ཨ་རིའི་ནིའུ་ཡོག་ཊའེམ་སི་ ཞེས་པའི་ཐོག་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་ནག་གཞུང་དང་གཞུང་འབྲེལ་གྱི་ལས་ཁུངས་ དག་གིས་འདས་པའི་ཟླ་བ་ བཅུ་གཅིག་གི་ནང་ཚུད་ལ་ ཨ་སྒོར་ དུང་ཕྱུར་ ༣༥ ཙམ་ལྐོག་ཟ་བྱས་པའམ་སྤྱོད་ལོག་ཏུ་བྱས་་ཡོད་པ་རེད་ ཞེས་འཁོད་འདུག སྡོམ་རྩིས་འདི་ནི་ རྒྱལ་ཡོངས་རྩིས་ཞིབ་ལས་ཁུངས་ཀྱིས་ ལས་ཁུངས་ འབུམ་གཅིག་ལྷག་ལ་བརྟག་དཔྱད་བྱས་མཐར་རྙེད་པ་ཡིན་ལུགས་བཀོད་འདུག གནས་ཚུལ་ཞིབ་གསལ་འདི་ན་འདུག
ཡང་རྒྱ་ནག་གིས་ དབྱིན་ཇིའི་ཡུལ་མི་ཞིག་ལ་དུད་ནག་བཙོང་བའི་ནག་ཉེས་འོག་སྲོག་ཁྲིམས་བཅད་ཡོད་པ་རེད་འདུག་ལ། འདི་ནི་དབྱིན་ཇིའི་གཞུང་གིས་གུ་ཡངས་དགོས་པའི་རེ་སྐུལ་བྱས་པ་དེ་ལ་ཡ་མེད་ཀྱིས་བྱས་པ་ཞིག་ཡིན་འདུག གནས་ཚུལ་ཞིབ་གསལ་འདི་ན་འདུག
རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་མི་མང་ལ་རང་ཉིད་ཀྱི་ཁྲིམས་ལས་ཀྱང་ཁྲིམས་གཞན་ཞིག་མེད་པར་སྟོན་བཞིན་ཡོད་པ་མིན་ནམ།
སྐད་འདི་བོད་ཡིག་ལ་སེམས་འཁུར་ཡོད་མཁན་ཚང་མར་བཞག་པ་ཡིན།
http://www.youtube.com/watch?v=HGa-dSKXf38&feature=related
སྤུན་ཟླ་ཚོ། འབྲེལ་ཐག་འདི་ལ་ཡིན་གཅིག་མིན་གཅིག་གཟིགས་རོགས་ཞུ། བོད་ཡིག་འདི་འདྲ་བྲིས་ན་ག་འདྲ་འདུག་ལགས། བསམ་ཚུལ་ལྷུག་པོར་གནོང་རོགས་ཞུ་ལགས། འདི་ལ་བཟང་ངན་གྱི་ཆ་གང་ཞིག་འདུག་ལགས། བོད་ཡིག་གི་དར་རྒུད་གང་དང་འབྲེལ་བ་འདུག་ཞིབ་དུ་གླེང་རོགས་ཞུ། འདི་ནི་བོད་ཡིག་ཤེས་མཁན་ཞིག་གི་ཀློག་བདེ་བོ་འདུག་གམ། མི་ཤེས་མཁན་ནི་དེ་བས་ཀྱང་ངོ། དེ་ཡིན་དུས་སྤུན་ཟླ་དག་གིས་ཡིན་གཅིག་མིན་གཅིག་འདིའི་རིགས་ལ་གཟབ་དགོས་མིན་སྐོར་གསལ་བོ་ཞིག་གསུང་རོགས་ཞུ།
ད་བོད་ཡིག་འདི་ལྟར་བྲི་དུས། བོད་པ་བརྫོགས་ནས་ཕྱི་རྒྱལ་གྱི་མིས་བོད་ཡིག་བྲིས་པའི་བྲོ་བ་འདུག ཉེ་སྔོན་ལྷ་སར་བོད་ཡིག་འདི་འདྲ་མཐོང་བྱུང་།
