ཀླུ་སྨྱོན།
སྙན་ངག་ཅིག་འབྲི་བསམ་དུས།
སྒེའུ་ཁུང་ལས་ཉི་འོད་སེར་པོ་ཞིག་ཐད་ཀར་འབྲི་དེབ་སྟེང་འཕྲོས་ཡོང་།
ཟླ་བཅུ་གཉིས་པའི་ཉི་འོད་དེ་དྲོད་འཇམ་ལྡན་པ་ཞིག་མིན་ཡང་།
འོད་འཚེར་འཚེར་དང་སེར་ལམ་ལམ་གྱི་ཉི་འོད་དེའི་ཀློང་ནས།
ངས་ལོ་ཟླ་ཧ་ཅང་མང་པོ་ཞིག་གི་རིང་།
སེམས་གཏིང་དང་མིག་མཐའ་རུ་བཙན་གྱིས་ཉར་བའི་སྙན་ངག་དུམ་བུ་ཞིག
ཆར་བའི་ཟོལ་དུ།
ཁ་བའི་ཚབ་ཏུ།
རེ་ཞིག འདི་རུ་མི་བྱོ་ཀ་མེད་དུ་གྱུར།
གོ་བ་ཞིག་ལོན་སོང་བསམ་པའི་སྣང་བ་ཤར།
འགྲེལ་བཤད་ནི་སུ་ལ་ཡང་རྒྱག་མི་ཐུབ་པའི་དུམ་བུ་ཞིག།
ཀླུ་སྨྱོན་པའི་སྙན་ངག་རེ།
དོན་ཟབ་པའི་རྒྱ་ཁ་ཅི་ཙམ་ཡོད་དམ།
ཡང་ལྗིད་ཞིག་ཐེགས་དང་ཤ་ཉེ་ཚོ།
སྙན་ངག་འདིའི་རིགས་ལ་འགྲེལ་བཤད་ཁག་པོ་རེད། ཁྱོས་བཤད་ན་ཁྱོད་བདེན་་་་་ངས་བཤད་ན་ང་བདེན་་་་དེ་ལས་རང་གིས་གང་ཞིག་གོ་བ་ལོན་སོང་བ་དེ་ག་རང་ཡིན་མདོག་བྱས་ནས་སྡོད་ཅིག
འདྲེ་རྐང་ཐོ་འདི་ཁྱད་མཚར་བ་ལ། སྐྱག་པ་གཏོང་མཁན་ལ་སྐྱག་པ་གཏོང་དགོས་བའི་དཀའ་ངལ་དང་གཏོང་འདོད། གཏོང་ཡུལ། གཏོང་སྟངས་སོགས་ཀྱི་རྒྱུ་མཚན་ཡོད་ཤག་གི་དྲི་ཆེན་དེ་དག་ང་ཚོར་བདུག་མ་ཐུབ་ན། ཀླུ་སྨྱོན་མོ་རང་གིས་མོ་རང་རུམ་ལ་སྐྱག་པ་བཏང་དང་གཅིག་པ་མ་རེད་ནེ། དེ་འདྲ་བྱས་ན། ཁོ་རང་ནོར་རེད། གཞན་གྱིས་སྐྱག་པ་དེའི་དྲི་མི་ཚོར་བས་སོ།
སྙན་ངག་འདིའི་རིགས་དང་པོ་གཞན་གྱི་མི་གོ།
མཐའ་མར་རང་གིས་མི་ཤེས་པའི་སྙན་ངག་གོ།
གོ་བ་ནི་ཚོར་བ་ཙམ་ལ། ཚོར་བའང་གོ་བ་ཙམ་ལས་ཅི།
ཉི་འོད་སེར་པོ། ཆར་བ ཁ་བ། སྙན་ངག དེ་དག་སོ་སོ་ཡིན་ལ་འདྲེས་པའམ་བསྲེས་པའི་ཚུལ་དུ་ཚོར་བ་དང་བསྡེབས་ཏེ་ངག་ཚིག་ཅིག་ཏུ་གྲུབ།
དེ་ནི་་སྐབས་དེ་ག་རང་གི་དགའ་སྐྱོའི་ཚོར་སྣང་ཟབ་མོ་ཞིག ངག་གིས་མཚོན་དཀའ་བ་ཞིག་ཀྱང་ཡིན་ངེས།
དེས་ན་དེ་ལྟར་དུ་རང་བབས་སུ་སྨྲས་པའི་ཚོར་བ་རྣོན་པོ་ཞིག དེ་ལ་སྙན་ངག་ཅེས་མཚན་གསོལ་བའོ།
དེ་ཙམ་ལས་གཏིང་ཟབ་མོ་གཞན་ཞིག་འཚོལ་མི་དགོས། རྙེད་རྒྱུ་ཡང་མེད་དེ།
ལོ་མང་རིང་ཁོའི་སེམས་སུ་ཅི་ཞིག་བ༷ཙན་གྱིས་ཉར་བ་དེ་་་་གཅིག་བྱས་ན་ཁོ་རང་གིས་ཀྱང་གསལ་བོ་ཞིག་སྨྲ་རྒྱུ་མེད་ན་ཐང།
བཤད་ཀི་བཅུག་ན་ཕ་བསད་བུ་ལ་ཤོད་རྒྱུ་ཡོད་ཟེར་བ་དེ་འདི་ནས་ཤེས་སོང་ངོ་།