ཟླ་བ་བཀྲིས། རྡ་ས།
ཉེ་ཆར་རྒྱ་ནག་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་དང་། དེ་སྔའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝུའེ་ཆོན་གྱིས་ཡོ་རོབ་ཁུལ་དུ་གསར་འགོད་པའི་བཅའ་འདྲི་དང་ལེན་བྱས་ཡོད་ཅིང། ཀྲུའུ་ཡིས་མ་གཞི་༸གོང་ས་མཆོག་གི་དབུ་མའི་ལམ་ལ་སྐྱོན་བརྗོད་དང་། ཐ་ན་ཉེ་ཆར་གསུངས་པའི་བཀའ་སློབ་འགའ་ཤས་ཀྱང་ལུང་འདྲེན་བྱས་ཏེ་བོད་རང་བཙན་རྩོད་ཀྱི་ཡོད་པའི་སྐྱོན་བརྗོད་དང་རྒོལ་གཏམ་བཏང་ཡོད། ཡིག་རྫོབ་ཆེ་ལ་སྐྱོན་བརྗོད་ཀྱི་ཚིག་རྩ་མང་བའི་ལན་འདེབས་རིང་པོ་དེའི་ནང་རྒྱ་གཞུང་གི་མཐོ་རིམ་དབང་འཛིན་པས་ངོས་འཛིན་བྱེད་པའི་གསང་གནད་ཅིག་ཁ་ནས་ཤོར་བའམ་ཡང་ན། ཆེད་མངགས་བཤད་པ་གང་ཡིན་ལ་མ་ལ་ལྟོས་པའི་གནས་ཚུལ་ཞིག་བཤད་ཡོད་པ་སྟེ། ཏཱ་ལའི་བླ་མས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དང་བོད་ཞི་བས་བཅིངས་གྲོལ་གཏོང་རྒྱུ་སོགས་རྒྱལ་ཁབ་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་བརྗོད་ཡོད།
གནད་དོན་དེའི་ཐོག་ནས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་༸གོང་ས་མཆོག་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་ཁོང་ནི་རྒྱ་ནག་གཅིག་གྱུར་གྱི་དོན་དུ་བྱས་རྗེས་ཡོད་པའི་ལོ་རྒྱུས་ཀྱི་མི་སྣར་ངོས་འཛིན་བྱེད་པའི་བལྟ་སྟངས་གསར་པ་དང་། སྐད་ཆ་གསར་པ་འདིས་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་མི་རབས་གསར་པའི་དབང་འཛིན་པ་ཚོས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་གསར་པ་ཞིག་ཡིན་ནམ། ཡང་ན་པེ་ཅིང་མཐོ་རིམ་དབང་འཛིན་པས་མཐའ་མའི་ཁྲུན་ཐག་མ་ཆོད་པའི་གསང་གནད་ཅིག་ཤོར་སོང་བ་ཡིན་གང་ལྟར་ཡང་། རྒྱ་ནག་ལ་ལྟོས་ནས་བཤད་ན། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱུང་གི་ཁྲོད་དུས་དཔག་བབས་སྟུན་གྱི་སྒོ་ནས་བོད་རྒྱ་ཁོངས་སུ་གནས་ཐབས་ཀྱི་ཆེད་འབད་བརྩོན་གནང་མཁན་དང་། ཆིངས་ཡིག་གི་རྣམ་པའི་ཐོག་ནས་ཐག་གཅོད་མཁན་ཐོག་མ་དེ་ཡིན་པའི་ཆ་ནས། རྒྱ་ནག་གིས་བོད་ཐོག་དབང་སྒྱུར་བྱས་པའི་ཁྲིམས་མཐུན་རང་བཞིན་དང་། དབང་གྲགས་ལྡན་པའི་དཔྱད་གཞི་ཞིག་འཚོལ་དགོས་བྱུང་ཚེ། གྲོས་མཐུན་དོན་ཚན་བཅུ་བདུན་ཁོ་ན་ལས་དེ་མིན་གྱི་ཁྲིམས་མཐུན་གྱི་ངོ་བོ་ཡོད་པའི་ཡིག་རིགས་སྣ་གཅིག་ཀྱང་རག་མེད། རག་མེད་པ་ནི་འཚོལ་མ་ཐུབ་པ་ཞིག་མིན་པར་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་དེ་ལྟ་བུའི་ཡིག་རིགས་ཤིག་མེད་པས་ཕྱིར།
