ཀརྨ་དགེ་ལེགས།
བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །
བོད་ཡུལ་བོད་ཀྱིས་སྐྱོང་ལ་བོད་ཡིག་དགོས། །
བོད་ཀྱི་མདུན་ལམ་བསུ་ལ་བོད་ཡིག་དགོས། །
བོད་ཀྱི་རིག་གཞུང་འཛིན་ལ་བོད་ཡིག་དགོས། །
བོད་སྐད་བོད་ལ་དགོས་ན་བོད་ཡིག་དགོས། །
བོད་མིས་རང་མགོ་མཐོན་ལ་བོད་ཡིག་དགོས། །
བོད་དོན་བོད་མིས་སྒྲུབ་ལ་བོད་ཡིག་དགོས། །
བོད་མི་ལ་རྒྱ་ཅན་ལ་བོད་ཡིག་དགོས། །
བོད་ཡིག་བེད་སྤྱོད་ཡོད་མེད་ནི། །
བོད་མི་རང་ལ་རག་ལས་ཡོད། །
བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །
བོད་ཡིག་མེད་ན་བོད་ཀྱི་སྲོག་རྩ་མེད། །
བོད་ཡིག་མེད་ན་བོད་ཀྱི་རིག་གཞུང་མེད། །
བོད་ཡིག་མེད་ན་བོད་མིར་ཤེས་ཡོན་མེད། །
བོད་ཡིག་མེད་ན་བོད་ལ་མདུན་ལམ་མེད། །
བོད་ཡིག་མེད་ན་བོད་རྒྱ་གཅིག་ཏུ་འདྲེ། །
བོད་ཡིག་མེད་ན་བོད་ཀྱི་ངོ་བོ་འགྱུར། །
བོད་ཡིག་མེད་ན་བོད་ཀྱི་རང་ཚུགས་ཤོར། །
བོད་ཡིག་བེད་སྤྱོད་ཡོད་མེད་ནི།
།བོད་མི་རང་ལ་རག་ལས་ཡོད། །
བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །
བོད་ཡིག་སློབས་ཤིག་བོད་ཀྱི་གྲོགས་པོ་ཚོ། །
བོད་མི་ང་ཚོ་བོད་ཀྱི་རྒྱུད་འཛིན་ཡིན། །
བོད་ཀྱི་མདུན་ལམ་བོད་མི་ང་ཚོར་ཐུག །
བོད་ཡིག་བེད་སྤྱོད་བོད་མིས་མ་ཐུབ་ན། །
བོད་མི་ང་ཚོ་བོད་ཀྱི་ཞབས་འདྲེན་རེད། །
བོད་པ་ཡིན་ཡང་བོད་ཡིག་མི་ཤེས་ན། །
བོད་ལ་དགོས་པའི་བོད་མི་ཁྱེད་མ་རེད། །
བོད་ཡིག་བེད་སྤྱོད་ཡོད་མེད་ནི། །
བོད་མི་རང་ལ་རག་ལས་ཡོད། །
ཀརྨ་དགེ་ལེགས་ཀྱིས་བོད་མི་རྒན་གཞོན་ཡོངས་ལ་དྲན་བསྐུལ་གྱི་ཆེད་དུ་ཕུལ།
ཨོ། ངོ་སོ་རེ་བསྟོད། ཀརྨ་དགེ་ལེགས་མཆོག་སྐུ་ཚེ་བརྟན། དངོས་ནས་དོན་ལྡན་ཞིག་གསུངས་གདུག་ཡ། ང་ཚོ་ཚང་མས་རེམ་རེམས། ཀརྨ་པ་དེ་དངོས་སུ་ཕེབས་ཀྱང་འདི་ལས་ཆེ་བ་ཞིག་གསུངས་རྒྱུ་མེད་པ་འདྲ། གལ་ཏེ་ང་ལ་དབང་ཆ་ཞིག་ཡོད་ན་ཀརྨ་དགེ་ལེགས་ཨོ་རྒྱན་རྡོ་རྗེ་ཞེས་མངའ་གསོལ་ཡང་དག་ཅིག་གནམ་ལོ་གསར་ཚེས་འདི་ལ་ཞུས་ན་དྲན་ཀི བཀྲ་ཤིས་བདེ་ལེགས།
