འོས་སྦྱོར་བ། ཁྲི་གཡུང་དྲུང་།
གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བས་བཀའ་དབང་ཆེན་མོ་བསྩལ་ཡོད་པའི་གནས་བསྡུས།
༧གསང་གསུམ་བོན་གྱི་མཛོད་འཛིན་༧རྗེ་རྒྱལ་བ་མཉམ་མེད་ཆེན་པོའི་ཞལ་ཚབ། གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གིས་བོད་ཆུ་སྦྲུལ་ལོའི་བོད་ཟླ་བརྒྱད་པ་ཕྱི་མའི་ཚེས་བཅོ་ལྔ་སྟེ། ཕྱི་ལོ་༢༠༡༣ཟླ་༡༠ཚེས་༡༨ཉིན་ནས་དབུ་བཟུང་ཏེ། ཕྱི་ཟླ་༡༡ ཚེས་༡༦ ཉིན་བར་ཏེ་ཟླ་བ་གཅིག་མ་ཟིན་ཙམ་གྱི་རིང་ལ་བོན་ཕྱི་རྒྱུད་ཀྱི་བཀའ་དབང་ཆ་ཚང་དང་ནང་རྒྱུད་ལས་ཡི་དམ་གསས་མཁར་མཆོག་ལྔའི་བཀའ་དབང་བཅས་བསྩལ་གྲུབ་ཡོད་པ་རེད།
རྒྱས་པ་དྲ་ཐག་འདི་ནས་གཟིགས་འཚལ།http://theyungdrungbon.com/?p=5524#more-5524
ཚང་མ་བཀླགས་ཟིན་ཡག་པོ་འདུག མཎྜལ་ལ་མན་གདལ་བརྗོད་དགོས་དོན་གང་ཡིན་ནམ།
ཨོ་ཨོ་ཨོ། དེ་འདྲ་ཡིན་པ་རེད་འདུག ༧རྒྱལ་བ་རིན་པོ་ཆེའི་མཚན་གྱི་ནང་ན་གུས་རྟགས་༧འདི་གཅིག་མ་གཏོགས་མི་འདུག སྨན་རི་ཚང་གི་ནང་ན་བདུན་འདུག ངོ་མ་ཡར་རྒྱས་རེད། གུས་རྟགས་ཆུང་ཆུང་འདི་༧ཙམ་ཡན་ཆད་ངོ་བཤུས་བརྒྱབ་པས་མི་ཚད་བདུན་བེད་སྤྱོད་བཏང་འདུག སྤྱིར་གུས་རྟགས་འདིའི་ཁུངས་ནི་སོག་ཨལ་ཐན་རྒྱལ་པོས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་ལ་མཚན་གྱི་ཆེ་བསྟོད་ཕུལ་སྐབས་གཡུང་དྲུང་རིས་ཀྱི་མཚན་པ་ཞིག་ཡོད་པ་རྗེས་སུ་འདི་ལྟར་གྱུར་པ་རེད། འོན་ཀྱང་ཁོང་རྣམས་ཀྱིས་གསུང་ན་གུས་རྟགས་འདི་ཡང་འོལ་མོ་ལུང་རིང་ནས་བྱུང་བ་ཡིན་རྒྱུ་རེད།
ཕྲག་དོག་གི་མིག་སེར་དེ་ཡང་ལངས་སོང། འུག་རྒན་ཚོ་དེ་ག་རང་རེད།
ཕྲག་དོག་གི་དྲི་ཙམ་ཡང་མེད། ཕྲག་དོག་བྱེད་དགོས་ཡུལ་ཞིག་ཡིན་པ་ཡང་མཐོང་གི་མེད། དེ་ལས་ལྡོག་སྟེ་སྙིང་འདྲ་ཞིག་རྗེ་བསྡད་ཀྱིན་ཡོད། ཐ་ན་ཕྱི་རྒྱུད་ཀྱི་བཀའ་དབང་ཟེར་བ་དེ་དང་ཡི་དམ་གསས་མཁར་མཆོག་ལྔ་ཟེར་བ་དེ་ཡང་གང་ཞིག་ནས་བཤུས་ཡོང་སྟེ་མིང་བརྗེས་པ་ཡིན་ནམ་བསམ་གྱིན་ཡོད། སྙིང་མ་ན་ཨེ་གོ་གཅེས་ཕྲུག