དེ་ལས་ལྡོག་ཏེ་བོད་རྒྱའི་ལོ་རྒྱུས་འབྲེལ་བར་ཇི་ཙམ་དཔྱད་པ་བཏང་བ་དེ་ཙམ་དུ་རང་བཙན་ཡིན་པའི་ངོ་བོ་ཇེ་གསལ་དུ་འགྱུར་བཞིན་ཡོད་པ་དང་། ཐ་ན་གྲོས་མཐུན་དོན་ཚན་བཅུ་བདུན་ཡང་སྤྱི་ལོ་༡༩༥༩ ལོའི་ཟླ་བཞི་པའི་ནང་༸གོང་ས་མཆོག་ནས་མོས་མཐུན་མེད་པའི་གསལ་བསྒྲགས་གནང་བ་བཅས་ཀྱིས་ཁྲིམས་མཐུན་རང་བཞིན་ཞེས་པ་དེ་བས་ཀྱང་རི་བོང་གི་རྭ་ལྟར་གྱུར། ད་བར་ལག་པ་འཆང་ས་གཅིག་རང་ཡོད་པ་ནི་སོག་པོས་བོད་དུ་དབང་སྒྱུར་བྱས་པ་དེ་རེད། སོག་པོས་གང་དུ་དབང་སྒྱུར་བྱས་པ་རྒྱ་ནག་གི་མངའ་ཁོངས་སུ་རྩོད་ཐབས་བྲལ་བ་ནི། རྒྱ་ནག་ནང་ཁུལ་དུ་རྩོམ་འབྲི་བྱས་པའི་ཇིང་གེར་རྒྱལ་པོའི་འཇིག་རྟེན་གཙུག་རྒྱན་གྱི་མཛད་པ་བཅུ་གཉིས་ཞེས་པ་ལས་གསལ་པོར་རྟོགས་ཐུབ།
དཔྱད་གཏམ་དེ་ནི་ཞིབ་འཇུག་གི་རིན་ཐང་དང། རྩོམ་རིག་གི་རིན་ཐང། སྒྱུ་རྩལ་གྱི་རིན་ཐང་སོགས་འགྲན་ཟླ་བྲལ་བའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང། ཇིང་གེར་རྒྱལ་པོའི་འཇིག་རྟེན་གཙུག་རྒྱན་གྱི་མཛད་པར་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་མ་ཟད། ཇིང་གེར་རྒྱལ་པོས་མངའ་ཁོངས་ཇི་ཙམ་རྒྱ་སྐྱེད་བྱས་ཚུལ་ནི་ལོ་རྒྱུས་མཁས་པས་ད་དུང་ཡང་ཁ་མཚོན་གཅོད་དཀའ་བའི་གནད་དོན་ཞིག་ཡིན་ན། ཁོང་གི་རྟ་དམག་གང་དུ་སླེབས་པའི་ས་ཆ་ད་ལྟའི་རྒྱ་ནག་ལ་བདག་དབང་ཡོད་པའི་སྐད་ཆ་དེ་ནི་ཡར་ཐོན་གྱི་དུས་རབས་ལྟ་ཅི། བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ནང་དུའང་ཡིད་བརྟན་མི་ཐུབ་པའི་སྐད་ཆ་ཡིན་པ་རྒྱ་གཞུང་རང་ཉིད་ལའང་འཚོར་སྣང་ཡོང་གི་ཡོད།
དེའི་རྐྱེན་གྱིས་ཁྲིམས་མཐུན་གྱི་ངོ་བོ་སྲུང་སྐྱོབ་དང་། གྲོས་མཐུན་དེའི་ལོ་རྒྱུས་ཀྱི་དབང་གྲགས་སླར་གསོ་ཡོང་རྒྱུའི་ཆེད་༸གོང་ས་མཆོག་ལ་ལག་པ་བསྲིང་རྒྱུའི་ཇུས་ཐག་བཅད་པའི་སྔ་ལྟས་ཤིག་རེད་དམ། ཡང་ན་འཐབ་ཕྱོགས་གཅིག་གྱུར་གྱི་མངར་ཆས་བཏུམས་པའི་མདེའུ་ཞིག་རང་ཕྱོགས་སུ་འཕངས་ནས་བོད་དོན་འཐབ་རྩོད་ཀྱི་ཕྱི་ནང་གི་དུས་བབ་ཟང་ཟིང་བཟོ་རྒྱུར་དམིགས་པ་ཞིག་ཡིན་མིན་སྲིད་འབུ་མེ་འཁྱེར་ལྟ་བུའི་སྨྱུག་འཛིན་པ་ཁོ་བོས་ཁ་མཚོན་གཅོད་མི་ཐུབ་པས། མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་ཁྱེད་རྣམས་ཀྱིས་ཁ་མཚོན་གཅོད་རོགས།
