ཨ་ནུ་ཐང་བསོད་ནམས།
ཆགས་སྡང་སྐྱེས་བ་བདེ་བའི་ཆེད་ཡིན་ཞིང་།།
ཞེན་ཆགས་མེད་ན་རོགས་ལོ་ཅི་ལྟར་དུང་།།
དུང་བའི་ལས་ཀྱིས་འདོད་བདེ་རྙེད་པ་འདི།།
འཇིག་རྟེན་མི་རུ་སྐྱེས་བའི་དོན་གོ་ཉིད།།
མི་ཡུལ་འདི་ཡི་མཐའ་ཐུག་བདེ་བ་ནི།།
རང་ཉིད་མོས་ས་འགྲོགས་པའི་ཟླ་བོ་ཡིན།།
ཟླ་བོ་རྙེད་པ་ཆགས་པའི་དྲིན་ཡིན་ཏེ།།
ཆགས་པ་མེད་ན་ཕོ་མོ་ཅི་ལྟར་མཐུན།།
སེམས་ཀྱི་ཁོང་ཁྲོ་ཐམས་ཅད་ངན་མིན་ཏེ།།
འཁོན་སེམས་ལས་ཀྱིས་དགྲ་གཉེན་དབྱེ་བ་རྟོགས།།
ཆགས་སྡང་ཡིན་ཡང་བདེ་བར་འགྱུར་སྲིད་དེ།།
བདེ་བའི་ཆེད་དུ་ཆགས་སྡང་སྐྱེས་བས་ཡིན།།
མཐུན་པའི་ལུགས་ལ་ངོ་ཚ་བྱེད་དྲགས་ན།།
མི་མཐུན་ལུགས་རྣམས་འགོག་རྐྱེན་མེད་པ་འོང་།།
ལྐོག་གྱུར་ལས་ལ་སྤྱོད་ཡ་མང་དྲགས་ཚེ།།
ཚུལ་ཆོས་རྫུན་གྱིས་འཇིག་རྟེན་སྒྱུར་ལ་ངེས།།
སྐྱེས་བ་མོ་ལ་དུང་བར་ཐུགས་རྗེ་བྱོས།།
བུ་མོ་སྐྱེས་བར་ཆགས་པ་ཐུགས་རྗེ་བྱོས།།
གལ་སྲིད་ཕོ་མོ་ཕན་ཚུན་མོས་མེད་ན།།
གཅིག་མཐུན་ལས་ཀྱིས་ཁྱིམ་གཞི་ཅི་ལྟར་སྐྱོང་།།
མི་ལ་ཁྱིམ་གཞི་ཡོད་པ་བཀྲ་ཤིས་རེད།།
ཁེ་རྐྱང་སྡུག་ངལ་མེད་པས་གཡང་འཁྱིལ་ཏེ།།
ཕ་མ་སྤུན་མཆེད་ཕོ་མོས་སྐྱེད་ཡིན་པས།།
རྒྱ་ཆེན་སྦྱིན་པའི་ལས་ལ་བཏང་རག་ཡོད།།
དྲིན་ཆེན་ཕ་གཉིས་ལ་བཀའ་དྲིན་ཡོད།།
བུ་ངའི་ཚེ་སྲོག་སྦྱིན་པའི་རིན་བབ་སྟེ།།
ཕ་མ་གཉིས་ཀྱང་འདོད་པས་གཅིག་སྒྲིལ་བས།།
བདེ་ཆེན་འདོད་པའི་ལས་འདི་ཕྱག་གི་ཡུལ།།
འདོད་པ་ཁ་ནས་དམོད་པའི་སྐྱེས་བོ་རྣམས།།
དོན་གྱིས་འཇིག་རྟེན་ཆོས་ཉིད་རྒོལ་མཁན་ཏེ།།
སྲིད་པའི་ལས་ལ་རྒོལ་བའི་སྐྱེས་བོ་ཚོས།།
ལྐོག་ཏུ་ལག་པས་འཁྲིག་བདེ་སྤྱོད་དུ་ངེས།།
ལག་པས་འཁྲིག་པ་སྤྱོད་པའི་འདོད་བདེ་དང་།།
མཚན་མཐུན་ལས་ལ་འཇུག་པའི་འཁྲིག་བདེ་གཉིས།།
འདོད་པ་མྱོང་བའི་བདེ་བ་མཆུངས་ཀྱང་རུང་།།
བྱིས་སྐྱེད་ནུས་བ་མེད་ཕྱིན་སྒེར་འདོད་ཉིད།།
