ས་འཛིན་དཀར་པོ།
གཟུགས་སྐུ་ལང་ཚོ་ཨ་མདོ་ཡུལ་ལ་བལྟམས།།
མཚན་སྙན་བ་དན་རྒྱལ་ཁམས་ཀུན་ལ་གཡོ།།
གངས་རིའི་ལྷ་མོ་དོན་གྲུབ་བྱམས་བརྩེ་ཡིས།།
གོ་ལའི་ཞི་བདེ་དེད་དཔོན་མཚན་སྙན་ཐོབ།།
མཐོ་སྒང་ཡུལ་ནས་གྱེས་པའི་བགྲེས་པོ་ཞིག།
ཁ་བའི་བདེན་དོན་ཆེད་དུ་ཉིན་མཚན་གཞོལ།།
འཚེ་མེད་ཞི་བའི་ལམ་སྟོན་དེད་དཔོན་ཉིད།།
མི་འགྱང་སྒང་པ་ཡུལ་དུ་ཞབས་ཀྱག་སྨོན།།
ལྭ་བ་གསེར་མདོག་ཅན་གྱི་དགེ་སློང་ཞིག།
མ་གྱུར་འགྲོ་བ་ཀུན་ལ་བྱམས་བརྩེས་བསྐྱངས།།
འཛུམ་ཞལ་ཉི་མའི་འོད་ཀྱི་རང་མདངས་དེ།།
མི་ནུབ་གངས་རིའི་ལྗོངས་སུ་ཤར་བར་སྨོན།།
ཆོལ་གསུམ་མུན་ནག་ཀློང་གི་སྒྲོན་མེ་ཞིག།
གོ་ལའི་མུན་པ་སེལ་བའི་དེད་དཔོན་ཉིད།།
ཚངས་པ་ལྷ་ཡི་གསུང་སྐད་མི་འགྱུར་བར།།
གྲུ་འཛིན་དམར་པོའི་ཞིང་ལ་བྱིན་མཐུ་བསྩོལ།།
ལག་གཉིས་ཐལ་མོ་སྦྱར་བའི་དྲང་སྲོང་ཞིག།
སྡང་བའི་དགྲ་ཡང་འཛུམ་ཞལ་མ་དོར་སྟོན།།
ཐུགས་ནི་ནམ་མཁའ་ལས་ཀྱང་མཐོ་བ་ཉིད།།
གསེར་ཞལ་ཁ་བའི་ཡུལ་དུ་འཆར་བར་སྨོན།།
ཡབ་མེས་བཙན་པོ་ཚང་གི་རུས་བརྒྱུད་ཅིག།
སྦྲ་ནག་ལས་དབང་བདེ་སྡུག་རྣམ་ཀུན་བསྐྱངས།།
སྲོག་ལྡན་མི་བུ་ཡོངས་ཀྱི་མགོན་མཆོག་ཉིད།།
མ་འོངས་གངས་ཅན་ཞིང་ལ་བྱིན་མཐུ་བསྩོལ།།
རྒྱལ་བའི་བསྟན་པ་ཀུན་གྱི་མངའ་བདག་མཆོག།
མ་ལུས་འགྲོ་བའི་འདྲེན་མཆོག་རྐང་གཉིས་པར།།
རིས་མེད་ཆོས་ལུགས་ཡོངས་ཀྱིས་ཐལ་མོ་སྦྱར།།
དད་པའི་མཆོད་སྤྲིན་མེ་ཏོག་མགོན་མཆོག་ཕུལ།།
མཆོད་སྤྲིན་མེ་ཏོག་བཞད་པས་རྒྱལ་བ་དགྱེས་པར་སྨོན།
གངས་ལྗོངས་ས་དགེ་བཀའ་རྙིང་ཇོ་ནང་སོགས། །
ཁ་ཆེ་ཡི་ཤུའི་བོད་རིགས་ཡོངས་རྫོགས་བཅས། །