བོད་དོན་བོད་མིས་བཤད་ན་བོད་སྐད་སྤྱོངས།།
བོད་དོན་བོད་མིར་དགོས་ན་བོད་ཡིག་སྤྱོངས།།
བོད་དོན་བོད་མིར་འཁྲི་ན་བོད་སྐད་ཤོད།།
བོད་མི་གསོན་པོར་དགོས་ན་བོད་ཡིག་བྲིས།།
བོད་ཀྱི་བོད་མིས་འདིར་སོམས་ཤིག །
བོད་སྐད་བོད་མིས་མི་ཁྲོལ་ན། །
བོད་དེ་བོད་ཀྱི་རྒྱུད་འཛིན་མིན། །
བོད་ལ་བོད་དེས་ཕན་ཐོག་མེད། །
བོད་དང་བྲལ་བའི་ས་མཐའི་བོད་པ་ངས། །
བོད་མི་དྲ་གྲོགས་ཀུན་གྱི་སྤྱན་ལམ་དུ། །
བོད་ཡིག་ཅེས་པའི་གཞས་ཚིག་བྲིས་པ་དེར། །
བོད་མིར་བསམ་འཆར་ཅི་ཡོད་གསུང་བར་ཞུ། །
བོད་ལ་དགའ་བའི་བུ་ཆུང་ལོ་ལོ། །
བོད་ཡིག་ཤེས་པའི་བོད་ཕྲུག་དག་མ། །
བོད་ཞེན་བསམ་པའི་གནད་སོ་མ་ནོར། །
བོད་རྒྱལ་བསམ་ན་དེ་འདྲ་ཞིག་གོ། །
བོད་ཆོས་ཤེས་པའི་ཀརྨ་མ་ནོར།།
བོད་དོན་བསྟན་པའི་བདེ་ལེགས་གཞི་མ། །
བོད་སྐད་བོད་ཡིག་ལྷག་བསམ་བསྐུལ་མ། །
བོད་ལ་མི་འཕྲོད་བོད་པ་མི་སྲིད། །
བོད་ཅིག་ཡིན་ན་བོད་སྐད་གཙང་མ་ཤོད།།
བོད་ཅིག་བསམ་ན་བོད་ཡིག་གཙང་མ་སློབ།།
བོད་ཅིག་ཡིན་ན་བོད་རྩམ་མ་བརྗེད་པར།།
བོད་ཀྱི་ཆེད་དུ་ཡོད་ཚད་ཕུལ་ཅིག་ཀྱེ།།
ཀ་མད་སུམ་ཅུའི་ལས་དབང་ཟད་སོང་ཟིག།
རྒྱ་ནག་གཞུང་གིས་བསྣུབས་ལ་རྩོམ་གོ་ཀི།
བོད་ཀྱི་གཞུང་གི་བདག་པོ་མི་རྒྱག་གི།
ཕྱི་བཞུགས་བོད་ཕྲུག་བོད་སྐད་མི་བཤད་ཀི།
ཁ་ནས་བོད་སྐད་བཤད་ཅིང་བོད་ཡིག་འབྲི།།
གྲྭ་བ་གྲྭ་ལོག་ཁ་ཤས་ཡིན་གོ་གི།
རྒྱ་ནག་གཞུང་གི་གནད་དེ་ཤེས་སོང་ཟིག།
འཆར་ལྡན་བུ་སྐྱེ་སྲིད་ཇུས་སྤེལ་དང་ཟིག།
གྲྭ་བ་བཟོ་མཁན་ད་ནས་ཡོད་མི་སྲིད།།
ཆོས་དང་རིག་གཞུང་སྐྱོང་མཁན་དེ་ལས་མེད།།
ང་ཚོ་ཚང་མས་ད་ལྟ་ཁོ་ན་གླེང་།།
གཞན་པ་དེ་ཚོས་མ་འོངས་འཆར་གཞི་འདིངས།།
པན་ཆེན་དངོས་རྫུན་ཉར་ནས་བསྡད་ཡོད་པ།།