“སྐར་གསར་ལན་ཀྲུའུ་གཡག་ཤའི་ལ་མེན་འཐེན་ཐུག་ཡག་བཟའི་ཟོ་ཁང་།”
“ཆོས་བརྟེན་དཀར་པོའི་བསིལ་པོའི་ཁྱག་རོམ་བཅུད་བཏུང་བསིལ་ཁུ།”
“ལ་ལ་ཁ་ལ་འོ་ཁའི་སྤྲོ་ཁང་།”
“ཅི་ཅིང་ཡོ་ཤན་ཀུང་སིའི་ཁའི་ཕ་པུ་མན།”
འོ་ད་ཡིན་ན་ང་ཚོས་ཅིག་ཤེས་ནོ་འདི་ལ་བོད་ཡིག་ཡིན་ས་མ་རེད་ཁོ་ཐག་རེད། ད་ང་ཚོས་བཤད་ཀི་ཡོད་ནོ་འདི་ལ་བོད་སྐད་ཡིན་མིན་ཐེ་ཚོམ་ཟ་གི རྗེས་མ་ཡུལ་ལ་སོང་ན་ནང་མི་བར་དུ་སྐད་བསྒྱུར་དང་ན་ཟླའི་བར་དུ་ཡིག་བསྒྱུར་དགོས་ས་རེད། བོད་པ་ཚང་ལ་ཅིག་འགྲིག་མེད་ཀི ནེའུ་ཡོག་ན་ཡང་ཕ་མ་དང་བུ་ཕྲུག་བར་དུ་སྐད་གོ་བརྡ་མ་འཕྲོད་པར་བསྡད་ཡོད་ཀི བོད་འདི་འགྱུར་བ་ཤིན་ཏུ་མགྱོགས་ཀ
ཡར་རྒྱས་ཟེར་བ་དེའི་ལྡོག་ཟླ་རེད།
དེ་ནེའུ་ཡོག་གཅིག་པོའི་ག་ལ་ཚད་བོད་ཕྱི་ནང་གཉིས་ཀ་ན་ཕ་མ་བུ་ཕྲུག་བར་ལ་གོ་བརྡ་མི་འཕྲོད་ནི་མང་ནི་རེད།
བོད་ཡིག་དེ་འདྲ་མཐོང་དུས་བློ་ཕམ་པོ་ད་ཞེ་དྲག་འདུག་སྟེ་ འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་དུས་བོད་ཡིག་ཨ་མདོའི་ཡུལ་སྐད་ཐོག་བྲིས་ཏེ་བོད་པ་གཞན་གྱིས་གོ་མི་ཐུབ་པའམ་ བོད་ཡིག་ཁམས་ཀྱི་ཡུལ་སྐད་ཐོག་བྲིས་ཏེ་བོད་པ་གཞན་གྱིས་གོ་མི་ཐུབ་པ་ ཡང་ན་བོད་ཡིག་སྟོད་པའི་ཡུལ་སྐད་ཐོག་བྲིས་སྐབས་བོད་པ་གཞན་གྱིས་གོ་མི་ཐུབ་པ་ བོད་ཡིག་འབྲུག་པའི་སྐད་དམ་ལ་དྭགས་པའི་སྐག་ཐོག་བྲི་དུས་བོད་པའི་མི་གོ་བ་བཅས་གཅིག་མཚུངས་མིན་ནམ་བསམ་ གང་ལྟར་ཡིག་ནོར་མེད་པའི་རྒྱ་ཡིག་བྲིས་པ་ལས་ ཡིག་ནོར་ཡོད་ཀྱང་བོད་ཡིག་ཡིན་ན་དགའ་ཆེ་།
little correction, a billion = 1,000,000,000, not 100,000,000. i have read the original article on new york times and it is 35 billion. other then that, the overal translation is very good. thanks