གནས་ཚུལ་འོས་སྦྱོར་བ། ཚངས་དབྱངས་རྒྱ་མཚོ།
འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་ནག་གིས་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་པའི་གྲྭ་བློ་བཟང་དཀོན་མཆོག་དང་། སྒྲོལ་མ་སྐྱབས་གཉིས་ཀྱི་ཆེད་དུ་འདི་ལོའི་དམངས་གཙོའི་དུས་ཆེན་ཉིན་ནས་འགོ་འཛུགས་ཀྱིས་རྒྱལ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་ཀྱིས་ལས་འགུལ་སྤེལ་ཏེ། ད་ལྟ་ཁྱོན་མཚན་རྟགས་ ༡༢༩༠༦ བྱུང་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་ཡོད།
གསར་འགྱུར་ཆ་ཚང་མདོ་སྨད་དྲ་རྒྱ་ནས་གཟིགས།http://dhomay.com/index.php?option=com_content&view=article&id=470:2013-11-13-11-27-40&catid=33:2012-05-03-18-39-47
མདོ་སྨད་དབུས་རྒྱུན་རྣམ་པ་ལ་ཐུགས་རྗེ་ཆེ་ཞུ། མུ་མཐུད་ལས་འགུལ་ག་རུ་སྤེལ་འཆར་ཡོད་དམ། དུས་ཚོད་དམ་འཛིན་བྱ་དགོས།
མཚན་རྟགས་དེ་དག་འབུལ་རྒྱུ་ཆུང་ཟད་ཕྱིས་སྐྱོན་བྱུང་བ་མཐོང་་ གང་ལགས་ཤེ་ན་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་འགན་འཚིན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་བདམས་ཐོན་མ་བྱས་སྔོན་དུ་བྱུང་ན། ལས་འགུལ་དེར་ལྟ་བཟོ་ཡོད་པ་ཞིག་ཡོང་རྒྱུ་རེད་སྙམ།།
མཚན་་རྟགས་གང་འདྲ་ཕུལ་ཀྱང་སྡུགས་རུ་འགྲོ་གིས་འདུག་་་་་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཞུགས་པའི་འོས་བབས་མེད་ཟེར་ནས་མཚན་རྟགས་གང་ཙམ་སྡུ་རུག་བྱས་ཀྱང་ཕན་ཐོག་ཅུང་ཙམ་ཡང་མ་བྱུང་བ་རེད།
ཡག་པོ་འདུག་
ཐུགས་རྗེ་ཆེ
མདོ་སྨད་དབུས་རྒྱུན་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་བོད་མི་གཉིས་ལ་སྲོག་ཁྲིམས་བཅད་ཡོད་པ་དེ་དྲང་བདེན་མིན་པ་དང་། བོད་མི་དེ་གཉིས་ཀྱི་ཚེ་སྲོག་སྐྱོབ་ཆེད་རེད་མ་གཏོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཐོབ་ཐང་ནང་ལོག་རྒྱ་མི་ཡོང་མི་ཆོག་པའི་ཆེད་དུ་ལས་འགུལ་སྤེལ་པ་མ་རེད། སོང་ཙང་ལས་དོན་གང་གི་ཆེད་དུ་ཡིན་མིན་མཁྱེན་པ་གནང་ན་ཡག དེ་མིན་རང་ངོས་ནས་ནུས་པ་སྤུ་རྩེ་ཙམ་ཡང་མེད་པ་ལས་གཞན་གྱི་ལས་བྱས་པ་ལ་སྐྱོན་རང་བརྗོད་ན་ཁྱེད་ཀྱི་ཀུན་སློང་ཡག་པོ་རང་ཨེ་ཡིན་སྙམ།
གཞོན་སྐྱེས་ཀྱི་གསུངས་པ་ད་ག་རང་རེད། ང་རང་གིས་ཤེས་གསལ་ལ་ཡང་མདོ་སྨད་སྐྱིད་སྡུག་ནས་བསྡུས་པའི་མཚན་རྟགས་དེ་བོད་མི་ཆབ་སྲིད་བཙོན་པ་གཉིས་ལ་ཁྲིམས་གཅོད་དྲང་བདེན་མ་བྱུང་བའི་སྐོར་གྱི་སྙན་ཞུ་རེད་འདུག
ཐུགས་རྗེ་ཆེ།