ཕོ་མོ་ཕན་ཚུན་སྦྱོར་བའི་བདེ་བ་ནི།།
བདེ་བའི་ནང་ནས་བདེ་བའི་ཡང་རྩེ་སྟེ།།
རང་རོགས་བདེ་སྐྱིད་མྱོང་བའི་གཞན་ཞིག་ཏུ།།
ཚེ་སྲོག་སྐྱེད་པས་དགེ་བ་ཉིད་དུ་མཐོང་།།
འདོད་པའི་མི་ལ་འདོད་པ་སྤྲད་པ་ནི།།
དགེ་བ་མེད་ན་སྡིག་པ་ཅི་ལ་ཡོད།།
འདོད་ལྡན་དགེ་ཆོས་སྨྱོན་པའི་གསུངས་ཡིན་ཡང་།།
ཞིབ་ཏུ་བསམ་ན་ཚད་མར་འཛིན་པ་འོས།།
གཞན་ཕན་སྒྲུབ་ཚེ་དགེ་བ་ཡོད་གྱུར་ན།།
ཚེ་སྲོག་སྐྱེད་ཚེ་དགེ་བ་ཅིས་ཕྱིར་མེད།།
མི་བུ་སྐྱེད་པ་ལས་ལྷག་གཞན་ཕན་ཞིག།
འཇོག་ཏུ་མེད་པ་ཕ་མའི་དྲིན་ལས་ཤེས།།
ཡབ་ཡུམ་དྲིན་གྱིས་གསོས་བའི་རིན་བབ་དོད།།
རང་ཉིད་ཕ་མར་གྱུར་ཞིང་བྱིས་སྐྱོང་ཚེ།།
ཕ་མས་བཀའ་དྲིན་གསོ་བའི་ཚབ་མཚོན་པས།།
དེ་ལས་ལྷག་གི་དྲིན་ཞིག་འཇལ་དུ་དཀོན།།
ཕོ་མོ་ཕན་ཚུན་འབྲེལ་བའི་འདོད་སྲེད་ནི།།
ཆགས་སེམས་ཙམ་མིན་བདེ་བའི་ངོ་བོ་སྟེ།།
བདེ་འདོད་ཆགས་སེམས་མེད་པའི་སྐྱེས་བོ་རྣམས།།
མི་ཚེ་འཁྱོལ་བ་ཉི་མ་ལོ་ལས་རིང་།།
ཆགས་པ་མེད་ན་ཕོ་མོའི་འབྲེལ་བ་མེད།།
འབྲེལ་བ་མེད་ན་ལུས་འབྲེལ་མི་འོང་ཞིང་།།
ཕན་ཚུན་ལུས་འབྲེལ་མེད་པའི་མི་བུ་ཞིག།
ཡོང་དུ་མེད་པ་རིག་པས་དཔྱད་ན་ཤེས།།
མི་བུ་མེད་ན་རྒན་རྒོན་སྙོར་མཁན་མེད།།
མི་རིགས་རྒྱུད་འཛིན་བྱེད་པའི་གཞི་མ་བོར།།
རྒྱལ་ཁམས་མི་ཡི་སྟོང་བའི་དུས་ཤར་ཚེ།།
འཇིག་རྟེན་དངོས་ཀུན་དུད་འགྲོ་ཉིད་དུ་དབང་།།
ཕོ་མོའི་འབྲེལ་བར་སྣང་མེད་བཏང་བ་དང་།།
འཁྲིག་པའི་བདེ་ལ་དམའ་འབེབ་བྱེད་པ་ནི།།
དོན་གྱིས་མི་རིགས་རྫོགས་པའི་ལས་བྱེད་པས།།
དེ་ལས་ལྷག་པའི་ཉེས་ཤིག་གང་དུ་མཆིས།།
ཆོས་དང་རྒྱལ་ཁྲིམས་གང་གིས་བཙན་དབང་ངང་།།
ཕོ་མོའི་འབྲེལ་བར་དགག་བཞག་ལས་བྱེད་ན།།
འཇིག་རྟེན་ཆོས་ཉིད་རྒོལ་བའི་ལས་ཡིན་ཕྱིན།།
ཅི་ཙམ་རྩོད་ཀྱང་མཐའ་མར་ཕམ་དུ་ངེས།།