ཟླ་བ་བཀྲ་ཤིས་མིང་ཅན་འདིའི་ཁོག་ལའང་རྒྱ་འདྲེ་ཞིག་འཛུལ་ཡོད་ཐག་ཆོད།
མི་འདི་དང་སྣར་སྐྱིད་སོགས་ཀྱིས་བྱེད་སྟངས་འདྲ་སེ་འདུག
དགྱ་འདྲེ་འདི་ཚོར་ཅི་བཤད་འདི་བཤད་ཡོད་པ་མ་རེད། སྤྲིན་པ་ཁ་སེར་གཏིང་ནག་ཟེར་བ་དེ་རང་རེད། དགྱ་འདྲེ་འདི་ཚོས་ད་ལྟ་བར་དུ་བོད་མི་ཚོར་མགོ་སྐོར་བཏང་ནས་བསྡད་པ་རེད། འདི་ཚོའི་སྐད་ཆ་ལ་གཞི་འཛིན་བྱེད་ས་ཞིག་ནམ་ཡང་མེད། མ་གཞི་ནས་བཙན་བྱོལ་གྱི་ལས་སྣེ་མགོ་འདོགས་རིང་ལུགས་པ་ཅན་ཚོས་ཀྱང་ཁ་གསངས་ནས་བཤད་མ་བདེ་བ་མ་གཏོགས། དགྱ་འདྲེ་ཚོའི་འདོད་པ་ལྟར་གྱི་དགྱ་ནག་གཅིག་གྱུར་ཞེས་པ་དེར་སྔོན་ནས་ངོས་ལེན་བྱས་བསྡད་ཡོད་པ་རེད།
བོད་རེ་བས་འཕུང་། ཞེས་པ་ལྟར། ཟླ་བཀྲ་མིང་ཅན་སོགས་ནས་ཡང་རེ་བ་མེད་ས་ལ་རེ་བ་ཞིག་འཚོལ་གྱིན་འདུག། སྟོན་པ་་མྱ་ངན་ལས་འདས་ནས་ལོ་༢༥༠༠ དུས་དྲན་མཛད་སྒོའི་སྐབས་སུ་༧གོང་ས་མཆོག་རྒྱ་ག་ལ་ཕེབས་ནས་གཟུང་མི་འགའ་ཞིག་གིས་གཡོལ་སྒྱུར་འོག་ཏུ་ཚུད་ནས་རྒྱ་ནག་ལ་ངོ་ལོག་པ་གྱུར་སོང་བ་ལས་དེའི་སྔོན་ཏ་ལེ་བླ་མ་མི་རྒྱལ་ལ་དགའ་ཞེན་དང་མི་དམངས་མཐུན་སྒྲིལ་གནང་མཁན་གྱི་ཀྲུང་གོའི་མི་སྣ་གལ་ཆེ་ཞིག་ཡིན་པའི་གནས་ཚུལ་རྒྱ་དམར་གྱིས་བཤད་པའི་བོད་ཀྱི་ལོ་རྒྱུས་གང་ས་ནང་གསལ་ཡོད་པས་འདི་སྐད་ཆ་གསར་པ་ཞིག་ག་ནས་ཡིན། རྒྱ་དམར་གྱིས་༧གོང་ས་མཆོག་ལ་རྒྱུན་དུ་ནས་ངོ་ལོག་པ་དང་ལོག་སྤྱོད་པ་ཞེས་བཤད་བཞིན་པའི་སྐད་ཆ་དེ་ཚོའི་འབྱུང་རྩ་ཡང་འདི་དག་དང་འབྲེལ་ནས་བཤད་ཀྱི་ཡོད་པར་མགོ་འདོགས་པ་ཁྱོད་ཚོས་ཤེས་པ་གནང་དགོས། མདོར་ན། རྒྱ་དམར་གྱིས་ངན་བཤད་ག་ཚོད་བྱས་ཀྱང་དེ་ན་བཟང་ཆ་འགའ་འཚོལ་ཐབས་བྱེད་པ་ནི་མགོ་འདོགས་པའི་རང་བཞིན་བླ་ན་མེད་པ་དེ་རེད།
རྒྱ་ཁྱི་འདིས་ཟུག་སྐད་ལ་ཉན་རིན་མེད་ན་ཡང་། རྒྱ་ཁྱི་འདི་ཚོར་ཉན་འཇོག་བྱེད་དགོས་ངེས་རེད།
ལམ་སང་རྩོམ་པ་པོར་སྐྱོན་འཛུག་མ་བྱས་པར་རྩོམ་ཡིག་ལ་དཔྱད་དགོས་པ་གལ་ཆེན་རེད།
