཡིན་པའམ། །
རྒན་པ་ཟླ་བྲལ་ཡིན་ན་ཡང་། །
བོད་རིགས་བསམ་ཤེས་ཡིན་ནས་བཟུང་། །
དབང་ཐོབ་མེད་པར་ཕལ་ཆར་མེད། །
གསང་སྔགས་ཁྲོམ་བསྒྲགས་བཤད་ཅེས་པ། །
ཆོས་བརྒྱད་དྲི་མས་གཡོགས་པ་ཚོས། །
དབང་བསྐུར་དམ་རྫས་འགྱེད་བྱས་ནས། །
དཀོར་རྫས་ལན་ཆགས་བསགས་ལ་གོ། །
ཕ་རྒྱུད་གསང་བ་འདུས་པ་གཅིག །
མ་རྒྱུད་འཁོར་ལོ་སྡོམ་པ་གཉིས། །
གཉིས་མེད་དུས་ཀྱི་འཁོར་ལོ་གསུམ། །
ཐོས་བསམ་སྒོམ་སྒྲུབ་བྱེད་པར་གལ། །
མ་ཧྰ་ཡོ་གའི་བསྐྱེད་རིམ་གཅིག །
ཨ་ནུ་ཡོ་གའི་རྫོགས་རིམ་གཉིས། །
ཨ་ཏི་ཡོ་གའི་ཀ་ལྷུན་གསུམ། །
དབྱེར་མེད་རིག་ངོ་ཤེས་པའོ། །
གསར་མས་ཐབས་ལམ་གཙོ་འདོན་གཅིག །
རྙིང་མས་གྲོལ་ལམ་གཙོ་འདོན་གཉིས། །
ཕྱག་རྫོགས་དབུ་མའི་དཀའ་གནད་གསུམ། །
སྒྲུང་གཏམ་བྱིས་པའི་རྩེད་མོ་མིན། །
དེང་དུས་གསར་རྙིང་གོ་ལྡོག་ནས། །
གསར་རྙིང་ཐབས་ཤེས་ལྟ་སྟངས་དེ། །
འཛིན་མཚམས་མ་ཤེས་ཐོ་ཅོ་མཁན། །
ཉིན་བཞིན་དབྱར་གྱི་སྐྱེ་དངོས་བཞིན། །
བཟང་ངན་མ་ཤེས་གོ་ལོག་མང་། །
ཟས་དུག་མ་ཤེས་དུག་ནད་འཕེལ། །
ཕྱི་ནང་མ་ཤེས་ལྟ་ལོག་མོད། །
བདེན་རྫུན་མ་ཤེས་ཐལ་ངག་འཁྲུལ། །
གཟུར་གནས་བློ་ལྡན་དོན་གཉེར་ལ། །
ཆོས་འཛིན་ཆོས་ཀྱི་བགྲོ་གླེང་འདི། །
རིག་གནས་སྤྱི་ཡི་བསྟན་འཛིན་ཡིན། །
ངེས་ཤེས་གསལ་བའི་སྒྲོན་མེ་ལགས། །
དོན་ཆེན་གཅིག་གི་མདུན་ལམ་ཡིན། །
ཐར་ལམ་གཅིག་གི་ལམ་སྟོན་ཡིན། །
ཚེ་གཅིག་གྲོལ་བའི་གདམས་པ་ཡིན། །
འདི་ལ་ཀུན་གྱིས་འབད་པར་རིགས། །
ཆོས་བརྒྱད་ཞེན་ཆགས་མ་ཞིག་ཀྱང་། །
ཆོས་སྤངས་བྱས་ན་ཤིན་ཏུ་འཁྲུལ། །
ཆོས་དོན་གཉེར་བ་ཞིག་ཡིན་ན། །
ཆོས་ཀྱི་སྡོམ་བཞི་ཡང་ཡང་སྒོམས། །
དཔེར་ན་ཀླུ་སྨྱོན་གཅེར་བུ་ལ། །
རྟོན་པ་ཚིག་དོན་དྲང་ངེས་ཀྱི། །
བདེན་གཉིས་ལེགས་པའི་ཆ་ཤེས་ན། །
རང་སྣང་ངལ་གསོའི་འཇོག་ཚུལ་ཙམ། །
གང་ཤར་དུ་ཤྲྰིས་ཕུལ། །
གང་ཤར། །
ན་མོ་གུ་རུ་ཀ་ལ་ཙཀྲ་ཡེ། །
བཀྲ་ཤིས་བདེ་ལེགས་གྲོགས་པོ་ཚོ། །
གནམ་ལོ་གསར་བའི་ལེགས་སྐྱེས་འདི། །
དག་སྣང་ཅན་ལ་ཤེས་བྱའི་དཔལ། །
མ་དག་སྔོ་དམར་བསྲེས་པའི་གཟུགས། །
གཞོན་ནུ་ཟླ་མེད་ཡིན་པའམ། །
རྒན་པ་ཟླ་བྲལ་ཡིན་ན་ཡང་། །
བོད་རིགས་བསམ་ཤེས་ཡིན་ནས་བཟུང་། །
དབང་ཐོབ་མེད་པར་ཕལ་ཆེར་མེད། །