རྒྱལ་དབང་སྐུ་ཕྲེང་བདག་བཟུང་བྱེད་པའི་ཆེད།།
མི་རབས་རྗེས་མ་ཁོང་གསུམ་ལག་ཏུ་ཡོད།།
ཁོང་གསུམ་རྒྱ་ཕྲུག་ཁོ་ན་ཆགས་རྒྱུ་རེད།།
རྒྱ་སྐད་བཤད་ཅིང་རྒྱ་འབུ་ཟ་རྒྱུ་རེད།།
བོད་ཡིག་མི་འབྲི་བོད་རྩམ་འཇོག་རྒྱུ་རེད།།
ད་ནི་བོད་པ་ཚང་གི་ཆོས་རིག་ནི།།
ནུབ་རིར་བཞུད་པའི་ཨ་དི་གཞོན་ནུ་བཞིན།།
བོད་ཡིག་དྲན་བསྐུལ་གནང་བའི་བོད་ཕྲུག་དག །
ཀརྨ་དགེ་ལེགས་ལྷག་བསམ་སྡང་པོ་རྒྱས། །
ལྷ་ཀླུ་གཉན་གསུམ་དགྱེས་པའི་ལོ་འདབ་བཞད། །
འཛེར་མ་ར་མགོས་འབོད་བསྐུལ་མེ་ཏོག་འཐོར། །
གཞོན་ནུ་ཟླ་མེད་རྒྱལ་རབས་འབྲས་བཟང་སྟོན། །
བོད་དོན་སེམས་པ་ཁྱེད་ཅག་རྒྱལ་གྱུར་ཅིག །
།བོད་བོད་བོད་ཞེས་འབོད་པ་བརྒྱ་སྟོང་གིས།
།བོད་དོན་སེམས་ལ་བཅང་ནས་བོད་རིགས་ནང་།
།བོད་ཀྱི་ཕ་མེས་བཟང་པོའི་ཤུལ་བཞག་ནོར།
།བོད་མི་ཡོངས་ཀྱི་སྲོག་གི་ཀ་བ་འདི།
།བོད་རིགས་གཞོན་སྐྱེས་ཚོགས་ལ་གདམས་པ་དང་།
།བོད་རིགས་སྤྱི་སེམས་ཅན་ལ་དྲན་གསོའི་སླད།
།བོད་ཀྱི་རིགས་སྐྱེས་ཀརྨ་དགེ་ལེགས་ནས།
།བོད་མི་སྤྱི་ལ་བསྐུལ་མ་གནང་བ་འདི།
།བོད་ཞིག་ཡིན་ན་ཡི་རང་ཞིང་།
།བོད་ཡིག་སྦྱོང་ལ་ཡིད་ཀྱང་སྤྲོ།
།བོད་མི་སོ་སོས་ཅི་ནུས་སྒོས།
།བོད་དོན་སྒྲུབ་འདོད་དེ་ལས་སྐྱེ།
།བོད་ལ་དགའ་ཞེན་ཆེ་བའི།
།བོད་མེད་ས་མཐའ་ཞིག་ནས།
།བོད་རིགས་ཐ་ཤལ་ངས་ཀྱང་།
།བོད་ཡིག་སྙིང་ལ་བཅང་ཡོད།
།བོད་ཀྱི་སྤྱི་ནོར།
།བོད་ཡིག་འདི་ལ།
།བོད་མི་ཡོངས་ཀྱིས།
།བོད་དོན་ཟུངས་ཤིག
བོད་ཡིག་སློབ་གཉེར་མི་བྱེད་པའི། །
བོད་ཀྱི་སྲོལ་རྒྱུན་ངན་པ་དེ། །
བོད་ནས་མེད་པར་མ་བྱས་ན། །
བོད་ཡུལ་ཡར་རྒྱས་འགྲོ་ཐབས་གང་། །
དྲྭ་གྲོགས་ཡོངས་ལ། གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བོད་ལ་རང་དབང་ཐོབ་གཞིས་བྱེས་མཉམ་འཛོམ་མྱུར་དུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