འོ་ཤ་ཚ་རྙིང་མ་བ་ཞིག་ཡིན་པར་ཐག་ཆོད་ཆོས་རྒྱུད་གཞན་དང་མི་འདྲ་བར་རྫོགས་ཆེན་དང་མོ་གཏོ་སོགས་མང་རབས་ལ་བལྟས་ན། བོན་པོའི་ཞང་ཞུང་ཇུ་ཐིག་དེ་ཡང་འཇུ་མི་ཕམ་པས་བཤུས་པ་ད་ལྟའང་མིག་མཐོང་དུ་ཡོད་པས་སོ། དེ་འདྲའི་དོགས་པ་ལ་བརྟེན་ནས་སྡང་ཚུལ་ལས་ཤེས།
ལེགས་སོ། རང་རང་གི་རྩ་བའི་བླ་མར་གུས་འདུད་བྱེད་པ་ངོ་མཚར་ཆེ། ཡི་གེའི་སྦྱོར་ཚུལ་ལ་དྲི་བ་ཞིག་ལངས་སོང་། གཡུང་དྲུང་བོན་གྱི་བཀའ་བརྟེན་དག་ན། སྩལ། ཞེས་པ་ལ། བསྩལ། ཞེས་བྲིས་འདུག་གམ།
གུས་རྟགས་སམ་ཆེ་རྟགས་འདི་བཞིན་གང་ཟག་ཁྱད་འཕགས་རེ་ཟུང་ལས་ཐོབ་སྟངས་མེད་ཚུལ་བཤད་པ་ནི་དངོས་གནས་སྙིང་རྗེ་ཡག་རང་རེད་འདུག སོ་སོའི་ཕྱོགས་ལ་ཐུགས་དུས་ཨང་ཀི་བདུན་པ་ཞིག་གི་དོན་དུའང་ནང་རྩོད་དང་གཞན་ལ་མཐོང་ཆུང་སྨ་འབེབས་བྱེད་རྐྱང་བྱེད་མཁན་འདི་ཚོ་མཐོང་དུས་དངོས་གནས་དགོད་བྲོ་བ་ཞིག་འདུག ད་དུང་སོག་པོས་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་ལ་ཕུལ་བའི་ཆེ་མཐོང་གི་ལག་རྟགས་དང་བདག་དབང་ཅན་གྱི་མཚོན་རྟགས་ཤིག་་ཡིན་རབ་གླེང་ཧ་ཧ་ཧ་ཧ། དེ་ནི་རང་རེ་བོད་ཀྱི་བླ་ཆེན་རྣམས་ཀྱི་མཚན་གྱི་དབུར་འཕགས་པའི་ནོར་བདུན་གྱི་མཚོན་དོན་བོད་རང་གི་ཨང་ཀི་བདུན་པ་ཡིན་བཞིན་དུ། དེ་ཡང་སོག་པོ་དང་རྒྱ་མིས་རྔན་པ་སྤྲད་པའི་ལག་རྟགས་ཤིག་ཡིན་སྣང་ཤར་ན་ནི་རྒྱ་སོག་ལ་ཡིད་ཆེས་དང་དད་པ་ཆེ་དྲགས་པས་རེད། རྒྱ་སོག་གི་བོད་ཀྱི་བླ་ཆེན་དཔོན་ཆེན་དག་ལ་མིང་དང་ལག་རྟགས་སྤྲད་པར་དགའ་སྣང་ཆེ་དྲགས་པས་ད་ལྟ་འདི་འདྲ་ཞིག་ལ་ཐུག་པ་མི་ཤེས་སམ།
ཆོས་འཁོར་ལྷ་རམས་པ་ལགས། གལ་སྲིད་ཆེ་རྟགས་ “༸” འདི་ཁྱེད་ཀྱིས་གསུངས་པ་ལྟར་ཐོག་མར་སོག་རྒྱལ་གྱིས་རྒྱལ་དབང་སྐུ་ཕྲེང་གསུམ་པར་ཕུལ་བའི་གུས་རྟགས་གཡུང་དྲུང་རིས་ཞིག་ཡིན་ན། དབྱིབས་འདིར་བརྟག་ན་གཡུང་དྲུང་བོན་སྐོར་ཞིག་ཡིན་དགོས་པ་འདྲ་བས་དེས་ན་འོལ་མོ་ལུང་རིང་ནས་བྱུང་ཟེར་ནའང་ཆོག་སྙམ།