ལྷག་པར་དུ་གྲོས་མཐུན་དོན་ཚན་བཅུ་བདུན་པོར་གོང་ས་མཆོག་གིས་ངོས་ལེན་མེད་གསུངས་གནང་བ། རྒྱ་གཞུང་ནས་ཤེས་ཤེས་མེད་ལ་ཁོང་ནི་་་་་རྒྱ་ནག་གཅིག་གྱུར་གྱི་དོན་དུ་བྱས་རྗེས་ཡོད་པའི་ལོ་རྒྱུས་ཀྱི་མི་སྣར་ངོས་འཛིན་བྱེད་ཀྱིན་པའི་དགོས་དམིགས་ག་རེ་ཡིན་མིན་ལ་བསམ་བློ་གཏོང་དགོས་པ་རེད། རྒྱ་ནག་ནས་ཀྱང་བོད་དོན་འདི་ནི་རང་འཇོག་ཐབས་མེད་པར་གསལ་བོ་ཤེས་ཀྱི་ཡོད་རེད། ཡིན་ཡང་གནས་དོན་གང་ཞིག་གི་ཐོག་ནས་ཐག་གཅོད་ཐུབ་ཀྱི་ཡོད་མ་རེད། འབབ་ས་སྟེ་་་དབུ་མ་དང་རང་བཙན་འདི་གཉིས་གཅིག་གི་ཐོག་ནས་ཐག་བཅད་མ་གནང་རང་གནང་འདྲ་ཞིག་སོང་སྟབས། དོན་ཚན་བཅུ་བདུན་པོ་ཁ་ལ་ཁྱེར་ཏེ་་དབུ་ལམ་ལ་ལྟ་ཚུལ་ཅུང་ཡག་ཏུ་འགྲོ་གི་ཡོད་པར་གསལ་བོ་རེད་དོ།
རྒྱ་ཁྱི་སུ་ཡིན་མི་ཤེས་ལམ་སང་རྩོམ་པ་པོར་སྐྱོན་འཛུག་མ་བྱས་པར་རྩོམ་ཡིག་ལ་དཔྱད་དགོས་པ་ནི་གལ་ཆེན་ཡིན་
ལྷག་པར་ཟླ་བ་བཀྲ་ཤིས་ལྟ་བུའི་་རྩོམ་པ་པོ་ནི་བཙན་བྱོལ་སྤྱི་ཚོགས་ནང་ཐོང་དཀོན་པ་ཞིག་ཡིན་པ་མ་ཟས་བོད་ནང་ལ་རྒྱ་དམར་གི་མནར་བཅོད་མྱང་མྱོང་ཁན་ཞིག་ལ་རྒྱ་ཁྱི་ཟེར་བ་ནི་དགོད་དྲོ་བའི་གནས་མ་ཡིན་སམ་
སྐུ་མདུན་གྱིས་རྒྱ་ནག་གཅིག་གྱུར་ཡོང་བར་བྱས་རྗེས་རྒྱ་ཆེན་བཞག་པ་བདེན་ཞིང་། མུ་མཐུད་དུ་འཇོག་བཞིན་པ་རེད། རྩོམ་པ་པོའི་བཤད་པ་བདེན་པ་རེད། རྒྱ་ནག་གིས་ཅི་ཙམ་གོང་ས་མཆོག་ལ་གནོད་ཤུགས་པ་དེ་ཚོད་ཀྱིས་གོང་ས་མཆོག་གིས་རང་བཙན་རྩོད་མཁན་ལ་གནོད་ཤུགས་སྤྲད་ཀྱི་ཡོད་བ་རེད།
འོན་ཀྱང་། ཁོང་གིས་རྒྱ་ནག་གི་བཤད་ཚད་ཚང་མར་མ་ཉན་ཞིང་རྒྱ་ཡི་འདོད་པ་བཞིན་བེད་སྤྱོད་ཆ་ཚང་བཏང་མ་ཐུབ་པ་ནི་བདེན་པ་རེད།
རྒྱ་ནག་གིས་སྐུ་ཚབ་ཚོགས་པ་རྒྱུད་ནས་གོང་ས་མཆོག་གི་བསམ་བློ་སྒྱུར་ནས་རང་ཉེས་ངོས་ལེན་གྱིས་བཙན་བྱོལ་སྒྲིག་འཛུགས་སྒོ་རྒྱག་རྒྱུ་དང་། པཎ་ཆེན་རིན་པོ་ཆེ་བཞིན་གོ་ས་འཕུལ་འདོད་ཡོད་པ་བདེན་པ་རེད།
ལོ་ལྟར་རྒྱ་མི་མང་པོ་རྡ་སར་བཏང་ནས་གོང་ས་མཆོག་དང་ཆོས་འབྲེལ་ཞུ་ཁུལ་གྱིས་གོང་ས་མཆོག་ལྟ་བ་རྒྱ་ནག་གི་ལངས་ཕྱོགས་དང་གཅིག་མཚུངས་སྒྱུར་རྒྱུ་རྒྱ་ནག་གི་མངོན་འདོད་ཡིན་པ་བདེན་པ་རེད།
བོད་པ་྄ཚོ་རྨི་ལམ་གཏོང་ཡ་ལ་གོམས་ཡོད་རེད།༼སྐད་ཆ་གསར་པ་འདིས་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་མི་རབས་གསར་པའི་དབང་འཛིན་པ་ཚོས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་གསར་པ་ཞིག་ཡིན་ནམ།༽