བོད་ཡིག་བེད་སྤྱད་བྱས་ནས་གཞན་གྱི་སྐད་རིགས་བྲིས་པ་དེ་ནི། མ་འོས་པ་ཞིག་དང་། བོད་སྐད་ཉམས་བྱེད་ཀྱི་རྒྱུ་རུ་ནམ་ཡང་མཐོང་གི་མེད། དབྱིན་ཡིག་བེད་སྤྱོད་བྱས་ནས་བོད་སྐད་ཀྱི་ཐོག་ཏུ་བཀའ་བསྟན་མང་པོ་ཞིག་བྲིས་ཟིན་ཡོད་པ་མཐོང་གསལ་ལྟར་རེད། དེས་དབྱིན་ཡིག་ལ་ནམ་ཡང་ཉམས་རྒུད་གཏོང་མི་ཐུབ། འོན་ཀྱང་བོད་ཀྱི་ལུང་ཚན་གྱི་ཁ་སྐད་ཨི་མཚར་བལྟ་བ་ཡིན་ན་འདྲ། ཞེན་ཆགས་ཆེ་བས་ཡིན་ནའང་འདྲ། བོད་ཡིག་བོད་སྐད་སྐྱོན་མེད་ཤེས་ཅིང་། རྩོམ་ཡིག་སྤེལ་བའི་གྲས་ཡིན་ཟེར་བ་རྣམས་ཀྱིས་ཀྱང་། བོད་ཡིག་ལ་བཙན་གཡེམ་བྱེད་བཞིན་པ་འདི་ནི། བོད་སྐད་འཇོམ་བྱེད་ཞིག་དང་། ད་ལྟ་རང་རེ་ཧི་མ་ལ་ཡི་རི་བརྒྱུད་དུ་གནས་པ་གང་གི་ས་ནས་བྲིས་པའི་བོད་ཡིག་བོད་སྐད་དེ་ཀུན་གྱིས་ཇི་ལྟ་བ་བཞིན་གོ་ཐུབ་ཀྱི་ཡོད་པ་འདི་གཏོར་བརླག་བྱེད་པ་ཡིན་པས། ད་ནས་བཟུང་བོད་ཡིག་དག་ཆ་དང་སུམ་རྟགས་མི་ཤེས་ནས་ནོར་ཤོར་མཁན་ང་འདྲ་ཡིན་ན་སྐད་ཆ་གཞན་རེད། སྐད་ཡིག་ཇི་བཞིན་ཤེས་མཁན་རྣམས་ཀྱིས་དུས་ནམ་ཡང་རྩེ་མོ་ཚུན་དུ་མི་མཛད་པའི་རེ་བ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།
དེང་སང་བོད་ཀྱི་ཕྱི་ནང་གཉིས་ཀ་ན། །
བོད་ཡིག་བོད་སྐད་རྩ་ནས་མི་ཤེས་པའི། །
བོད་རིགས་ན་གཞོན་ཀླད་མེད་འདི་ཚོ་ལ། །
གནས་ལུགས་བཤད་ལས་དབྱུག་པ་བསྟན་ན་དགའ། །
རྒྱ་སྐད་མ་གཏོགས་མི་ཤེས་ཀྱང་། །
རྒྱ་མིའི་ཁྲོད་དུ་མི་འདྲིས་པའི། །
རྒྱ་མིན་བོད་མིན་མི་འབོར་ཞིག །
རྒྱ་ཆེར་དར་འདི་ནང་གི་དགྲ། །
བོད་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ཞུ།
ཕྱི་གླིང་མི་དང་ཐུག་དུས་བོད་མི་འདྲ། །
བོད་མིར་ཐུག་དུས་ཕྱི་གླིང་བ་ཟིག་འདྲ། །
ར་ཡིན་ལུག་ཡིན་གང་ཡིན་མི་ཤེས་པའི། །
བོད་ཕྲུག་འདི་ཚོས་བོད་ལ་ཕན་པ་མེད། །
ལུས་ཀྱི་ཤ་ཁྲག་ཁྲོན་མོ་བོད་ཡིན་ཡང་། །
ངག་གི་སྐད་ཆ་འདྲ་མ་འདྲེས་ཤིག་རེད། །