དོན་ཡིན་རྒྱུ་ནི་མངའ་རིས་འཕྲིན་ལས་ལགས་ཀྱིས་གསུངས་པ་ལྟར་འཕགས་པའི་ནོར་བདུན་མཚོན་བྱེད་ཡིན་པ་འདྲ།
གང་བ་བཟང་པོ་ལགས། གཡུང་དྲུང་བོན་གྱི་བཀའ་བརྟེན་དག་ན། སྩལ། ཞེས་པ་ལ། བསྩལ། ཞེས་བྲིས་ཡོད་མེད་མི་ཤེས་ཀྱང་། གོང་གི་གནས་ཚུལ་ནང་འཁོད་པ་ལྟར་ན་༸བོན་གྱི་བླ་ཆེན་གྱིས་བཀའ་དབང་བསྩལ་ཚར་བ་རེད་ཅེས་པའི་དོན་ཡིན་སྟབས། “བསྩལ” ནི་སྩོལ་གྱི་འདས་པ་ཡིན་པས་སྐྱོན་གང་ཡང་མེད་སྙམ་ལགས།
བན་དེ་བས་མངོན་སུམ་ལ་རྒོལ་བར་ཁག་མེད། མཚང་ཐོག་ཏུ་ཁེལ་བས་སེམས་ན་བ་རེད། ཡིན་ན་ཡང་འཇུ་མི་ཕམ་པའི་མོ་ཡིག་རྣམས་ལ་ཞང་ཞུང་གི་ཇུ་ཐིག་ཅིག་ཅིག་མིག་མིག་ཅིག་ཅེས་བྲིས་པ་མཐོང་མྱོང་མ་གཏོགས། ཁྱོད་ཚོ་ལྟར་རྐུན་མ་བྱས་ནས་ད་དུང་རྒྱུ་བདག་གི་སྟེང་དུ་ཚུར་ཤོར་བ་དེ་འདྲ་མཐོང་མྱོང་མེད་དོ། ཅང་མི་འགོར་བར་བོན་གྱི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་དང་། བྱམས་བརྩེའི་ནུས་སྟོབས་སོགས་ཐོན་པར་འགྱུར་ངེས་པས་ཁྱེད་ཚོ་ལ་སྐབས་རེར་ལས་ཀ་མང་པོ་ཡོད་སྟབས་སུན་མི་སྲིད་ཀྱང་། ང་ཚོ་དངོས་གནས་མགོ་སྒུར་ན་རླིག་པ་བཅད་འགྲོ་བའི་གནས་སྟངས་འདི་ལ་ཧ་ཅང་སུན་གྱི་འདུག་ད། བསྟན་པའི་ཆོམ་རྐུན་ནི་བསྟན་བའི་ཆོམ་རྐུན་ནི་རང་རེད།
མངའ་རིས་ཕྲིན་ལས་ཁྱོད་རྒྱ་སོག་ལ་སྡང་མཁན་ཞིག་ཡིན་ན་ཡིན་དུ་ཆུག་སྟེ། ལོ་རྒྱུས་དཀྱོག་རྒྱུ་ཨེ་ཡོད་དམ། གལ་ཏེ་ཡོད་ན་དེང་སྐབས་ཏཱ་ལའི་བླ་མ་ཟེར་བ་འདི་ཡང་རྒྱ་སོག་གིས་སྐབས་དེ་དུས་ཕུལ་བའི་མིང་ཡིན་པས་བེད་སྤྱོད་བྱེད་མི་རུང་བར་འགྱུར་བ་མ་ཡིན་ནམ། གལ་ཏེ་མིང་འདི་བེད་སྤྱོད་གཏོང་ཆོག་ན་མིང་འདི་དང་མཉམ་དུ་ཕུལ་བའི་ཆེ་རྟགས་ལ་ལོག་བཤད་རྒྱག་དོན་ཨེ་ཡོད་དམ། ཨང་གི་བདུན་པ་ལ་ལོག་བཤད་རྒྱག་པ་ཡང་གད་མོ་ཤོར་བྱེད་ཅིག་རེད། འཕགས་པའི་ནོར་བདུན་དང་བྱང་ཆུབ་ཡན་ལག་བདུན་སོགས་གྲངས་ཀ་བདུན་ཡོད་མཁན་མང་པོ་ཡོད་པས་ལོག་བཤད་ལ་མཐའ་མེད་པར་འགྱུར་ངེས།
བསྟན་འཛིན་རྒྱལ་པོ་ལགས།
