རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
སྤྱི་ལོ༢༠༠༩ཟླ༡༢ཚེས༣༠ཉིན།
ང་ ཕོད་ངག་དབང་འཇིགས་མེད་སྐུ་ཚེའི་འཕེན་པ་རྫོགས་པའི་རྗེས་སུ། བོད་པའི་སྤྱི་ཚོགས་ཁྲོད་དུ་ཁོང་གི་མི་ཚེའི་སྐོར་ལ་བསམ་ཚུལ་གླེང་མཁན་ཇེ་མང་ དུ་ཕྱིན། བསམ་ཚུལ་གླེང་མཁན་ཚོའི་ལྟ་ཚུལ་མི་འདྲ། དེ་རིང་ཕྱི་དྲོར་ཆེད་དུ། ཨ་རིའི་མངའ་སྡེ་ཨིན་རྡུ་ཡ་ནར་རྟེན་གཞི་བྱས་བའི་སྐུ་འབུམ་བྱམས་བརྩེ་གླིང་དུ་ ཕྱིན། ང་ཕོད་ཀྱི་མི་ཚེའི་སྐོར་ལ་ཨ་ཀྱཱ་རིན་པོ་ཆེ་དང་གླེང་མོལ་བྱས། གླེང་མོལ་བྱས་བ་རྣམས་སྒྲ་ཐོག་ལ་བཅུག སྒྲ་ཐོག་ནས་ཡིག་ཐོག་ལ་ཕབ་སྟེ་བོད་རིགས་ྐློག་མཁན་ཚོའི་མདུན་ལ་འཇོག་འདོད་ཞིག་ ཡིད་ལ་འཁོར། བོད་རིགས་ྐློག་མཁན་རེ་གཉིས་ལ་ཕན་པའི་རེ་བ་ཞིག་དང་མཉམ་དུ་གླེང་མོལ་འདི་ཡིག་ ངོར་ཕབ་པ་ཡིན། ངེད་ཀྱིས་གང་བྲིས་བ་དེའི་ཁོངས་སུ། གོ་རིམ་འཁྲུགས་པ་དང་བརྗོད་པ་ནོར་བ་འདྲ་ཡོད་ན། ཨ་ཀྱཱ་རིན་པོ་ཆེ་གཙོས་བའི་བོད་རིགས་ྐློག་མཁན་ཚོར་དགོངས་དག་ཞུ། ང་ཕོད་ངག་དབང་འཇིགས་མེད་ཀྱི་མི་ཚེའི་སྐོར་ལ། ཨ་ཀྱཱ་རིན་པོ་ཆེས་འདི་ལྟར་བརྗོད། ང་ཐོག་མར་ང་ཕོད་ལ་ཐུག་པའི་ལོ་དེ་༡༩༦༢ལོ་རེད། དེ་དུས་ཕལ་ཆེར་ཁོང་ལོ་ན་བཞི་བཅུའི་ནང་ལ་ཡོད་པ་དེ་འདྲ་རེད། ང་པཎ་ཆེན་རིན་པོ་ཆེའི་རྗེས་ལ་དེད་ནས་ལྷ་སར་ཕྱིན་པ་ཡིན། ང་ཕོད་ཁོང་ཡང་ལྷ་སར་འགྲོ་གི་འདུག དེ་དུས་ཐོག་མར་ཁོང་ངོ་ཤེས་བ་ཡིན། དེའི་རྗེས་སུ་རིག་གནས་གསར་བརྗེ་སོགས་སླེབས་ནས་ཐུག་ཡོད་མ་རེད། ཡང་རྗེས་སུ་ཀྲུང་དབྱང་ལ་ཚོགས་འདུར་ཕྱིན་པའི་སྐབས་སུ་མང་པོ་ཐུག་མྱོང་ཡོད། ཐོག་མའི་ངོ་ཤེས་ཀྱི་རིམ་པ་དེ་འདྲ་ཞིག་རེད། སྤྱིར་བཏང་ནས། ང་ཕོད་ངག་དབང་འཇིགས་མེད་ཀྱི་མི་ཚེའི་སྐོར་ལ་ལྟ་ཚུལ་འདྲ་མིན་ཡོད་ཀྱི་རེད། ང་སྒེར་གྱི་ལྟ་ཚུལ་ཡིན་ན། ང་ཕོད་ཁོང་མི་སྣ་གལ་ཆེན་ཞིག་རེད། ལོ་རབས་ལྔ་བཅུའི་ནང་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་སྐབས་ སུ། ང་ཕོད་ཁོང་བོད་གཞུང་གི་བཀའ་བློན་རེད། ད་དུང་དམག་སྤྱི་ཡང་རེད། དེ་དུས་དམག་ཇི་འདྲ་ཞིག་རྒྱག་ཐུབ་ཀྱི་ཡོད་མེད་ངས་མི་ཤེས། གལ་སྲིད་དམག་གི་ནུས་ཤུགས་ཆེན་པོ་འདྲ་ཡོད་ན། གནས་ཚུལ་རྣམས་མ་འདྲ་བ་ཆགས་ཡོད་སྲིད། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་སྐབས་སུ། ང་ཕོད་གཅིག་པོའི་ཐག་གཅོད་མ་ཡིན་པར་བོད་གཞུང་དང་སྐད་ཆ་ཡོད་ཀྱི་རེད་འདོད། གང་ལྟར། རྗེས་སུ་བོད་ཀྱི་གནད་དོན་ཐོག་ཁོང་གི་སྒང་ལ་འགན་ལྕི་མོ་ཞིག་ལྷུང་བ་རེད། དེ་གཅིག་རེད། ང་བཅུ་ད་དགུ་ལོར་ངས་གོ་ཐོས་བྱས་ན། ལྷ་ས་ནས་མི་མང་ཡར་ལངས་བྱས་བ་རེད། ཡར་ལངས་བྱེད་དོན་གཙོ་བོ་དེ་༧གོང་ས་མཆོག་གི་སྐུ་ཕྱའི་ཆེད་དུ་རེད། དེའི་སྐབས་ཀྱི་མི་མང་ལ་མཚོན་ན། ཆབ་སྲིད་ཀྱི་ཐོག་ལ་ཉམས་མྱོང་དེ་འདྲ་ཡོད་མ་རེད། ཡར་ལངས་བྱས་བ་དེ་རྒྱ་གཞུང་གི་སྲིད་ཇུས་དང་ཁ་གཏད་ཆགས་པ་རེད། སྐབས་དེ་དུས་ང་ཕོད་རྒྱ་གཞུང་གི་དམག་སྤྱི་ཚོའི་ཁྲོད་དུ་ཕྱིན་ནས་བོད་མི་ཚོར་ དེ་ལྟར་ངོ་རྒོལ་བྱེད་མི་ཉན་ཚུལ་དང་ཡར་ལངས་མ་བྱེད་ལབ་ནས་རྒྱང་བསྒྲགས་བརྒྱུད་ སྐད་ཆ་མང་པོ་བཤད་འདུག་ཟེར། མི་མང་ཁ་ཤས་ཁོང་ཁྲོ་ལངས་ནས་རྒྱང་བསྒྲགས་ལ་རྡོ་དང་མེ་མདས་བརྒྱབ་པ་རེད་ཟེར་ བའི་སྐད་ཆ་དེ་འདྲ་ངས་གོ་མྱོང་། དེའི་སྐབས་སུ། ང་ཕོད་ཁོང་རྒྱ་ནག་གཞུང་གི་ཕྱོགས་སུ་བརྟན་པོ་ལངས་སྟེ་སྐད་ཆ་བཤད་མཁན་གྱི་གྲས་ ཡིན་པ་འདྲ། དེ་གནད་དོན་གཅིག་རེད།
དེའི་ རྗེས་ནས། བོད་ཀྱི་ས་ཆ་མང་པོར། སློབ་གསོ་ཆེན་པོ་གསུམ་ཟེར་བ་འདྲ་བོ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ཟེར་བ་འདྲ་བོ། རིག་གནས་གསར་བརྗེ་སོགས་ཆབ་སྲིད་ཀྱི་ལས་འགུལ་མང་པོ་སླེབས་པ་རེད། དེའི་སྐབས་སུ། ས་གནས་སྲིད་གཞུང་གི་དཔོན་པོ་དང་བླ་མ་ཆེ་ཁག་ཚང་མ་སྐྱོན་ལ་ཐོགས་པ་རེད། འོན་ཀྱང་། དུས་ཚོད་དེའི་ནང་ལ་ང་ཕོད་སྐྱོན་ལ་དམིགས་བསལ་ཐོགས་མི་འདུག རིག་གནས་གསར་བརྗེའི་སྐོར་དེ་ངས་གསལ་བོ་ཞིག་མི་ཤེས། སྤྱི་ཡོངས་ནས་ང་ཕོད་སྐྱོན་ལ་ཐོགས་མེད་པ་འདྲ། གནས་སྟངས་དེ་ཚོར་བལྟས་ན། ང་ཕོད་ཀྱིས་སྐབས་དེའི་རྒྱ་ནག་གཞུང་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ སྲུང་སྐྱོབ་དང་ཉར་ཚགས་ཀྱི་སྐོར་ནས་དམིགས་སུ་བཀར་ནས་སྐད་ཆ་བཤད་མེད་པ་འདྲ། ངའི་ལྟ་ཚུལ་ཅུང་ཙམ་མ་འདྲ་བ་ཞིག་རེད། པཎ་ཆེན་རིན་པོ་ཆེ་ལྟ་བུར་མཚོན་ན། རྒྱ་ནག་གཞུང་གིས་སློབ་གསོ་སྤྲད་པས་མ་ཚད་གོ་གནས་ཀྱང་ཆེན་པོ་སྤྲད་པ་རེད། འོན་ཀྱང་། པཎ་ཆེན་རིན་པོ་ཆེ་ཁོང་ཉིད་སྐུ་ན་ཕྲ་རུང་། འཚར་ལོངས་བྱུང་བ་དང་མཉམ་དུ། སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེར་གཟིགས་ནས། དེའི་ཆེད་དུ་རྒྱ་ནག་གཞུང་ལ་ཡིང་ངག་གཉིས་ཐོག་ནས་ཞུ་སྐུལ་ལན་མང་བྱས་བ་མ་ཟད་ སྐུ་ངལ་ཚད་མེད་བསྐྱོན་པ་རེད། དེའི་རྐྱེན་བྱས་ནས་མཐའ་མར་བཙོན་ལ་བཅུག་པ་རེད། པཎ་ཆེན་རིན་པོ་ཆེ་དང་བསྡུར་ན། ང་ཕོད་ཁོང་ལོ་ན་ཆེ་བ། ཉམས་མྱོང་ཆེ་བ། རྒྱ་གཞུང་དང་མཉམ་དུ་སྐད་ཆ་བཤད་ཐུབ་མཁན་དེ་འདྲ་ཡིན་རུང་བཤད་མི་འདུག ང་སྒེར་གྱི་བསམ་ཚུལ་ལ། ང་ཕོད་ཁོང་སོ་སོའི་མི་རིགས་ཀྱི་གནད་དོན་ཐོག་ལ་ཤུགས་རྒྱག་མཁན་ཞིག་ཨེ་ཡིན་ན་ བསམ། དེ་གནད་དོན་གཅིག་རེད།
ལོ་ རབས་བརྒྱད་ཅུའི་ནང་ལ། ང་ཚོ་པེ་ཅིང་ལ་སོང་ནས་མི་རིགས་གནད་དོན་དང་ཆོས་ལུགས་གནད་དོན་སོགས་ཀྱི་ཆེད་ དུ་ཀྲུང་དབྱང་ལ་སྐད་ཆ་མང་པོ་བཤད་དགོས་ཐུག་པ་རེད།
ང་ཡང་དེ་དུས་འགྲོ་ མྱོང་། སྤྲུལ་སྐུ་འཚོལ་བའི་གནད་དོན་དེ་གཅིག་རེད། སྔོན་ལ་སྤྲུལ་སྐུ་བཙལ་མི་ཆོག་ཟེར་བ་དང་རྗེས་སུ་བཙལ་ཆོག་ཟེར་བ་སོགས་འགྱུར་བ་ མང་པོ་ཕྱིན་པ་རེད། དེར་བརྟེན། པེ་ཅིང་ལ་སོང་ནས་ཀྲུང་དབྱང་ལ་དེའི་སྐོར་ནས་སྐད་ཆ་མང་པོ་བཤད་དགོས་ཐུག་པ་རེད། སྤྲུལ་སྐུ་འཚོལ་བ་དང་དགོན་པ་ཁག་གི་ཆོས་སྒོ་འབྱེད་པ། དགོན་པ་བསྐྱར་གསོ་བྱེད་པ་སོགས་ཀྱི་གནད་དོན་དེ་ཚོའི་རིགས་ཀྲུང་དབྱང་ལ་ཞུས་བ་ རེད། དེའི་སྐབས་སུ་པཎ་ཆེན་རིན་པོ་ཆེ་དང་འབའ་བ་ཕུན་ཚོགས་དབང་རྒྱལ་། བཀྲ་ཤིས་དབང་ཕྱུག་སོགས་གཙོས་བའི་རྒྱ་རིགས་ལས་བྱེད་ཚོའི་ནང་ན་ཡང་དེའི་ཐོག་ལ་ རོགས་རམ་བྱེད་མཁན་འདུག འོན་ཀྱང་། ང་ཕོད་ནས་དེ་ཙམ་བྱེད་ཀྱི་མི་འདུག ད་དུང་རྒྱ་རིགས་ལས་བྱེད་ཚོའི་ནང་ལ་ཁོང་གི་བྱེད་སྟངས་ལ་ཡིད་ཆད་མཁན་ཡང་བྱུང་ འདུག དཔེར་ན། སྐུ་འབུམ་དགོན་པ་བསྐྱར་གསོའི་སླད་དུ་ང་པེ་ཅིང་ལ་སོང་ནས་ཀྲུང་དབྱང་ལ་ཞུས་བ་ རེད། དེ་དུས་ང་ཕོད་ལ་ཐུག་ཐབས་བྱས་བ་ཡིན། ཐོག་མའི་ཆར་ཐུག་བཅུག་མ་སོང་། རྗེས་སུ་ཐུག་བཅུག་སོང་། དེ་དུས་ཁོང་ལ་དེའི་སྐོར་ནས་ཞུས་བ་ཡིན། ཁོང་ནས་དམིགས་བསལ་རོགས་རམ་འདྲ་གནང་མ་སོང་། དེའི་སྐབས་སུ་རྒྱ་རིགས་ལས་བྱེད་དེ་འདྲས་འདི་འདྲ་ཟེར། ང་ཕོད་འདིས་ཁྱེད་ཚོར་རོགས་རམ་བྱེད་ཀྱི་མི་འདུག་ཟེར། སྔོན་གྱི་གནས་ཚུལ་ཚོ་ངས་གོ་བ་མ་གཏོགས་མི་ཤེས། ཡིན་ན་ཡང་། དེའི་སྐབས་ཀྱི་གནས་སྟངས་དེ་ཚོར་བལྟས་ན། ང་ཕོད་ཁོང་སོ་སོའི་མི་རིགས་ཀྱི་གནད་དོན་དང་ཆོས་རིག་གི་གནད་དོན་སོགས་ཀྱི་ སྒང་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་མིན་བཤད་དཀའ་བ་འདུག དེ་གནད་དོན་གཅིག་རེད། དེ་ནས་གནད་དོན་གཞན་ཞིག་ལ། ང་ཕོད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་ཆགས་པ་ རེད། དེའི་སྐབས་སུ་མི་རིགས་ཀྱི་གནད་དོན་སྐོར་ལ་སྐད་ཆ་མང་པོ་བཤད་མཁན་ཞིག་མ་རེད་ ལབ་ནས་མང་པོས་བཤད་ཀྱི་འདུག འོན་ཀྱང་། རྗེས་སུ་ཁོང་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ནང་ལ་སླེབས་རྗེས། ཅུང་ཙམ་ངར་མ་ཆགས་སོང་ཟེར་གྱི་འདུག ང་ཚོ་ཚོགས་འདུར་སོང་ན་ཡང་ཚོགས་ཆུང་གཅིག་པ་མ་རེད། ང་ཆོས་ལུགས་ཀྱི་སྡེ་ཚན་དེའི་ནང་ལ་རེད། ཁོང་མི་རིགས་ཀྱི་སྡེ་ཚན་ནང་ལ་རེད། པཎ་ཆེན་རིན་པོ་ཆེའི་མ་ཡུམ་གྱིས། ང་ཕོད་ཆབ་སྲིད་གྲོས་ཚོགས་ཀྱི་ནང་ལ་སོང་ནས་ཇེ་ངར་ལ་སོང་འདུག་ལབ་ནས་གསུངས་ མྱོང་ཡོད་། མི་མང་འཐུས་མི་ཚོགས་ཆེན་གྱི་ནང་ལ་ཡོད་དུས་དབང་ཆ་དེ་ཡང་ཆབ་སྲིད་གྲོས་ཚོགས་ ལས་ཆེ་བ་ཡོད་པ་རེད། དེ་དུས་ཁོང་ནས་མི་རིགས་ཀྱི་གནད་དོན་སྐོར་ལ་སྐད་ཆ་དམིགས་བསལ་བཤད་མེད་པ་འདྲ། རྗེས་སུ་ཆབ་སྲིད་གྲོས་ཚོགས་ཀྱི་ནང་ལ་སླེབས་རྗེས་སྐད་ཆ་བཤད་ཡོད་པ་འདྲ། སྐད་ཆ་ག་རེ་བཤད་ཡོད་མེད་ངས་གོ་མ་མྱོང་། གཞན་གྱིས་དེ་འདྲ་བཤད་ཀྱི་འདུག གང་ལྟར། ངས་གོང་ནས་ཞུས་བ་ཚང་མ། རྒྱང་ནས་བལྟས་ན་གནས་ཚུལ་དེ་འདྲ་རེད་བསམ་པ་མ་གཏོགས་ང་རང་སྒེང་ངོས་ནས་གནད་ དོན་ཚང་མ་ལ་ཐད་ཀར་འབྲེལ་བ་ཡོད་པ་མ་རེད། འདི་སྒེར་གྱི་བསམ་ཚུལ་ཡིན།