སེམས་ནང་ཡོད་པ་རྒྱ་གར་ཧེ་རོ་རེད། །
ལུས་ངག་ཡིག་གསུམ་ཧ་ཧ་སོ་སོ་རེད། །
རྒྱ་གར་བལ་ཡུལ་འབྲུག་ཡུལ་ནས་སྐྱེས་པའི། །
བོད་རིགས་ཕོ་མོ་ན་གཞོན་འདི་དག་གིས། །
རང་རིགས་ལོ་རྒྱུས་སྣ་གཅིག་མི་ཤེས་ཀྱང་། །
ཧེ་རོ་ཧེ་མོའི་ལོ་རྒྱུས་དག་ལ་མཁས། །
བོད་ཀྱི་ལོ་སར་ངོ་མ་འདི་མ་ཡིན།
ཆོས་རྗེ་བླ་མ་འདས་པའི་མྱ་ངན་སྐབས། །
བོད་ཡུལ་ཚེ་སྲོག་ཆད་པའི་སྔ་ལྟས་ཤར། །
ཉ་གང་ཟླ་འདི་ང་ཡི་སྙིང་ལ་གཟན།
ཧེ་རོ་ཧེ་མོ་རྣམས་ལ་ཉན་པ་བཞིན། །
༧གོང་ས་རྒྱལ་བའི་བཀའ་ལ་ཉན་ཡོད་ན། །
བོད་སྐད་བོད་ཡིག་བོད་མིས་དོར་མི་སྲིད། །
རྒྱ་གར་བོད་མི་རྒྱ་མིའི་རྒྱབ་སྐྱོར་རེད། །
བོད་པས་བོད་ཀྱི་སྐད་ཡིག་མ་ཤེས་ན།།
བོད་པ་ཡིན་པའི་ཚན་ཉིད་ག་ལ་ཚང་།།
བོད་པས་གཞན་གྱི་སྐད་ཡིག་ཤེས་དགོས་ཀྱང་།།
བོད་པ་རང་གི་ཕ་སྐད་བརྗེད་མི་ཉན།།
བོད་པ་ཕྱི་རྒྱལ་ཡུལ་དུ་ཡོད་པ་ཡི།།
བོད་པའི་ན་གཞོན་ཕོ་མོ་མང་པོ་ཞིག།
བོད་པ་རང་གི་ཆོས་དང་རིག་གཞུང་ལ།།
བོད་པ་ཡིན་བསམ་དོ་སྣང་མི་བྱེད་སྐྱོ།།
བོད་པ་འདྲ་ཡང་བོད་པའི་ཁྱད་ཆོས་མེད།།
བོད་ཡིག་ང་ཡིས་རིན་མེད་བསླབ་ཆོག་ཅེས།།
བོད་པའི་ཕྲུ་གུར་བསྐུལ་མ་བྱས་ན་ཡང་།།
བོད་པའི་ཕྲུ་གུ་མང་པོར་དོ་སྣང་མེད།།
བོད་ཀྱི་གཞུང་དང་བོད་རིགས་ཕ་མས་གཙོས།།
བོད་པའི་ཚོགས་པ་སྐྱིད་སྡུག་སྐར་ཚོགས་ཀྱིས།།
བོད་ཕྲུག་འདི་ཚོ་མ་འོངས་རང་ཡུལ་གྱི།།
བོད་རིགས་སོན་རྩ་འཕེར་ཐབས་བརྩོན་པར་ཞུ།།
བོད་སྐད་དང་ནི་བོད་ཡིག་གཉིས། །
བོད་མིས་རྒྱུན་སྐྱོང་མ་ཐུབ་ན། །
བོད་པའི་ངོ་བོ་འགྱུར་འགྲོ་བས། །
བོད་ལ་རེ་བ་གཞན་ཅི་ཞིག །
བོད་པས་བོད་ཀྱི་སྐད་ཆ་བཤད།།
བོད་པས་བོད་ཀྱི་ཡི་གེ་བྲིས།།
བོད་པས་བོད་པའི་ཆས་གོས་གྱོན།།
བོད་པ་སྤུས་གཙང་བྱུང་ན་རབ།།
བོད་ཡིག་བོད་སྐད་མ་ཤེས་ཀྱང་།།
བོད་པའི་བཟང་སྤྱོད་མ་བརླག་པར།།
བོད་ཀྱི་སྣོད་བཅུད་བདེ་ཐབས་ལ།།
བོད་པ་ཡིན་བསམས་འབད་ན་འབྲིང་།།