གླེགས་བམ་མཐུག་པོ་ཞིག་ཆུ་ལ་བསྐྱེར་ཞིང་།།
ལོ་རྒྱུས་དེབ་ཐེར་ཞིག་མེ་ལ་བསྒྲོན་པའི།།
ན་ནིང་དགུན་ཁ་ཡི་རླུང་གི་རལ་གྲིས།།
ཁྱོད་ཀྱི་སྙིང་ངོས་ལ་རྨ་ཁ་བཟོས་སམ།།
གསེར་ཆེན་མེ་ཏོག་ཅིག་བྲེགས་པའི་ཤུལ་ཏུ།།
ཧ་ལོ་མེ་ཏོག་ཅིག་བཙན་གྱི་སྐྱེས་དུས།།
ན་ནིང་མཚན་གུང་དུ་བོར་བའི་ཟླ་བ།།
དེ་རིང་གང་ཞིག་ན་འཛུམ་པ་མཐོང་ངམ།།
ལྷ་ཤིང་ཤུག་པ་ཡི་ལྗོན་པའི་རྩེ་ནས།།
ཁུ་བྱུག་སྔོན་མོ་ཞིག་རྒྱང་ལ་འཕུར་ཤུལ།།
བྱ་རོག་ཁྱུ་གཅིག་གི་གླུ་དབྱངས་དེ་ཉིད།།
ཁྱོད་ཀྱི་རྣ་བ་ཡི་གསོས་སུ་འགྲོ་འམ།།
ཁ་སང་ཞི་བདེའི་ངང་འཁྱིལ་བའི་རྒྱ་མཚོ།།
དེ་རིང་ལུས་སྟེང་ལ་འཕྱུར་ནས་བསླེབས་སོང་།།
ཁྱོད་ཀྱིས་ད་དུང་ཡང་ཉལ་ས་དེ་རུ།།
རྨི་ལམ་སྐྱིད་པོ་ཞིག་རྨིས་ན་འདོད་དམ།།
ཁྱོད་ཀྱི་རུས་པ་དེ་དཀར་པོ་ཨེ་ཡིན།།
ཁྱོད་ཀྱི་ཟུངས་ཁྲག་དེ་དམར་པོ་ཡིན་ནམ།།
ཁྱོད་ཀྱི་ཁ་ཟས་དེ་རྩམ་པ་ཡིན་ན།།
ཁྱོད་ཀྱི་ཡ་ཐོད་ཀྱི་མིག་ཁ་ཕྱེས་དང་།།
གནའ་བོའི་གྲོང་མཁར་གྱི་གྱང་ངོས་དེ་རུ།།
ང་ཚོ་ཚང་མ་ཡི་མིང་ཡིག་བྲིས་འདུག །
མིང་ཡིག་འདི་ནག་བསུབ་གཏོང་འདོད་མེད་ན།།
མེ་ཡི་གྲོང་ཁྱེར་ཞིག་བསྐྲུན་དང་ཆོག་གམ།།
ཁྱོད་ཀྱི་ལུས་སྟེང་ན་རུས་པ་ཡོད་ན།།
ཁྱོད་ཀྱི་སྙིང་ཤ་དེ་ལྷོག་ལྷོག་ལྡིང་ན།།
ང་དང་ཁྱོད་ཅག་ཚོ་ལག་འཇུ་བྱས་ནས།།
འཇིག་རྟེན་གཞན་ཞིག་ལ་ཆས་དང་ཆོག་གམ།།
ངེད་ཚོའི་ཕ་མ་ཡི་རྣམ་ཤེས་དེ་ཡིས།།
འུ་ཚང་སྒོ་མོ་འདི་ཡང་ཡང་བརྡུངས་ཀི།།
ཨ་རོགས་བུ་སྡུག་ཁྱོད་སྐྱག་གཟན་མིན་ན།།
ཕ་མ་ཡབ་མོས་ལ་ཁས་ལེན་མཛོད་ཅིག །
མེ་ཡི་དཀྱིལ་འཁོར་སྟེང་སངས་རྒྱས་འདོད་ན།།
འཇིག་རྟེན་འཚོ་བ་འདི་བློ་གཏོང་མཛོད་ཅིག །
ཁྱོད་རང་ངེད་ཕྱོགས་སུ་མགྱོགས་སུ་ཕེབས་དང་།།
ངེད་གཉིས་ལག་འཇུ་ཞིག་བྱས་ནས་འགྲོ་ཡ།།
མདོར་ན་གངས་ཅན་པོའི་དཔའ་བོའི་བུ་ཞིག །
ངེད་ཚང་བཙན་པོ་ཡི་གདུང་རྒྱུན་ཡིན་ན།།
ཕ་མོས་ཡང་མོས་ལ་འདང་ཞིག་བརྒྱབ་ནས།།
རང་གི་ལུས་ཕུང་འདི་མཆོད་པ་འབུལ་ཡ།།
དང་པོ་གང་དུ་བཤད་འདུག་དེའི་ཁུངས་དང་འབྲེལ་ཐག་འདི་ཤོག་དང་།