འགྲིག་ མི་འགྲིག་མི་ཤེས། ཡང་པཎ་ཆེན་རིན་པོ་ཆེ་ཡིས་བློ་མཐུན་ང་ཕོད་དང་ངེད་གཉིས་ཀྱིས་ཟེར་བའི་སྐད་ཆ་ མང་པོ་གསུངས་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་ཡིས་དེ་ལྟར་གསུངས་དོན་ནི། ལས་དོན་གལ་ཆེན་ཞིག་ཐག་བཅད་ནས་འགོ་འཛུགས་བྱེད་པ་ལ། གོ་གནས་མཐོན་པོ་ཡོད་མཁཉ་གྱི་རོགས་པ་ཞིག་ཡོད་ན་ནུས་ཤུགས་ཆེ་བ་ཡོང་གི་ཡོང་ སྲིད། དཔེར་ན། པཎ་ཆེན་རིན་པོ་ཆེ་ཡིས། བོད་ལ་ལྕགས་ལམ་རྒྱག་བཅུག་གི་མིན་ལབ་ནས་དེའི་ཐོག་ལ་སྐུ་ངལ་བསྐྱོན་པ་རེད། ད་དུང་ཡར་འབྲོག་གཡུ་མཚོའི་ཐོག་ལ་ཆུ་མཛོད་རྒྱག་བཅུག་གི་མིན་ལབ་ནས་དཀའ་ལས་ བརྒྱབ་པ་རེད། པཎ་ཆེན་རིན་པོ་ཆེ་གཅིག་པོས་བྱས་ན་ནུས་བ་ཞེ་དྲག་ཐོན་གྱི་མེད་པ་འདྲ། འབའ་བ་ཕུན་ཚོགས་དབང་རྒྱལ་དང་བཀྲ་ཤིས་དབང་ཕྱུག ང་ཕོད། འབྲུག་རྒྱ། བློ་བཟང་སོགས་པེ་ཅིང་ན་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་ཚོ་ཁོང་གི་ ཕྱོགས་སུ་འཐེན་ནས་དཀའ་ངལ་བརྒྱབ་པ་རེད། དེར་བརྟེན། ཁོང་གིས་བློ་མཐུན་ང་ཕོད་དང་ངེད་གཉིས་ཀྱིས་དེ་འདྲ་བྱས་ཡིན་ཟེར་བ་དེའདྲ་ཡོད་ རེད། འདི་གནད་དོན་གཅིག་རེད།
དེ་རིང་སང་ཉིན་། གསར་འགྱུར་བརྒྱུད་ལམ་ཁག་ན་ང་ཕོད་ཀྱིས་དེབ་ཞིག་བྲིས་ཡོད་རེད་ཟེར་བའི་སྐད་ཆ་ ཞིག་གོ་ཡ་འདུག ངས་ཀྱང་དེ་ལ་དོ་སྣང་བྱས་བ་ཡིན། དེབ་དེ་ལ་རྒྱ་གཞུང་གིས་ཇུས་གཏོགས་བྱས་ཚར་བའི་རྗེས་ལ་ཡག་པོ་ཞིག་ཡོང་མིན་བཤད་ དཀའ་རྒྱུ་རེད། ངས་ཀྱང་དེབ་དེའི་སྐོར་གྱི་འདྲ་པར་འགའ་མཐོང་སོང་། འདྲ་པར་མང་ཆེ་བ་ང་ཕོད་ཁོང་གཅིག་པོ་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀ་ཡོད་པའི་འདྲ་ པར་། གཞན་ས་ཆ་གཞན་པར་འགྲོ་བསྐྱོད་བྱས་བའི་འདྲ་པར་རིགས་མ་གཏོགས་རྒྱལ་བ་རྣམ་གཉིས་ ཡོད་པའི་འདྲ་པར་འདྲ་བོ་དང་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་འདྲ་པར་འདྲ་མཐོང་ མ་སོང་། གང་ལྟར། ང་ཕོད་ཁོང་གིས་གང་བསམ་པ་དེ་སྟོན་ཐུབ་སའི་དེབ་ཞིག་བྲིས་ཡོད་ན་ཡག་པོ་ཡོད་རེད་ དྲན། དེབ་དེ་འདྲ་ཞིག་ཡོད་ན་དཔར་བསྐྲུན་བྱེད་ཐུབ་མིན་ཡང་མི་ཤེས། དེ་དཀའ་མོ་ཞིག་རེད། ངས་གོང་དུ་ཞུས་བ་བཞིན། འབའ་བ་ཕུན་ཚོགས་དབང་རྒྱལ་ལྟ་བུར་མཚོན་ན། བཙོན་ཁང་ནང་ལོ་མང་བཞུགས་དགོས་བྱུང་བ་རེད། བཙོན་ཁང་ལ་བསྡད་ཚར་བའི་རྗེས་ལ་ཅུང་ཙམ་འདྲ་གི་མ་རེད། གང་ལྟར་དཀའ་ངལ་དེ་འདྲ་ཞིག་སོ་སོའི་མགོར་ལྷུང་ཚར་བ་ཡིན་ཙང་། སེམས་ལ་གང་ཡོད་པ་དེ་མ་བཤད་ནས་ཅི་བྱེད་བསམ་པའི་བསམ་ཚུལ་དེ་ཡོད་རེད། དཀའ་ངལ་དེ་འདྲའི་རིགས་གཅིག་ཀྱང་མ་བྱུང་ན། སོ་སོའི་གོ་གནས་སྲུང་སྐྱོབ་ལབ་ན་ཡང་འདྲ། གང་ལྟར། བཤད་མི་ཐུབ་པ་དེ་འདྲ་ཞིག་རེད་སྙམ། དེ་འདྲའི་གནས་ཚུལ་འདུག ང་ཕོད་ལྟ་བུར་མཚོན་ན། ཀྲུང་དབྱང་གི་ཁ་ལེན་ཚིག་བརྩི་བྱེད་མཁན་གྱི་བཟོ་འདྲ་ཞིག་ཡོད་རེད་དེ། ཁོང་གི་བུ་ང་ཕོད་འཇིགས་མེད་ཕྱི་རྒྱལ་སླེབས་པ་རེད། སླེབས་པའི་མི་ཚད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ན་ཕྱག་ལས་གནང་གི་ཡོད་པ་རེད། ཕ་བུ་གཉིས་ཀྱི་བར་ན་སྐད་ཆ་ག་རེ་ཡོད་མེད་ངས་མི་ཤེས། གང་ལྟར། བུའི་ཕྱག་ལས་གནང་སྟངས་ལ་ཕ་ཡི་ངོས་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་མེད་མི་ ཤེས་ལ་ངོ་རྒོལ་ཡོད་རེད་ཟེར་བའི་སྐད་ཆ་ཡང་གོ་རྒྱུ་མི་འདུག དེ་ལ་བསམ་བློ་བཏང་ན། ཀྲུང་དབྱང་ནས་བསྡད་ན་ལས་ཀ་བྱེད་རྒྱུ་དཀའ་མོ་རེད་འདོད་གི་ ང་སྒེར་གྱི་བསམ་ཚུལ་འདི་འདྲ་ཡིན། འདི་ལྟར། ང་ཕོད་ཀྱི་མི་ཚེ་དང་འབྲེལ་བའི་གླེང་མོལ་དེ་། སྐུ་འབུམ་བྱམས་བརྩེ་གླིང་གི་ཨ་ཀྱཱ་རིན་པོ་ཆེའི་གཟིམ་ཤག་ཏུ་མཇུག་བསྡུས་བ་ ཡིན།
སྣ་ལོ་ཞིག་གིས་སྣ་ལོ་ཞིག་ལ་མཛུབ་མོ་བཙུགས་སྟངས་འདི་ནི་ཇི་འདྲའི་དགོད་བྲོ་བ་ལའང་། རང་ཉིད་ཀྱིས་པན་ཆེན་ཡང་སྤྲུལ་གྱི་ཐད་ནས་ཅི་ཞིག་འཁྲབ་ཡོད་པ་དེ་བརྗེད་ཚར་བ་ཡིན་ས་རེད།
རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ།
དྲང་མོར་བཤད་ན་ང་ཕོད་ཁོང་གི་ལོ་རྒྱུས་གསལ་བོ་ཤེས་མཁན་དཀོན་གི་བསམ་གི ང་ཕོད་ཁོང་དང་འབྲེལ་འདྲེས་ཆེ་བའི་གྲོགས་ཤིག་ཡོད་མེད་ཀྱང་ད་རུང་བཤད་ཁག་པོ་རེད། གལ་སྲིད་དེ་འདྲའི་མི་རེ་ཡོད་ན་ག་ལེར་ཁོང་གི་ལོ་རྒྱུས་ཕྱི་ལ་གསལ་ཡོང་གི་རེད་ལགས།
པཎ་ཆེན་ཡང་སྲིད་སྐོར་ནས་སྐུ་འབུམ་ཨ་ཀྱ་ཟེར་ན་སྐད་གྲགས་ཨ་སྔོན་དགུང་ལ་གྲགས་ཚར་བ་རེད། དཀོན་མཆོག་གསུམ། ངས་སྔོན་མ་ཨ་ཀྱ་ཟེར་བ་མི་སུ་ཡིན་དང་ཐོབ་ཐང་ཅི་ཡོད་སོགས་ཤེས་ཀྱི་མེད། ཡིན་ན་ཡང་༧སྐད་གྲགས་ངན་པ་༩༠གོ་གྲངས་ནས་མགོ་གཟེར་གཟེར་བར་དུ་གོ་ཚར་བ་རེད། དེ་ཚོ་ལ་བསམ་བློ་བཏང་ན་སྙིང་ན་ནི་ཟིག་རེད། འོན་ཀྱང་ཕྱི་ལོགས་སུ་སླེབས་རྗེས་༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་མཁན་ཞིག་རེད་ཟེར། མི་ཁ་ཤས་ཀྱིས་ཐེངས་རྗེས་མའི་བཀའ་བློན་ཁྲི་བར་འོས་པ་རེད་ཟེར། དཀོན་མཆོག་གསུམ། ང་ཡིད་ཅིག་ཆེས་ཀྱི་མི་འདུག འཇིག་རྟེན་ན་བདེན་དོན་ཟེར་བ་ཞིག་མེད་ཁོ་ཐག་རེད། ད་མི་བཤད། ཡང་སྐྱག་ཁུང་ལྡག་མཁན་ཞིག་གིས་བསྡིགས་དམོད་བྱེད་ཡོང་གི་རེད། དཀོན་མཆོག་གསུམ། དཀོན་མཆོག་གསུམ། དཀོན་མཆོག་གསུམ། དཀོན་མཆོག་གསུམ། དཀོན་མཆོག་གསུམ། ཨ་ཧ་བོ།
ངའི་གོ་ཐོས་ལ་ཨ་ཀྱ་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེའི་པན་ཆེན་ལ་རྒྱབ་སྐྱོར་བྱས་པ་དང་། དོན་འདི་ལ་བརྟེན་ནས། ཁོང་རྒྱ་ནག་ལ་བསྡོད་མ་ཐུབ་པ་རེད་ཟེར་མཁན་འདུག འདིའི་སྐོར་ལེགས་པོ་ཤེས་ཀྱི་ཡོད་མཁན་ཚོས་གསལ་བཤད་ཤིག་གནང་རོགས།
ངས་ཀྱང་ཁོང་གིས་རྒྱ་མིའི་པཎ་ཆེན་ལ་ངོས་ལེན་བྱེད་མ་བདེ་ནས་སྐྱབས་བཅོལ་ལ་ཡོང་བ་རེད་ཟེར་བ་འདི་ཙམ་མ་གཏོགས་རྒྱ་པཎ་ལ་ངོས་ལེན་བྱས་ལུགས་ཤིག་གོ་མ་མྱོང་། མྱིག་རྫོད་ལགས་སུ་གོ་ཐོས་ཙམ་མ་ཡིན་པར་དེ་ལས་ལྷག་པའི་ཁུངས་ལྡན་གནས་ཚུལ་ཡོད་ན་དྲ་ཐོག་འདི་ནས་མང་མང་གི་སྤྱན་ལམ་དུ་འགྲེམ་ཆོག་ག གང་ལྟར་ཁོང་ནི་བོད་པའི་བླ་མར་གྱུར་པའི་སོག་པོའི་བླ་མ་ཞིག་རེད། ཁོང་གི་སྐོར་ནས་ལྟ་ཚུལ་ཅི་ཡོད་ལྷུག་པོར་གསུངས་དང་།
མཁྲིས་ནད་ཅན་གྱི་མིག་འདི་ཚོས་དཀར་དཀར་ཡོད་ཚད་སེར་པོ་མ་གཏོགས་རང་མདོག་གཙང་མ་ཞིག་མཐོང་མི་ཐུབ་ཟེར་བ་དེ་བདེན་པ་འདྲ།
ད་ཅི་བྱ།
ཀླུ་སྨྱོན་ལགས། ངས་གོ་ཚད་བཤད་མི་ཕོད། དེ་ནི་ང་སྐྲག་པས་ཡིན། མི་ཆེན་པོ་འདི་ཚོ་ལ་ཅིག་ཟེར་རྒྱུ་ལས་སྟག་དམར་ཡག་ཞིག་གི་ཁ་ཤ་ལ་འཇུ་རྒྱུ་ཟེར་ན་དེ་དགའ་ནི་འདྲ་ཟིག་རེད། ཡིན་ན་ཡང་། ངས་འཇིག་རྟེན་ན་བདེན་དོན་ཟེར་རྒྱུ་ཞིག་མེད་པ་མཐོང་བས་ང་ཧང་སངས་སོང་། ངའི་བློ་ཡུལ་དུ་ཤོངས་མ་སོང་། ངའི་མགོ་གད་སོང་། ཏཱ་ཡི་སི་ཏུ་རིན་པོ་ཆེའི་འདའ་ཁའི་ཞལ་ཆེམས་ཀྱི་ཕྱག་བྲིས་ཟེར་བ་དང་། ཨ་ཀྱ་བློ་བཟང་བཀའ་བློན་ཁྲི་པའི་འོས་གཞི་ལ་གླེང་བ་སོགས་ངའི་མི་ཚེ་འདིར་དཔྱད་པ་གཏོང་མི་ཤེས་པའི་དོན་དག་མང་པོ་མཐོང་མྱོང་། གང་ལྟར་མི་ཆེན་པོ་འདི་ཚོ་ལ་ཅིག་ཟེར་དགོས་ན་དང་པོ་བོད་མི་རིགས་འདི་དམངས་གཙོ་ཚད་ལྡན་དང་། བདེན་རྫུན་འབྱེད་ཤེས་པ་ཞིག་ཆགས་དགོས་ཀྱི་འདུག དེ་མིན་ཆེན་པོ་གཉན་པོ་ཚོ་ལ་ཅིག་བཤད་ན་རང་སྐེ་སྡོམ་བྱེད་མ་གཏོགས་མེད་པ་སྔ་མོ་ནས་ཤེས་ཚར་བ་ཡིན། སང་ཉིན་གྲྭ་རྒོད་འབྲོང་འདྲ་བོ་ཁ་ཤས་ཤིག་གི་གྲི་བཟུང་ནས་སྒོ་བརྡུང་ཡོང་ན་དེ་དུས་ངོ་མས་དཀའ་ནི་རེད་པ། གང་ལྟར་མགོ་ལ་རྨུ་གབ་དགུ་བརྩེགས་གྱོན་ནས་བཞུགས་ཡོད་པ་ཚོ་མུ་མཐུད་དུ་དེ་ལྟར་བཞུགས་པའི་སྨོན་ལམ་ཞུ་རྒྱུ་ལས་མ་འདས།
མདོ་ལྷ་ཁམས་པས། མཁྲིས་ནད་ཅན་གྱི་མིག་འདི་ཚོས་དཀར་དཀར་ཡོད་ཚད་སེར་པོ་མ་གཏོགས་རང་མདོག་གཙང་མ་ཞིག་མཐོང་མི་ཐུབ་ཟེར་བ་དེ་བདེན་པ་འདྲ་ཟེར་བ་དེ་ང་ལ་ཟེར་གྱི་ཡོད་ན། ཁྱེད་ལ་འཇིག་རྟེན་ན་ཁ་དོག་ཡོད་ཚད་དཀར་པོར་མཐོང་བའི་དབང་ཤེས་ཤིག་ཡོད་རྒྱུ་རེད་དེ། དག་སྣང་དེ་ནི་འཕགས་ལམ་གྱི་མངོན་རྟོགས་ཤིག་ཡིན་ནམ། ཡང་ན་ཁྱི་ཕག་གི་མིག་ལ་གོ་རེ་དང་སྐྱག་པ་ཁྱད་མེད་དུ་མཐོང་བའི་ཁྱད་ཆོས་ཤིག་ཡིན་སུས་ཤན་འབྱེད་ཐུབ་རྒྱུ་རེད། རྨོངས་པ་ཚོ་ལ་བློ་བདེ་བའི་དུས་ཚོད་མང་ནི་རེད་ཡ།
མྱིག་རྫོད་ལགས།