བོད་ཡིག་བོད་སྐད་མི་ཤེས་ལ།།
བོད་ཀྱི་ཆོས་རིག་དྲི་མ་མེད།།
བོད་ཀྱི་སྤྱི་དོན་རྒྱབ་ལ་བསྐྱུར།།
བོད་པ་དེ་ནི་ཐ་མའི་མ།།
བོད་སྐད་བོད་ཡིག་ལེགས་ཤེས་ཤིང་།།
བོད་ཀྱི་ཆས་གོས་མ་ཉམས་གྱོན།།
བོད་ཀྱི་རིག་གཞུང་སྲུང་ཐུབ་ན།།
བོད་མི་མཆོག་གི་ངང་ཚུལ་རེད།།
འུ་ཐུག་ན།
བོད་སྐད་བོད་ཡིག་མ་ཤེས་ན།།
བོད་མིའི་ཁྱད་ཆོས་ཉམས་པ་ལས།།
བོད་མིའི་ངོ་བོ་ཇི་ལྟར་བརླག།
བོད་མིས་ཕྱི་སྐད་ཕྱི་ཆས་སྤྲས།།
བོད་ལ་ཞེན་པའི་ལས་བསྒྲུབས་ནས།།
བོད་ལ་རང་བཙན་ཐོབ་པ་ན།།
བོད་ཡིག་བོད་སྐད་མི་ཤེས་པའི།།
བོད་པ་དེ་ཚོ་བོད་བོད་པ་ལས།།
བོད་པ་མ་རེད་སུ་ཡིས་ཟེར།།
བོད་པ་དེ་ནི་ཐ་མའི་མ།། ཟེར་བ། ཐ་མའི་ཐ། ཞེས་ནོར་བཅོས་ཡོང་བ་ཞུ།
བོད་པའི་བོད་སྐད་བོར་སོང་ན། །
བོད་ལ་རང་བཙན་རེ་བ་མེད། །
རྒྱ་སྐད་དབྱིན་སྐད་ཧིན་སྐད་ཀྱིས། །
ཕྱི་ནང་གཅིག་གྱུར་ཡོང་མི་སྲིད། །
བོད་པས་བོད་སྐད་བོར་སོང་ན། །
བོད་ལ་རང་བཙན་རེ་བ་མེད། །
རྒྱ་སྐད་དབྱིན་སྐད་ཧིན་སྐད་ཀྱིས། །
ཕྱི་ནང་གཅིག་གྱུར་ཡོང་མི་སྲིད། །
བོད་པས་བོད་སྐད་བོར་རྒྱུ་མེད།།
བོད་པས་བོད་ཡིག་ལོས་ཤེས་དགོས།།
བོད་པས་བོད་སྐད་མ་ཤེས་ན།།
བོད་པ་ཡིན་ཟེར་ངོ་ཚའི་རྒྱུ།།
བོད་པ་ཕྱི་ནང་གཅིག་གྱུར་དེ།།
བོད་པའི་སེམས་ལ་བོད་ཞེན་གཙོ།།
བོད་སྐད་བོད་ཡིག་ཁོ་ན་ཡིས།།
བོད་པ་གཅིག་གྱུར་ཕྱི་ཚུལ་ཙམ།།
བོད་ཀྱི་སྐད་ཡིག་བྱང་ཆུབ་ལ།།
བོད་ཀྱི་སྐྱ་བཙུན་ཆས་དང་ལྡན།།
བོད་པ་གདོན་འདྲེས་དབང་གྱུར་རྣམས།།
བོད་ལ་གནོད་པ་རྒྱ་ལས་ལོད།།
བོད་སྐད་ཚིག་གཅིག་མི་ཤེས་ལ།།
བོད་ཡུལ་མིག་གིས་མ་མཐོང་ཡང་།།
བོད་ཀྱི་བདེན་མཐའ་གསལ་བའི་སླད།།
བོད་ལ་བདེན་རྒྱབ་བྱེད་མི་མང་།།
བོད་པ་གཅིག་གི་བོད་སྐད་མ་ཤེས་ན། །
བོད་པ་དེ་དང་དེ་ཡི་མི་རྒྱུད་བཅས། །
བོད་ཀྱི་གྲལ་ནས་ཕྱི་ལ་ཐོན་པ་ཡིན། །
བོད་ཀྱི་མི་རིགས་འགྱུར་ན་དེ་ལྟར་འགྱུར། །