སྟོད་སྨད་བར་གསུམ་ཆོལ་གསུམ་མི་རིགས་ཀྱིས། །
གདུང་ཤུགས་དྲག་པོས་གསོལ་ལྟར་མྱུར་བྱོན་མཛོད། །
མཚན་དཔེ་མེ་ཏོག་སྟག་འཚེར་ཡུལ་དུ་བཞད།།
ཨ་མདོ་ཨ་མདོ་ལབ་ན་མི་འགའ་ཤས་ལ་བདེ་བོ་ཡོད་མེད་མི་ཤེས།
རྒན་ཀརྡོ་ལགས་ཀྱང་ཆད་མཐར་ལྷུང་འདུག
མི་དགོས་པའི་ཡེ་ཤུ་ཁ་ཆེ་ཞེས་བཤད། དགོས་རྒྱུའི་རང་མི་རིགས་ཀྱི་ཕ་མྱེས་ཀྱི་ཆོས་ལུགས་རིག་གཞུང་དེ་ཚོའི་མིང་ཙམ་ཀྱང་མི་སྨྲོས་པ་འདི་བོད་འཕུངས་པའི་སྐྱོན་ཆེ་ཤོས་དེ་རེད།
འདི་ཚོ་ནི་ནང་བསྟན་དམག་འཁྲུག་སློང་གཞི་རེད།
བོན་ཆོས་ས་དགེ་བཀའ་རྙིང་ཇོ་ནང་སོགས། །
ཁ་ཆེ་ཡི་ཤུའི་བོད་རིགས་ཡོངས་རྫོགས་བཅས། །
སྟོད་སྨད་བར་གསུམ་ཆོལ་གསུམ་མི་རིགས་ཀྱིས། །
གདུང་ཤུགས་དྲག་པོས་གསོལ་ལྟར་མྱུར་བྱོན་མཛོད། །
# 4 བན་དེ་བ།་ལགས།
ཁྱེད་བདེན། ངས་དགོངས་དག་ཞུའོ།། །།
བཀྲིས་བདེ་ལེགས།
འགྲོ་བའི་མ་གཅིག་འཕགས་མཆོག་གངས་ལྗོངས་ཀྱི་ལྷ་སྐལ།།
འགྲན་བྲལ་ཐབས་མཆོག་འཚེ་མེད་ཞི་དུལ་ལ་མཁས་པའི།།
སྙིང་རྗེའི་སྤྱན་གཟིགས་འཇིག་རྟེན་ཞི་བདེ་ལ་བཀོད་དེ།།
གསེར་གྱི་གཟེངས་རྟགས་བྱམས་བརྩེའི་གཟི་ཤུགས་ཀྱིས་བཞེས་སོང་།།
ལྷགས་བསམ་རླབས་དེས་གཞན་གྱིས་རང་དབང་དུ་བཀུར་བས།།
རླུང་ནང་མར་མེ་བོད་རིགས་འཇིགས་པ་ལས་སྒྲོལ་ཞིང་།།
གཞལ་དུ་མེད་པའི་དམངས་གཙོའི་འཇིག་རྟེན་འདི་གནང་སྟེ།།
ཆོལ་ཁ་གསུམ་པོར་ལྷིང་འཇགས་གནས་ཡུལ་ཞིག་བསྐྲུན་སོང་།།
ལུགས་ཟུང་གསེར་གྱི་འཁོར་ལོ་གླིང་བཞི་ལ་འཕགས་ནས།།
ཞི་བདེ་འོད་ཀྱི་སྣང་བས་ཕྱོགས་མཐར་རུ་ཁྱབ་སྟེ།།
ཞི་བསིལ་བདུད་རྩིའི་གྲུ་ཆར་བསིལ་ལྡན་ལ་ཕབས་པས།།
རེ་འདོད་དགའ་བའི་པདྨོའི་དཔལ་ཡོན་ཞིག་བཞད་ཡོད།།