༼ རྒྱ་ནག་ལ་ལྟོས་ནས་བཤད་ན། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱུང་གི་ཁྲོད་དུས་དཔག་བབས་སྟུན་གྱི་སྒོ་ནས་བོད་རྒྱ་ཁོངས་སུ་གནས་ཐབས་ཀྱི་ཆེད་འབད་བརྩོན་གནང་མཁན་དང་། ཆིངས་ཡིག་གི་རྣམ་པའི་ཐོག་ནས་ཐག་གཅོད་མཁན་ཐོག་མ་དེ་ཡིན་པའི་ཆ་ནས། ༽སོགས་ཟེར།
སྤྱིར་བཏང་མགོ་ཐོག་པ་ཙམ་ལ་ལན་དུ་ལྡོན་པའི་ངལ་བ་འབྲས་མེད་དུ་མཐོང་ཡང། རླུང་གཏམ་རྗེས་འབྲངས་པ་འགའ་ཡིས་ནི་གཡམ་རྒྱུགས་བྱེད་སྲིད་པ་དང། ཁམས་ཀྱི་གཏམ་དཔེར་”ཞ་དཔོན་ཞར་ཚོགས་དཀྱིལ་ན་འགྱིང་”ཅེས་པ་ལྟར། བདག་མེད་ཐང་འཁྱམས་སུ་ལོབ་ན་ཡིན་མདོག་གི་སྣང་བ་སྤྲིན་གྱི་པང་དུ་བསྙེགས་མི་སྲིད་པ་མིན་སྟབས་ཚིག་འགའ་ཞུས་ན། སྤྱིར་བོད་ཀྱི་ཡིག་རྩར་མྱོང་བ་ཐོན་པ་ཞིག་ཡིན་ན་ ”དུས་དཔག་བབས་སྟུན་” དང་” ཆིངས་ཡིག་གི་རང་བཞིན་” ཟེར་བ་མཐའ་དག་ལ་ཐེ་ཚོམ་མེད་པར་ཁོང་དགོད་གནང་ཡང་འདིར་དེ་རྣམས་ལས་དང་པོ་བ་རྣམས་ཀྱི་སྐལ་བར་འཇོག་པ་ཡིན།
ཚང་མར་མངའ་གསལ་ལྟར། ༸གོང་ས་ལྔ་པ་ཆེན་པོ་ནས་བཅུ་གསུམ་པ་བར་གྱི་བཀའ་དྲིན་ནི་བོད་མི་ཚོས་གཞལ་ཐབས་བྲལ་ཡང། ”རྒྱ་ཁོངས་སུ་གནས་ཐབས་མ་བྱས་པའི་འབད་བརྩོན་བྱས་རིགས་”ཞོགས་ཀའི་བ་མོའི་མཚུངས་ཟླར་སོང་ཡོད་ཁར། དབུས་དང་གཙང་གི་ནང་ཁུལ་སྡེ་གཟར་ལས་བརྒལ་སྟེ་བོད་རིགས་གཅིག་གྱུར་གྱི་མཛད་རྗེས་འདི་འདྲ་ཐུགས་ཡིད་དུའང་འཁྲུངས་ཡོད་མེད་ཐེ་ཚོམ་ཡིན་པ་བློ་ལྡན་རྣམས་ལ་སྨྲས་ཅི། རང་ཉིིད་ཡིན་པར་རློམ་པ་དག་གིས་དེ་བས་ཀྱང་ལམ་ཙམ་རྟོགས་རེ་ཆེ་མོད། དེ་ལྟར་བྱུང་མི་འདུག་པས་ཆེ་གཏམ་སྨྲ་བ་དགོད་བྲོའི་གནས་སུ་ཆེ།
ཧ་ཧ། ཐན་བྱ་འདིས་ཅི་ཟེར་ལེ་རེད། མི་གོ་ཐལ།
དངོས་ནས་ཐན་བྱ་འདིས། ཁ་ཡག་ལ་བསྒྱུར་ཅིང་མགོ་འོག་ལ་བསྡུསཏེ། ༸གོང་ས་མཆོག་ལ་རྒོལ་གྱི་འདུག རྟ་ཕོ་འཇོན་ཡོད་ན་ད་བར་བྱང་ཐང་སྟོང་པ་ལྷག་པ་རེད། རྒྱ་མི་བོད་ལ་སླེབས་སྐབས་༸གོང་ས་མཆོག་དགུང་ལོ་ག་ཚོད་རེད། ལས་ལན་གྱི་རྩ་བ་གང་ལ་ཐུག་འདུག་ཟེར་ན། དབུས་གཙང་གི་ཁྱི་ལ་མར་སྤ་བརྫིས་ནས་སྤྲོད་མཁན་གྱི་སྐུ་དྲག་དེ་ཚོས་མི་འཇོན་མདོག་དང་། མི་ཤེས་ཤེས་མདོག་གིས་བོད་ཀྱི་ལས་དབང་ད་ལྟའི་གནས་སྟངས་འདིར་སྐྱེལ་དུས། ད་ལྟ་༸གོང་ས་མཆོག་གིས་བོད་མི་རིགས་འདི་ཆག་འཇིགས་མཚམས་སུ་སླེབས་དུས། དེ་མི་འབྱུང་ཆེད་ལམ་ཀ་འདི་འདྲ་ཞིག་འདེམས་ཀ་མི་བྱེད་མཐུ་མེད་བྱུང་བ་རེད། དེ་ཤེས་པར་གྱིས། དངོས་ནས་ཤོད་དགོས་ན་ཤོད་རྒྱུ་མང་པོ་ཡོད། སྐྱག་ཚང་སྔོག་ན་སྐྱག་དྲི་ཁ་རོགས་ལས་མེད་སྟབས་བཏང་སྙོམས་སུ་བཞག་ཡོད། ཆབ་མདོ་གོ་མཛོད་གཏོར་སྐབས་སྐུ་དྲག་ཚོས་ཏར་འཕྲིན་མ་བླངས་བར་ཐུགས་སྤྲོ་ལ་རོལ་བ་མཁྱེན་སོང་ངམ་ཟླ་བཀྲ་ལགས།