བོད་སྐད་དག་མ་ཤེས་པའི་བོད་པ་དེས། །
བོད་ལ་གནོད་པ་སྐྱེལ་བའི་ལས་བྱས་ཀྱང་། །
བོད་པ་དེ་དང་དེ་ཡི་མི་རྒྱུད་བཅས། །
བོད་ཀྱི་མི་རྒྱུད་གཙང་མ་འཛིན་མཁན། །
བོད་པས་བོད་ཀྱི་སྐད་ཡིག་མི་ཤེས་པར། །
བོད་ཡུལ་འགྱུར་ཞེས་ཐུགས་འཁུར་དེ་ལ་དགོངས། །
བོད་པ་ཕོ་མོས་མི་གཙང་མི་སྤྱོད་པར། །
བོད་པར་བྱིས་པ་མི་སྐྱེ་དགོངས་པ་མིན། །
བོད་ཞེན་ཅན་གྱི་ཀརྨ་དགེ་ལེགས་ལགས།།
བོད་པ་ང་ཡིས་ཁྱེད་ལ་སྐུ་རྩེད་ཞུས།།
བོད་པས་བོད་སྐད་བོད་ཡིག་མ་ཤེས་ན།།
བོད་པ་ང་ཚོས་རང་རིགས་ཇི་ལྟར་སྐྱོབ།།
བོད་ཀྱི་ནང་ཆོས་ཟབ་མོའི་དོན་གྱི་གནད།།
བོད་ཡིག་ལས་གཞན་སྟོན་པའི་སྐད་ཡིག་དཀོན།།
བོད་པ་རྩམ་ཟན་ཡོངས་ནས་ད་ཕྱིན་ཆད།།
བོད་པའི་སྐད་དང་ཡི་གེར་དོ་སྣང་མཛོད།།
ཁ་ཕྱོགས་གཅིག་ཏུ་ཁ་མཐུན་པའི། །
ཁ་བའི་གྲོགས་པོ་ཁ་ཚང་ལ། །
ཁ་ཞེ་གཉིས་མེད་ཁ་ཏ་དེ། །
ཁ་བའི་ཆེད་དུ་ཁ་ནས་ཤོར། །
ཁ་ཕྱོགས་གཅིག་ཏུ་ཁ་མཐུན་དགོས།།
ཁ་བའི་ལྗོངས་ཀྱི་ལ་ཁ་ནས།།
ཁ་ཞེ་མེད་པའི་ཁ་ཏའི་གཏམ།།
ཁ་ཙམ་མིན་པར་བློ་ཡིས་དཔྱོད།།
ཚིག་བཅོས།
ཁ་ཙམ་མིན་པས་དང་ཁ་གདོན།།
ཁ་ནས་བཤད་པ་ཙམ་ཞིག་གིས། །
ཁ་བ་ཅན་ལ་ཕན་ཐོག་དཀའ། །
ཁ་སྐད་གཙང་མ་ཁྲོལ་ཙམ་ཀྱིས། །
ཁ་བའི་རིག་གཞུང་འཛིན་པ་དཀའ། །
ཁ་ཅིག་ཁོ་ནས་འབད་པ་ཡིས། །
ཁ་བའི་དམིགས་ཡུལ་འགྲུབ་པ་དཀའ། །
ཁ་འགོ་བ་ཡི་ཁར་ཉན་ནས། །
ཁ་ཚང་ཁ་མཐུན་གྲོས་མཐུན་ངང་། །
ཁ་ཕྱོགས་གཅིག་ཏུ་ཁ་འཆམ་ནས། །
ཁ་བཤད་དོན་ལ་གནས་ཐུབ་ན། །
ཁ་མཆུ་ཆེ་ཆུང་གང་ཡིན་ཡང་། །
ཁ་བས་རྒྱལ་ཁ་ཅིའི་མི་ལེན། །
ཕ་བཟང་བུ་ཚ་ལོ་ལོ། །
ཕ་ཡུལ་བྷོ་ཊ་ཡིན་ན། །
ཕ་སྐད་གཙང་མ་དང་ནི། །
ཕ་མའི་རིགས་རུས་མ་བརྗེད། །
རྒྱ་ཡིག་དབྱིན་ཡིག་སྦྱང་རྒྱུ་མང་བ་དང་། །
བོད་སྐད་བོད་ཡིག་བར་ནས་བོར་སོང་ན། །
མ་འོང་མི་རབས་མི་འགྱུར་མི་སྲིད་པས། །
རང་བཙན་ཕྱོགས་ལ་རེ་བ་བྱེད་དོན་ཅི། །