ཕོ་ཡི་ལུས་ནི་ཐབས་ཀྱི་རྒྱལ་པོ་དང་།།
མོ་ཡི་ལུས་ནི་ཤེས་རབ་མངའ་བདག་ཡིན།།
ཐབས་ཤེས་ཟུང་དུ་སྦྲེལ་བའི་ཕོ་མོ་གཉིས།།
ཕན་ཚུན་མཁོ་བ་འཇིག་རྟེན་གོ་སྒྲིག་རེད།།
བུ་མོ་མེད་ན་འཇིག་རྟེན་མཛེས་སྙིང་མེད།།
མཛེས་བ་མི་མཁོ་སྐྱེས་བོ་སུ་ཞིག་མཆིས།།
སྐྱེས་བ་མེད་ན་གནས་འདིར་རིན་ཐང་མེད།།
རིན་མེད་འཚོ་བར་བུ་མོ་སུ་ཡིས་འདོད།།
ཕོ་ཡིས་མོ་ལ་བྱམས་སྐྱོང་བྱེེད་ཡ་དང་།།
མོ་ཡིས་ཕོ་ལ་གུས་བས་སྙོར་རྒྱུ་དེ།།
འཇིག་རྟེན་བདེ་སྐྱིད་རྙེད་པའི་གནད་ཡིན་པས།།
ཕོ་མོ་གཉིས་ཀྱིས་ཕན་ཚུན་བཀུར་བ་འོས།།
སེམས་ལ་འདོད་སྲེད་སྐྱེས་བ་ཐུགས་རྗེ་ཡོད།།
ལང་ཚོ་དར་བའི་མཚོན་དོན་ཉིད་དུ་ཁུམས།།
ལུས་ཀྱིས་འཁྲིག་བདེ་མྱོོང་བར་བཀའ་དྲིན་ཡོད།།
རྩལ་དྲུག་རྒྱས་ཤ་ཤེད་དར་བའི་དཔང་བོ་མཐོང་།།
འཇིག་རྟེན་དབུ་མེད་ཀུན་ལ་ཐུགས་རྗེ་ཆེ་ཡོད།།
མི་ཚེར་མཛེས་བ་སྤྲད་པའི་དོད་དུ་ཡིན།།
ལུས་འབྲེལ་དབུ་མེད་ཀུན་ལ་བཀའ་དྲིན་ཡོད།།
ཚེ་འདིའི་རིན་ཐང་རྙེད་པའི་ཐུགས་རྗེ་ཞུ།།
དབུ་མེེད་འགྲོགས་པས་རང་ལུས་རིན་ཐང་རྙེད།།
ལུས་འདི་དབུ་མེད་རྩ་ཆེའི་ཇ་དངོས་ཉིད།།
རིན་ཆེའི་སྐྱེས་ལུས་མི་མཁོ་དབུ་མེད་ཅིག།
གནས་འདིར་ཉུང་བའི་ངེས་བ་ཡང་སེ་རྙེད།།
དགའ་བའི་མི་ལ་ལག་པ་འཆང་བ་འམ།།
ཐ་ན་རྡོག་སྒྲ་ཙམ་ཡང་ཐོས་ཀྱང་རུང་།།
སྐྱེས་གཟུགས་ཡིད་ལ་སྒོམ་པའི་བདེ་བ་ཡིས།།
ལུས་སེམས་མྱོས་བའི་ཚ་དྲོད་ངང་གིས་འཕེལ།།
སྙིང་གི་འཕར་རྩ་ལྡང་བ་ཉུང་ངམ་ཅི།།
ལུས་ཀྱི་ཁྲག་ཤུགས་འཁོར་བ་མང་ནམ་གང་།།
དགའ་ས་ཐུག་པའི་རེག་བྱའི་བདེ་བ་ཡིས།།
དབུགས་ཀྱིས་རྒྱུ་བ་སྔར་ལས་མགྱོགས་སུ་བཏང་།།
འདོད་པས་མྱོས་བའི་འཁུན་སྒྲ་ཡིན་ནམ་ཅི།།
དགའ་བར་སྤྱོད་པའི་བདེ་བ་མང་ནམ་གང་།།
སྙིང་གི་མི་དང་འཕྲད་པའི་ལོངས་སྤྱོད་ནི།
བདེ་བའི་ནང་ནས་བདེ་བའི་མཆོག་ཏུ་ངེས།།
རང་ཉིད་དགའ་ས་ཐུག་པ་བདེ་བའི་དངོས།།