འཇིག་རྟེན་ན་བདེན་དོན་ཟེར་བ་མེད་ན་ཁྱོའི་སྐད་ཆ་དེ་ཡང་རྫུན་བཟོར་བུད་སོང་ནི་མིན་ནམ།
ཧ་ཧ་རྩེད་མོ་ཡིན་ད།
རྒྱ་གཞུང་སྟངས་འཛིན་འོག་བོད་ཀྱི་བླ་མ་སྐོར་ཞིག་གིས་པན་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྐབས་ཨ་ཀྱཱ་རིན་པོ་ཆེ་དེའི་ནང་དུ་ཡོད་མེད་ཤེས་ཀྱང་སྐབས་དེའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཀུན་མཁྱེན་རིན་པོ་ཆེ་དང་ཨ་ཀྱཱ་ཚང་སོགས་ཀྱིས་ཏཱ་ལའི་བླ་མས་ངོས་འཛིན་གནང་བ་དེར་ནམ་ཡང་ངོས་ལེན་ཐབས་མེད་པ་གསུངས་པ་གསལ་བོ་ཡིན། དེ་ཙམ་གྱིས་ཁོང་སྒལ་ཚིགས་མེད་པ་ཞིག་ཏུ་སྒྲུབ་མི་ཐུབ་པ་སྔ་ས་ནས་ཤེས་ཡོད། འོན་ཀྱང་ཁོང་གིས་ང་ཕོད་བའི་མི་ཚེའི་བྱ་བར་སྡོམ་བརྒྱབ་པ་བཞིན་ཁོང་གི་འདས་ཟིན་པའི་མི་ཚེའི་ནང་བོད་ཕྱི་ནང་གཉིས་སུ་ཕན་ཏིལ་འབྲུ་ཙམ་ཡང་ཐོགས་མེད།
མདོ་ཁམས་ལགས། དང་པོ་རང་ཉིད་ཀྱིས་དཀར་པོར་མཐོང་བ་དག་དཀར་དཀར་ཡིན་མིན་ལ་བརྟག་དཔྱད་ཅིག་བྱོས། དེ་ནས་ང་ཚོར་མཁྲིས་ནད་ཅན་ཡིན་མིན་ལྟོས།
མྱིག་རྫོད་ཀྱིས་བཤད་པ་བདེན་པ་རེད།
དྲང་མོ་བཤད་ན་མི་ཆེན་ཡིན་ཟེར་མཁན་ཚོར་ཅིག་བཤད་ན་སྲོག་ཉེན་དང་། རྒྱ་མིའི་ཉུལ་མ་དང་དོལ་ཚོགས་རེད་ཟེར་བའི་ཉེན་ཁ་ཡོད་མོད། ཟུར་ཙམ་མ་བཤད་ཐབས་མེད་རེད། ཨར་རྷྱ་ཟེར་བའི་བླ་རྒན་འདི་བོད་ནང་དུ་ཡོད་དུས་ཐོག་མར་རྒྱ་མིའི་པན་ཆེན་ངོས་འཛིན་བྱེད་སྐབས་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་དང་། བར་དུ་དགོན་སྡེ་ཁག་དུ་རྒྱ་གཞུང་གི་སྲིད་ཇུས་སྣ་ཚོགས་སྤེལ་སྐབས་ཀྱང་སྔོན་ཐོན་པ་གཙོ་བོ་བྱས་ཡོད། དེར་བརྟེན་རྒྱ་གཞུང་གིས་ཁོ་ལ་གོ་གནས་མཐོན་པོ་སྤྲད་པ་རེད། གལ་ཏེ་ཁོ་རྒྱ་མི་ལ་ཁ་གཏད་གཅོག་མཁན་ཞིག་ཡིན་ན་ཁོས་དེ་འདྲའི་གོ་གནས་མཐོན་པོ་ཞིག་ཇི་ལྟར་རག བོད་མི་བོད་ཞེན་ཅན་ཐམས་ཅད་རྒྱ་མཚན་མེད་པར་མི་མངོན་པའི་དབྱངས་སུ་གཤེགས་ཀྱིན་ཡོད་པས་ལོས་ཤེས།
ད་དུང་རྒྱ་གཞུང་དང་མཉམ་འབྲེལ་གྱིས་རྒྱ་མིའི་པན་ཆེན་གྱི་དགེ་རྒན་བྱེད་རྒྱུ་དང་། རྒྱ་མིའི་པན་ཆེན་སྐུ་འབུམ་དགོན་པར་སྡོད་རྒྱུའི་གླེང་ཕྱོགས་མང་ཚོགས་ཁྲོད་ཁྱབ་པས། བོད་རིགས་མི་མང་གི་ནང་ནས་བསམ་ཚུལ་ཤུགས་ཆེན་དང་། ལྷག་པར་སྐུ་འབུམ་དགོན་པ་རང་ནས་ངོ་རྒོལ་དངོས་ཤུགས་བརྒྱུད་གསུམ་ནས་བྱུང་བ་མ་ཟད། གསོད་ངེས་ཞེས་ཉེན་བརྡ་མང་པོ་འབྱོར་བས། ཁོ་གློ་བུར་དུ་བདེ་བླགས་ངང་ཨ་རིར་འབྱོར་བ་རེད། སྤྱིར་བཏང་གི་མི་ཞིག་ཡིན་ན། ཨ་རིར་ཡོང་རྒྱུ་ཁག་པོ་ཡིན་པ་སུས་ཀྱང་ཤེས་མོད། ཁོ་སྐད་ཅིག་གིས་ཨ་རིར་འབྱོར་བ་འདི་ཡང་དཔྱད་མི་བཟོད་པ་ཞིག་ཡིན།
གང་ལྟར་ཁོ་བོད་ན་ཡོད་དུས་རྒྱ་མིའི་ཨར་རྒྱ་དང་། ཨར་རྒྱ་བླ་བཙོང་ཟེར་བ་ལས་ཨར་རྒྱ་རིན་པོ་ཆེ་ཞེས་གུས་ཞབས་བྱེད་མཁན་སུ་གཅིག་མེད་པ་སྐུ་འབུམ་ནས་ཕེབས་མཁན་ཚོར་དྲིས་དང་ཤེས་ཐུབ།
ད་དུང་བོད་དུ་ཡོད་དུས་བོད་ཡིན་ཁུལ་གྱིས་བོད་བརླ་བཙོང་བཙོང་ནས། ཨ་རིར་སླེབས་དུས་སོག་པོ་ཡིན་ཁུལ་གྱིས་སོག་པོའི་སྐུབས་ལ་རྒྱུགས་བཞིན་ཡོད་པ་འདི་ཡང་ཟ་སྒོ་འཐུང་སྒོ་གང་ན་ཡོད་པར་ལྟ་གི་ཡོད་པ་རེད། དེ་འདྲ་ཡིན་དུས་གཙོ་བོ་ཁོ་བཀའ་ཁྲིས་འོས་མིར་འདེམས་རྒྱུ་ཕར་ཞོག དང་པོ་ཁོས་བོད་ནང་ནས་ལས་ཀ་ཅི་བྱས་དང་། ཨ་རིར་ཡོང་སྟངས་སྐོར་ལ་ཞིབ་འཇུག་བྱས་ན་བཟང་སྙམ། དེ་རིང་དེ་ཙམ་ཡིན། མི་གཞན་ཚོས་བཀའ་བཀྱོན་མ་གནང་ན་མུ་མཐུད་དུ་འབྲི་ཆོག
རང་ཉིད་ཀྱི་མི་ཚེ་ལ་བྱས་རྗེས་ཏིལ་འབྲུ་ཙམ་ཡང་མེད་ཀྱིན་རླབས་ཆེན་ཀྱི་བྱ་བ་སྒྲུབ་མཁན་དག་གི་ཉེས་བྱས་ཆུང་ངུ་ལ་ཡང་མཛུབ་མོ་འཛུགས་ཐུབ་པའི་མི་འདི་དག་ལ་ངོ་མ་དགོད་རེ་བྲོ། ཨ་ཀྱ་རིན་པོ་ཆེ་ལྟ་བུར་མཚོན་ན་རང་ཉིད་ཀྱི་གོ་ཐོབ་སྦྲུལ་ཤུན་བཞིན་དུ་དོར་ནས་མི་རིགས་འདིའི་ཆོས་དང་རིག་གཞུང་གི་ཆེད་དུ་གཞན་ཡུལ་དུ་ཕེབས་མཁན་ཞིག་རེད་མ་གཏོགས་་་་་མྱི་རྫོད་དང་སྟག་འབུམ་སོགས་ལྟ་བུའི་རང་གི་གྲོད་ཁོག་གི་ཆེད་དུ་རྒྱ་སྤྱིའི་ཁྲིམས་འགལ་དུ་གྱུར་པའི་ལག་ཁྱེར་རྫུན་མ་ལ་བརྟེན་ནས་གཞན་ཡུལ་དུ་འགྲིམས་པ་ཞིག་མ་རེད།
ཨ་རྒྱ་ཚང་གིས་སྐུ་འབུམ་དགོན་པའི་སྒྲིག་ལམ་ལ་དག་ཐེར་བྱས་པ་རེད་ཟེར་བ་ཞིག་ཕ་ཡུལ་དུ་ཡོད་དུས་གོ་མྱོང་། ཆོས་སྒོ་ཕྱེས་ནས་ལོ་རེ་ཟུང་རྗེས་ཀྱི་ཉིན་ཞིག་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་སྐུ་མདུན་དུ་ཡོང་ནས་གཟན་ཤམ་སྐྱར་གྱོན་བྱས་པ་ཡིན་ནམ་ཅིག་བྱས་པ་ལམ་ཙམ་དྲན་གི་འདུག དེ་མིན་ཁོང་ལ་ཆ་རྒྱུས་ཅི་ཡང་མེད། པན་ཆེན་ཡོངས་འཛིན་སྐུ་ཞབས་རྒྱ་ཡག་ཚང་གི་སྲིང་མོའི་བུ་ཡིན་ལུགས་ཤིག་གོ་མྱོང་། རྒྱ་སྐད་དབུས་སྐད་ཨམ་སྐད་སོག་སྐད་དབྱིན་སྐད་བཅས་བཤད་ཐུབ་ཀི་ཟེར། ཁོས་བཤད་པའི་ཨམ་སྐད་གོ་མྱོང་། གཞན་དག་གོ་མ་མྱོང་།
ཨ་ཀྱཱ་རིན་པོ་ཆེ་ང་ཕོད་ལ་རྒྱུས་མངའ་ཆེན་པོ་ཡོད་ཀྱི་རེད་བསམ་ཡང་། ཁོང་གིས་ང་ཕོད་ཀྱི་སྐོར་ལ་བཤད་པའི་སྐད་ཆ་རྣམས་ལ་གཞིགས་ན་རྒྱུས་མངའ་ཆེ་བའི་རྟགས་མཚན་གང་ཡང་མི་འདུག ང་ཕོད་ཀྱི་སྐྱོན་ཡོན་གང་དུའང་མི་གཏོགས་པའི་སྐད་ཆ་དེ་འདྲ་བརྗོད་དགོས་དོན་མི་འདུག་བསམ་སོང་། སུ་ཞིག་ལ་ཡང་གསལ་ཆ་མེད་པའི་ང་ཕོད་ཀྱི་དེབ་དེའི་ཐད་ནས་ཀྱང་། ཨ་ཀྱཱ་རིན་པོ་ཆེས་དེབ་དེའི་སྐོར་གྱི་འདྲ་པར་འགའ་མཐོང་ཡོད་ལུགས་དང་། དེའི་ཡི་གེ་ཅི་ཡང་མཐོང་མེད་པའི་རྣམ་འགྱུར་མ་འདྲ་བ་གཉིས་བསྟན་འདུག་པ་དེ་ནི་ཡ་མཚན་སྐྱེ་གཞི་ཞིག་རེད། ཡང་ངའི་རྨོངས་འཆར་ལ། ཨ་ཀྱཱ་རིན་པོ་ཆེས་༼དེའི་སྐབས་སུ་པཎ་ཆེན་རིན་པོ་ཆེ་དང་འབའ་བ་ཕུན་ཚོགས་དབང་རྒྱལ། བཀྲ་ཤིས་དབང་ཕྱུག་སོགས་གཙོས་བའི་རྒྱ་རིགས་ལས་བྱེད་ཚོའི་ནང་ན་ཡང་༽ཞེས་བཤད་ཚུལ་དེར་ཡིག་ནོར་འདྲ་ཤོར་མེད་ན་ཁོང་ཚོ་རྒྱ་རིགས་སུ་གོ་ཉེན་འདུག་ག གང་ལྟར་ཨ་ཀྱཱ་རིན་པོ་ཆེ་ཡང་ང་ཕོད་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཚོགས་མི་ཡིན་ནི་རེད།
ཨ་ཧ་ཧ་ཧ་ཧ། ངས་བཤད་མ་ཕོད་པའི་དོན་དེ་བསྟན་འཛིན་བློ་གསལ་གྱིས་བཤད་འདུག ངོ་མ་ཡ་མཚན་རེད། ང་ཚོས་གོ་བ་ཡང་དེ་ག་རང་རེད། མིའུ་ཕྲུག་གིས་ཨ་ཀྱ་རིན་པོ་ཆེ་ལྟ་བུར་མཚོན་ན་རང་ཉིད་ཀྱི་གོ་ཐོབ་སྦྲུལ་ཤུན་བཞིན་དུ་དོར་ནས་མི་རིགས་འདིའི་ཆོས་དང་རིག་གཞུང་གི་ཆེད་དུ་གཞན་ཡུལ་དུ་ཕེབས་མཁན་ཞིག་རེད། ཟེར་བ་དེ་ཡིན་མིན་བསྟན་འཛིན་བློ་གསལ་གྱིས་བྲིས་པའི་མཆན་དེའི་ཡིག་ཕྲེང་བཅུ་གསུམ་པར་ལྟོས་དང་དེ་ཀ་རེད། མ་གཞི་མིའུ་ཕྲུག་ཟེར་བ་འདིས་སྔོན་མ་རང་གིས་གསང་སྔགས་ཀྱི་དབང་ཁྲིད་ཞུ་མྱོང་སའི་རྩ་བའི་བླ་མ་གང་མང་ཞིག་ལ་སྐུར་འདེབས་བྱེད་མྱོང་ཡོད་སྙམ། ཁ་བརྡའི་མཆན་རྙིང་ཚོ་ལ་གཅིག་བལྟ་དང་། ཕྱོགས་ཞེན་ཟེར་བ་འདིས་སྐྱོན་མཐོང་གི་མེད་ས་རེད། མ་འོངས་པར་གཅིག་བྱས་ན་དག་སྣང་སྦྱངས་པ་ལས་ཕྱོགས་ཞེན་ལ་གོམས་པར་བྱས་ན་དེ་དགའ་ས་རེད།
ང་གངས་གཡག་ཁ་བརྡ་དྲ་བས་གཏན་དུ་བཀག་སོང་མ་གཏོགས་ཨཱ་ཀྱ་རིན་པོ་ཆེའི་སྐོར་ངས་ཀྱང་ཤེས་ཡ།
ཨོ། དེ་རིང་བཀག་མི་འདུག འདི་ཅི་ཞིག་ཡིན་ནམ། ང་དྲ་ཐོག་འདིར་བཏུད་ཀི་མ་བཅུག་ནས་ཧ་ལམ་ཟླ་གཉིས་ཕྱིན་སོང་།
ཨ་རོགས། གཡག་རྒན། ཁ་བརྡ་དྲ་བས་གཏན་དུ་བཀག་སོང་ཟེར་བ་དེ་ཅི་རེད། མ་བཀག་ནས་འདི་ན་ཐོན་བསྡད་ཡོད་ནི་མིན་ནམ།
ཨ་རོ། མྱིག་རྫོད། ང་བཀག་ནས་ཟླ་གཅིག་ལྷག་ཕྱིན་སོང་མོད། དེ་རིང་ལག་འཛིན་མ་ཐུབ་ནས་ཚོད་ལྟ་ཞིག་བྱས་པས་བཀག་མི་འདུག ངོ་མ་བཤད་ན་འགོག་དགོས་དོན་ཆེན་པོ་ཡོད་ནི་མ་རེད། ངས་སྐད་ཆ་དྲང་མོ་ཁ་ཤས་བཤད་པས་བཀག་པ་རེད། རྒྱ་ནག་གཞུང་གིས་སྐུ་ཞབས་ལིག་ཞོ་པོ་ལ་ལོ་༡༡གི་བཙོན་འཇུག་ཁྲིམས་ཐག་བཅད་སོང་མོད། ང་ལ་ཁ་བརྡ་དྲ་བས་ཟླ་གཅིག་ལྷག་ལས་བཀག་སྡོམ་མ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན། འོན་ཀྱང་རེ་ཞིག་བར་མི་ཆེན་ཚོར་ཅི་ཡང་བཤད་མི་ཕོད་ཀི རྗེས་སུ་ག་ལེར་བྱས་ནས་ཟུར་ཙམ་རེ་ཤོད་ཨེ་ཐུབ་ལྟ་གི་ཡིན།
མཚམས་འདི་ནས་དྲ་གྲོགས་ཚང་མར་ཕྱི་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
དྲ་གྲོགས་རྣམས་ཀྱིས་བླ་རྒན་ཨར་རྒྱ་ལ་ཨ་ཀྱཱ་ཞེས་འབྲི་གིན་ཡོད་པའི་རྒྱུ་ཅི་ཡིན་ནམ།
ངས་བལྟས་ན་ཨ་ཀྱཱ་མ་རེད་ཨར་རྒྱ་རེད། རྒྱུ་མཚན་ཨ་མདོའི་ལུང་བ་ཁ་ཤས་ནས་ཨ་ཕ་ལ་ཨར་རྒྱ་ཞེས་འབོད་སྲོལ་ཡོད། དེར་བརྟེན་ཨ་ཕ་རིན་པོ་ཆེའམ་ཨར་རྒྱ་རིན་པོ་ཆེ་ཟེར་བ་རེད། ཨ་ཕ་ཟེར་དོན་རྗེ་རིན་པོ་ཆེའི་ཡབ་ཀྱི་སྤྲུལ་སྐུ་ཡིན་པས་ཨར་རྒྱ་ཟེར། དེ་མིན་ཨ་ཀྱཱ་ཟེར་བ་ལ་རྒྱུ་མཚན་ཅི་ཡང་མེད་དོ།།