ཁ་བའི་ཁ་སྐད་ཁ་ནས་བོར་སོང་ན། །
མི་རིང་མི་རིགས་མི་འགྱུར་གནས་ཐབས་མེད། །
བོད་སྐད་བོད་ཡིག་བོད་མིས་རྒྱུན་སྐྱོང་བའི།
དོན་ཆེན་དོན་འདི་དོན་གནད་འཛིན་ཐུབ་ན། །
རང་དོན་རང་ཚུགས་རང་གིས་བཟུང་བ་ཡིན། །
བོད་ཀྻི་་ཡུལ་ལ་་ཡུལ་སཀད་་སན་མང་་ཡང་། །
བོད་ཀྻི་་མེས་པོའི་་ཕྻག་རཇེས་་བོད་ཡིག་་རེད། །
བོད་ཀྻི་་སཀད་ལ་་མཁོ་བ་་བོད་ཡིག་་རེད། །
བོད་རིགས་་ནམ་གནས་་ངོམས་རགུ་་བོད་ཡིག་་རེད། །
བོད་ཀྻི་་སཀད་ཡིག
བོད་སཀད་་མི་ཤེས་་བོད་རིགས་་སཉིང་རེ་་གཅེས། །
བོད་ཡིག་་མི་ཤེས་་བོད་མིར་་སལོབས་དང་་ཤེས། །
བོད་སཀད་་རགྻ་ཡིག་་བརགྻུད་ནས་་སབྻོངས་ནས་་ཤོད། །
བོད་ཡིག་་ཨིན་ཧིན་་ནང་དུ་་སབྻོངས་ནས་་བྼིས། །
བོད་རིགས་སཔྻི་སཀད།
ཀ་ཁ་་ཡོད་པའི་་བོད་རིགས་་སཔྻི་སཀད་་གཅིག །
ཁ་བ་་བ་ལ་་མཁོ་བར་་མི་འདུག་་གམ། །
ག་ནས་་བསམས་ཀྻང་་ཀུན་མཐུན་་ཡིག་སཀད་་གཅིག །
ང་ཡིས་་བྼིས་ཀྻང་་སུ་ཡིས་་འབྼི་ཤོད་་སྼིད། །
བསྐྱར་བཅོས།
བོད་ཀྱི་་སྐད་ཡིག
བོད་སྐད་་མི་ཤེས་་བོད་རིགས་་སྙིང་རེ་་གཅེས། །
བོད་ཡིག་་མི་ཤེས་་བོད་མིར་་སློབས་དང་ཤེས། །
བོད་སྐད་་རྒྱ་ཡིག་་བརྒྱུད་ནས་་སྦྱོངས་ནས་་ཤོད། །
བོད་ཡིག་་ཨིན་ཧིན་་ནང་དུ་་སྦྱོངས་ནས་་བྲིས། །
བོད་རིགས་་སྤྱི་སྐད།
ཀ་ཁ་་ཡོད་པའི་་བོད་རིགས་་སྤྱི་སྐད་་གཅིག །
ཁ་བ་་པ་ལ་་མཁོ་བར་་མི་འདུག་་གམ། །
ག་ནས་་བསམས་ཀྱང་་ཀུན་མཐུན་་ཡིག་སྐད་་གཅིག །
ང་ཡིས་་བྲིས་ཀྱང་་སུ་ཡིས་་འབྲི་ཤོད་་སྲིད། །
གྲོགས་པོ་རྣམས། རང་རེའི་སྐེད་ཡིག་དེ་དུས་མ་འོང་པར་གནས་དགོས་པའི་དབང་དུ་བཏང་ན། ཁྱེད་རྣམས་པས་སྙམ་རྩོམ་ལེགས་པོ་བརྩམས་པ་ཙམ་མ་ཡིན་པར། སྐད་ཡིག་འདེ་གཞོན་སྐྱེས་རིག་གསར་ཚོས་སྦྱང་བར། ལྟབ་ལྡན་པ། ཁ་གསར་བ། རྒྱུན་སྤྱོད་འཚོ་བའི་ཐོག་དང་འབྲེལ་བ་ཡོད་པ་ཞིག་བཟོ་ཐུབ་ན་ཁ་ཡོད་ལག་ཡོད་ཀྱི་ཕེན་ཐོག་ཡོང་རྒྱུ་རེད་བསམ་གྱི།