ད་དུང་དེ་ལས་གསལ་ཙམ་ཞུས་ན། ༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་ལ་རྒྱ་ཁོངས་སུ་གནས་དང་མི་གནས་གདམ་ག་བྱེད་གཞི་རྩ་ནས་ལྷག་མེད་པར་རྒྱས་བཙན་གྱིས་རང་གི་ཁོངས་སུ་བསྡུས་ཟིན་པས་སོ།།
རྩོམ་པ་པོ་ཟླ་བ་བཀྲིས་ལགས་ནས་ཀྲུའུ་ཝི་ཆོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་དུམ་བུ་ཁག་ཅིག་ཟུར་བཏོན་གནང་སྟེ་དེ་དག་ལས་རང་ཉིད་ཀྱིས་གོ་བ་གང་ཞིག་ལོན་པའི་ཆ་ཟུར་བཏོན་གྱིས་ངོ་ཚ་ཁྲེལ་གཞུང་བྲལ་བའི་རྒྱ་གཞུང་དཔོན་རིགས་ཀྱི་ལངས་དུ་ཤོར་བའི་གཏམ་རྫུན་དེ་ཚོར་དཔྱད་པ་གནང་འདུག་པ་ནི་ད་ལྟའི་དུས་སུ་ང་ཚོའི་མི་རིགས་དང་སྤྱི་ཚོགས་ལ་མཁོ་བའི་རྩོམ་པ་པོའམ་དཔྱད་བརྗོད་པའི་གྲས་ཤིག་ཏུ་མཐོང་སོང་། མིང་ངོ་མ་མེད་པར་དགྲ་ལ་ཁ་མི་ལྟ་བར་རྩོམ་པ་པོར་སྐྱོན་བཏོན་ཏེ་དོན་དུ་རང་ཉིད་ནས་དགྲ་བོའི་གཏམ་སྤྱོད་ཐད་དགག་གཞག་དང་ལན་འདེབས་དཔྱད་བརྗོད་བྱེད་པའི་ཤེས་ཚད་མེད་སྟབས་གང་བྱུང་ཤོད་པ་འདི་ནི་ངོ་ཚའི་རྒྱུ་ཁོ་ན་རེད། ང་ཚོའི་སྤྱི་ཚོགས་དང་ད་ལྟའི་གནས་བབས་སུ་མཁོ་བའི་སྨྱུག་ཐོག་པ་ཁོང་ལྟ༌བུ་ནི་དགྲ་གཉེན་ངོ་ཤེས་ཏེ་སྨྱུག་རྩེར་ལག་པ་འཆང་མཁན་ཞིག་ཡིན་པ་ཧ་ཅང་མཐོང་དཀའ་བའི་དེང་སྐབས་ཀྱི་བོད་ཡིག་དྲ་ལམ་ནས་ད་ལྟ༌རེ་ཙམ་མཐོང་ཐུབ་པ་ནི་ང་ཚོ་ལྟ༌བུ་རང་གི་མི་རིགས་ལ་ལ་ཞེན་དང་བསམ་ཤེས་ཐུབ་མཁན་ཚོར་དགོས་ངེས་འདུག་པས་ཟླ༌བ་བཀྲིས་ལགས་ནས་མཐུད་དཔྱད་རྩོམ་མང་དག་སྤེལ་ཏེ་ང་ཚོའི་སྤྱི་ཚོགས་ཁྲོད་སྨྱུག་འཛིན་པ་ཚོའི་ཁ་བལྟ་ས་འདི་མ་ནོར་བར་མཉམ་དུ་འཁྲིད་ཐུབ་པའི་རེ་བ་དང་བཀྲིས་འཚམས་འདྲི་ཡོད།
ཅི་ཟེར་འདི་ཟེར་མེད་པའི་བྱམས་པ་དང་ཤར་ཁུག་ལྟ་བུས་རྒྱ་གཞུང་དབང་འཛིན་པས་བཤད་པའི་སྐད་ཆར་དབྱེ་ཞིབ་མ་བྱས་པར་རྩོམ་པ་པོར་སྐྱོན་བརྗོད་དང་། ཐ་ན། རྒྱ་འདྲེ་ཁོག་ཞུགས་ཞེས་དུས་རབས་གསར་པའི་རྩོམ་པ་པོ་ཞིག་ལ་མ་མཐར་ཡང་དགོས་ཡོད་པའི་མི་གཤིས་དང་རིང་པོར་བྲལ་བ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པའི་བྱ་བ་ཞིག་རེད་ཨང།
