ས་འཛིན་དཀར་པོ།
ཅི་ཡང་མཐོང་ཐོས་མེད་པའི་ཉམ་ཆུང་ཞིག །
མཐོ་སྒང་མི་རིགས་ཆེད་དུ་དཀའ་སྤྱད་བརྩོན།།
རང་སྲོག་འབེན་ལ་འཇོག་པའི་རྟུལ་ཕོད་ཅིག །
ང་ཚོའི་དཔའ་རྒོད་གླིང་ཚ་ཨེ་མཐོང་ལགས།།
མ་དང་བུ་ཕྲུག་བསྐྱུར་བའི་ཁྲེལ་མེད་ཅིག །
རང་དོན་གད་ལྟར་དོར་བའི་འདོ་མེད་ཅིག །
ཁ་བའི་བདེ་སྡུག་ཆེད་དུ་རྔུལ་ཁྲག་བརྩོན།།
ང་ཚོའི་དཔའ་བོ་གླིང་ཚ་ཨེ་མཐོང་ལགས།།
ཨ་མ་རྒན་མོའི་གདོང་ལ་གཉེར་རིས་བརྐོས།།
འཇིག་རྟེན་ཡ་མཚན་ལྟད་མོ་གཡུག་ནས་ཕྱིན།།
མ་འོངས་ཁ་བའི་བདེ་སྡུག་གོམ་བགྲོད་སྦྱོར།།
ང་ཚོའི་རྟུལ་ཕོད་གླིང་ཚ་ཨེ་མཐོང་ལགས།།
ཁྲག་དང་རྔུལ་ཆུའི་རྐང་ལམ་རྗེས་ཤུལ་དེར།།
ཁ་བའི་བདེ་སྡུག་རྣམ་ཤེས་ཁྲི་ཕྲག་འཁོར།།
མ་འོངས་གཞིས་བྱེས་ཆེད་དུ་ཚེ་སྲོག་སྟེར།།
ང་ཚོའི་ཕོ་རྒོད་གླིང་ཚ་ཨེ་མཐོང་ལགས།།
ང་ཚོའི་ཆེད་དུ་གཅེས་པའི་ཚེ་སྲོག་ཀུན།།
འབེན་ལྟར་དམར་པོ་ཙི་ནའི་ཁ་ལ་སྟེར།།
མ་འོངས་མཐོ་སྒང་ཉི་འོད་དོན་དུ་རེད།།
ང་ཚོའི་ལ་རྒྱ་ཅན་པོ་ཨེ་མཐོང་ལགས།།
ཞག་དང་ཟླ་བ་བརྩིགས་པའི་ཁུལ་ཟུར་ནས།།
ལུས་ཟུངས་བཅུད་ཀུན་ཟད་པའི་ངལ་སྡུག་དེ།།
སྦྲ་ནག་ཁྱིམ་གཞིའི་དོན་དུ་མནར་གཅོད་རེད།།
ང་ཚོའི་སྙིང་སྟོབས་གླིང་ཚ་ཨེ་མཐོང་ལགས།།
གོ་རིག་མེད་པའི་ཡུན་རིང་ཕྱིན་ནས་ཐལ།།
མི་བཟོད་དྲན་གདུང་སྙིང་ལ་རྨ་ཁ་བཟོས།།
འུ་ཚོ་ཁྲེལ་མེད་མིན་ན་འཚོལ་རན་ཡོད།།
ང་ཚོའི་ཕོ་རྒོད་གླིང་ཚ་ཨེ་མཐོང་ལགས།།
ཁ་བརྡ་སང་བཀའ་དྲིན་ཆེ། འདི་འདྲའི་སྙན་ངག་དང་ལ་རྒྱའི་རྩོམ་ལ། ང་ཚོས་ངོ་སོ་བསྟོད་དགོས་ཡ།
གླིང་ཚའི་སྲོག་རྩ་བརྟན་དང་གཅིག །
ལུས་ཀྱི་ཤེད་ཤ་རྒྱས་དང་གཉིས། །
རླུང་རྟ་ཡར་འགྲོའི་གཏམ་བཟང་གསུམ། །
མྱུར་དུ་གོ་བའི་སྨོན་འདུན་ཞུ། །
དཔའ་རྒོད་ཁོང་གི་བསམ་དོན་འགྲུབ་པར་སྨོན།
བོད་མི་ཚང་མ་ཕྱི་རྒྱལ་གྱི་ཡུལ་མི་བཟོ་རྒྱུའི་བྲེལ་ཚབས་དེ་བཞག་ནས་ཁོང་ནང་ལྟར་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ཡུལ་ཏུ་ལོག་རྒྱུའི་སེམས་ཤུགས་ཡོད་ན་ཅི་མ་རུང་།
ལོག་སྨྲ་ཚར་གཅོད། ཁྱོད་ཀྱི་བཤད་པའང་བདེན་པ་རེད། སྔོན་ལ་ཁྱོད་གང་དུའང་གཅིག་བཤད་བསྡད་མཁན་ཞིག་རེད་འདུག་པས། སྔོན་ལ་ཁྱོད་རང་ཁོང་ནང་བཞིན་བོད་སྤྱི་པའི་དོན་དུ་ལས་ཀ་བྱས་ཏེ་ས་ཆ་དེ་ནས་ང་སྐད་གཏོང་དང་ངས་ཡོང་ཆོག དེ་མིན་བོད་མི་ཚང་མ་སུ་དང་སུ་རེད།
བཀྲིས་བསམ་འགྲུབ་ལགས། ཤོག་དང་ང་ནི་བལ་བོད་གཉིས་ཀྱི་ས་མཚམས་ཏ་ཏོ་པ་ནི་བར་སླེབས་ཚར། མགྱོགས་པོ་ཤོག་དང་གླིང་ཚ་རྗེས་མ་ཟིན་བར་འགྲོ
ཕྱི་ཡུལ་འདིའི་མི་ནས་བཟུང་དྲ་ཚིགས་རླུང་འཕྲིན་ཚགས་ཤོག་དག་ཏུ་མཐོང་དཀའ་བའི་གནས་ཚུལ་ཞིག་དེ་རིང་ཁ་བརྡ་ཚང་ནས་མཇལ་བར་དགའ་ཡོད་མི་ཟེར་རང་ཟེར་ཆགས་སོང་། རྩོམ་པ་པོར་སྐུ་དྲིན་ཆེ།