གནས་ཚུལ་གཏོང་མཁན། ཡེ་ཤེས་རྡོ་རྗེ།
སྤྱི་ལོ་༡༩༨༠ གྱ་གྲངས་ནང་བོད་ནས་རྒྱ་གར་ནང་བོད་མི་བཙན་བྱོལ་བ་གསར་པ་ཡོང་བའི་དུས་སྐབས་ཀྱི་ལེའུ་གསར་པ་ཞིག་འགོ་བཙུགས་ཡོད་པ་དང་། དེའི་གྲས་ནས་མང་པོ་ཞིག་སྦིར་སློབ་གྲྭའི་ནང་སློབ་སྦྱོང་བྱས་ཡོད། ད་ལྟ་བོད་ཀྱི་གསར་འབྱོར་བ་ཟེར་བའི་བཙན་བྱོལ་བ་ཚོ་ཡང་འཛམ་གླིང་ས་ཁུལ་གང་སར་སླེབས་ཡོད་པ་དང་། ལས་རིགས་རྣ་ཚོགས་ཀྱི་ནང་དུ་ལས་དོན་བྱེད་བཞིན་ཡོད་པ་རེད།
VOA འམ་ཨ་མི་རི་ཁའི་སྐད་སྒྲ་རླུང་འཕྲིན་ཁང་གི་གངས་རིའི་བྲག་ཅའི་ལེ་ཚན་གྱིས་གནས་ཚུལ་སྤེལ་དོན་ལྟར་ན། སྤྱི་ལོ་༡༩༨༩ ལོར་རྒྱ་གར་སྦིར་སློབ་གྲྭའི་ནང་ཞུགས་པའི་འབྲོག་ཕྲུག་སློབ་མ་ཞིག་ད་ཆ་དབྱིན་ཡུལ་གྱི་ཨོགྶི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ནས་འབུམ་རམ་པའི་སློབ་ཐོན་བྱུང་བ་མ་ཚད། ད་ལྟ་སློབ་གྲྭ་དེའི་ནང་ཞིབ་མཇུག་དང་སློབ་ཁྲིད་ཀྱི་ལས་དོན་བྱེད་འགོ་བཙུགས་ཡོད་པ་རེད་འདུག
དེའི་སྐོར་གངས་རིའི་བྲག་ཅའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ཡིས་འབུམ་རམས་པ་བླ་མ་སྐྱབས་ལགས་ལ་བཀའ་འདྲི་ཞུས་འདུག་པ་འབྲེལ་ཐག་འདི་ནས་གསན་གཟིགས་ཞུ།
http://www.voatibetan.com/archive/tibet-in-review/latest/2255/2649.html
རྗེས་སུ་ཡི་རངས་ཡོད། དངོས་ནས་ཡག་པོ་འདུག
བླ་མ་སྐྱབས་དང་ང་གཉིས་སྦེར་སློབ་གྲྭའམ་ད་ཆ་སུ་ཇ་བོད་ཁྱིམ་སློབ་གྲྭ་ནང་བདེ་སྲིད་ཁང་ཚན་གྱི་བཅུ་ཤོག་དང་པོའི་ནང་མཉམ་དུ་ཁ་ཟས་ལ་རོལ་ནས་དབྱིན་བོད་སློབ་སྦྱོང་བྱེད་མྱོང་ཡོད། ཁོང་ག་དུས་ཡིན་ན་ཡིག་རྒྱུགས་སྐབས་ཨང་དང་པོ་ལེན་མཁན་ཞིག་རེད།
ཁོང་ལ་མཚམས་འདྲི་ཡོད།
གོ་ཐོས་ཡིན་ན། སུ་ཇའམ་སྦིར་སློབ་གྲྭས་འབྲོག་ཕྲུག་འདི་སློབ་གྲྭ་ནས་ཕུད་ཡོད་འདུག་པས། ཁོང་གི་གྲུབ་འབྲས་གསར་འབྱོར་བའི་ཧུར་བརྩོན་དང་བོད་ནང་ནས་རེག་པའི་སློབ་སྦྱོང་གི་རྨང་གཞི། ཕྱི་གླིང་དུ་འགྲིམས་པའི་གཞོགས་འདེགས་ལས་སྦིར་སློབ་ལ་འབྲེལ་བ་ཆེར་མི་འདུག་པའི་ཁར། ཏོག་ཙམ་ལས་མི་སྣ་འདི་འདྲ་ཞིག་གི་མདུན་ལམ་དམར་གསོད་དུ་བཏང་ཡོད་པས། སྦིར་སློབ་འདི་ནག་ཉེས་ཀྱི་འབྱུང་ཁུངས་ཤིག་ཅིས་མ་ཡིན། ནག་ཉེས་འདི་དག་ཐེར་འདོན་གྱིས་དག་ཐེར་ཡང་དག་ཅིག་བྱེད་པའི་དུས་ལ་བབས་མེད་དམ།