བརྒྱ་ལ་བཤད་ཀྱང་སེམས་པ་ནང་ན་ཡོད་པ་ཀུན། ། ཕྱི་རོལ་ལ་ནི་ཉེ་བར་དམིགས།། ཞེས་པ་ལྟར་ཟླ་བཀྲ་ཟེར་བ་འདིའི་ཕུགས་དམིགས་ས་རིས་ཐང་གསལ་དེ་ལ། རྩྭ་ཡི་ལྷམ་པ་འཇག་མས་བྱེད་དགོས་དོན་མི་འདུག ཧ་་་་་ཧ་་་ཧ་་་་་་་་་་་
བྱམས་པ་ལགས་ཚིག་བཅད་དེ་ལ་གཟིགས་འབྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། གླུད་ནུབ་སྒོར་བརྫངས་པ་དོན་རེ་ཆུང་ཞེས་གསུང་པ་ལྟར་སྙན་པོ་ཨེ་འདུག་ཧ་ཧ་ཧ་ཧ་ཧ་
ཡག་པོ་འདུག་མུ་མཐུད་དེ་ཡིན་ད།
རྒྱ་ཤར་ཁུག་རྟ་དང་བཙན་རྒྱལ་རྒྱ་དམར་གཉིས་ཀྱིས་བོད་ཀྱི་རྣམ་ཤེས་གསོན་པོ་ལས་གྲུབ་པའི་བོད་ཀྱི་ལ་རྒྱ་དང་ལོ་རྒྱུས་ལ་རྡོག་རོལ་ཅི་སྲིད་བར་དུ་གཏོང་ཐུབ་ནི་མ་རེད།
ང་ཚོ་བོད་བོད་རིགས་འདི་མར་ཉམས་པ་ཞིག་ཡར་དར་བའི་དུས་ཡིན། ང་ཚོས་ཤེས་དགོས་བ་ཚང་མ་ཤེས་ཡོད། གོ་དགོས་བ་ཚང་མ་གོ་ཡོད། འདི་ལྟར་དུ་འཇོག་མི་སྲིད། གྱོད་ལ་གྱོད་ཀྱི་རྩ་བ་ཡོད།
བོད་ནི་རྒྱ་ནག་དང་ཁ་བྲལ་དུ་མེད་པའི་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་ཞིག་དགོས་ཀྱི་མ་རེད་བསམ་གི་འདུག ཁོས་ཚོས་ཐབས་བརྒྱ་ཇུས་སྟོང་བྱས་ནས་མངའ་འོག་ཏུ་བཅུག་ཚར་བ་རེད།
སོགས་པོ་དང་ཤིན་ཅང་སོགས་མང་པོ་ཞིག་རྒྱ་ཁབ་ཐ་དང་ཡིན་ཀྱང་ལོ་རྒྱུས་ཀྱི་དཔང་རྟགས་ཀྱང་ཡོད་གྱི་རེད་འོན་ཀྱང་རྒྱ་ནག་གི་ལྐོག་གཡོ་ངན་ཇུས་འོག་དཀའ་བ་བརྒྱ་ཕྲག་གིས་འབད་འཐབ་བྱས་ན་བཅུག་ཚར་བ་རེད་ད་ག་དུས་ཡིན་ནའང་ལྷོད་གྱི་མ་རེད་དྲན་གི་འདུག ཏིང་དང་ཅང་སོགས་ཀྱིས་དངོས་ཐོག་བདེན་ཚོལ་གྱི་ལམ་ནས་ཀྲུང་གོ་རྒྱལ་ཁབ་དེ་ངོས་འཛིན་ཚུལ་ལ་བལྟས་ན་ཕལ་ཆེ་ཕག་པོ་རེད།
ཀྲང་ཝེ་ཆུན་གྱི་ངག་རྩལ་དང་ཇུས་འགོད།།
ཀྲུང་དབྱང་གཞུང་གི་ལྟ་གྲུབ་དང་ལང་ཕྱོགས།།
བོད་དོན་འཐབ་རྩོད་པའི་ཆོད་སེམས་དང་བརྟུལ་ཕོད།།
བོད་རྒྱ་ཞི་མོལ་གྱི་འབྲེལ་ཟམ་དང་རེ་བ།
། གང་ལ་བལྟས་ཀྱང་རེ་བ་ཞིག་དཀའ་འོ།།
རྫོགས་དུ་མེད་པའི་རང་སྲེག་གི་ངོ་རྒོལ།།
ཆོད་སེམས་བརྟན་པའི་རང་དབང་གི་སྐད་འབོད།།
གཞིས་ལུས་མི་མངས་ཀྱི་དཀའ་སྡུག་འདི་དྲན་ཚེ།།
ཤེས་པ་རྣལ་དུ་ཕེབ་དུས་ཤིག་མེད་ཀྱང།།
སྡུག་སྐད་འཁུན་སྒྲ་ལ་རྫོགས་དུས་ཤིག་མི་ཡོང།།