ཤིང་བཟའ་རིན་པོ་ཆེ་ལ་ཤིང་བཟའ་ཞེས་འབོད་དོན་ཡང་རྗེ་རིན་པོ་ཆེའི་མ་ཡུམ་གྱི་སྤྲུལ་སྐུ་ཡིན་པས་དེ་ལྟར་འབོད་ཀྱིན་ཡོད།
ཨ་ཀྱཱ་ཨ་རིར་མ་སོང་གོང་། །ང་ཕོད་འདྲ་ཞིག་ཡིན་རབས་ཐོས། །ཨ་ཀྱཱ་ཨ་རིར་ཐོན་རྗེས་སུ། །ཨ་ཀྱཱའི་རླུང་རྟ་ཅུང་ཞིག་དར། །
ལོ་གཅིག་ལ་ཕྱི་མིག་བལྟས་པ། {རང་གི་འཚོ་བ།}
དེ་རིང་ནི་ཉིས་སྟོང་དགུ་རྫོགས་ནས་ད་ནི་ཉིས་སྟོང་བཅུ་ཟིན་པ་རེད། ལོ་གཅིག་གི་རིང་དུ་བྱས་ཟིན་པའི་བྱ་བ་དག་ལ་ཕྱི་མིག་ཅིག་བལྟས་དུས། འདས་ཟིན་མ་ཐག་པའི་ལོ་གཅིག་དེ་ཡི་ནང་དུ་ག་རེ་བྱས་ཡོད་མེད་དེ་རེད། དེ་ནི་མི་ཡུལ་ནས་མི་ཡུལ་ལ་གྱར་ནས། མི་ཡུལ་གྱི་འཚོ་བ་རོལ་སྟངས་གཞན་ཞིག་གི་ཁྲོད་དུ་ཡོད་པ་དེ་རེད།
ཉིས་སྟོང་དགུ་ལོའི་ནང་དུ་ང་རང་གི་གང་བྱས་འདུག དེ་ནི་ང་རང་གི་ཨེས་སུ་རལ་དུ་འབྱོར་ནས་ལོ་གཅིག་པོ་འདི་ཡི་ནང་དུ། མགྲོན་ཁང་ཆེན་པོ་ཞིག་གི་ནང་དུ་ལས་ཀ་མགོ་བཙུགས་ཏེ་ཉི་མ་རེ་རེ་བཞིན། ཉིན་གུང་ཆུ་ཚོདབཅུ་གཉིས་དང་ཕྱེད་ཀ་ནས་ནང་ནས་སྒོར་བུད་དེ། ལས་ཀ་བའི་རླངས་འཁོར་ལ་བསྒུགས་ནས་རླངས་འཁོར་ནང་དུ་བུད་དེ་ལས་ཀར་སོང་། ཆུ་ཚོད་བཞི་བ་བར་དུ་ལས་ཀ་བྱས། དེ་ནས་ལས་གསེང་ཆུ་ཚོད་གཉིས་རིང་དུ་བྱས། ལས་གསེང་གི་ཆུ་ཚོད་གཉིས་ཀ་རྫོགས་ནས་ཕྱིར་ཐབ་ཚང་ནང་དུ་ལས་ཀར་སོང་། མཚན་མོའི་ཆུ་ཚོད་བཅུ་གཅིག་སྟེང་དུ་ལས་མཚམས་བཞག ནང་དུ་འབྱོར་དུས་ཆུ་ཚོད་བཅུ་གཅིག་དང་སྐར་མ་སོ་ལྔ་ནས་བཞི་བཅུའི་བར་ཡིན།
གཟའ་འཁོར་གཅིག་ལ་གུང་གསེང་ཉིན་གཅིག་དང་ཕྱེད་ཀའི་རིང་དུ་ཡོད། དེ་ནི་གཟའ་པ་སངས་དང་སྤེན་པ་གཉིས་ཡིན། སྤེན་པའི་དགོང་མོ་རྟག་པར་ལས་ཀ་བྱེད་དུ་འགྲོ་བཞིན་ཡོད། ལས་ཀ་བྱ་ས་ནས་རང་ཉིད་ལ་མ་བྱན་གྱི་ལས་ཀ་ཐོབ་ཡོད་ལ། མ་བྱན་ཞིག་གི་ཚོད་ཀྱིས་ཐོབ་ཐང་ཡང་མི་ཉུང་བ་ཞིག་འདུག་ན་ཡང་། ས་ཆ་འདི་དང་བསྡུར་ནས་བཤད་ན། ང་རང་ལ་དེ་འདྲའི་ཧ་ལས་པའི་གླ་ཆ་སོགས་མགྲོན་ཁང་གཞན་ནས་རེག་བཞིན་པའི་ཐོབ་ཐང་དེ་ནི་ང་རང་ལ་ཕལ་ཆེར་མེད་ཟེར་ན་འགྲིག འོན་ཀྱང་། ངའི་གླ་ཆ་དེ་ནི་རྒྱ་གར་གྱི་སྒོར་མོར་བསྒྱུར་ན་དངོས་གནས་གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མ་རེད།
ཟླ་གཅིག་གི་རིང་དུ་ང་རང་ལ་གླ་ཆ་ཧིན་སྒོར་སྟོང་ཕྲག་བརྒྱད་ཅུ་ཡོད་ལ། ཚུར་ཡོང་བ་དེ་ནི་ཆར་བ་འབབ་འབབ་དང་ཕར་འགྲོ་བ་དེ་ནི་ཆུ་ལོག་རྒྱུགས་རྒྱུགས་རེད། ཚུར་ལེན་པ་ནི་སྟོང་ཕྲག་བརྒྱད་ཅུ་ལེན་གྱི་ཡོད་ཀྱང་། ཕར་ཟླ་གཅིག་གི་འགྲོ་སོང་ནི། ཟླ་གཅིག་གི་རིང་ལ་སྟོང་ཕྲག་དགུ་བཅུ་མ་ཟིན་ཙམ་ཡིན་དུས། ང་རང་གིས་ལས་ཀ་དེས་ངེད་བཟའ་མི་གང་བོའི་འགྲོ་སོང་ཡང་ལོངས་ཀྱི་མི་འདུག་སྟབས། ངས་ལོ་གཅིག་གི་ཕྱི་མིག་དང་ཉམས་མྱོང་འདི་ལ་བརྟེན་ནས། རང་གིས་ད་ནི་མགྲོན་ཁང་སྤྱིའི་འགན་འཛིན་ལ་རང་གི་ལས་སྒྱུར་བྱེད་པའི་སྐད་ཆ་བཤད་པ་ཡིན།
ཁོས་ང་རང་ལ་ལས་སྒྱུར་བྱེད་དོན་གང་ཡིན་ཟེར། ངས་དེ་ནི་ང་རང་ལས་ཀ་འདི་ནས་བྱས་དེ་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་། ཁྱེད་ཀྱིས་ང་རང་ལ་ཁས་ལེན་བྱས་པའི་ལས་ཀ་གཅིག་ཀྱང་བསྒྲུབས་མ་སོང་། དེ་ཡི་སྟབས་ཀྱིས་ང་རང་གིས་ལས་ཀ་འདི་ནས་འགྲོ་འདོད་ཡོད་པ་དེ་ཡིན་ཟེར་ནས་བཤད་པ་ཡིན། ཁོས་དེས་ན་ཁྱེད་རང་གཟའ་ཉི་མའི་ཉིན་ང་རང་གི་ལས་ཁུངས་ནང་དུ་ཤོག དེ་ནས་འུ་གཉིས་ཀྱིས་གྲོས་མོལ་བྱེད་ཆོག་ཟེར་བས་ངས་ཀྱང་ཁོ་ལ་ཨུ་ཚུགས་མ་བྱས། རྒྱུ་མཚན་ནི་ལོ་གསར་བ་སླེབས་ཀྱི་ཡོད་སྟབས། མགྲོན་ཁང་ནང་དུ་མི་མང་བོའི་ཁྲོད་དུ་ཁོ་རང་ཡང་ཁོམ་གྱི་མི་འདུག་ལ། མགྲོན་ཁང་འདི་ན་ལས་ཀ་བ་གཅིག་པོ་མི་ཉིས་བརྒྱ་ལྷག་ཡོད་པས། མི་གཅིག་གི་གནད་དོན་དེ་ནི་ལས་སླ་བོ་ཡིན་ན་ཡང་། རེ་རེ་ལ་བསམ་བློ་གཏོང་དགོས་དུས་ཁག་པོ་ལོས་ཡོད་སྙམ་ནས། ང་ཡང་རང་གི་ཐབ་ཚང་ནང་དུ་ཕྱིར་ལས་ཀ་བྱེད་དུ་སོང་བ་ཡིན།
གང་ལྟར། ལོ་གཅིག་གི་ནང་དུ་ལས་ཀ་རྐྱང་རྐྱང་བྱས་པའི་ཁྲོད་དུ་མཚམས་རེར་ཕྱོགས་བསྐྱོད་དུ་ཡང་ས་ཁུལ་ཁ་ཤས་ཤིག་ལ་སོང་བ་ཡིན་ལ། དེ་ནི་ལས་ཀའི་གསེང་གི་བྱས་པའི་བྱ་བ་གཞན་ཞིག་ཡིན། འོན་ཀྱང་། ལོ་གཅིག་ལ་ལས་ཀ་བྱས་ཀྱང་སྒོར་མོ་བསག་རྒྱུ་ཕར་ཞོག འགྲོ་སོང་ཡང་མི་ཉུང་བ་ཞིག་བཏང་འདུག དགའ་རོགས་མས་བུ་མོ་གཉོར་སྐྱོང་བྱས་ཏེ་ནང་དུ་འདུག་དགོས་དུས། ང་རང་ཕྱི་ལ་སོང་སྟེ་ལས་ཀ་བྱེད་མཁན་གཅིག་པུ་དེ་ཆགས་ཡོད།
ད་ནི་ལོ་གཅིག་གི་ཉམས་མྱོང་འདིས། ལོ་རྗེས་མའི་ནང་དུ་གྱོང་མི་རེག་པའི་ལས་ཀ་ཞིག་གི་མགོ་བརྩམ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ། བསག་རྒྱུ་མེད་པའི་ལས་ཀ་ཞིག་ལས་པ་ལས། ལས་མེད་དུ་བསྡད་དེ་ངལ་གསོ་ཞིག་རྒྱག་རན་ཡིན་པའི་སྐོར་ལ་ངེད་བཟའ་མི་གཉིས་ཀ་གྲོས་ཁ་འཆམས་ཡོད། དེས་ན་ལོ་གསར་བ་འདིས་ནང་དུ་ངའི་ལས་གླ་འཕར་ནས་ལས་ཀ་རང་འཇག་བྱེད་སྲིད་དམ། ཡང་ན། ལས་སྐྱུར་བྱས་དེ་ངེད་གཉིས་མོ་རང་གི་ཨ་མའི་ནང་དུ་གནས་སྤོ་བྱོས་དེ་ངལ་གསོ་རེ་བྱས་དེ་ཟླ་ངོ་ཁ་ཤས་ཤིག་ལ་འདུག་སྲིད་པ་རེད་དམ་སྙམ་ཞོར། བརྙན་འཕྲིན་ལས་ཉིས་སྟོང་བཅུ་ལོ་གསར་བའི་རྒྱལ་ཁབ་གཞན་དག་གིས་ཤོག་སྤག་མེ་ཏོག་སྤར་བཞིན་པ་བལྟས་དེ། ལོ་གསར་བའི་ལྦུ་ཆང་། བདག་གི་དགའ་རོགས་མ་དང་དགའ་རོགས་མའི་གྲོགས་མོ། གྲོགས་མོའི་ཚ་བོ་བཅས་ཀྱིས་འཐུང་མགོ་བརྩམས་ནས། དགའ་རོགས་མའི་གྲོགས་མོས་ང་རང་ལ་ལྦུ་ཆང་ཞིག་བཏེགས་དེ་ཚུར་ཕེབས་དུས། ངས་མགོ་བོ་ཐད་དུ་གཡུགས་ཞོར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ང་རང་ལ་རེ་བ་ཞིག་སེམས་ཁོང་ན་ཡོད་པ་དེ་ནི། ང་རང་གི་ལས་ཀའི་སྐོར་མ་ཡིན་པར། བོད་ནང་གི་བོད་མི་དག་གིས་རང་ཅག་ཁ་བའི་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་དངོས་སུ་ཞལ་མཇལ་ཐོབ་མིན་དེ་ཡི་སྐོར་རེད། དེ་ལ་ངས་སེམས་ཁོང་རུས་པའི་གཏིང་ནས་ཁ་གཡང་ཞིག་འབོད་ན་འདོད། ༧རྒྱལ་བ་རིན་པོ་ཆེ་བོད་ཡུལ་ཁ་བ་ཅན་ལ་མྱུར་དུ་ཕེབས་ནས། བོད་མི་སྐྱ་སེར་ཁྲི་སྟོང་མང་བོས་སེམས་ཁོང་གི་རྨ་ཁ་དེ་གསོས་དེ་བོད་ཡུལ་རང་དབང་གི་ཉི་མ་ཞིག་ཤར་བར་ཤོག
རིག་འབྱུང་བཀྲ་ཤིས་དོན་འགྲུབ་ལགས། འདི་དྲ་དེབ་སྟེང་ལ་འདྲེན་རོགས་ཞུ་ལགས།
ཡ་ཡ། ཁྱེད་ཀྱིས་ལོ་གསར་བའི་ནང་ལ་ངེད་ཀྱི་མིང་དེ་ཡང་འགོ་མཇུག་བསློགས། ང་རིག་འབྱུང་དོན་གྲུབ་བཀྲ་ཤིས་རེད་མ་གཏོགས་རིག་འབྱུང་བཀྲ་ཤིས་དོན་འགྲུབ་མ་རེད།
ཨ་ལ་ཀུ་རེ་ཡིན།
ཨ་ཁ། མཆན་བུ་ཞིག་འདེབས་འདོད་ནས་འདིར་ཡོང་བ་ཡིན་མོད། ད་འདི་ན་ཡང་གཅིག་སྐྱག་དགོང་ལ་བྱུགས་རེས་བྱེད་ཀིན་འདུག་གཱ ད་ཅང་མི་ཟེར། སོང་ནས་ཆང་འཐུང་ན་དེས་ཡག་ས་རེད། འགྲོ་གི་ཡིན་དཱ། ཁྱེད་ཚོ་ཚང་མར་ལོ་གསར་བའི་ནང་དུ་བསམ་དོན་ལྷུན་འགྲུབ་ཡོང་བར་སྨོན།
ཨ་ཀྱ་རིན་པོ་ཆེས་འཚོ་བ་དངོས་ཀྱི་ནང་དུ་ང་ཕོད་དང་འབྲེལ་བ་བྱུང་བའི་གནས་ཚུལ་དེ་དག་དང་སྦྲགས་ནས་ཁོང་གིས་ང་ཕོད་ལ་འཛིན་པའི་ལྟ་བ་གཡོ་དང་སྒྱུ་མེད་པ། ཁ་རི་ཁ་གཏུག་གསུངས་པ་དེ་རིན་ཐང་ཆེན་པོ་འདུག ཨ་ཀྱ་རིན་པོ་ཆེ་ཁོང་རང་གི་ངོས་ནས་བཤད་ཀྱང་བོད་དུ་ཡུན་རིང་བཞུགས་མྱོང་ཡོད་པ་དང་རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད་ལ་ཡང་རྒྱུས་མངའ་ཆེ་བ་མ་ཟད། མི་དངོས་དང་ས་ཆ་དངོས་ལས་བྱུང་བའི་མྱོང་བ་དང་ལྟ་བ་དེ་དག་རང་གི་བློ་ཡིས་དཔྱད་ནས་གསུངས་པ་ཡིན་པས་ཁ་སྟོང་པ་ཙམ་གྱིས་ས་དབང་ཆེན་པོ་དང་། ལ་རྒྱ་ཡོད་མདོག་ཙམ་མ་གཏོགས་རང་གི་ཁ་ཕོར་སོགས་ལ་བསམས་ནས་ང་ཕོད་ཀྱི་ནག་ཉེས་འགེབས་ཐབས་བྱེད་པ་དེ་ནི་སྐྱེ་བོ་ཐ་ཤལ་རྣམས་ཀྱི་ལྟ་བ་ཡིས་བསྡུར་ཐབས་མེད། ང་ཕོད་ཀྱིས་བོད་ལ་ཕན་པའི་སྐད་ཆ་ཚིག་གཅིག་གཉིས་གསུངས་ཡོད་པ་དེ་དག་ཆབ་སྲིད་ཀྱི་རྒྱབ་ལྗོངས་ག་འདྲ་ཞིག་གི་འོག་ཏུ་གསུངས་འདུག་བལྟ་དགོས་པ་ཡིན། ལོ་རབས་བརྒྱད་ཅུའི་ནང་དུ་རྒྱ་ནག་ཡོངས་སུ་དམངས་གཙོ་བརྩོན་ལེན་གྱི་ལས་འགུལ་ཞིག་འཕྱུར་བཞིན་ཡོད་པ་དང་དེ་ལྟ་བུའི་མ་འོངས་ཀྱི་འཕེལ་ཕྱོགས་ཁ་མི་གསལ་བའི་ལོ་ཟླའི་ནང་དུ་ཆབ་སྲིད་ཀྱི་ལས་འགུལ་ནང་རང་སྐྱོབ་མཁས་པའི་ང་ཕོད་ཀྱིས་པན་ཆེན་རིན་པོ་ཆེའི་ཞོར་དུ་བོད་ལ་ཕན་པའི་ཚིག་རེ་གཉིས་གསུངས་པ་དེ་དག་ཀྱང་ཁོ་རང་གི་མ་འོངས་གནས་བབས་ལ་བསམས་ནས་བཤད་པ་ཡིན་པ་རྟོགས་སླ་བ་ཡིན། གལ་སྲིད་ང་ཕོད་བོད་ལ་བསམ་མཁན་ཞིག་ཡིན་ན། ཚེ་མཇུག་ཏུ་རང་ཉིད་ཀྱི་ལོ་རྒྱུས་རང་གིས་འདོད་པ་ཞིག་མ་འདོན་དོན་གང་ཡིན། རྒྱུ་མཚན་ནི་རྒྱ་བོད་གཉིས་ལས་གང་རུང་ཞིག་ལ་ན་ཚ་ཆེན་པོ་ཞིག་མི་ཡོང་