“བསྩལ” “ནི་སྩོལ་གྱི་འདས་པ་ཡིན་པས་སྐྱོན་གང་ཡང་མེད་སྙམ་ལགས།”ཞེས་པ་ནི་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་བྲིས་པའི་རིག་གཞུང་སྐད་ཀྱི་དག་ཆ་ལ་སྐྱོན་བྱེད་པའམ་གནོད་དེ། བསྩལ། ཅེས་པ་ནི་སེལ་བའི་འདས་ཚིག་ཚིག་ཡིན་པ་བོད་ཀྱི་མཁས་པ་དག་གིས་གིས་བྲིས་པའི་གཞུང་མང་པོ་ན་མཆིས་སོ།
ལྷ་རམས་པའི་སྤུས་ཚད་འདི་ལས་མེད་པ་ནི་བོད་ཀྱི་གྲྭ་ས་རྒྱ་མཚོའི་ཞབས་འདྲེན་རང་རེད། ཕྱི་ཡོན་ཏན་མེད། ནང་དག་སྣང་མེད་མཁན་ཤ་ཚ། བོད་ཀྱི་གཏམ་དཔེར། མི་ངན་མིང་ཆེ་ན། འབོད་མཁན་ངོ་ཚ། ཞེས་པ་ཅིས་མ་བདེན།
གནས་ཚུལ་ཡག་པོ་བཀོད་གནང་འདུག ཐོག་མར་གུས་འདུད་ཞུ།་གཡུང་དྲུང་བོན་གྱི་ཆོས་རྒྱུད་དང་རིག་གཞུང་ནི་ང་ཚོའི་ཕ་མྱེས་ཀྱི་ནོར་བུ་ལྟ་བུ་ཡིན་པས་དེ་ལ་སྡང་ཟུག་གནང་དགོས་དོན་མེད།
ལྷག་དོན་ལྷ་རམས་བཏགས་ཡོད་པའི་ཅོལ་ཆུང་དག་གིས་དྲ་ལམ་ནས་གཟབ་གཟབ་གནང་རོགས་ཞུ། མི་རིགས་ནང་ཁུལ་དང་ཆོས་ལུགས་བར་ལ་ཕུང་དཀྲུགས་མ་གནང་རོགས་ཞུ། དཔའ་དང་ཡོན་ཏན་སོགས་ཡོད་ན་ལ་ཕར་རྒྱབ་ལ་གཟིགས་དང་ཨ་ཞང་ཚང་གིས་སྒུག་བསྡད་འདུག ནང་ཁུལ་ལ་དཀྲུགས་ཤིང་མ་གནང་རོགས་ཞུ།
ལྷ་རམས་པའི་མིང་ཐོགས་མི་ངན་ཅོལ་ཆུང་དེ་ལ་བྲིས་པ་ཡིན།
ཆོས་འཁོར་ལྷ་རམ་ལགས་རང་རེ་བོད་ཀྱི་བླ་ཆེན་དཔོན་ཆེན་མང་པོ་ཞིག་ལ་རྒྱ་སོག་གི་མིང་སྙན་པོ་རེད་དང་། གོས་ཆེན་གྱི་ལྭ་བ། ད་དུང་ཤེལ་ཐམ་དང་། གསེར་ཐམ་སོགས་སྤྲད་པར་དགའ་དྲགས་པས་གང་ཟག་སོ་སོ་ལ་ཁེ་བཟང་དང་སྐྱིད་ཉམས་གཏོང་རྒྱུ་ལས། མི་རིགས་ཀྱི་ལོ་རྒྱུས་ལ་ནག་ཐིག་ཕབ། སྣ་ཐག་མི་ལ་སྤྲད་པའི་དཀའ་ངལ་ཞིག་མ་གཏོགས་ཕན་ཐོག་གང་ཡང་བྱུང་མེད། ད་དུང་མིང་དང་ལྷན་གཡུང་རིས་འདྲ་བ་ཞིག་སྤྲད་ཡོད་ན་དེ་ལ་གོ་རྒྱུ་དང་མཚོན་དོན་ཞིག་ཡོད་ངེས་རེད། ཁྱོད་ཀྱིས་གསལ་བཤད་བྱོས་དང་ཕོ་རྒོད་ལྷ་རམ་རང་ཡིན། དེ་མིན་ཀོར་ཀོར་དང་ཀྱོག་ཀྱོག་ཡོད་ཚད་རྒྱ་སོག་གི་སྤྲད་པའི་དག་སྣང་ཧམ་བཤད་ཀྱིས་ཁུངས་འཁྱོལ་ཐབས་ཡེ་ནས་མི་འདུག་གོ།