དངོས་བོ་ཀུན་ལས་མཆོག་གྱུར་བདེ་ཆེན་ཉིད།།
མཆོག་གྱུར་བདེ་འདི་རྙེད་པའི་ཁྱོ་ཤུག་ཀུན།།
རྣམ་ཤེས་གཅིག་ལ་ལུས་པོ་གཉིས་སུ་ངེས།།
སྐྱེས་བའི་ལུས་ཀྱིས་སྤྲད་པའི་བདེ་བ་ནི།།
དབུ་མེད་མཚོན་ན་བདེ་བའི་མཆོག་ཡིན་ཏེ།།
དགའ་བདེའི་འཁྲིག་པས་སྤྲད་པའི་རོལ་མྱོང་ལ།།
བདེ་བ་གང་གིས་འགྲན་དུ་ཡོད་དུ་མེད།།
སྐྱེས་བའི་མིག་ལ་དབུ་མེད་ལྷ་མོ་རེད།།
མི་ཚེའི་རེ་བ་རྙེད་པའི་བདེ་ཆེན་ཉིད།།
རེག་བྱ་ལྔ་ཡིས་འཚོར་བའི་ཕུང་བོ་ལ།།
འདོད་པ་ཅིག་ཅར་སྐོང་མཁན་མོ་ལས་གང་།།
སྐྱེས་རྟེན་ཁམས་འདིར་མེད་དབུ་འཁྲུངས་བར་ཤོག།
བཟང་མོས་ས་སྟེང་གང་བའི་སྨོན་ལམ་ཡོད།།
དེ་བཞིན་གནས་འདིར་སྐྱེས་བ་ཕེབས་པར་ཤོག།
ཕོ་རབ་ས་གཞི་གང་བའི་བཀྲ་ཤིས་ཡོད།།
བདེ་བའི་ནང་ན་བདེ་བའི་མཐའ་ཐུག་པ།།
རང་ཉིད་དགའ་ས་འགྲོགས་པའི་རོགས་ལོ་ཡིན།།
དེ་ཕྱིར་འཇིག་རྟེན་སྐྱེས་བའི་མི་ཀུན་གྱིས།།
རོགས་མཐུན་བདེ་ལེགས་ཐོབ་པའིི་བཀྲ་ཤིས་འབྱོར།།
ཡག་པོ་བྲིས་འདུག
དགེ་ཆོས་སྨྱོན་པའི་སྙན་ངག་རྩོམ་ཉམས་དེ།།
ཅུང་ཞིག་འདྲེས་པའི་ན་གཞོན་སྙན་ངག་པས།།
འཇིག་རྟེན་ཕོ་མོའི་བར་གྱི་བརྩེ་དུང་སྟེ།
བདེ་བའི་མཆོག་ཏུ་གླེང་བར་སྙན་བྱུང་ལགས།།
བདེན་པའི་བུ་ལ་བདེན་པར་སྦྱིན་པར་གོ།
བྷ་ག་ལིང་གར་གཉིས་སྦྱོར་བདེ་བ་འདིས།
བདེན་སྟོང་ཟུང་འཇུགས་ཐབས་ཤེས་ཅིག་ཏུ་སྦྱོར།
ཁ་སྦྱོར་ཡན་ལག་བདུན་ལྡན་འབྱུང་ཁུང་དངོས།
རག་གི་ལག་དང་གཞན་གྱི་ཕྱག།
གཞོན་ནུའུ་རླ་དང་ལྗིག་གི་སྟུ།
མཉམ་སྦྱོར་སྒོམ་སོགས་ཐམས་ཅད་ནི།
འཛག་བདེ་ཆེད་དུ་ཀུན་གྱིས་ཤེས།
ཨམ་མདོ་ཤེས་རབ་ཅན་གྱི་བུས།
སྟུ་་འཇེ་བདེ་བ་དམར་ཁྲིད་གནང།
སྟུ་བདག་གླེག་འཇིག་སྐུག་དྲོ་སྤོང། བཀའ་དྲིན་ཆེའོ་དགེ་ཆོས་ལག།
སྐྱུག་དྲོ་སྤང་ཞེས་བཅོས་རོག
གོང་སྟུ་བདག་གླེག་འཇེབ་ཞེས་བཅོས་ན་དམར་ཁྲིད་ངེས།