ཐབས་དང་། དེའི་དམིགས་པ་ནི་ཁོ་རང་གི་བུ་རབས་ཚ་རྒྱུད་རྣམས་ཀྱི་བདེ་འཇགས་ལ་བསམ་པ་རེད། གལ་སྲིད་ང་ཕོད་བོད་མི་ལ་རྒྱ་དཔའ་སྟོབས་ཅན་ཞིག་ཡིན་ན། ཕུན་དབང་གིས་རྒྱའི་དབུས་གཞུང་ལ་གོང་ས་མཆོག་དང་བཀའ་མོལ་དགོས་ཚུལ་རེ་བ་བཏོན་མོད་ང་ཕོད་ཀྱིས་དེ་ལྟར་མི་འདོན་དོན་གང་ཡིན་ནམ། རྒྱུ་མཚན་ནི་ང་ཕོད་ཀྱི་ཆབ་སྲིད་ལངས་ཕྱོགས་རྒྱ་ནག་གི་ཕྱོགས་སུ་ལངས་ཡོད་པ་དང་རྒྱ་ནག་གི་ཕྱོགས་ནས་ཕན་ཚུན་བཀའ་མོལ་དེ་དག་གཡོ་ཙམ་ཡིན་པ་ང་ཕོད་ཀྱིས་ཧ་གོ་བའི་རྐྱེན་གྱིས་རེད། ཡང་ང་ཕོད་ཀྱིས་བུ་གཅིག་ཕྱི་རུ་གཏོང་དགོས་དོན་གང་ཡིན་ནམ། ཁྱིམ་ཚང་ལ་བསམ་པ་ནི་གསལ་པོ་ཡིན་པ་དང་གནམ་ས་གང་འདྲ་ཞིག་ཏུ་འགྱུར་ཀྱང་རུང་རང་གི་ཤ་ཁྲག་ལ་གབ་ས་ཞིག་འཚོལ་བ་གསལ་པོ་རེད། རང་རེ་བོད་བསོད་ནམ་དམན་པའི་རྐྱེན་གྱིས་ང་ཚོའི་མི་རིགས་ཆགས་འཇིགས་ཀྱི་སྐབས་སུ་ང་ཕོད་ལྟ་བུའི་མི་སྤྱི་དོན་ལས་སྒེར་དོན་གཙིགས་སུ་འཛིན་མཁན་ཞིག་བྱུང་བར་བརྟེན་དོན་ཆེན་མང་པོ་ལ་གྱོང་རག་ཡོད་པ་རེད། དེར་བརྟེན་ལོ་རྒྱུས་ལ་བརྩི་མཐོང་བྱས་ནས་ལོ་རྒྱུས་ཀྱི་མི་སྣར་འོས་ཤིང་འཚམ་པའི་གདེང་འཇོག་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་པས་སྡར་མར་བསྟོད་ར་མང་ན་དཔའ་བོ་རྣམས་ཡིད་མུག་པར་མི་འགྱུར་རམ། མདོར་ན་ང་ཕོད་ལ་ལེགས་པའི་ཆ་མི་ཉུང་བ་ཞིག་ཡོད་ངེས་མོད། ཁོང་ལ་ཉེས་པ་ཡང་མང་པོ་ཡོད་པས་ཁོང་ནི་ལེགས་ཆ་གསུམ་དང་ཉེས་པ་བདུན་དུ་བགྲང་རྒྱུ་ཡོད་པའི་མི་ཞིག་ཡིན་པ་ཤེས་དགོས་པས། ང་ཚོས་ཁོང་ལ་དཔྱད་བརྗོད་བྱེད་དུས་བློ་གཟུ་བོར་གནས་དགོས་སོ།
ང་བོད་གློས་གཏོང་ཕོད།
རྒྱ་གུང་ཁྲན་ལ་དགའ།
ང་ཕོད་གསོན་དུས་ཚིག་རྐང་གཅིག་དམར་འབོད་ཞུས་མ་ཐུབ་བ་དེ་ཞབས་འདྲེ་གཅིག་རེད་ཨང། རྒྱལ་ལོ་དོན་འགྲུབ་དེ་ཡང་ང་ཕོད་ལས་ཀྱང་ཆེས་ལྷག་པའི་མི་ནག་ངོ་མ་གཅིག་ནས་མིན། བོད་མི་མང་གི་ཁྲག་དང་ཆུ་སེ་ལས་གྲུབ་པའི་གསེར་དངུལ་ཡོད་དོ་ཅོག་ལྕགས་བཟླུ་ཟོ་གྲའི་ནང་དུ་བསྐྱེལ་བའི་ཉེས་པ་དེ་གུང་ཁྲན་ཏང་གིས་བྱས་པ་ཡིན་ནམ། ཏིའུ་ཞོ་ཕེས་ཀྱིས་བསླུ་བྲིད་ཀྱི་་ཚིག་རྐང་གཅིག་ལ་གཞིས་བྱེས་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆབ་སྲིད་ཡོངས་སུ་ཡིད་ཆས་བློ་བརྟེན་བྱས་ནས་མི་ལོ་ཞི་བཅུའི་རིང་རང་གི་མི་རིགས་ལ་གནས་དོན་ངོ་སྤྲོད་མ་བྱེད་པ་རྦད་གསང་བྱས་པའི་ཉེས་སྐྱོན་ནམ་མཁའི་མི་ཆོག་པ་དེ་ག་དུས་སངས་སྲིད་ཀྱི་རེད་དམ། ད་དུང་ཨ་མདོ་དང་ཁམས་པ་དབུས་གཙང་གི་མི་སྣ་གལ་ཆེན་འགའ་ཤས་ཉེས་སྐྱོན་བཏང་པ་དེ་ཤེས་སམ། ག་དུས་ཡིན་ན་སྔོན་འགྲོ་ཇ་འཐུང་གིས་སྐད་ཆ་ཁོ་ནས་ད་བར་རྟ་ལམ་་བོང་བུས་བཀགས་པ་དེ་ཤེས་སམ། བོད་མི་གཞིས་བྱེས་གཉིས་ཀྱིས་ཆེད་དུ་ཉིན་མཚན་དབྱེ་མེད་བཀའ་ལས་སྤྱོད་མཁན་དང་ཆོས་ལུགས་དང་ཆོལ་ཁག་གི་དབྱེ་འབྱེད་མེད་པ། ལོ་ངོ་ཞི་བཅུའི་རིང་བོད་མི་ཚོས་མ་འོང་འདུ་ལམ་སྟོན་མི་ཐུབ་པའི་སྐབས་འདིར་བོད་གཞིས་བྱེས་གཉིས་ཀྱི་སེར་སྐྱ་ཡིན་ནོ་ཅོག་འཚེ་མེད་ཞིའི་ལམ་ཕྱོགས་སུ་གོམས་ཁར་སྤོ་རྒྱུ་ཐར་ལམ་གསལ་བརྟན་གནང་མཁན་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་མངོན་ཤུག་རྗེས་གསུམ་ཟུར་ཟས་ཚིག་ངན་སྨྲ་བ་དང་ཟུར་བོ་མི་གནས་པའི་སྨྱོན་གཏམ་སྣ་ཚོགས་སུ་སྤེལ་བ་དེ་དགེ་མཚན་ཞིག་ཡིན་ནམ། ཨང་སྐད་རྒྱབ་མཁན་ཚོས་སྨྱོན་གཏམ་སྤངས་ནས་དྲང་ཚིག་ལམ་དུ་སྤྱོད་དགོས་པ་ཤེས་པར་གྱིས་ཤིག།
ད་ང་མགོ་ན་གིན། རྗེ་རིན་པོ་ཆེའི་ཨ་ཕ་སྤྲུལ་སྐུ་དང་ཨ་མའི་སྤྲུལ་སྐུ་ཡོད་ན། རྗེ་རིན་པོ་ཆེའི་སྲིང་མོའི་སྤྲུལ་སྐུ། ཉེ་གནས་སྤྲུལ་སྐུ་ཡོད་ངེས། མ་གཞི་བོད་འདི་ལ་སྤྲུལ་སྐུ་མང་ནི་རེད། རྒྱལ་པོ་མང་ནི་རེད། རྒྱལ་བ་མང་ནི་རེད། བླ་བྲང་མང་ནི་རེད། དགེ་སློང་ཆབ་སྲིད་པ་མང་ནི་རེད། ཁ་སསྟག་རྒོད་ཤུགས་འཆང་གིས་གསུང་པ་དེ་བདེན་རེད། པཀྵ ་ཏྰ་ལའི། དེ་མོ། ནོར་ཧེ། ཧོ་ཐོག་ཐུ་སོགས་ཕྱི་གླིང་་གི་མིང་ཚིག་བོད་དུ་སྤེལ་མཁན་མང་ནི་རེད། བོད་འདི་ལ་མི་མང་བ་གཅིག་ཀྱང་ཡོད་ནི་མེད་ཀིན། རྒྱལ་ས་དགྲ་ལག་ཏུ་མ་ཤོར་བར་ཚང་མ་ངམ་ངམ་རྫིག་རྫིག་བྱེད་ཡོད་ཀིན་ཡ། ད་མ་ཤོད་ཡ། ང་སྙིང་ན་གིན།
ང་ཕོད་གྲོངས་པའི་གཏམ་དེ་བོད་ཕྱི་ནང་ཀུན་ཏུ་གྲགས་པ་དང་བོད་མི་དག་གིས་དེ་ལ་གདེང་འཇོག་སྣ་ཚོགས་བྱེད་བཞིན་འདུག་ལ། ཐོག་མར་ཁོང་ལ་དམའ་འབེབས་དང་ཚིག་མཚོན་འདེབས་མཁན་མང་མོད། ཕྱིས་སུ་ཁ་ལོ་ཡོངས་སུ་བསྒྱུར་ནས་ཆེ་བསྟོད་དང་བྱས་རྗེས་ཁོ་ན་བཤད་མཁན་གྱིས་ཁེངས་པ་མ་ཟད། ཐ་ན་ད་ཆ་ཁོང་ལ་ཉེས་པའི་ཆ་ཕྲན་བུ་བཤད་པ་ཙམ་གྱིས་ཀུན་གྱིས་ཁ་རྡུང་གཏོང་གིན་འདུག
དོན་ངོ་མར་ད་ཆ་དཔྱད་པ་བྱེད་མཁན་མང་པོ་ཞིག་གིས་ཁོང་ནི་བོད་མིའི་དཀྱིལ་ནས་ཤེས་རབ་ཆེ་བ་དང་། དཔའ་སྟོབས་ཆེ་བ། ལ་རྒྱ་ཆེ་བ། སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཁེ་ཕན་ཁོག་ཏུ་བཅངས་ནས་བོད་མིའི་དོན་ཁོ་ནར་འབད་པ་མཛད་མཁན། ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་གང་ན་ཐུག་ཀྱང་བོད་ཀྱི་དོན་དུ་དྲང་གཏམ་བརྗོད་ནུས་མཁན། བོད་ཀྱི་དོན་དུ་རྒྱ་གཞུང་ལ་ཅོག་ཙེ་བརྡུང་ཕོད་མཁན། བོད་ཀྱི་དོན་དུ་ཆབ་མདོར་གོ་མཛོད་མེ་བསྲེགས་བཏང་མཁན་སོགས་སུ་བཤད་ནས་ཆེ་བསྟོད་ནམ་མཁར་མི་གཤོང་བ་བྱེད་པ་མ་ཟད། ཐ་ན་59འོས་ལངས་སྐབས་སུ་རྒྱ་མིའི་དམག་ཁང་ལ་རྒྱབ་རྟེན་བཅོལ་དུས་རྒྱལ་བ་རིན་པོ་ཆེར་ཡི་གེ་ཞིག་སྤྲིངས་པ་དེ་ཡང་གོང་ས་དབུས་པའི་བོད་གཞུང་ལ་གསང་བརྡ་སྐྱེལ་བར་བརྗོད་པ་སོགས་ང་ཕོད་ཀྱིས་གང་བྱས་ཚང་མ་བོད་ལ་ཕན་པ་དང་བོད་ལ་བསམ་པ། བོད་པ་གཅེས་པ་ཁོ་ནར་སྒྲུབ་པ་དེ་ནི་ཅི་འདྲའི་དགོད་ཤོར་དགོས་པ་ཞིག་རེད་ཨང་།
ཉིན་ཤས་གོང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་གཏམ་གླེང་ལེ་ཚན་ནང་དུ་ཡང་ཟླ་བ་ཚེ་རིང་དང་གཞན་གཅིག་གིས་དོན་ལ་སྨིན་པའི་དཔྱད་པ་འོས་འཚམ་ཞིག་གནང་བ་དང་ཕུད། ང་ཕོད་ལ་བསྟོད་བསྔགས་ཁོ་ནས་ཁེངས་པ་དང་། སྐུ་མགྲོན་གྱིས་རང་གི་དཔོག་ཚོད་བཞིན་དཔྱད་པ་འཚམ་པོ་ཞིག་བྱས་ནས་དགོས་ངེས་ཀྱི་བསམ་གཞིགས་བྱ་གཞི་དང་དོགས་གཞི་འཇོག་བསམས་རུང་། ལེ་ཚན་གཙོ་སྐྱོང་པས་དོན་ཁ་བསྟོད་པའི་ཕྱོགས་སུ་ཁྲིད་གང་ཐུབ་བྱས་(ང་ཕོད་འཇིགས་མེད་རང་དབང་རླུང་འཕྲིན་གྱི་འགོ་ཁྲིད་ཡིན་པའི་དབང་གིས་སྒེར་གྱི་ངོ་སྲུང་ཆེད་དུ་ཡིན་གྱི་མ་རེད་པཱ)པས་མཐའ་མཇུག་གདེང་འཇོག་དེ་ཆེ་བསྟོད་ཐལ་ཆ་ཆེ་བའི་རྗེས་སུ་རྒྱུགས་པས། སྐུ་མགྲོན་གྱི་ཐོག་མའི་སྐུལ་སློང་དང་གདེང་འཇོག་ཆུ་ཚད་ལེགས་པོ་ཡོད་མོད་ཀྱང་། ལེ་ཚན་འགོ་ནས་མཇུག་བར་བསྟོད་པ་ཁོ་ན་བྱ་རྒྱུ་དམིགས་པ་བྱས་པའི་རྐྱེན་གྱིས་དཔྱད་གླེང་གི་ཆུ་ཚད་དེ་ཡང་རིམ་པ་ཁ་ཤས་མར་ཆག་པས་ཡིད་ཕམ་དགོས་པ་ཞིག་ཆགས་སོང་།
ང་ཕོད་ཀྱི་བྱས་རྗེས་ཇི་ཙམ་ཞིག་ཁས་ལེན་དགོས་པ་ནི་བོད་གཞུང་གི་གསལ་བསྒྲགས་ནང་དུ་ཁ་གསལ་འཁོད་ཡོད་པ་དང་། དེ་ལས་ལྷག་པའི་མཛད་རྗེས་བོད་གཞུང་གིས་མ་མཁྱེན་པ་ཡོད་ན། གསལ་འདེབས་དང་ཡོངས་གྲགས་བྱས་ཆོག རང་དབང་རླུང་འཕྲིན་ལྟ་བུ་དོན་དངོས་སུ་གཞུང་ཕྱོགས་ཀྱི་ལངས་ཕྱོགས་དང་དཔྱད་གདེང་མ་ཡིན་པས་སྐུ་མགྲོན་རང་རང་སོ་སོའི་ལྟ་བ་གཙིགས་ཆེར་འཛིན་གལ་ཆེ་ལ། བོད་མིའི་ཁྲོད་དུ་ཡང་ང་ཕོད་ལ་ལྟ་སྟངས་ཐ་དད་ཕྱོགས་གཉིས་སུ་ལྷུང་བའི་རྣམ་པ་ཞིག་མངོན་སུམ་དུ་གནས་ཡོད་པ་དེ་དོན་དངོས་ཡིན་པས་ཕྱོགས་དེ་གསལ་སྟོན་ཐོག ཅུང་ཟད་གཙོ་འཛིན་གྱི་ལྟ་བས་ཁ་ལོ་སྒྱུར་བ་ཙམ་གྱི་ཆོག་པ་ཡིན། ཡིན་ནའི་དོན་དངོས་གང་ཡིན་མ་ཤེས། རང་དབང་རླུང་འཕྲིན་གྱིས་ཐལ་ཆ་ཆེ་བའི་གདེང་འཇོག་བྱས་པ་དེ་ཡིས་བོད་མི་ཕྱི་ནང་ཀུན་གྱི་ཀླད་པ་རྙོག་ཏུ་འཇུག་འདུག
ང་ཕོད་གང་འདྲ་ཞིག་ཡིན་མིན་ཐད་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་སྲིད་དོན་ལ་སྣང་འཇོག་ཆེ་བ་ཚོ་ཕུད་པའི་ཕྱི་བཞུགས་བོད་མི་ཕལ་མོ་ཆེ་ལས་ང་ཕོད་དང་འབྲེལ་འདྲིས་ཆེ་ཕྲ་བྱུང་མྱོང་བའི་བོད་ནང་དང་རྒྱ་ནག་ཏུ་ཞུགས་མཁན་ཚོས་གསུང་བའི་བཀའ་མོལ་ལ་བདེན་ཁ་ཆེ་བ་ཡོད་པ་ནི་བརྗོད་མེད་རེད། ང་རང་བོད་དུ་ཡུན་རིང་བསྡད་མྱོང་ལ། རྒྱ་གཞུང་གི་སྲིད་ཀྱི་འགྱུར་བ་མང་པོ་ཡང་བརྒྱུད་མྱོང་བའི་མི་ཞིག་ཡིན། ཕྱི་བཞུགས་བོད་མི་ཕལ་མོ་ཆེས་རྒྱ་ནག་གཞུང་དེ་49ལོར་བཙུགས་པ་ནས་ད་ལྟ་བར་དུ་ངོ་བོ་གཅིག་ལ་ངོས་འཛིན་གྱིན་ཡོད་མོད། དོན་དངོས་ཐོག་རྒྱ་ནག་གཞུང་དེ་ནི་ངོ་རིས་དང་ངོ་བོ་མང་པོ་བརྗེས་པའི་སྲིད་གཞུང་དཔྱིད་ཀའི་གནམ་ལྟ་བུ་ཞིག་ཡིན་པ་གོ་གཏན་ནས་ཚོས་ཀྱི་མི་འདུག མི་རྣམས་ཀྱིས་རྒྱ་ནག་གི་སྲིད་ཀྱི་ཁོར་ཡུག་འགྱུར་བ་བྱུང་བར་གཏན་ནས་མ་བལྟས་པར་ང་ཕོད་ཀྱི་གཏམ་དེ་ཚོ་ཉན་དུས་ཁོང་རང་དཔའ་ཆེ་མདོག་དང་ལ་རྒྱ་ཆེ་མདོག་ཐ་ན་བོད་མིའི་དོན་དུ་རྩོད་ནུས་མཁན་འཛིང་ཕོད་མཁན་ཞིག་ཏུ་མཐོང་བ་རེད། འོན་ཀྱང་དོན་དངོས་ཐོག་ང་ཕོད་ཀྱི་གཏམ་སྤྱོད་མང་པོ་ཞིག་སྲིད་ཀྱི་རླུང་བུའི་འགྱུར་བ་དང་བསྟུན་ནས་བྱུང་བ་ཞིག་རེད། དེས་ན་ངས་འདིར་རྒྱ་གཞུང་གི་སྲིད་ཇུས་འགྱུར་བ་སྐོར་མདོ་ཙམ་བཤད་པར་འདོད།