གསང་སྔགས་ཁྲོམ་བསྒྲགས་བཤད་ཅེས་པ། །
ཆོས་བརྒྱད་དྲི་མས་གཡོགས་པ་ཚོས། །
དབང་བསྐུར་དམ་རྫས་འགྱེད་བྱས་ནས། །
དཀོར་རྫས་ལན་ཆགས་གསོག་ལ་གོ། །
ཕ་རྒྱུད་གསང་བ་འདུས་པ་གཅིག །
མ་རྒྱུད་འཁོར་ལོ་སྡོམ་པ་གཉིས། །
གཉིས་མེད་དུས་ཀྱི་འཁོར་ལོ་གསུམ། །
ཐོས་བསམ་སྒོམ་སྒྲུབ་བྱེད་པར་གལ། །
མ་ཧྰ་ཡོ་གའི་བསྐྱེད་རིམ་གཅིག །
ཨ་ནུ་ཡོ་གའི་རྫོགས་རིམ་གཉིས། །
ཨ་ཏི་ཡོ་གའི་ཀ་ལྷུན་གསུམ། །
དབྱེར་མེད་རིག་ངོ་ཤེས་པའོ། །
གསར་མས་ཐབས་ལམ་གཙོ་འདོན་གཅིག །
རྙིང་མས་གྲོལ་ལམ་གཙོ་འདོན་གཉིས། །
ཕྱག་རྫོགས་དབུ་མའི་དཀའ་གནད་གསུམ། །
སྒྲུང་གཏམ་བྱིས་པའི་རྩེད་མོ་མིན། །
དེང་དུས་གསར་རྙིང་གོ་ལྡོག་ནས། །
གསར་རྙིང་ཐབས་ཤེས་ལྟ་སྟངས་དེ། །
འཛིན་མཚམས་མ་ཤེས་ཐོ་ཅོ་མཁན། །
ཉིན་བཞིན་དབྱར་གྱི་སྐྱེ་དངོས་བཞིན། །
བཟང་ངན་མ་ཤེས་གོ་ལོག་མང་། །
ཟས་དུག་མ་ཤེས་དུག་ནད་འཕེལ། །
ཕྱི་ནང་མ་ཤེས་ལྟ་ལོག་མོད། །
བདེན་རྫུན་མ་ཤེས་ཐལ་ངག་འཁྲུལ། །
གཟུར་གནས་བློ་ལྡན་དོན་གཉེར་ལ། །
ཆོས་འཛིན་ཆོས་ཀྱི་བགྲོ་གླེང་འདི། །
རིག་གནས་སྤྱི་ཡི་བསྟན་འཛིན་ཡིན། །
ངེས་ཤེས་གསལ་བའི་སྒྲོན་མེ་ལགས། །
དོན་ཆེན་གཅིག་གི་མདུན་ལམ་ཡིན། །
ཐར་ལམ་གཅིག་གི་ལམ་སྟོན་ཡིན། །
ཚེ་གཅིག་གྲོལ་བའི་གདམས་པ་ཡིན། །
འདི་ལ་ཀུན་གྱིས་འབད་པར་རིགས། །
ཆོས་བརྒྱད་ཞེན་ཆགས་མ་ཞིག་ཀྱང་། །
ཆོས་སྤངས་བྱས་ན་ཤིན་ཏུ་འཁྲུལ། །
ཆོས་དོན་གཉེར་བ་ཞིག་ཡིན་ན། །
ཆོས་ཀྱི་སྡོམ་བཞི་ཡང་ཡང་སྒོམས། །
དཔེར་ན་ཀླུ་སྨྱོན་གཅེར་བུ་ལ། །
རྟོན་པ་ཚིག་དོན་དྲང་ངེས་ཀྱི། །
བདེན་གཉིས་ལེགས་པའི་ཆ་ཤེས་ན། །
རང་སྣང་ངལ་གསོའི་འཇོག་ཚུལ་ཙམ། །
གང་ཤར་དུ་ཤྲྰིས་ཕུལ། །
ཨ་རོགས་ཀླུ་སྨྱོན། ད་ཁྱོའུ་ཁ་སྒྱེ་མོ་འདྲ་བོ་དེའི་ཁ་མ་ཕྱེ་སྔོན་ལ་སྒྱེ་སྲུབ་གཏོར་འཇོག་ནོ་འདི་ཆི་ཟིག་རེད་ཀོ ཁ་བརྡ་དྲ་རྒྱ་འདིའི་ནང་ན་གཡག་ར་སྒྱེ་ནང་ང་བཅུག་དང་ནི་འདྲ་མ་རྐྱང་རྐྱང་ཡིན་ནོ་མི་ཤེས་ཀ། ཁྱོད་འདི་ད། ང་འདི་ན་ཤིང་བཟོ་ཟིག་གིས་མདོ་སྔགས་གི་ཚིག་དོན་ཟོ་བཤད་ཁོམ་ཟིག་གང་ན་ཡོད་ནས། དྲང་མོར་བཤད་ན་སྒོར་མོ་ལ་དགའ་ནས་མི་བབ་དུས་ན་ཤིང་བཟོ་བྱེད་གི་འགྲོ་དགོས་གི ཤིང་བཟོ་བྱས་ན་སྒོར་མོ་ཧྲ་ག