ཤུལ་བཞག་རྒྱུ་ནོར། Posted on 2013-12-112013-12-11 By ཡེ་ཤེས་ 3 Comments on ཤུལ་བཞག་རྒྱུ་ནོར། ཀླུ་སྨྱོན། མདང་ནུབ་འཆི་བདག་དེ་ཀོ་བདག་ལ་འབྱོར།། སྡེར་མོ་བཀྲབ་བཀྲབ་མཆེ་བ་གཟེངས་གཟེངས་བྱེད།། ཁྱོད་རང་འགྲོ་དགོས་ཤུལ་བཞག་རྒྱུ་ནོར་སྟོན།། ལན་དུ་རླུང་གིས་ཁུར་བའི་རྐང་རྗེས་སོ།། སྙན་ངག
ང་ལ་ཡང་མཚམས་རེ་འཆི་ལྟས་རེ་ཟུང་ཡོང་། སེམས་ལ་འདྲི་བ་སྣ་ཚོགས་ཤར། གལ་ཏེ་ཤི་རྗེས་སྐྱེ་བ་ལེན་རྒྱུ་མེད་པར་ཐམས་ཅད་ནག་ཐུམ་མེར་འགྲོ་རྒྱུ་ཡིན་ཚེ། ད་ལྟ་མི་ཚེ་ཇི་འདྲ་ཞིག་སྐྱེལ་ན་བཟང་། གལ་ཏེ་ཤི་ནས་ཡུལ་ཁམས་གཞན་ཞིག་ལ་ཤ་ཁྲག་མིན་པའི་གཟུགས་ཤིག་ལེན་རྒྱུ་ཡིན་ན། ད་ལྟའི་འཚོ་བ་ལ་སྐྱར་ཞིབ་ཇི་ལྟར་བྱེད། ངའི་འདྲི་བ་ནི། ཕུང་པོ་དོར་རྗེས། སྐྱེ་བ་ལེན་པ་དེ་ཚན་རིག་གིས་ཇི་ལྟར་སྒྲུབ་ཐུབ། ཆོས་ལུགས་པའི་ཁ་གཅིག་པུར་ཉན་ན་བློ་བདེ་པོ་མིན་འདུག རྒྱུ་མཚན་ནི་ཆོས་ལུགས་པ་མང་ཆེ་བ་ཞིག་རྒྱུ་དངོས་ཐོབ་བྱའི་ཆེད་དུ་འཇིག་རྟེན་འདིར་ཕེབས་པ་ཤ་སྟག་རེད་འདུག ང་ཚོས་ད་ལྟ་ཤོད་པའི་སྐྱེ་བ་ཕྱི་མ་སོགས་ནི་བསམ་ཚུལ་ཁོ་ན་ལས་དངོས་པོའི་གདེང་ཁྱོག་པའི་དཔང་པོ་ནི་མེད། སུས་ཀྱང་དཔང་པོ་ནི་བཟོ་མི་ཐུབ། ལུས་དང་བྲལ་ནས་སེམས་ཀྱི་བྱ་བ་བྱེད་པ་ནི་ལྐོག་འགྱུར་ཕྲ་མོ་རེད། གཉིད་ལམ་ཡང་ལུས་འདི་ལ་བརྟེན་ནས་རྨིས་པ་ལས་ལུས་མེད་ན་རྨི་ལམ་ཡོད་པ་སུས་ཀྱང་བརྗོད་མི་ཐུབ། འཇིག་རྟེན་འདིར། ལུས་བྲལ་ནས་ཉིན་འགའ་ཤས་འདས་རྗེས་ཚུར་ལོག་པ་མི་འགའ་ཤས་ཡོང་སྲིད་མོད། འོན་ཀྱང་ཁོང་ཚོས་གང་བཤད་ཇི་ལྟར་ཡིད་ཆེས་ཐུབ། འཆི་བ། ངོ་མ་ལྐོག་འགྱུར།
མི་འགའ་ཤས་ཤི་རྗེས་ལོ་ཟླ་མང་པོའི་རྗེས་སུའང་ཚུར་མིའི་ཁོག་པར་ཞུགས་ནས་རང་རང་གི་སྡུག་བསྔལ་བགྲང་གི་རེད། ཤི་ཟིན་པའི་འོག་ཏུ་གཞན་ཞིག་གིས་བྲན་གཡོག་ཏུ་བཀོལ་ཚུལ་དང་། ལྟོག་སྐོམ་གྱི་དཀའ་ངལ་ཡོད་ཚུལ། བུ་ཕྲུག་དྲན་རབས་སོགས་མང་པོ་ཤོད་བཞིན་འདུག ཤི་བ་དང་གཏན་ཆད་དུ་མི་འགྲོ་བའི་དཔང་པོ་ཡག་ཤོས་འདི་ཚོ་རེད།