དེང་གི་རྒྱ་ནག་དམར་ཤོག་སྲིད་གཞུང་དེ་ནི་1949ལོར་སྐྱེས་པ་དང་། མའོ་ཙེ་ཏུང་གིས་གཙོ་བདག་བྱས་ནས་རྒྱུ་ནོར་མཉམ་བདག་གི་ལྟ་བ་བཟུང་སྟེ་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་འཛིན་པ་རེད། ལོ་རབས་ལྔ་བཅུ་པའི་དུས་དཀྱིལ་ནས་འགོ་ཚུགས་ཏེ་སྲིད་དབང་སྒེར་འཛིན་ཐུབ་ཕྱིར། དམར་ཤོག་ཚོགས་པས་ཁ་སྔོན་རྒྱལ་ཁབ་བཙུགས་པར་རྒྱབ་སྐྱོར་དང་ནུས་པ་ཆེན་པོ་བཏོན་པའི་དམངས་གཙོའི་ཤོག་ཁག་དག་ལ་རྡུང་རྡེག་བཏང་བ་དང་། དམངས་གཙོ་དང་འདྲ་མཉམ་རང་དབང་ལ་དད་མོས་ཆེ་བའི་ཤེས་ལྡན་པའི་དཔུང་ཁག་ལངས་རྒྱུ་མེད་པ་ཞིག་བཟོས་པ་རེད། དེ་རྗེས་དམར་ཤོག་ཚོགས་པའི་ནང་ཁུལ་དུ་དབང་ཆ་འཕྲོག་རྩོད་ཆེན་པོ་ཞིག་བྱུང་བས་མའོ་ཙེ་ཏུང་གིས་རང་གི་རྒྱལ་པོའི་གོ་གནས་མི་ཤོར་བའི་ཆེད་དུ་1966ལོར་རིག་གནས་གསར་བརྗེ་ཆེན་པོ་བསླངས་ནས་ནང་ཁུལ་གྱི་རང་ལ་ངོ་ལོག་འདོད་མཁན་དང་དབང་ཆ་ཆེ་བ་ཚང་མ་གསོད་དགོས་པ་བསད། གནས་དབྱུང་གཏོང་དགོས་པ་གནས་དབྱུང་བཏང་། སྡུག་ཐང་གཅོད་དགོས་པར་སྡུག་པོ་བཏང་བ་རེད། འོན་ཀྱང་མའོ་ཡིས་རྡིབ་འདོད་པའི་ཀྲོའུ་ཨེན་ལེ་སྲིད་ཕྱོགས་ནས་གནས་དབྱུང་བཏང་མ་ཐུབ་པས་མཐར་འཆི་བདག་གི་ཞགས་པ་མའོ་ཡིས་བཟུང་ནས་གཤིན་རྗེའི་དྲུང་དུ་བསྐྱལ་རྗེས་1976ལོར་མའོ་ཡང་རང་གི་ལས་འགན་སྒྲུབ་པ་བཞིན་ཀྲོའུ་ཤི་རྗེས་བློ་ཁ་ཚིམ་པོའི་ངང་ནས་དབང་ཆ་ཧྭ་གོ་ཕེང་ལ་བཞག་ནས་ཀྲོའུ་ཡི་རྗེས་སུ་འབྲངས། མའོ་ཡིས་གཙོ་བདག་བྱས་པའི་རིང་དུ་རྒྱ་ནག་དེ་ནི་སྲིད་དབང་སྒེར་གཅོད་དང་མང་ཚོགས་འཚོ་བ་སྐྱོ་བ། སྲིད་ཇུས་གཡོན་ཐལ་ཆེ་བ། ལས་གང་ཞིག་བྱས་ཀྱང་མགོ་འབུར་བ་ཙམ་གྱིས་ཞྭ་མོ་ཆེ་ཐག་ཆོད་ཅིག་གིས་སྒུག་བསྡད་ཡོད་པའི་དུས་ཤིག་ཡིན། 1978ལོར་ཏེང་གིས་གཙོས་པའི་མའོ་ཡི་མགོ་གནོན་བྱས་པའི་དཔོན་ཧྲག་རྙིང་པ་དག་གིས་བསྐྱར་དུ་དབང་ཆ་ཚུར་འཕྲོག་པ་དང་བསྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་སྲིད་ཀྱི་ཁ་ལོ་འཛིན། ལོ་རབས་བརྒྱད་ཅུའི་སྐབས་དེར་ཧུ་ཡོ་པང་གིས་གཙོ་བདག་བྱས་པ་དང་ཁོ་པས་གུང་ཁྲན་ལྟ་བ་གཙང་མ་ཞིག་སྐྱོང་འདོད་པ་དང་དམངས་གཙོ་དང་མི་རིགས་རང་སྐྱོང་སོགས་པ་དོན་དུ་གནས་པ་ཞིག་བྱེད་འདོད་པའི་བསམ་སྤྱོད་མང་པོ་སྤེལ། ཁོ་པས་དབང་ཆ་འཛིན་པའི་རིང་དུ་སྲིད་ཇུས་ལྷུག་ཆ་ཆེ་ཤོས་དང་། དམངས་དང་མི་རིགས་ལ་ཕན་པའི་སྐད་ཆ་བཤད་མཁན་ལ་ཆ་འཇོག་ཆེ་བ། བོད་ཀྱི་གནད་དོན་ལ་ཡང་གྲོས་མོལ་དང་ཐག་གཅོད་བྱེད་པའི་ལྷག་བསམ་ཡོད་ལ་དོན་དུ་བབ་པའི་བྱ་བ་ཡང་མང་པོ་སྒྲུབ་ཡོད། དེ་རྗེས་ཧུ་ཡོ་པང་གི་ལས་ཀ་སྤེལ་ཚུལ་དེར་དཔོན་ཧྲག་རྙིང་པ་ཏེང་ལ་སོགས་པ་མ་འདོད་པར་ཁོ་པ་གནས་དབྱུང་བཏང་ལ་ཀྲོ་ཙེ་དབྱང་གཙོ་བདག་ལ་བསྐོས། སྐབས་དེར་དམར་ཤོག་ཚོགས་པའི་ནང་དུ་དམངས་གཙོའི་ལམ་དུ་འགྲོ་འདོད་པའི་སྟོབས་ཤུགས་ཆེན་པོ་ཞིག་དང་སྔར་གྱི་དབང་ཆ་སྒེར་གཅོད་ལ་བློ་གཏོད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ནས་ཁྱོད་ཤི་ང་གསོན་གྱི་འགལ་ཟླ་རྣོ་ངར་ཞིག་གྲུབ། མཐའ་མཇུག་89ལོའི་སློབ་མའི་ལས་འགུལ་ཐོག་འགལ་ཟླ་དེ་མངོན་གསལ་ཕྱིར་ཐོན་པ་དང་ངོ་གཏུག་གདོང་ལེན་གྱི་འཐབ་རྩོད་བྱས་མཐར་ཏེང་གིས་གཙོས་པའི་དཔོན་རྙིང་རྒན་གྲས་ཕྱོགས་ཀྱིས་དྲག་དམག་སྤྱད་ནས་དམངས་གཙོའི་སྲོག་ཁ་བཅད། ལོ་རབས་དགུ་བཅུའི་རིང་དང་ཉིས་སྟོང་ལོའི་རིང་དུ་རྒྱ་ནག་སྲིད་གཞུང་སླར་ཡང་གོམ་པ་ཕྱིར་བཤོལ་གྱིས་དཔལ་འབྱོར་འཕེལ་རྒྱལ་གཏོང་བའི་ལས་ཁོ་ནར་ཞུགས་ནས་སྲིད་དབང་སྒེར་གཅོད་ལ་སྲུང་སྐྱོབ་བྱས་ནས་ད་བར་བསྡད་པ་རེད། དེའི་རིང་དུ་རྒྱ་ནག་དམར་ཤོག་ཚོགས་པ་ནི་རང་འཚོ་གནས་དང་སྲིད་དབང་སྒེར་འཛིན་ཐུབ་ཕྱིར། རང་ལ་ཕོག་ཐུག་དང་ཉེན་ཁ་ཕྲན་བུ་བཟོ་མཁན་ཡོད་ཚད་ཐམས་ཅད་འཆམ་ལ་ཕབ་ནས་སྙིང་རྗེ་སྤུ་ཙམ་མེད་པར་སྨྱོ་ཧམ་ཆེན་པོས་རྡུང་རྡེག་དང་རྩ་མེད་བཟོ་བ་རེད། དེ་ནི་རྒྱ་ནག་དམར་ཤོག་དབུས་གཞུང་དེའི་ལོ་རྒྱུས་མདོར་བསྡུས་ཤིག་རེད། དེ་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དཔགས་ནས་ང་ཕོད་ཀྱི་གཏམ་སྤྱོད་ལ་གདེང་འཇོག་བྱས་ན་ང་ཕོད་ཀྱི་ངོ་རིས་ཅུང་ཁ་གསལ་བ་ཞིག་མཐོང་ཐུབ་པ་རེད། འདིར་གཙོ་དོན་ཁ་ཤས་ཤིག་གླེང་རྒྱུ་ཡིན།
༡༽51ལོར་ཆབ་མདོའི་དམག་ཤོར་བ་དང་དེ་རྗེས་བོད་གཞུང་གི་བཀའ་བློན་ཡིན་པའི་ཐོག་ནས་པེ་ཅིང་དུ་གྲོས་མོལ་བྱེད་པར་ཕྱིན། སྐབས་དེ་དུས་ང་ཕོད་གཙོས་པ་ནི་བོད་གཞུང་གི་སྐུ་ཚབ་ཡིན་པ་དང་པེ་ཅིང་དུ་གྲོས་མོལ་བྱེད་རིང་དུ་བོད་ལ་ཁེ་ཕན་གང་ཆེ་རྩོད་པའི་ལས་བརྩམས་པ་དང་། རྒྱ་ནག་གཞུང་གིས་མགོ་གནོན་དང་ཁ་དང་ཞལ་ཐུག་པའི་ལས་གཏུམ་པོ་རྩོམ་དུས། ཁོང་ཚོས་ཐམ་ག་གསར་པ་བརྒྱབ་པ་དང་མིང་འབྲི་ནོར་བྱས་པའི་མི་འདོད་པ་དང་ཕྱིས་སུ་གྲོས་མཐུན་རྩིས་མེད་གཏོང་བར་རྩོད་གཞི་བཞག་པ་རེད། འོན་ཀྱང་སྐབས་དེ་དུས་ང་ཕོད་ཀྱིས་རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བཙན་བྱོལ་ཕེབས་ངེས་པ་དང་བོད་དེ་རྒྱ་ནག་གཞུང་གིས་དབང་འོག་ཏུ་ཡོངས་སུ་བཙན་གྱིས་འཇུག་ངེས་པ་སོགས་གཏན་ནས་ཤེས་ཀྱི་མེད་པར། དེ་ལས་ལྡོག་ཏེ་སྐབས་དེའི་ང་ཕོད་ཀྱིས་གྲོས་མཐུན་དེ་བཞག་ཡང་བོད་དེ་རྒྱ་མིས་བཙན་ལེན་བྱས་པ་ཞིག་དང་བོད་དེ་ད་དུང་རྒྱ་ནག་གཞུང་དང་གོ་བབ་འདྲ་བའམ་ཅུང་དམའ་ཡང་སྐད་ཆ་བཤད་ས་དང་ལངས་ས་རྩོད་ས་ཞིག་ཡོད་ལ། རང་རང་ལ་བདག་པའི་སྲིད་གཞུང་ཞིག་ཡོད་པར་སྙམ་བཞིན་ཡོད། དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་ཡོངས་སུ་དབང་དུ་བསྡུས་ནས་རྒྱ་ནག་གཞུང་གི་ལས་མིས་སྲིད་དབང་གི་ཁ་ལོ་སྒྱུར་མྱོང་གཏན་ནས་མེད་པས། ཕྱིས་སུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དེང་གི་འདི་འདྲ་ཞིག་ཡིན་པ་ནི་ང་ཕོད་སྐྱེས་ཕལ་དེས་ག་ལ་བསམ་ཚོད་བྱེད་ཐུབ། དེས་ན་ང་ཕོད་ཀྱི་ཐམ་ག་དངོས་མ་བཏབ་པ་དེས་ཕྱིས་སུ་བོད་དོན་རྩོད་པར་ཕན་པ་དང་གླེང་གཞི་ཞིག་ཡོད་མོད། དེ་ནི་ཁོང་རང་ཆབ་སྲིད་པ་ཞིག་གི་སྤྱང་གྲུང་དང་བློ་རིག་ཡིན་ལ། སྐབས་དེ་དུས་གྲོས་མོལ་ལ་ཕེབས་མཁན་སྐུ་ཚབ་ཚོགས་པ་ཀུན་གྱི་བྱས་པ་ཞིག་ལ་དྲངས་ཆོག་པ་ཡིན།
༢༽59ལོར་ང་ཕོད་རྒྱ་མིའི་དམག་ཁང་ལ་རྒྱབ་རྟེན་བཅོལ་རྗེས་རྒྱལ་བ་རིན་པོ་ཆེར་ཕྱག་ཡིག་ཅིག་སྤྲིངས་ནས་རང་ཉིད་གང་དུ་བསྡད་ཡོད་མེད་དང་ས་ཁྲ་བཅས་པ་གོང་ས་མཆོག་ལ་ཞུས་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་རྒྱ་ཕྱོགས་འཐེན་ཐུབ་པ་བྱུང་ན་བོད་ཀྱི་མང་ཚོགས་རྒྱ་ཕྱོགས་སུ་འཐེན་ཐུབ་པར་ངོས་འཛིན་པ་དང་། དེ་ནས་རྒྱ་ལ་རྒྱབ་གཏོད་བྱེད་མཁན་བོད་གཞུང་གི་ལས་སྣ་དང་བོད་མི་དག་གཙང་མ་བཟོ་རྩིས་ཡོད། གནས་བབ་དེ་འདྲ་ཞིག་གི་འོག་ཏུ་ང་ཕོད་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་ཡི་གེ་དེ་འདྲ་ཞིག་བཏང་བ་ནི་རྒྱ་གཞུང་གི་སྐུལ་སློང་འོག་བཏང་བ་ཡིན་པ་བསམ་པ་ཙམ་གྱིས་ཤེས་ནུས་ཏེ། ང་ཕོད་ཀྱིས་རང་དང་ནང་མིའི་སྲོག་འགོ་རྒྱ་དམག་ལ་བཅོལ་ཡོད་པའི་འཆི་གསོན་གྱི་གནས་བབ་ཛ་དྲག་དེ་འདྲ་ཞིག་གི་འོག་ཏུ། རྒྱ་གཞུང་ལ་རྒྱབ་གཏོད་ཀྱིས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་གསང་བརྡ་བཏང་བ་རེད་ཟེར་བ་ནི་ཁུངས་ལུང་མེད་པ་ཞིག་རེད། ང་ཕོད་ཀྱིས་འཕྲིན་འདི་གཏོང་བའི་དམིགས་ཡུལ་ནི་ང་བདེ་འཇགས་ཆེ་ས་འདི་ལ་བསྡད་ཡོད། གོང་ས་མཆོག་ཉེན་གཡོལ་དུ་ཕེབས་འདོད་ན་ང་སྡོད་སར་ཕེབས་ཤོག་ཟེར་བ་དེ་ཡིན། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་བ་རིན་པོ་ཆེ་རྒྱ་ཕྱོགས་སུ་འཐེན་གང་ཐུབ་བྱེད་བཞིན་ཡོད་ལ། ཐ་ན་མཐའ་མའི་གདོང་གཏུག་མ་བྱས་གོང་དུ་ཡང་ང་ཕོད་བརྒྱུད་ནས་རང་གི་ཧམ་སེམས་དེ་འགྲུབ་ཐབས་བྱས་པ་ཞིག་རེད།