ང་ཡི་ཤུལ་ཞག་ནོར་ནི་ཨེ་པོལ་ཡིན། ང་ཡི་ཤུལ་ཞག་ནོར་ནི་ཨའི་ཕོན་ཡིན། ང་ཡི་ཤུལ་ཞག་ནོར་ནི་ཐལ་ཕུང་ཡིན། དེ་གཤིན་རྗེ་ཁྱོད་ལ་མཁོ་ན་སྦྱིན། མིས་ཁོག་ཏུ་ཞུགས་ནས་གཏམ་ཚོགས་སྨྲ་བ་ནི་ཚན་རིག་པས་མི་རྩ་མ་ཚང་བར་བརྩི་བ་ལས གཤིན་པོའི་རྣམ་ཤེས་ཞུགས་པར་བརྩི་གི་མི་འདུག
ང་ལ་ཡང་མཚམས་རེ་འཆི་ལྟས་རེ་ཟུང་ཡོང་། སེམས་ལ་འདྲི་བ་སྣ་ཚོགས་ཤར། གལ་ཏེ་ཤི་རྗེས་སྐྱེ་བ་ལེན་རྒྱུ་མེད་པར་ཐམས་ཅད་ནག་ཐུམ་མེར་འགྲོ་རྒྱུ་ཡིན་ཚེ། ད་ལྟ་མི་ཚེ་ཇི་འདྲ་ཞིག་སྐྱེལ་ན་བཟང་། གལ་ཏེ་ཤི་ནས་ཡུལ་ཁམས་གཞན་ཞིག་ལ་ཤ་ཁྲག་མིན་པའི་གཟུགས་ཤིག་ལེན་རྒྱུ་ཡིན་ན། ད་ལྟའི་འཚོ་བ་ལ་སྐྱར་ཞིབ་ཇི་ལྟར་བྱེད།
ངའི་འདྲི་བ་ནི། ཕུང་པོ་དོར་རྗེས། སྐྱེ་བ་ལེན་པ་དེ་ཚན་རིག་གིས་ཇི་ལྟར་སྒྲུབ་ཐུབ། ཆོས་ལུགས་པའི་ཁ་གཅིག་པུར་ཉན་ན་བློ་བདེ་པོ་མིན་འདུག རྒྱུ་མཚན་ནི་ཆོས་ལུགས་པ་མང་ཆེ་བ་ཞིག་རྒྱུ་དངོས་ཐོབ་བྱའི་ཆེད་དུ་འཇིག་རྟེན་འདིར་ཕེབས་པ་ཤ་སྟག་རེད་འདུག
ང་ཚོས་ད་ལྟ་ཤོད་པའི་སྐྱེ་བ་ཕྱི་མ་སོགས་ནི་བསམ་ཚུལ་ཁོ་ན་ལས་དངོས་པོའི་གདེང་ཁྱོག་པའི་དཔང་པོ་ནི་མེད། སུས་ཀྱང་དཔང་པོ་ནི་བཟོ་མི་ཐུབ། ལུས་དང་བྲལ་ནས་སེམས་ཀྱི་བྱ་བ་བྱེད་པ་ནི་ལྐོག་འགྱུར་ཕྲ་མོ་རེད། གཉིད་ལམ་ཡང་ལུས་འདི་ལ་བརྟེན་ནས་རྨིས་པ་ལས་ལུས་མེད་ན་རྨི་ལམ་ཡོད་པ་སུས་ཀྱང་བརྗོད་མི་ཐུབ།
འཇིག་རྟེན་འདིར། ལུས་བྲལ་ནས་ཉིན་འགའ་ཤས་འདས་རྗེས་ཚུར་ལོག་པ་མི་འགའ་ཤས་ཡོང་སྲིད་མོད། འོན་ཀྱང་ཁོང་ཚོས་གང་བཤད་ཇི་ལྟར་ཡིད་ཆེས་ཐུབ། འཆི་བ། ངོ་མ་ལྐོག་འགྱུར།
མི་འགའ་ཤས་ཤི་རྗེས་ལོ་ཟླ་མང་པོའི་རྗེས་སུའང་ཚུར་མིའི་ཁོག་པར་ཞུགས་ནས་རང་རང་གི་སྡུག་བསྔལ་བགྲང་གི་རེད། ཤི་ཟིན་པའི་འོག་ཏུ་གཞན་ཞིག་གིས་བྲན་གཡོག་ཏུ་བཀོལ་ཚུལ་དང་། ལྟོག་སྐོམ་གྱི་དཀའ་ངལ་ཡོད་ཚུལ། བུ་ཕྲུག་དྲན་རབས་སོགས་མང་པོ་ཤོད་བཞིན་འདུག ཤི་བ་དང་གཏན་ཆད་དུ་མི་འགྲོ་བའི་དཔང་པོ་ཡག་ཤོས་འདི་ཚོ་རེད།
ང་ཡི་ཤུལ་ཞག་ནོར་ནི་ཨེ་པོལ་ཡིན།
ང་ཡི་ཤུལ་ཞག་ནོར་ནི་ཨའི་ཕོན་ཡིན།
ང་ཡི་ཤུལ་ཞག་ནོར་ནི་ཐལ་ཕུང་ཡིན།
དེ་གཤིན་རྗེ་ཁྱོད་ལ་མཁོ་ན་སྦྱིན།
མིས་ཁོག་ཏུ་ཞུགས་ནས་གཏམ་ཚོགས་སྨྲ་བ་ནི་ཚན་རིག་པས་མི་རྩ་མ་ཚང་བར་བརྩི་བ་ལས
གཤིན་པོའི་རྣམ་ཤེས་ཞུགས་པར་བརྩི་གི་མི་འདུག