༣༽ལོ་རབས་དྲུག་ཅུའི་ནང་དུ་པན་ཆེན་མཆོག་གིས་བོད་མིར་སྡུག་པོ་འདི་འདྲ་ཐུག་པ་དང་བོད་མིའི་ཁེ་དབང་ཐམས་ཅད་ཤོར་བ་མཐོང་དུས་རང་གི་བདེ་སྡུག་ལ་མ་བསམས་པར་ཡིག་འབྲུ་ཁྲི་བདུན་བྲིས་ནས་ཡིག་ཐོག་ནས་རྒྱ་ནག་དབུས་གཞུང་ལ་རྩོད་པ་གནང་བ་རེད། སྐབས་དེར་ང་ཕོད་ཀྱིས་པན་ཆེན་ལ་གོ་བསྐོན་བསླབ་བྱ་བྱས་པ་ལས་བོད་དོན་ལ་རྒྱབ་སྐྱོར་ཙམ་ཡང་བྱས་མེད། ང་ཕོད་ནི་རང་གི་སྲོག་འགོ་ཐོན་ན་ཆ་ལུགས་ཉེས་ཀྱང་ཉེས་པའི་བསམ་བློ་དེ་རང་སེམས་ལ་ངེས་ཡོད། པན་ཆེན་མཆོག་འདི་ལྟར་མི་རིགས་རིང་ལུགས་ཀྱི་བསམ་པ་ཆེ་དྲག་པས་བཙོན་ལ་ལྷུང་། འབའ་པ་ཕུན་དབང་ཡང་ཚོགས་ཆེན་ཐོག་མི་རིགས་རིང་ལུགས་ཀྱི་སྐད་ཆ་བཤད་འདུག་ཟེར་བའི་ཉེས་པ་ཕོག་ནས་བཙོན་དུ་འཕེན། འབའ་པ་ཕུན་དབང་གི་ལོ་རྒྱུས་ནང་དུ་ཁོང་རང་ལ་མ་ཉེས་ཁ་གཡོགས་བྱ་བྱེད་ཀྱི་ཚོགས་ཆེན་དེའི་ནང་ང་ཕོད་ཀྱང་ཡོད་པ་གསུངས་ཡོད། དེ་ལས་ང་ཕོད་ཀྱིས་འབའ་པ་ཕུན་དབང་ལ་དཀར་འདོན་བྱེད་རོགས་བྱས་མེད་པ་དང་ཐ་ན་དྲང་པོའི་གཏམ་ཞིག་ཀྱང་བཤད་ཕོད་མེད་པ་རེད། དེ་ལས་ང་ཕོད་ཀྱིས་རྒྱ་ནག་དབུས་གཞུང་གི་ངོ་ལ་བལྟས་ནས་རང་མགོ་གང་ཐོན་གྱི་ལས་ཀའི་ཚུགས་ཀ་འཛིན་པ་གསལ་པོ་རེད།
༤༽ རིག་གནས་གསར་བརྗེའི་རིང་དུ་བོད་ཀྱི་དབང་གྲགས་ཆེ་བའི་མི་དྲག་ཚང་མར་རྡུང་རྡེག་དང་སྡུག་གཅོད་ཕོག་པའི་རིང་དུ་ང་ཕོད་གཅིག་པུ་གོད་ཆག་དེ་ལས་ཐར་བ་རེད། བཤད་ཡམས་ལ་ང་ཕོད་ནི་ཀྲོ་ཨེན་ལེས་སྐྱོབ་སོང་བར་གྲགས། དེ་འདྲ་ཡིན་ན་ཀྲོ་ཡིས་ང་ཕོད་གཅིག་པུ་སྐྱོབ་པ་ལས་བོད་ཀྱི་མི་དྲག་གཞན་པ་ཚོ་མི་སྐྱོབ་དོན་གང་ཡིན་ནམ། བོད་ནང་དུ་ཡོད་པའི་སྲིད་ཕྱོགས་ཀྱི་ལོ་རྒྱུས་མི་སྣ་ཆེ་བ་གསུམ་ལས་ཁོང་གཅིག་པུ་སྐྱོན་གང་ཡང་མེད་པར་བདེ་བར་གནས་ཐུབ་དོན་གང་ཡིན་ནམ།
༥༽ ལོ་རབས་བདུན་ཅུའི་རྗེས་ནས་བརྒྱད་ཅུའི་རིང་དུ་པན་ཆེན་དང་ཕུན་དབང་སོགས་པ་དཀར་འདོན་བྱས་པ་དང་གཅིག བཙན་བྱོལ་བོད་གཞུང་དང་རྒྱ་ནག་བར་གྲོས་མོལ་འགོ་ཚུགས་པ་དང་གཉིས། མི་རིགས་རང་སྐྱོང་གི་སྲིད་ཇུས་དོན་ལ་གནས་འདོད་པའི་ཧུ་ཡོ་པང་གི་གུ་ཡངས་བའི་སྲིད་ཇུས་དང་གསུམ། བོད་རྒྱའི་གནད་དོན་ལ་འགྱུར་བ་ཆེན་པོ་ཞིག་འབྱུང་ངེས་པའི་དུས་ལ་སླེབས་དང་བཞི། ཆ་རྐྱེན་བཞི་འཛོམས་པའི་གནས་སྐབས་དེར་ང་ཕོད་ཀྱིས་མི་རིགས་ལ་ཕན་པ་སྒྲུབ་མཁན་ཞིག་ཡིན་པའི་རྣམ་པའི་ཐོག་ནས་བོད་མི་རིགས་ཀྱི་དོན་དུ་སྐད་ཆ་མང་པོ་བཤད་པ་སོགས་རང་གི་གོ་གནས་དེས་བྱེད་འོས་པ་དང་བྱེད་དགོས་པའི་ལས་ཀ་ཁ་ཤས་བསྒྲུབས་ཡོད།
༦༽ 89ལོར་རྒྱ་ནག་ཏུ་སློབ་མའི་ལས་འགུལ་ཚུགས་པ་དང་མཐར་དྲག་གནོན་གྱི་རྨེག་མེད་བཏང་མོད། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་བཀག་སྡོམ་བྱས་པ་དང་མི་དམངས་ཀྱིས་རྒྱ་ནག་དམར་ཤོག་ལ་སྙིང་རླུང་ལངས་ནས་བསྡད་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་དེ་ཕྱི་ནང་གཉིས་ནས་བསྡམས་དཀྱིགས་བྱས་ནས་ཆར་རླུང་ནང་ཚུད་པ་དང་ཉིན་ཞིག་ཐོར་ཞིག་འགྲོ་ཉེན་ཆེ་བའི་རྣམ་པ་ཞིག་ཤར། 89ལོར་རྒྱལ་བ་རིན་པོ་ཆེར་ནོར་ཝེའི་བྱ་དགའ་ཐོབ་དུས་རྒྱ་ནག་གཞུང་གིས་ང་ཕོད་ལ་རྒོལ་གཏམ་འཕངས་སུ་བཅུག་མོད། ཁོང་གིས་རང་ཉིད་ལ་ལམ་ཞིག་བཞག་ཕྱིར་གཏམ་བཤད་ཀྱི་བར་དུ་དོན་ཚན་བཅུ་བདུན་པའི་སྐབས་ཀྱི་ལོ་རྒྱུས་ངོ་མ་གསལ་བཤད་བྱས་པ་དང་། མི་རིགས་ཁེ་དབང་རྣོ་ངར་ཆེན་པོས་རྩོད་མཁན་པན་ཆེན་མཆོག་གློ་བུར་དུ་སྐུ་གཤེགས་པ་དང་གཅིག། བོད་ནང་དུ་འོས་ལངས་བྱུང་བར་དྲག་གནོན་བྱས་པ་དང་གཉིས། རྒྱ་ནག་དམངས་གཙོའི་ལས་འགུལ་དྲག་གནོན་བྱས་པ་དང་གསུམ། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བླ་ལྷག་བྱུང་བ་དང་བཞི། རྒྱ་ནག་གི་སྲིད་དབང་ཕྱི་སྡོམ་ནང་འགལ་གྱི་རྣམ་པར་ལྷུང་བ་དང་ལྔ་བཅས་ཀྱི་མི་རིགས་ཀྱི་ཁེ་དབང་རྩོད་དྲག་པའི་དབང་གི་89ལོར་་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཁྲི་འདོན་གྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པར་ཁུངས་ལུང་བཙན་པའི་བསེད་དཀྲོལ་བྱས་པ་དང༌། བོད་ནི་རྒྱ་ནག་དབུས་གཞུང་དང་གྲོས་མཐུན་བཞག་པའི་གྲངས་ཉུང་མི་རིགས་གཅིག་པུ་དེ་ཡིན་པའི་དམིགས་བསལ་གནས་བབ་ངོས་འཛིན་དགོས་པའི་ཞུ་སྐུལ། 91ལོར་དབུས་གཞུང་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་སྤྱི་དང༌བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་མི་གཏོང་བའི་དོན་ཚན་ཁག་ལག་བསྟར་དགོས་པའི་ཞུ་སྐུལ་བྱས་ལ། དེའི་རིང་དུ་རང་གི་བུ་གཅིག་རྒྱ་གར་དུ་བཏང་ནས་བོད་གཞུང་ལ་ལས་ཀ་བྱེད་དུ་བཅུག་པ་རེད། དེ་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་བལྟ་མཁས་ལ་སྔ་ཕྱི་བར་གསུམ་དུ་རང་འཚོ་རང་སྐྱོབ་ཐུབ་པ་གཙོར་འཛིན་པའི་ང་ཕོད་ལགས་ཀྱིས་རྒྱ་གཞུང་ལ་གདོང་གཏུག་བརྒྱབ་ནས་ལས་ཀ་རྩོམ་པ་ཐེངས་གཉིས་པ་རེད་ལ། དེ་ཡང་ཕྱིས་སུ་རང་ལ་ཕྱིར་བཤོལ་བྱེད་ས་ཡོད་པ་ཞིག་བཟོས་པ་རེད།
༧༽ ལོ་རབས་དགུ་བཅུ་པ་དང་ད་བར་དུ་རྒྱ་ནག་དམར་ཤོག་ཚོགས་པས་བློ་རྒུ་རྩལ་སྤྲུགས་ཀྱིས་རང་སྲིད་བརྟན་པོ་ཡོང་ཕྱིར་བསླུ་དགོས་པ་བསླུས། ཁེ་ཕན་གཏོང་དགོས་པ་བཏང་བ་སོགས་བྱས་ནས་མཐར་རུལ་སུངས་ཀྱི་རྣམ་པའི་ཐོག་ནས་མི་དམངས་ཕོངས་ལ་སྲིད་གཞུང་ཕྱུག་པའི་ལམ་ལ་བསྐྱོད་པ་དང་། རྒྱལ་སྤྱིའི་བཀག་སྡོམ་མང་པོ་ལས་སྒྲོལ་ནས་རྒྱ་ནག་དཔལ་འབྱོར་ཁེ་ཕན་སྟོབས་འབྱོར་རྒྱལ་ཁབ་དག་དང་མཉམ་དུ་ལོངས་སུ་སྤྱད་བཞིན་ཡོང་བ་རེད། དེའི་རིང་སྲིད་དབང་ཅུང་བརྟན་པ་དང་རྒྱ་ནག་དམར་གཞུང་གིས་བོད་དོན་ཟུར་དུ་བཞག་ནས་ཐག་གཅོད་བྱེད་འདོད་མེད་པའི་གནས་བབ་དེ་འདྲའི་འོག རྒྱ་ནག་གིས་རྒྱལ་སྤྱིའི་ངོ་སྲུང་ཕྱིར་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་ཁ་ཙམ་གྱི་གྲོས་མོལ་བྱེད་རིང་དུ་གོ་གནས་གལ་ཆེན་བཟུང་བའི་ང་ཕོད་ཀྱིས་ནུས་པ་གང་ཡང་བཏོན་མེད། པན་ཆེན་གཤེགས་རྗེས་རྒྱ་གཞུང་གིས་གྲང་བསང་བཏང་བའི་འབའ་པ་ཕུན་དབང་གིས་བོད་དོན་གྲོས་མོལ་ཐད་ལ་རང་ནུས་གང་ལྕོགས་ཀྱིས་རྒྱ་ནག་དབུས་གཞུང་གི་གཙོ་བདག་ལ་འཕྲིན་ཡིག་སྤྲིངས་བ་དང་། དཔོན་རིགས་ཁག་ལ་འཕྲིན་ཡིག་བཏང་ནས་བོད་དོན་ཐག་གཅོད་བྱེད་དགོས་པའི་ཧུར་བརྩོན་ཆེན་པོས་སྐུལ་ལྕག་བཏང་མོད། ང་ཕོད་ནི་དོན་གང་ཞིག་ལ་མགོ་འཁོར་གྱིན་ཡོད་པ་སུ་ལ་ཡང་བཤད་རྒྱུ་མེད་ལ། བོད་དོན་ཐད་བཀའ་བློན་ང་ཕོད་ལགས་ཀྱི་བཀའ་མོལ་གང་ཡང་ཐོས་རྒྱུ་མི་འདུག
༨༽08ལོར་བོད་དུ་འོས་ལངས་59ཚུན་གྱི་ཤུགས་དྲག་ཆེ་ཤོས་དེ་བྱུང་བ་དང་། ང་ཕོད་མི་མཐོང་རྒྱུ་མེད་ཀྱང་རྒྱ་གཞུང་གིས་ཁོང་གི་མིང་ཐོག་ནས་རྒོལ་གཏམ་ཚ་ཐག་ཆོད་ཅིག་བཏང་སོང་། ཀུན་གྱིས་ཟེར་ན་སྐབས་དེ་དུས་ང་ཕོད་བསྙུན་གཞི་བཞེས་ནས་མི་ངོ་མི་ཆོད་པའི་གནས་སུ་ལྷུང་ཡོད་པར་གྲགས་པ་དང་། རྒྱ་ནག་གཞུང་གིས་ཁོང་གི་མིང་གཡར་སྤྱོད་བྱས་པར་བཤད་ཡོད། དོན་དེ་ལས་ང་ཕོད་ཡང་རྒྱ་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་སྤྱོད་བདེ་པོ་ཞིག་ལ་འགྱུར་བ་དང་ཁོང་རང་ལ་ཡང་བཤོད་དཀའ་བའི་སྙིང་ནད་ཅིག་ཡོད་ངེས་པ་རེད།
༩༽ 09ལོའི་ལོ་མཇུག་ཏུ་ང་ཕོད་སྐུ་ཞིང་ལ་ཕེབས་པ་རེད། པན་ཆེན་རིན་པོ་ཆེ་གློ་བུར་གཤེགས་པས་ཁོང་གི་རང་རྣམ་མཐོང་རྒྱུ་མེད་མོད། ཁོང་གི་ཕྱག་ལས་ཁག་ལས་ཁོང་ནི་བོད་ལ་ཤ་ཞེན་ཆེ་བ་དང་ལ་རྒྱ་བརྩི་མཁན་རྒྱ་གཞུང་ལ་གཉའ་མི་གུག་མཁན་ཐུགས་དྲང་པོ་ལྷག་བསམ་དཀར་བ་ཞིག་ཡིན་པ་ཚང་མས་ཤེས་ཀྱི་ཡོད། འབའ་པ་ཕུན་དབང་གིས་རང་ཉིད་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པའི་ཐོག་ནས། རང་གི་གང་བྱས་གང་བསམ་རང་ཉིད་རིག་པ་གསལ་དུས་རང་དབང་རྒྱལ་ཁབ་ཀྱི་ལོ་རྒྱུས་འབྲི་མཁན་ཞིག་བརྒྱུད་ནས་ལེགས་པར་བཤད་ཡོད། འོན་ཀྱང་ང་ཕོད་ཀྱིས་རང་གི་ལོ་རྒྱུས་ཟེར་བའི་དེབ་ཅིག་བཞག་མེད། ཀུན་གྱིས་བཤད་པར་བལྟས་ན། ང་ཕོད་ཀྱིས་རང་གི་རྟོགས་བརྗོད་བྲི་ཡི་ཡོད་པར་བརྗོད་མོད། ཁོ་རང་གི་ཐུགས་ལ་རང་གི་ལོ་རྒྱུས་བྲི་འདོད་པའི་བསམ་པ་བྱུང་ནས་ཁོང་རང་རང་གིས་ལོ་རྒྱུས་བྲི་འགོ་བརྩམས་པ་ཡིན་ནམ་ཡང་ན་རྒྱ་ནག་དམར་གཞུང་གིས་ཁོང་རང་རིག་པ་གསལ་དུས་རྒྱ་ནག་དམར་གཞུང་ལ་ཕན་པའི་ལོ་རྒྱུས་ཤིག་བཞག་ཐུབ་ན་བསམས་ནས་སྐུལ་སློང་བྱས་ནས་བྲི་འགོ་བརྩམས་པ་ཡིན་པ་ད་ཆ་སུ་ཡིས་ཀྱང་བཤད་དཀའ། དོན་དུ་ཁོང་སྐུ་གཤེགས་ཚར་ཀྱང་ཁོང་གི་རྟོགས་བརྗོད་དེབ་མི་རྣམས་ཀྱི་མིག་མདུན་དུ་མཐོང་རྒྱུ་མེད། དེ་ཡང་ང་ཕོད་ཀྱིས་རྒྱ་ནག་གཞུང་དང་བོད་གཞུང་གཉིས་ཀར་ཕན་པ་མ་སྒྲུབ་ལ་གནོད་ཡང་མི་བསྐྱལ་བའི་བྱེད་སྟངས་ཤིག་རེད། ལངས་ཕྱོགས་མི་གསལ་བའི་དོན་དེས་ཀུན་གྱིས་ཁོང་གི་བྱེད་སྟངས་ལ་རང་ལ་དཔགས་པའི་ཚོད་དཔག་དང་འགྲེལ་བརྗོད་རེ་བྱེད་བཞིན་ཡོད་ལ། དེས་ཁོང་དང་ཁོང་གི་བུ་རབས་ཚ་རྒྱུད་ལ་ཕན་པ་ཞིག་ཡིན་པ་བརྗོད་མི་དགོས་པ་ཞིག་རེད།
མདོར་ན་ང་ཕོད་ངག་དབང་འཇིགས་མེད་ནི་ལོ་རྒྱུས་ཀྱི་འགག་རྩ་མང་པོ་ཞིག་བརྒྱུད་མྱོང་བའི་མི་དྲག་གལ་ཆེན་ཞིག་ཡིན་པ་དང་། བོད་གཞུང་དུས་སུ་བཀའ་བློན་གནང་མྱོང་བ་དང་། རྒྱ་ནག་གཞུང་གི་འོག་ཏུ་གྲངས་ཉུང་མི་རིགས་ལ་སྟེར་བའི་གོ་གནས་མཐོ་ཤོས་ཐོབ་མྱོང་བ། དགུང་གྲངས་བརྒྱ་ཡི་རིང་དུ་ཆབ་སྲིད་ཀྱི་འགྱུར་བ་མང་པོ་འཕྲད་ཡང་སྡུག་གཅོད་ཆེན་པོ་མྱངས་མེད་ལ་རང་མགོ་ཡག་པོ་ཐོན་པ། ལོ་རྒྱུས་ཐོག་མི་དེ་གང་འདྲ་ཞིག་ཡིན་པའི་ཐད་ལ་རྩོད་གླེང་དང་དོགས་གཞི་མང་པོ་བཞག་ནས་ཁ་ངོ་མི་གསལ་བ་ཞིག་རེད། དེས་ན་ཁོང་ནི་གང་འདྲ་ཞིག་ཡིན་མིན་ང་ཚོས་རང་སྣང་གང་བཤད་བྱེད་མི་ཉན་པར་ལོ་རྒྱུས་ཀྱི་དོན་དངོས་ལ་གཞིགས་ནས་བཤད་དགོས། ལེགས་པ་རྐྱང་རྐྱང་བཤད་ན་མི་འགྲིག་ལ་ཉེས་པ་རྐྱང་རྐྱང་བགྲང་ཡང་ཐལ་ཆ་ཆེ། དུས་ཀྱི་གནས་བབ་དང་མི་སྣའི་གཤིས་ཚུགས་བསམ་སྤྱོད་ལ་དཔྱད་དཔོག་གིས་གདེང་ཞིག་བརྒྱབ་ན་ཅུང་འཚམ་པ་ཡོད་ངེས། མ་མཐར་ཡང་གཞན་གྱི་ཟེར་སྒྲོས་རྗེས་ལ་རང་བློ་ཤོར་གྱི་མ་རེད།
འ་ལ་ལ་ལ། ཉིན་ཁ་ཤས་ལ་ཁ་བརྡ་དྲ་རྒྱ་ནང་དུ་མ་ཡོང་བར་ནེའུ་ཡོག་ལ་འཁྱམས་ནས་ཕྱི་ལུགས་ལོ་སར་ལ་སྐྱིད་སྐྱིད་གཏོང་གི་སོང་ཤུལ་ནས། ཁ་བརྡ་དྲ་རྒྱ་ནང་ལ་ཡང་རིག་གནས་གསར་བརྗེ་ཆེན་པོ་སླེབས་སོང་ཟིག ཨ་ལགས་ཨ་རྒྱ་ཚང་ལ་འཐབ་རྩོད་བྱེད་ཀོ་གི ཁ་བརྡ་དྲ་རྒྱ་ནང་ན་དམར་སྲུང་དམག་མང་གི་མོ དེའི་སྒང་ལ་ཅིའུ་ཅུའུ་ཧྥིན་ཙི་མང་གི་མོ། ཨ་ལགས་ཨ་རྒྱ་ཚང་ལ་སྙིང་མ་རྗེ། རྒྱ་བོད་ཕྱོགས་གཉིས་ཀྱི་རིག་གནས་གསར་བརྗེ་འཐབ་རྩོད་དེ་མྱོང་དགོས་ཀི ད་ང་ལ་ལྟད་མོ་ཅིག་ཡོད་པ་ནི་དམར་སྲུང་དམག་དེ་ཚོ་ལ་བལྟ་རྒྱུ་དེ་རེད། རྒྱ་བོད་ཕྱོགས་གཉིས་ཀའི་དམར་སྲུང་དམག་འདི་ཚོ་རྒྱག་གཅིག་མཆོང་གཅིག འདྲ་བོ་འདྲ་རྐྱང་རེད་ལ།
བོད་པ་ཨ་མདོ་བ་ན་གསར་བུ་ཚོས་ཨ་ཀྱ་ལ་འདི་ལྟ་བུའི་སྡང་དགོས་དོན་ཅི་ཡིན་ནམ། ཨ་ཀྱ་མཆོག་ནས་ཁ་གོང་ས་མཆོག་ལ་འཚུར་སློག་པ་དེར། ཨ་མདོ་གསར་བུ་ཁྱོད་ཚོ་མང་པོས་མི་དགའ་བ་བྱེད་ཀྱིན་འདུག ཨ་ཡ་མཚན།
ད་དུང་མ་གཞི་ནས་དེང་སང་གི་ཨ་མདོ་བ་སྨྱུག་མིང་ཐོག་པ་དེ་ཚོར་ཚོ་ལ་དུག་ནད་ཆེན་པོ་ཞིག་འདུག གལ་ཏེ་དེ་བཅོས་མ་ཐུབ་ན་འཛམ་གླིང་མི་ཚང་མས་ཁྱེད་ཚོ་ཁྱི་རོ་བཞིན་འབོར་ངེས།
ཁྱེད་ཚོར་ཕྲ་དོག་གི་དུག་ནད་ཀྱི་ནད་ཡམས་ཆེན་པོ་ཞིག་ཁྱབ་འདུག དེ་ཡང་མི་རིགས་གཞན་ལ་འགྲན་བརྩོད་མེད་པར། རང་གི་རིགས་ལ་ཤིན་དུ་ཕྲ་དོག་ཆེ་བའི་དུག་ནད། ཁོག་ཚང་མ་རུལ་བར་བྱེད་པའི་ནད་གཅིག་འདུག ག་དུས་ཡིན་ནའི་ཨ་མདོ་བ་ཅུང་ངོ་དྲག་པ་ཞིག་བྱུང་ན། དེའི་ཡོན་ཏན་དང་སྙན་གྲགས་དེ་ལ་རྩ་བ་ནས་བཟོད་མི་ཐུབ་པར་གསོད། བཅོམས། གཏོར། དེ་བཞིན་ངན་འབྲུས་བྱེད་པ་འདི་ཁྱོད་ཚོ་གསར་བུ་ཨ་མདོ་བ་སྨྱུག་མིང་འཛིན་པ་ཚོ་ལ་མཚོན་ན། ཁྲག་སྐྱེས་རུས་སྐྱེས་རེད། གཞན་གྱི་ཡོན་ཏན་མཐོང་བར་མི་དགའ་བའི་མི་དེ་བདུད་རེད། ངོ་མ། ད་ཁྱོད་ཚོ་ནམ་ཡང་བདུད་ཀྱི་བསམ་བློ་ཁྱེར་ནས། ག་པར་སླེབས་ནའི་གཞན་གྱི་དགེ་མཚན་ལ་ཁ་བརྡུང་བཏང་ནས་བསྡོད་མཁན་ཡིན་ནམ། ལྟོས་དང་། དགེ་ཆོས། ཤེས་རབ་རྒྱ་མཚོ། དོན་གྲུབ་རྒྱལ། པད་མ་འབུམ། ཧོར་གཙང་འཇིགས་མེད། དེ་བཞིན་ཨ་ཀྱ་རིན་པོ་ཆེ་སོགས་ཨ་མདོ་ཁུལ་ནས་ཕེབས་པའི་མི་དེ་དག་ལ་མཐུན་མོང་གི་ནུས་པ་གཅིག་ཡོད་པ་ནི། ཁོང་ཚོ་ཚང་མར་གཞན་དང་མི་འདྲ་བའི་ཡོན་ཏན་ཁྱད་པར་ཅན་རེ་ཡོད། ད་དེ་ལ་ཨ་མདོ་བ་གསར་བུ་སྨྱུག་མིང་འཛིན་པ་ཚོ་མ་སྐྱིད་པ་བྱས་ནས་སྐད་ཅིག་ཉིད་ལ་དེ་ཚོ་བསོད་ཐུབ་ན། གཏོར་ཐུབ་ན། རྩད་ཐུབ་ན་བསམ་ནས་དུས་ཀུན་དུ་དེ་ཚོ་ལ་སྨོད་པ་འདི་དེང་སང་སྨྱུག་མིང་འཛིན་པའི་ཨ་མདོ་བ་ཚོའི་ནང་ནས་ཡོང་གི་འདུག
ད་དེ་རང་མེད་མི་མེད་བཟོ་བའི་འདུ་ཤེས་མ་རེད་པས། འདི་ལ་བསམ་བློ་གཅིག་གཏོང་དགོས་ཀྱི་མིན་འདུག་གམ། ཁྱོད་ཚོ་གསར་བུ་སྨྱུག་མིང་འཛིན་པ་ཚོས་ཆོས་ཤེས་ཀྱི་འདུག ཁྱོད་ཚོས་བོད་ཡིག་ཤེས་ཀྱི་འདུག ཁྱོད་ཚོས་རྒྱ་ཡིག་ཤེས་ཀྱི་འདུག ད་ཤེས་བྱ་འདི་དག་བེད་སྤྱོད་གཏོང་ས་འདི་རང་རིགས་ཀྱི་ཤེས་ཡོན་ཅན་མི་ངོ་དྲག་པ་དེ་ཚོའི་མགོ་ལ་རྒྱག་རྒྱུ་རེད་དམ། བདུད་ཕྲུག་ཟེར་ན་རང་གི་ཕ་མའི་མགོ་ལ་རྒྱག་མཁན་གྱི་རིགས་ལ་ཟེར། ད་ཁྱེད་ཚོ་ལ་འདིའི་གཤིས་ཀ་མིན་འདུག་གམ།
གང་ལྟཪ་ཁ་བརྡ་འདིའི་ནང་ལ་ཡོན་ཏན་གྱི་རང་བཞིན་ལྡན་པའི་མི་སྣ་དང་རྩོམ་ལ་ཡོང་ས་མེད་པ་ལྟ་བུ་རེད། དེ་ལྟ་བུའི་གཞི་རྩ་དེ་ག་པར་འདུག་རྩད་སྐབས། དེ་སྨྱུག་མིང་འཛིན་པའི་ཨ་མདོ་བ་ཚོའི་སེམས་ཁོངས་ནང་གི་ཕྲ་དོག་གི་དུག་ཁོ་ན་ལ་ཐུག
ད་དེ་ལ་གདོང་ལེན་བྱེད་པའི་ལས་འགུལ་ཞིག་མ་སྤེལ་ན། ཁ་བརྡ་འདི་བོད་ཀྱི་ཞབས་འདྲེན་པ་འཛོམས་སའི་དུར་ཁྲོད་ཤིག་ཏུ་འགྱུར་ཉེན་ཆེ།
ཨ་རིའི་མངའ་སྡེ་ཨིན་རྡུ་ཡ་ནར་རྟེན་གཞི་བྱས་བའི་སྐུ་འབུམ་བྱམས་བརྩེ་གླིང་དུ་སོང་མྱོང་། རིན་པོ་ཆེས་ལ་ཡང་འཇལ་མྱོང་། ཀླྭ་མྱོན་གྱི་གསུང་བ་དེ་ག་རང་། བོད་སྐད་། སོགས་སྐད་། རྒྱ་སྐད་། དབྱིན་སྐད་སོགས་། ཧང་སང་བ་ཡག་པོ་ཞིག་རྒྱག་གི་འདུག་། ཡིན་ན་ཡང་། རྒྱུན་སྤྱོད་ཀྱི་སྐདནི་རྒྱ་སྐད་རེད་།
འོ་དུང་དེ་དུས་གཏམ་གཤད་ཐུང་བུ་ཞིག་གནང་བའི་མགོ་དེར་། ང་བོད་པ་མིན་། སོགས་པོ་ཡིན་ཞེས་ཐེང་གཉིས་ལ་གསུང་སོང་པས་། ང་ཅིག་རེད་སོང་ཁོ་རེ་།
གངས་རིན་པོ་ཚད་བཙུག་། བོད་པ་མིན་པར་གསལ་ཁ་མ་བྱས་ན་ཁོང་ལ་ནག་ཉེ་ག་རེ་ཞིག་ཕོག་གི་ཡོད་ན་བསམ་བཞིན་། ཨིན་རྡ་ཡ་ནའི་གཞུང་ལམ་རང་མོ་དེ་ར་མཁར་འབྱུག་བཙུག་བཞིན་་ ནང་ལ་ལོགས་། དུས་དེ་ནས་བཟུང་། གཡག་རྒན་གྱི་སེམས་ནང་ལ་འགྲེལ་མི་ཤེས་པའི་ཚོར་གྲངས་མོ་ཞིག་གཏན་དུ་ལྷགས་།
གཡག་ལྡོམ། བོད་ལ་དུང་ཞེན་ཡོད་པ་ཤེས་ཀྱི་འདུག ཡིན་ན་ཡང་དུང་ཞེན་གཅིག་བུས་ཕན་གྱི་མ་རེད། ང་ཚོ་རྒྱལ་ཁབ་ཀྱི་རྙོག་དྲ་དང་མི་རིགས་ཀྱི་རྙོག་དྲ་འདི། ཡུལ་དུས་ལ་བསྟུན་དགོས་ས་དེ་འདྲ་ཡང་དགོས་པ་རེད། ང་ཚོ་ལ་མི་རིགས་གཞན་དང་ཡང་ན་རྒྱལ་ཁབ་གཞན་དང་འབྲེལ་བ་དགོས་པ་རེད། དེའི་རྐྱེན་གྱིས་གོང་ས་མཆོག་ནས་ཀྱང་མ་འདོད་བཞིན་ཁོང་ནི་གུང་ཁྲན་ཏང་ཕྱེད་ཀ་ཞིག་ཡིན་ཅེས་ཀྱང་གསུངས་བཞིན་ཡོད་པ་རེད། ཆེན་པོ་དང་མཐོན་པོ་དག་གི་ཕྱག་ལས་དེ་ང་ཚོའི་ལས་ཀ་དང་མི་འདྲ་བ་རེད།
ཨ་རྒྱྰ་རིན་པོ་ཆེ་ལ་མཚོན་ན་རྒྱ་དགའ་བྱེད་ན་འདོད་ན་འདིར་ཕེབས་དགོས་པ་མ་རེད། བོད་ནས་བསྡད་ན་དཔོན་པོ། འཁོར། དངུལ། དབང་ཚད། གོ་ས། ཆ་ཚང་གང་ལ་གང་འདོད་དུ་རེག་གི་ཡོད་ནི་རེད།
རེད་ཡ་ཕ་བཟང་བུ་དག ད་ང་ཚོའི་སྤྱི་ཚོགས་ནང་ལ་ལྷག་བསམ་དང་འཇོན་ཐང་ཅུང་ཟད་ཡོད་པ་དེ་དག་ཡར་བཏང་རྒྱུ་ཡོད་མ་རེད།
མིག་རྒྱང་རིང་བའི་རྒྱ་ལོས་བྱས་རྗེས་མངོན་པར་མཐོ་ཡང་ཁམས་པས་བོད་བཙོང་བདག་པོར་འབོད།།
ལོ་མང་ངལ་བས་རང་གཞུང་འདེགས་པའི་འཇུ་ཆེན་ཚང་ལ་དབུས་པས་བོད་དཀྲུག་མགོ་སེར་ཟེར།།
བོད་ཀྱི་རིག་གཞུང་སྲོག་བཞིན་བཅེས་པའི་ང་ཕོད་མདོ་སྤྱིར་ཨ་མདོས་རྒྱ་དགའ་ཀླད་མེད་འདོགས།།
མཁས་མཛང་དཔལ་མངའ་ཟམ་གདོང་མཆོག་དང་ཨ་ཀྱ་ལ་ཡང་གཅིག་གཅིག་གཉིས་གཉིས་བགྲང་།།
གང་ལྟར་ཡང་། བཤད་དགོས་ནི་རེད་། བསེག་བཅད་བརྡར་བའི་གསེར་བཞིན་དུ་། ཞེས་སངས་རྒྱས་ཀྱི་གསུང་ཡོད་པ་རེད་།
རང་གི་དབུ་ཁྲིད་ལ་བསྟེན་དགོས་ན་རྟགས་དགོས་བ་རེད་།
ཟམ་གདོང་ཚང་ལ་འདེམས་ཤོག་འཕེན་མཁམ་གྱི་གྲོས་ཡིན་ལ་ཟམ་གདོང་ཚང་གི་བཙན་བྱོལ་གཞུང་གི་དཔལ་འབྱོར་ཐོན་ཁོང་ཏོག་ཙམ་ཡོད་པ་དེ་གཞི་མེད་དུ་བཏང་སོང་། དེ་ལས་ཀ་མ་འཇོན་པ་འམ་ཡང་ན་ལས་མ་འདོད་པ་རེད་། ཟེར་མཁན་གྱི་གྲོས་ཡང་ཡིན་། མཁས་འཛིང་དཔའ་འཛིང་གི་སྐད་ཆ་སྟོང་བ་དེ་དག་ཕར་རི་ལ་ཞོག་། བོད་སྐྱབས་བཅོལ་གཞུང་དམང་གཉིས་ཀྱི་མགོ་ཁྲིད་ནས་། རྒྱ་འདྲ་གཞུང་ཡ་ལན་སྤྲོད་རྒྱུ་དེ་ཕར་རིས་ལ་ཞོག་།
མཐའ་ན་། རང་བཙན་ལགས་དེབ་གྱི་མ་དངུལ་ཏོག་ཙམ་པོ་དེ་ཡང་ཚགས་ཚུད་གོ་བསྒྲིགས་ཡག་པོ་ཞིག་བྱེད་ཐུབ་གི་མེད་པ་འདི་་་ དཔའ་འཛིང་ཨེ་རེད་།
ཡང་ན་མིན་ན་། ཁྱོད་ཞར་ར་ཆགས་འདུག་། ཡང་མིན་ན་། ང་མྱོན་པ་ཆགས་།